མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱང་རིང་གི་ནུ་མོ་ལ་སྤྲིངས་པའི་འཕྲིན་དམར་པོ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

ནུ་མོ་ལགས། འུ་གཉིས་སྔོན་ལས་གང་ཞིག་བསགས་པའི་ཉེར་ལེན་གྱི་ཁྱིམ་ཚང་གཅིག་གི་མི་རུ་གྱུར་བ་ནས་བཟུང་། ངས་ཀྱང་ཁྱེད་རང་ནི་བདག་གི་ཚེ་སྲོག་ལས་ཀྱང་གལ་ཆེན་དུ་བརྩིས་དེ། ཁྱེད་རང་གི་མ་འོངས་པའི་མདུན་ལམ་ནི་ཕུ་བོ་བདག་གིས་མདུན་ལམ་ལས་ཀྱང་གལ་ཆེན་དུ་བཟུང་དེ་ཉིན་མོ་དེར་ཆར་རླུང་ཇི་འདྲ་ཆེ་ན་ཡང་ནང་མི་ཡོངས་ཀྱི་བསྐྱེལ་མ་དང་ཕ་རྒན་དང་ནུ་བོ་གཉིས་ཀྱིས་སྤག་སྤག་གཉིས་ཀྱི་བསྐྱེལ་མའི་ཁྲོད་ནས་ཕ་ཡུལ་དང་ཁ་གྱེས་པ་རེད།

ཉིན་མོ་དེ་ནས་བཟུང་འུ་གཉིས་རང་གི་ཕ་ཡུལ་དང་ནང་མི་ཡོངས་དང་ཁ་གྱེས་པ་རེད། ལོ་ངོ་འདི་ལྟར་རི་སྤྱང་དེད་པའི་ལུག་ཁྱུ་བཞིན་འདས་དེ་ཡོང་དུས། ཁྱེད་རང་ཡང་ན་ཆུང་གི་ལོ་ཚད་ནས་ན་གཞོན་གྱི་ཕྱོགས་སུ་འཚར་ལོངས་བྱུང་བཞིན་པའི་སྐབས་སུ་ཕུ་བོ་ང་རང་ལ་དམིགས་གསལ་གྱི་འགན་ཞིག་ཡོད་པ་ནི། ཕ་ཡུལ་ནས་ཡོང་ཁར་ངས་ཕ་མ་གཉིས་ལ་ཁས་ལེན་ཞིག་བྱས་ཡོད་པ་དེ་རེད། དེ་ནི་ངས་ཁྱེད་རང་གི་མི་ཚེ་ལ་དཀའ་ངང་མི་ཡོང་བ་ཞིག་བྱེད་རྒྱུའི་ཁས་བླངས་པ་ཡོད་པ་དེ་ཡིན། དེའི་སྟབས་ཀྱི་ད་ནི་ཁྱེད་རང་ཡང་ལོ་ན་ཧ་ཅང་ཆུང་བའི་བྱིས་པ་བསམ་མེད་དེ། ངའི་རྒྱབ་དུ་འཁུར་བ་དང་ལམ་ མོ་ལོ་བཅུ་དྲུག་ལ་སོན་པའི་ན་གཞོན་མ་ཞིག་དུ་གྱུར་ཡོད་པ་རེད། ཁྱེད་ཀྱིས་མི་ཚེ་ལ་དཀའ་ངལ་མི་ཡོང་བའི་ལམ་ཁ་ཞིག་བཟོ་བ་འུ་གཉིས་ལ་འགན་ཡོད་པ་ཡིན། དེ་ནི་ངས་ཁྱེད་རང་ལ་ཁ་བརྡ་སློབ་གསོ་བྱེད་པ་དང་དཔལ་འབྱོར་གྱི་མཐུན་རྐྱེན་སྤྲོད་རྒྱུ་དང་ཁྱེད་རང་ཕུ་བོ་བདག་གི་ཁ་བརྡ་སློབ་གསོ་ལ་ཉན་ནས་སློབ་གྲའི་སྐྱེད་ཚལ་གྱི་དུས་ཚོད་ཆེས་ཡག་ཤོས་དེ་ཆུད་ཟོས་སུ་མི་གཏོང་བ་བྱེད་རྒྱུ་དེ་ཡིན། རྒྱུ་མཚན་དེ་ལྟར་སོང་ན་ང་ཚོ་ནི་བོད་པ་ཡིན་ལ། བོད་མི་སྐྱབས་བཅོལ་བ་ཞིག་ཀྱང་ཡིན་སྟབས། དབྱིན་ཡིག་དང་སྐད་ཡིག་གཞན་སོགས་སྤྱང་བ་གལ་ཆེན་ཡིན་ན་ཡང་། རང་གི་ཡི་གེ་སྤྱོང་རྒྱུ་དེ་བས་ཀྱང་གལ་ཆེན་ཆགས་ཡོད་པ་ཡིན་ལ། རང་རིགས་ཀྱི་སྲུ་ཞུ་སྒྲུབ་པ་དང་ ༧རྒྱལ་བ་རིན་པོ་ཆེ་ཚང་དང་བོད་གཞུང་གི་ལས་བྱེད་གནད་ཡོད་དག་གི་དཀའ་ལས་ཁྲི་ཕྲག་བརྒྱབ་པའི་གྲུབ་འབྲས་ལས་གྲུབ་པའི་སློབ་གྲ་དེ་དག་གི་ནང་དུ་རིན་མེད་དུ་ཟས་བཟའ་བ་དང་འཐུང་བ། རིན་མེད་དུ་བསྡོད་གནས་ཡོད་པ། རིན་མེད་དུ་སློབ་སྤྱོང་བྱེད་ཐུབ་པ་སོགས་ཀྱི་བཀའ་དྲིན་དེ་དག་ཁྱེད་ཉིད་མ་ཤི་བར་དུ་སེམས་གཏིང་ནས་བརྗེད་མི་རུང་། དེ་དག་གི་བཀའ་དྲིན་དང་ཕ་ཡུལ་དང་རྒྱང་རིང་དུ་ཡོང་བ་སོགས་ལ་བསམ་བློ་ཞིབ་དུ་བཏང་ནས། ཁྱེད་རང་གི་ཉིན་མ་རེའི་ནང་གི་དུས་ཚོད་ཀྱི་སྐར་ཆ་རེ་རེ་ནི་སྒོར་མོ་བྱིན་དེ་ཉོ་ཐུབ་མེད་པ་ཞིག་ཡིན་པ་སེམས་སུ་ངེས་པར་བྱོས་དེ་སློབ་སྤྱོང་ལ་འབད་བརྩོན་ལྷོད་མེད་དུ་བྱེད་དགོས་པ་ཡིན།

ད་དུང་། ཕུ་བོ་ང་རང་ཡང་ཁྱེད་དང་རྒྱང་ཐག་རིང་བས་ས་ནས་ལས་ཀ་འདྲ་མིན་སྣ་ཚོགས་ཤིག་ལ་རང་ཉིད་ཀྱི་འདོད་མོས་ཡོད་མེད་ལ་མ་བལྟས་པར་དཀའ་ལས་བརྒྱབ་པའི་སྒོར་མོ་ཁ་ཤས་རེ་བསགས་ནས་ཁྱེད་རང་གི་འགྲོ་སོང་ཐད་དུ་སེམས་འཁྲལ་བྱེད་ཀྱི་ཡོད་པ་འདི་ཡང་། ནུ་མོ་ཁྱེད་ཀྱིས་མ་འོངས་པའི་སློབ་གྲ་ཆེན་མོ་གང་ཞིག་གི་ཆེད་དུ་བསགས་བཞིན་པའི་འགྲོ་གྲོན་གྱི་ཆེད་དུ་ཡིན་པ་ལས་གཞན་ཕུ་བོ་ངས་དམིགས་ཡུལ་གཞན་གྱི་ཆེད་དུ་སྒོར་མོ་མང་བོ་ཞིག་བསགས་ཀྱང་མི་ཐུབ་ལ། དེ་དག་གི་ཆེད་དུ་སྒོར་མོ་མང་བོ་ཞིག་བསགས་ཐུབ་མིན་གྱི་རྨི་ལམ་ཡང་ང་རང་ལ་རྨིས་ཀྱི་མེད། གཙོ་བོ་ནི་ནུ་མོ་ཁྱེད་རང་གི་མ་འོངས་པ་རེ་བ་ཡོད་པ་ཆགས་ཉིན། བོད་ཀྱི་མ་འོངས་པའི་སོན་རྩ་ཞིག་ཕུ་བོ་ངས་བོད་པ་ཚང་ལ་བསྐྱེད་སྲུང་བྱས་པ་དང་ཁྱད་མེད་པ་ཡིན་ལ། ཁྱེད་རང་གི་མ་འོངས་པ་ཡང་དེ་ལས་ལྷག་པའི་བྱས་རྗེས་གང་ཡང་མེད་། དེ་དག་གི་ཆེད་དུ་ནུ་མོ་འབད་བརྩོན་བྱོས། ལོ་ཆུང་ཆུང་གི་དུས་ཚོད་གསེར་ཡིན། ཆེ་ས་ནས་བོད་དང་། འབྲིང་ས་ནས་ནང་མི། ཆུང་ས་ནས་འདི་དག་ཚང་མ་རང་དོན་དང་སྤྱི་དོན་གཉིས་ཀྱི་ལམ་ཁ་ཡིན། ཕུ་བོ་བདག་གི་སྐད་ཆ་འདི་དག་སེམས་སུ་བཟུང་དེ་སློབ་སྤྱོང་ལ་འཐུས་ཤོར་མ་གཏོང་རོགས། བརྒྱུད་མྱོང་བའི་ཧི་མ་ལ་ཡའི་རི་བརྒྱུད་ནས་བྲོས་དེ་འོང་བས་ལམ་སྐབས་ཀྱི་དཀའ་ངལ་དེ་དག་ཡིད་དུ་དྲན་པར་གྱིས་དེ། རང་དབང་དང་ཐོབ་ཐང་མེད་པའི་བོད་པ་ཚང་དང་རང་གི་ཡུལ་མི་ཚོ་རྒྱའི་བཙན་འོག་ན་ཡོད་པ་སེམས་སུ་གཉར་ནས། ཤུ་རེ་བྱོས། ནུ་མོ་ལགས། མ་འོངས་བོད་ཀྱི་སོན་རྩ་གཅིག་ཁྱེད་རང་ཡིན།

༦།༠༢།༠༩

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 9

  1. lhachapjinpa says:
    ལོ་ 18 སྔོན།

    ཧ་ཧ་ཧ། གློག་རྡུལ་གྱི་རོལ་རྩེད་འདིའི་ཁྲོད་ནས་ངས་བོར་སོང་བའི་གྲོགས་པོ་ཞིག་རྙེད་པ་ནི་ང་རང་ཉིད་ལའང་ཡིད་མི་ཆེས་པ་ཞིག་རེད། ད་ནི་རྦད་དེ་ཐག་གིས་ཆོད་སོང༌། དངོས་གནས་ཁྱོད་རྙེད་པ་ལ་དགའ་སྤྲོས་མྱོས་ཡོད།

    Reply
  2. sha tak ri sim says:
    ལོ་ 18 སྔོན།

    དྲ་གྲོགས་ལྷ་ཆབ་ལགས། ཁྱེད་རང་ནི་འཛམ་གླིང་འདིས་སྟེང་གི་མི་སྤྱང་ཤོས་ཀྱི་གྲངས་དུ་དྲངས་ཆོག་གི་ཡོད་པ་རེད། ཡིན་ཡང་། ཁྱེད་ཀྱིས་རྣམ་དཔྱོད་དེ་ནི་མི་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་པ་དེ་ཤེས་མཁན་ནི་ཁྱེད་རང་གི་སྙིང་ཉེ་བའི་གྲོགས་པ་ང་རང་ལྟ་བུ་ཁ་ཤས་ཤིག་ལས་མེད་པ་འདི་ལ་ང་རང་ག་དུས་ཡིན་ཡང་སེམས་པ་སྐྱོ་ནས་བསྡད་ཡོད། ངས་ཁྱེད་རང་ལ་གློག་འཕྲིན་གྱི་སྟེང་ནས་ཡི་གེ་བསྐུར་ཆོག

    Reply
  3. lhachapjinpa says:
    ལོ་ 18 སྔོན།

    སྙིང་ཉེ་བའི་དྲ་གྲོགས་ཤ་ཁྲག་ལགས། ང་མི་འདི་སྤྱང་པོ་ཞིག་ཨེ་རེད། གལ་སྲིད་ངས་དེ་ལྟར་གསང་རྒྱ་ཞིག་བྱས་ཚེ། ཁྱོད་ཀྱིས་ཤེས་ཐུབ་བམ། ཁྱོད་ཀྱིས་སེམས་ལའང་དྲན་ཡོད་ཀྱི་མ་རེད། ངའི་ཨེ་མེལ་ཁ་བྱང་ནི་lhachap59@yahoo.co.in འདི་ཡིན། ཁྱོད་ཀྱི་ཁ་བྱང་ཞིག་བསྐུར་དང་ངས་དེབ་ཅིག་བསྐུར་ངེས།

    Reply
  4. sha tak ri sim says:
    ལོ་ 18 སྔོན།

    དྲ་གྲོགས་བསེ་རུ་ལགས། ཉིད་ཀྱིས་ང་རང་གི་བསམ་ཚུལ་དག་བཤད་པ་སེམས་ནས་མ་འབོར་བ་དང་དྲ་གྲོགས་ལྷ་ཆབ་ལ་གསལ་བཤད་གནང་བ་དེར་ཐུགས་རྗེ་ཆེ་ཞུ། གལ་ཏེ། དྲ་གྲོགས་བསེ་རུ་ཁྱེད་རང་གིས་ཀྱང་རང་ཉིད་ཀྱི་མིང་དངོས་དང་དཔར་སོགས་མི་འཇོག་པ་དེ་ཡང་རྒྱུ་མཚན་ཞིག་ཡོད་པ་ཡིན་ན་ནི། དངོས་ནས་ཡག་པོ་རེད། ངས་ཀྱང་དེ་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད་ལ། དྲ་ཚིགས་འདིའི་ནང་གི་དྲ་གྲོགས་ཁ་ཤས་ཤིག་གི་འུ་གཉིས་ལྟར་སྨྱུག་མིང་ལས་དངོས་མིང་དང་དཔར་སོགས་བེད་སྤྱོད་མི་བྱེད་པ་དེ་དག་ལ་རྒྱུ་མཚན་རེ་ཡོད་ངེས་རེད། དེ་འདྲ་ཞིག་མ་རེད་དམ་དྲ་གྲོགས་བསེ་རུ་ལགས།

    Reply
  5. sha tak ri sim says:
    ལོ་ 18 སྔོན།

    ཨོ་རེད། སེམས་གཏིང་གི་ནམ་ཡང་འདོར་དུ་མེད་པའི་གྲོགས་མཆོག་དམ་པ་ལྷ་ཆབ་ལགས། ཉིད་ཀྱིས་ཀྱང་ང་རང་གི་མིང་དང་གང་དུ་ཡོད་མེད་སོགས་ཕྱི་ལ་བསྒྲགས་འདོད་མེད་པ་དེར་བརྩི་བཀུར་བྱས་དེ་གསང་བ་བྱས་པ་དེར་ཐུགས་རྗེ་ཆེ། གོང་ནས་དྲ་གྲོགས་བསེ་རུ་ལགས་ཀྱིས་གསང་བ་ལྟར། ངས་སྔོན་ཆད་ཀྱང་དྲ་གྲོགས་མང་བོ་ཞིག་ལ་སྐད་ཆ་དེ་ལྟར་བཤད་མྱོང་ཡོད། དངོས་ནས་ང་རང་ལ་མཚོན་ན་དྲ་གྲོགས་ཚོས་ང་རང་གི་མིང་དང་ང་རང་ད་ལྟ་གང་དུ་ཡོད་མེད་དེ་ནི་ཤེས་རྒྱུ་གཏན་ནས་གལ་ཆེན་དུ་འཛིན་གྱི་མེད། སྐུ་ཉིད་ཀྱིས་དེ་དོན་ཐུགས་ལ་གཉར་ནས་མུ་མཐུད་དུ་གསང་བ་དེ་གསང་བར་བརྩིས་དེ་ཉེ་འཁྲིས་སུ་ལ་ཡང་མ་བརྗོད་རོགས། གལ་ཏེ། ཉིན་ཞིག་དངོས་ནས་དགོས་འཁོ་གལ་ཆེན་དུ་ཆགས་པ་ཡིན་ན་ང་རང་རང་ངོས་ནས་མིང་དང་བསྡོད་གནས་སོགས་དྲ་གྲོགས་ཡོངས་ལ་གསལ་བོ་བཤད་ངེས་ཡིན། དེ་མིན་ད་ལྟའི་འཆར་དགོས་པ་གང་ཡང་མེད། མིང་དང་བསྡོད་གནས་སོགས་ཤེས་དེ། དེ་ལས་ངེད་ཅག་གི་ཕན་ཚུན་གྱི་སེམས་གཏིང་གི་བོད་དང་བོད་ཀྱི་སྐད་ཡིག ཡང་ན། རང་རང་གི་མྱོང་ཚོར་དངོས་ཡོད་དག་ཟིན་བྲིས་སུ་བཏབ་དེ་དྲ་གྲོགས་ཚོས་གླེང་མོལ་མང་ཙམ་བྱེད་རྒྱུ་དེ་རེད། དེ་འདྲ་ཞིག་མ་རེད་དམ།

    Reply
  6. sha tak ri sim says:
    ལོ་ 18 སྔོན།

    དྲ་གྲོགས་ལྷ་ཆབ་སྤྱིན་པ་ལགས། ཉིད་ཀྱིས་ང་རང་འཚོལ་མི་དགོས་ཤིང་། ཉིད་ཀྱིས་གློག་ཀླད་ཁ་བྱང་ཞིག་འདིར་ང་རང་ལ་གནོང་དང་ངས་ཁྱེད་རང་བཙལ་ནས་ཡོང་ཆོག སྐུ་ཉིད་ལ་སེམས་གཏིང་ནས་དགའ་བསུ་ཞིག་ཞུ་འདོད་ཡོད་པ་ནི། ཉིད་ཀྱིས་སྤྱང་མོའི་རྐང་རྗེས་འཚོལ་བ་ཞེས་པའི་དེབ་དེ་དཔར་བསྐྲུན་ལེགས་འགྲུབ་བྱུང་བ་དེར་སྙིང་ཐག་པ་ནས་དགའ་བསུ་གྲངས་མེད་ཞུ། མུ་མཐུད་དུ་སྐུ་ཉིད་ཀྱིས་རྩོམ་གཤིས་ལེགས་པོ་དང་ཧ་ལས་པའི་འབུར་རྩལ་ཐོན་པའི་རྩོམ་ཡིག་དེ་དག་དཔར་བསྐྲུན་བྱེད་རྒྱུའི་ཐད་དུ་བསམ་བློ་རེ་གཏོང་རོགས་ཞུ། སྐུ་ཉིད་ནས་ང་རང་འཚོལ་མི་དགོས་པར། ང་རང་གིས་ཁྱེད་རང་ལྟ་བུའི་གྲོགས་པོ་དག་སེམས་ནང་གི་ནོར་བུ་རུ་ངོས་འཛིན་བྱེད་ཀྱི་ཡོད། ཁྱེད་ཀྱིས་ཁ་བྱང་འདིར་འཇོག་རྒྱུ་མ་བརྗེད་རོགས།

    Reply
  7. lhachapjinpa says:
    ལོ་ 18 སྔོན།

    བོད། ཤ་ཁྲག་རུས་གསུམ་ལགས། ངའི་རྩོམ་རིག་གི་རོལ་མྱོང་ནོར་མེད་ན། ཁྱོད་ནི་ངའི་ཤ་དང་མཆིན་པར་འདྲེས་པའི་ཐག་ཉེ་ཞིག་ཡིན་པ་འདྲ། ཡིན་ནའང་ཁྱོད་ཀྱིས་ངེས་ལེན་བྱེད་མིན་ཁྱོད་རང་ཉིད་ལ་ཐུག་ཡོད། ངས་ཁྱོད་ཀྱི་མིང་ནས་མི་འཛིན། དེ་ནི་ཁྱོད་ཀྱི་གསང་རྒྱར་བརྩི་བཀུར་བྱས་པ་ཡིན། གཞན་ཁྱོད་ནི་ལོ་ངོ་འགའི་ཡར་སྔོན་ལ་ངར་ཧ་ཅང་བཀའ་དྲིན་ཆེ་བ་ཞིག་སྟེ། ལྷག་པར་དུ་ཁྱོད་ཀྱི་སྤུན་ཉེ་དང་འུ་ཅག་གིས་རྡ་ས་ནས་དངོས་གནས་བསམ་མི་ཕོད་པའི་ཉམ་ཐག་གི་འཚོ་བ་ཞིག་མཉམ་དུ་རོལ་བ་ཡིན། གཅིག་བྱས་ན་ང་ནོར་གྱིན་ཡོད་སྲིད་ཀྱང༌། བརྒྱ་ཆའི་གོ་ལྔ་ཐག་བཅད་དེ་བཤད་ན་ཁྱོད་རང་ངའི་ཐག་ཉེ་ན་ཡོད་པའི་ཁྱོད་ཡིན། ངས་འདི་ལྟར་ཚམ་ཚོམ་མེད་པར་བཤད་དོན་ནི་ཁྱོད་ཀྱི་སྙན་ངག་དང་དེའི་བློས་བསླངས་ཀྱི་སྒང་ནས་ཚོད་དཔག་ཐུབ་པ་ཞིག་ཡིན། ད་དུང་བཤད་རྒྱུ་ཞིག་ལ་ངས་ཁྱོད་ཀྱི་བསྐངས་བཤགས་ཤིག་བརྩམས་མྱོང་ལ། དེས་མི་ཚད་འཕྲིན་བཅོལ་ཞིག་ཀྱང་བརྩམས་རྒྱུ་ཁས་ལེན་བྱས་ཡོད། གྲོགས་པོ་ཀྱེ། ངས་འདི་ལྟར་བཤད་འོང་དུས་ད་ནི་བཟུང་ཚར་འདུག་ག ངས་བལྟས་ན་ཁྱོད་ཀྱི་རྩོམ་རྩལ་ཏོག་ཙམ་ཡར་རྒྱས་སུ་ཕྱིན་འདུག མུ་མཐུད་དུ་འབུངས་ཤིག ཨོ་བརྗེད་སོང་བ་ཞིག་ལ། ད་ལོར་གུས་པོའི་སྙན་དེབ་ཐོག་མ་སྤྱང་མོའི་རྐང་རྗེས་འཚོལ་བ་ཞེས་པ་ཐོན་བྱུང༌། ཁྱོད་ཀྱི་ཁ་བྱང་ང་ལ་སྤྲོད་དང་ངས་དེབ་ཅིག་དཔར་དུ་བསྐུར་ངེས་ཡིན།

    Reply
  8. samkhar says:
    ལོ་ 18 སྔོན།

    ལྷ་ཆབ་ལགག།
    ངས་ཀྱང་ཤ་ཁྲག་རུས་གསུམ་ཤེས་འདོད་ལ་དྲ་གྲོགས་གང་མང་ཞིག་གིས་ཀྱང་ཁོང་ཉིད་ཤེས་འདོད་ཧ་ཅང་ཆེ་བར་མངོན།
    འོན་ཀྱང་།
    ཁོང་ཉིད་ཀྱི་ལྟ་ཚུལ་ལྟར་ན་ཁོང་སུ་ཡིན་མིན་དང་གང་དུ་ཡོད་མེད་སོགས་ཀྱི་དྲི་བ་འདིར་ལན་རྒྱག་རྒྱུ་དེ་གལ་ཆེར་མི་བརྩི་མཁན་ཞིག་རེད་འདུག་པས་ང་ཚོའི་དྲི་བ་འདི་ཚོར་ལན་ད་ལྟ་རེག་མི་སྲིད།
    ཨེ་རེད།
    བོད་ཤ་ཁྲག་རུས་གསུམ་ལགས།

    Reply
  9. lhachapjinpa says:
    ལོ་ 18 སྔོན།

    དྲ་གྲོགས་ཤ་ཁྲག་ལགས། དོན་དངོས་ཁྱོད་རང་སུ་ཡིན་པ་དང་གང་ན་ཡོད་པ་ང་ལ་བཤད་ན་འགྲིག་ངམ། ངའི་བསམ་པར་ཁྱོད་ཉིད་ངའི་ཐག་ཉེ་ཞིག་ཡིན་པའི་ཚོར་བ་འདུག གང་ལྟར་ཁྱོད་ཀྱིས་བཤད་སྟངས་སོགས་ལ་བལྟས་ན་ཕྱི་ཡུལ་ཞིག་ན་ཡོད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese