མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༢༦/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཧོང་ཀོང་གི་ཁྲིམས་ཁང་ཞིག་གིས་ཧོང་ཀོང་ནང་དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གྱི་ལས་འགུལ་བ་གསུམ་ལ་རྒྱལ་ཁབ་མགོ་རྟིང་སློག་རྩིས་བྱས་པའི་ཉེས་མིང་འོག་ལོ་ལྔ་ནས་བདུན་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

Hong Kong’s Tiananmen vigil organizers handed lengthy prison terms

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཧོང་ཀོང་སྲིད་གཞུང་གིས་རང་ལོ་ ༦༩ ཡིན་པའི་ཧོང་ཀོང་གི་ལས་འགུལ་བ་ལི་ཆཱོག་ཡན་(Lee Cheuk-yan) ལ་ལོ་བདུན་དང་ཆའོ་ཧན་ཏོང་(Chow Hang-tung) ལ་ལོ་བདུན་དང་ཟླ་གསུམ། དེ་བཞིན། ལས་འགུལ་བ་ཨལ་བྷར་ཊི་ཧོ་(Albert Ho) ལགས་སུ་ལོ་ལྔ་བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཁོང་ཚོས་ལོ་རྟག་པར་ཧོང་ཀོང་ནང་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་གྱི་མར་མེ་ཁྲོམ་སྐོར་གོ་སྒྲིག་བྱེད་བཞིན་ཡོད་ཅིང་། ཕྱི་ལོ་ ༢༠༢༠ ལོར་ཏོག་དབྱིབས་གཉན་རིམས་ཀྱི་རྗེས་ནས་བཟུང་ཧོང་ཀོང་ནང་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་རྒྱུ་བཀག་སྡོམ་བྱས་ཡོད་པ་རེད།

ཆའོ་ཧན་ཏོང་ལགས་ཀྱིས་བཙོན་འཇུག་ཁྲིམས་ཐག་མ་བཅད་གོང་དུ།  དམངས་གཙོ་ལོངས་སྤྱོད་བྱེད་པ་ནི་ནག་ཉེས་སུ་བརྩི་ཡི་ཡོད་ཚེ། ང་ཚེ་གང་ཉེས་ཅན་པ་ཞིག་ཏུ་གྱུར་འདོད་པ་ལས། རང་ཉིད་ཀྱི་འདུ་ཤེས་ལ་མགོ་སྐོར་གཏོང་མཁན་ཞིག་བྱེད་འདོད་མེད་ཅེས་བརྗོད་འདུག ད་ལྟའི་ཆར་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཟེར་བའི་ཁྲིམས་འོག་ནས་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མི་ཆོག་པའི་ཁར། རྒྱ་ནག་གཞུང་གི་ལངས་ཕྱོགས་དང་མི་མཐུན་པའི་ལས་འགུལ་གཅིག་ཀྱང་སྤེལ་ཆོག་གི་མེད་པ་རེད།

དེ་རིང་བཙོན་འཇུག་ཁྲིམས་ཆད་ཕོག་པའི་ཧོང་ཀོང་གི་ལས་འགུལ་བ་གསུམ་ནི། ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་ལ་རྒྱབ་སྐྱོར་མཚོན་ཆེད་དུ་བཙུགས་པའི་ཧོང་ཀོང་གནའ་འབྲེལ་མཐུན་ཚོགས་ཞེས་པའི་ཚོགས་པའི་མགོ་འཁྲིད་ཡིན་ཞིང་། ཚོགས་པ་དེས་འདས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་རྒྱ་ནག་གཞུང་གིས་དྲུག་བཞིའི་དོན་རྐྱེན་གྱི་འགན་འཁུར་དགོས་པ་དང་། སྐབས་དེར་འཛིན་བཟུང་བྱས་པའི་སློབ་མ་རྣམས་ཀློད་གྲོལ་གཏོང་དགོས་པ། དེ་བཞིན། རྒྱ་ནག་ལ་དམངས་གཙོས་བཅོས་བསྒྱུར་བྱ་དགོས་པའི་དགོས་འདུན་བཏོན་ཡོད་འདུག་ལ། ད་རེས་ལས་འགུལ་བ་གསུམ་ལ་ཁྲིམས་ཐག་བཅད་པ་དང་འབྲེལ་ནས་ཧོང་ཀོང་གནའ་འབྲེལ་མཐུན་ཚོགས་ལའང་ཨ་སྒོར་ ༡༩༡༠༠༠ ཡི་ཉེས་ཆད་བཅད་འདུག

དེ་རིང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཨེ་ཤ་ཡའི་འགན་འཛིན་ས་རཱ་བྷི་རོག་སི་ལགས་ཀྱིས། ཁྲིམས་ཆད་འདི་ནི་དོན་རྐྱེན་གསུམ་ཡིན། ལས་འགུལ་བར་དྲང་བདེན་མིན་པའི་ཉེས་ཆད་བཅད་པ་དང་། དྲུག་བཞིའི་དོན་རྐྱེན་སྐབས་གནོད་འཚེ་ཕོག་པའི་ལས་འགུལ་བར་དྲག་གནོན་བྱེད་བཞིན་པ། ཧོང་ཀོང་གི་མི་རབས་ཚོར་རྒྱ་ནག་གི་ཉེ་རབས་ལོ་རྒྱུས་ཁྲོད་ཆེས་ཚབས་ཆེ་བའི་དོན་རྐྱེན་སྐོར་ལ་སྐད་ཆ་བཤད་པའི་རང་དབང་མེད་པ་བཅས་མཚོན་ཡོད་ཅེས་བརྗོད་འདུག

ཧོང་ཀོང་གི་ལས་འགུལ་བ་ལི་ཆཱོག་ཡན་དང་ཆའོ་ཧན་ཏོང་།  དེ་བཞིན། ལས་འགུལ་བ་ཨལ་བྷར་ཊི་ཧོ་བཅས་ཕྱི་ལོ་ ༢༠༢༡ ལོ་ནས་འཛིན་བཟུང་བྱས་ཡོད་སྟབས། ད་ལྟའི་བཙོན་འཇུག་ཁྲིམས་ཆད་ཚུད་པའི་ཁྱོན་ལོ་ངོ་ཧྲིལ་པོ་ ༡༠ ལྷག་གི་རིང་བཙོན་འཇུག་ཁྲིམས་ཆད་འཁུར་དགོས་ཀྱི་ཡོད་འདུག་ལ། ད་ལྟ་ཧོང་ཀོང་གི་རང་དབང་དྲག་གནོན་འོག་གནས་ཤིང་། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ཉེས་ཅན་པ་རྩིས་སྤྲོད་དགོས་པའི་ཁྲིམས་ངོ་སྤྲོད་བྱས། སྐབས་དེར་དམངས་གཙོ་དང་རང་དབང་ལ་དགའ་བའི་ཧོང་ཀོང་བ་ཁྲི་ཁྲག་མང་པོས་ཁྲིམས་དེར་ངོ་རྒོལ་བྱས་ཡོད།

ཕྱི་ལོ་ ༢༠༢༠ ལོ་ནས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཧོང་ཀོང་སྲིད་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བ་ངོ་སྤྲོད་དང་ལག་བསྟར་གྱིས། ཧོང་ཀོང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། རང་དབང་སོགས་གཞི་རྩར་བཟུང་བའི་ཚོགས་སྡེ་ཁག་མང་པོ་ཞིག་སྒོ་བརྒྱབ་པ་དང་། མི་སྒེར་མང་པོ་ཞིག་གང་བྱུང་འཛིན་བཟུང་གིས་བཙོན་འཇུག་ཁྲིམས་ཆད་བཅད་ཡོད་ལ། སྐབས་དེར་དམངས་གཙོའི་ལས་འགུལ་གྱི་སྣེ་འཁྲིད་པ་ཇོ་ཧྲ་ཝང་ལ་ལོ་བཞི་དང་ཟླ་བརྒྱད་ཀྱི་ཁྲིམས་ཐག་བཅད། དེ་བཞིན་ལོ་དེར་འཛིན་བཟུང་བྱས་པའི་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་སྤྱི་གཉེར་བ་ཇི་མི་ལའེ་ (Jimmy Lai) ལ་འདི་ལོའི་ཕྱི་ཟླ་ ༢ ནང་ལོ་ངོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད་པ། ད་དུང་ལས་འགུལ་བ་མང་པོ་ཞིག་ཨ་རི་དང་དབྱིན་ཡུལ་སོགས་སུ་སྐྱབས་བཅོལ་བར་བྲོས་དགོས་བྱུང་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

ཆུ་ཚོད་ ༡༤ སྔོན་ལ།
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

ཆུ་ཚོད་ ༡༧ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

ཆུ་ཚོད་ ༢༣ སྔོན་ལ།
ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

༢༠༢༦/༡༠/༡༤
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

༢༠༢༦/༡༠/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese