མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རོལ་དབྱངས་ཀྱི་མཚན་མོ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་བ་གོར་ཞིང་བསིལ་རླུང་འཇམ་པ་དང་།།

ཁ་ཁུ་སིམ་ཞིང་མཚན་མོ་སྨག་གིས་བྲལ།།

བསམ་གཞིག་མོད་པའི་སེམས་ཀྱི་དྲན་འོག་ན།།

སྙིང་གཏམ་མཛའ་མོའི་ཞལ་རས་མཛེས་ཤིག་སྡུག།

རྒྱུས་མེད་ཡུལ་ན་ལྷོ་མཐའི་འཚོ་བ་ལ།།

དུངས་པ་མེད་ཀྱང་འཚོ་བའི་གྲིབ་མ་འདི།།

སྲུང་བའི་ཐད་དུ་བསྐོས་པའི་ལས་དབང་ལ།།

ད་ལྟའི་ཆ་ལ་རང་དབང་མེད་པའི་སྐྱོ།།

རྒྱང་རིང་གནས་སུ་སོང་བའི་མཛའ་མོ་དང་།།

ཉེ་སེར་ལུས་པའི་ཡིད་མཐུན་གྲོགས་མོ་སོགས།།

སུ་དང་གང་གིས་སེམས་ཀྱི་སྡུག་བསྔལ་དག།

སེལ་བའི་ཐབས་ལ་ཉིན་མོ་སྐར་མའི་སྤུན།།

སྤ་གསང་མེད་པར་སྨྲ་བའི་རང་གཤིས་འདིས།།

སྤས་པའི་སེམས་ཀྱི་གཏམ་དག་ཡི་གེའི་གཟུགས།།

འབྲི་ལ་ཐོག་པ་མེད་པར་བྱང་བ་ན།།

འདུན་པའི་རང་དབང་ཐོབ་པ་ཅིས་མ་ཡིན།།

བསླབ་བྱའི་སྙིང་བོ་མི་ཚེ་དོན་ལྡན་ཆེད།།

ཕྱི་ནང་མེད་པར་སེམས་ལ་བརྟག་པ་ནས།།

དགོས་པའི་དམིགས་ཡུལ་འགྲུབ་ལ་མ་བརྩོན་ན།།

ནམ་ཞིག་འགྱོད་པའི་གདུང་ན་ཅི་ཡང་སྟོང་།།

 

ཉེ་རིང་གང་དུ་ཡོད་མེད་གལ་ཆེ་ཞིང་།།

བྱམས་བརྩེ་ལྷག་བསམ་ལྡན་མིན་དེ་བས་གལ།།

དལ་འབྱོར་ཚང་མིན་སེམས་ལ་དཔྱད་དུས་སུ།།

རང་དབང་ལྡན་པའི་མི་ཚེ་ལྷག་དུ་གལ།།

ལྷ་མི་འདྲེ་གསུམ་རྩོད་པ་མི་བྱེད་པར།།

སྐྱེ་འཆི་ངན་སོང་གླེང་རྒྱུ་ཕར་བཞག་ནས།།

རང་གཞན་གཉིས་ཕན་ཡ་རབས་སྤྱོད་བཟང་གིས།།

སྲུ་ཞུ་ནུས་ཚོད་སྒྲུབ་ན་དེ་བས་འགྲིག།

ཉིན་གསུམ་བསྐྱེལ་མ་བྱེད་དུས་དུངས་ཞེན་ལྕི།།

མཚན་གསུམ་ལྷན་དུ་ཉལ་བའི་སྐྱིད་སྣང་མོད།།

སྐྱེ་རྒ་ན་འཆི་ལས་ཀྱི་ཕྱོགས་དེ་འོང་།།

འདོད་མོས་མེད་ཀྱང་འཆི་གསོན་སུ་ཡིས་བཟློག།

སྐྱིད་སྡུག་རེས་མོས་འཁོར་བའི་གྲུབ་ཚུལ་ལ།།

ངོ་གསོ་སྟག་སྒོ་མེད་པ་དར་རྒུད་འདི།།

དབང་ཚད་རང་ལ་བྲལ་བའི་ངང་ཚུལ་གྱིས།།

གཟུགས་མེད་ཁྲིམས་ཆད་དྲག་པོས་མནར་སྡུག་རྒོད།།

ཕན་ཚུན་གདོང་ལ་གཏད་པའི་འཛུམ་འདང་གིས།།

སེམས་ཀྱི་གསང་བ་གྲོལ་ལ་ཕྱོགས་ན་ཡང་།།

མྱི་ཁ་རླུང་ནག་བཙན་པོའི་གཏམ་རྒྱུད་ཅིག།

སོ་སོའི་བྲང་དུ་སྤས་དེ་རང་ཚུགས་བཟུང་།།

རྒྱུས་མེད་གཏམ་ཆལ་རླུང་དང་འགྲོག་ནས་ཡོང་།།

ལ་བཙག་ཞེ་སྡང་མེ་ལྕེ་བཞིན་དུ་འབར།།

འདི་འདྲའི་སྤྱི་ཚོགས་ཤིག་གི་འཚོ་གནས་ཁྲོད།།

གནས་ལུགས་རྟོགས་པའི་མི་ནི་ཉིན་མོའི་སྐར།།

སྒྱུ་མའི་ཟུག་རྔུ་མ་བཟོད་ངུ་འབོད་ཀྱིས།།

ལྷ་མོའི་ཐུགས་བསམ་དཀྲོགས་དེ་སྤྱན་ལོག་གཟིགས།།

ཉེས་པ་ནམ་མཁར་མི་གཤོང་མནར་སྨིན་ཏེ།།

ཅི་ལྟར་འཇལ་ནུས་བསམ་ན་སེམས་པ་གཟེར།།

བུ་མོ་ཚུར་ལ་ཕྱོགས་དེ་ང་མ་བལྟ།།

ནུས་མེད་སྤྲང་བོའི་ལག་ཏུ་ཅི་ཡང་མེད།།

དཔལ་དང་འབྱོར་བའི་ལོངས་སྤྱོད་ང་ལ་མེད།།

ཁྱེད་ཀྱི་ཐུགས་སེམས་གསོ་བ་ངས་མི་འཇོན།།

གྲོགས་པོ་ང་ལ་རེ་ནས་བཙལ་མ་ཡོང་།།

ཤེས་ཡོན་སློབ་སྤྱོང་མེད་པའི་རྨོངས་པ་ང་།།

ལྷག་བསམ་ཡོད་ཀྱང་རིག་ལམ་སྐྱོ་བས་ན།།

གྲོགས་ཁྱེད་རེ་བ་སྒྲུབ་པར་ངས་མི་འཇོན།།

ཕ་མ་བུ་ངར་བསམ་ནས་སྒུག་མ་འདུག།

བུ་ཆུང་ལས་ངན་འཁྱམ་པོའི་མི་ཚེ་ལ།།

འགྱུར་ལྡོག་སྣ་མང་ཆེ་བའི་གནས་སྟངས་ཀྱིས།།

ཕ་མའི་སྒུག་པའི་འདོད་པ་ངས་མི་འགྲུབ།།

དོན་མེད་མི་ཚེ་ཟད་ལ་སེམས་པ་སྨྱོས།།

དོན་ལྡན་མི་ཚེ་བྱ་བ་ལམ་ལྷོངས་ཤིག།

ཚེ་འདིར་ཡོང་བ་མེད་པ་གཏན་འཁེལ་ན།།

ལུས་འདི་ཆུད་ཟོས་མ་གཏོང་ཤི་སར་བསྐྱོལ།།

བྱ་བ་གང་བྱས་ལས་ཀ་གང་བརྩམ་དང་།།

དམིགས་ཡུལ་ཅི་ཡོད་ངན་སེམས་ཡིན་གྱུར་ཚེ།།

སྐད་ཅིག་ཙམ་ཡང་འཚོ་བ་དོན་མེད་པའི།།

དུར་ས་ཞིག་ནས་ལུས་འདི་བྱ་ལ་སྤྲོད།།

ལྷ་དང་ཀླུ་ཡིས་གྲོགས་མེད་ཁེར་རྐྱང་གཟུགས།།

མི་དང་དུད་འགྲོའི་སྲོག་ལ་ཁྱད་མེད་ཚེ།།

མི་ལུས་རིན་ཆེན་ཟེར་ཡང་སྟོང་སྐད་འདིས།།

སྨྲ་ཤེས་དོན་གོ་བརྗོད་ཀྱང་རིན་ཐང་བྲལ།།

ཀི་ཞིག་བཏབ་ནས་མི་རྣམས་རྨོངས་གཉིད་ལས།།

སངས་པར་ནུས་པ་ཡིན་ཚེ་བདག་གིས་ཀྱང་།།

འཛམ་གླིང་སྟེང་གི་ཆེས་མཐོའི་རི་བོའི་སྟེང་།།

ཀི་ཞིག་འདེབས་ལ་གྲ་སྒྲིག་ལོས་བྱེད་ཨང་།།

སུས་ཀྱང་ཡིད་ཆེས་འཕེར་བ་བྱེད་དགོས་ན།།

རང་གི་གང་འཇོན་གཞན་གྱིས་ཅི་བྱེད་ལྟོས།།

རང་གཞན་གཉིས་ཀྱི་ཚོད་ཐིགས་ཟིན་དུས་སུ།།

བྱ་བ་གང་བྱས་ལེགས་པའི་ལམ་དུ་ཡོད།།

བསིལ་རླུང་འཇམ་པོའི་ཁྲོད་ཀྱི་མཚན་མོ་འདིར།།

དཀར་གསལ་དུངས་ཟླའི་བཞིན་རས་སྤྲིན་པས་གཡོག།

ལས་ངན་བུ་ལོའི་མཚན་མོའི་རོལ་དབྱངས་ཤིག།

སེམས་ནས་གཞུར་ཏེ་གང་དུ་སོང་མ་ཤེས།།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 5

  1. sha tak ri sim says:
    ལོ་ 17 སྔོན།

    ངས་དེ་རིང་ཁྱེད་རང་གི་གློག་འཕྲིན་ཁ་བྱང་སྟེང་དུ་ཡིག་ལན་ཞིག་བསྐུར་ཡོད་པ་དེ་ཁྱེད་རང་ལ་འབྱོར་སོང་ངམ།

    Reply
  2. sha tak ri sim says:
    ལོ་ 17 སྔོན།

    ངས་ཁྱེད་རང་གློག་འཕྲིན་ཁ་བྱང་བརྒྱུད་དེ་ཡི་གེ་ཞིག་བསྐུར་ཡོད་པ་དེ་འབྱོར་འདུག་གམ། བོད་ཡིག་བྲིས་པ་དེ་དག་མཐོང་གི་འདུག་གམ།

    Reply
  3. lhachapjinpa says:
    ལོ་ 17 སྔོན།

    ཨོ། དེ་ཡིན་ན་ཧྲ་སོང་ནི་རེད། ང་ལ་དགོས་པའང་དེ་རེད། ཡང་སེམས་ན་ནས་བསྡད་ཡོད་ཐོག་ལ་དེ་འདྲའི་གཏམ་བཟང་ཞིག་གོ་རྒྱུ་ཡོད་པ་སེམས་ལ་ཡང་མ་དྲན། འདིའི་ཐོག་ནས་འདུག་རྒྱུ་གལ།

    Reply
  4. sha tak ri sim says:
    ལོ་ 17 སྔོན།

    སྙིང་ནས་བརྩེ་བའི་དྲ་གྲོགས་ལྷ་ཆབ་ལགས། སེམས་འཁྲལ་མ་བྱེད་རོགས། ང་རང་གི་སེམས་སུ་གདོན་འདྲེ་སོགས་གང་ཡང་ཞུགས་མེད། ངས་འདི་ནས་གང་ནུས་ཀྱི་ཤུ་རེ་བྱེད་ངེས་ཡིན། ང་རང་སྔོན་ཆད་དང་བསྡུར་ན་གཏན་ནས་མི་འདྲ་བའི་བསམ་བློ་གཏོང་ཕྱོགས་ཁ་ཤས་ཤིག་རྙེད་ཡོད་པ་རེད། མནར་གཅོད་དེ་དག་མྱོང་རྗེས་ཀྱི་ང་རང་གིས། མང་བོ་ཞིག་ཤེས་མེད་ཀྱང་། ཉུང་ངུ་ཞིག་ཤེས་པ་དེའི་དབང་གིས་ངས་ཤུ་རེ་ལཽས་བྱེད། ཐུགས་རྗེ་ཆེ། དུས་ཐོག་དུ་ཡོང་ནས་གཏམ་ལན་གནང་བ་དེར།

    Reply
  5. lhachapjinpa says:
    ལོ་ 17 སྔོན།

    དྲ་གྲོགས་ཤ་ཁྲག་ལགས། ངས་ཚོགས་གཏམ་གཏོང་གི་མ་འདོད། ཁྱོད་ཀྱི་སྙན་ངག་འདིའི་ནང་དོན་གྱི་ཐད་ནས་བལྟས་ན། ཡང་ཁྱོད་ཀྱི་ཁོག་ལ་འདྲེ་ཞིག་འཛུལ་ཡོད་པ་ཐག་གིས་ཆོད། རང་ཉིད་གང་ལ་སོང་ན་གར་ནས་བསྡད་ན་ཕོ་རོག་དཀར་པོ་འདྲ་ཞིག་ཆགས་སུ་འཇུག་དོན་མི་འདུག་མོད། ཨ་ཨ་ཁྱོད་འདི། དངོས་གནས་བརྗོད་མི་ཤེས་པ་ཞིག་འདུག ཁྱོད་འདི་ཁ་ཁོག་དྲངས་མོ་ཞིག་ཡིན་པ་ངས་ཤེས་ཀྱི་ཡོད། དེས་སྟབས་ཀྱིས་གོང་གི་སྙན་ངག་འདིས་ཅི་ཞིག་བརྗོད་ཀྱི་ཡོད་མིན་ཚང་མ་ངས་ཤེས་སོང༌།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese