མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་།

བོད་ཀྱི་དུས་བབ།
༢༠༠༩/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ལྷོ་ཕྱོགས་སུ་བཙུགས་པའི་བོད་ཕྲུག་ཁྱིམ་སྡེའི་མཐོ་སློབ་དེར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ཞེས་མཚན་གསོལ་ཡོད་འདུག

ཕྱི་ཚེས་ ༡༦ ཉིན་༧གོང་ས་མཆོག་གིས་ལྷོ་ཕྱོགས་བྷེང་ལོར་ནས་བོད་ཕྲུག་ཁྱིམ་སྡེའི་མཐོ་སློབ་ཐོག་མ་དེ་དབུ་འབྱེད་གནང་སྟེ། མཐོ་སློབ་དེར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ཞེས་མཚན་གསོལ་ཡོད་འདུག མཐོ་སློབ་དབུ་འབྱེད་ཀྱི་མཛད་སྒོར་ཉེ་འཁོར་གྱི་བོད་མི་ ༣༠༠༠ ལྷག་དང་བྷང་ལོར་སློབ་གཉེར་བྱེད་བཞིན་པའི་འབྲུག་པའི་སློབ་ཕྲུག་ ༣༠༠ བཅས་ཕེབས་ཡོད་པ་རེད།

༧གོང་ས་མཆོག་གིས་ཀར་ཎ་ཊར་ཀ་མངའ་སྡེ་གཞུང་གིས་ད་བར་དུ་བོད་མིའི་གཞིས་སྒར་ཁག་དང་ཆོས་དང་རིག་གཞུང་གི་སློབ་གཉེར་བསྟི་གནས་ཁག་འཛུགས་བཅུག་པར་མཐུན་རྐྱེན་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་འདུག

མཛད་སྒོ་འདིའི་སྟེང་ཀར་ཎ་ཊར་ཀ་མངའ་སྡེ་གཞུང་གི་མཐོ་རིམ་ཤེས་རིག་བློན་ཆེན་ཟུར་པ་སྐུ་ཞབས་ G Parameshwar མཆོག་དང་། བཙན་བྱོལ་བོད་གཞུང་གི་ལྷོ་ཕྱོགས་གཞིས་ཁག་གི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ཀུན་དགའ་རྡོ་རྗེ་སོགས་མཛད་སྒོར་ཕེབས་ཡོད་ལ། སྐུ་ཞབས་ G Parameshwar ལགས་ཀྱིས་མཐོ་རིམ་སློབ་གཉེར་ཁང་འདིར་ཐུགས་རེ་ཅི་ཡོད་ཀྱི་བཀའ་སློབ་དང་སྦྲགས་མཐོ་སློབ་འདིའི་ཆེད་དུ་ཧིན་སྒོར་ ༥༠༠༠༠༠ ཞལ་འདེབས་སུ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༤ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༥ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༦ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༧ སྔོན་ལ།

མཆན། 46

  1. བོད་རྒྱལ་ལོ། says:
    ལོ་ 16 སྔོན།

    ནོར་བཅོས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་། ལེགས།

    Reply
  2. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    རྭ་ལོ་ཁྱོད་ཀྱིས་ངས་གབ་ཚིག་ཁ་ཤས་ཤེས་མི་འདུག་གསུངས་པ་དེ་གང་དང་གང་ཞིག་གསུང་གིན་ཡོད་པ་མི་ཤེས་ཀྱང་ངའི་རྣ་བར་ཧ་ཅང་འགྲོ་བྱུང་། ངས་རང་གི་བསམ་ཚུལ་དྲན་ཚུལ་ཙམ་འུར་བརྒྱབ་ནས་ཤོད་སྡོད་ཀྱིན་ཡོད་པ་མ་གཏོགས་གསལ་ཞིབ་དེ་འདྲ་གང་ཡང་ཤེས་ཀྱིན་མེད། ངའི་བསམ་ཚུལ་ལྟར་ན་མཐོ་སློབ་བར་གྱི་སློབ་ཚན་ཆ་ཚང་བོད་ཡིག་ཏུ་སྒྱུར་རྒྱུ་ཕར་ཞོག་ཟམ་གདོང་སྤྲུལ་སྐུས་ཤེས་ཡོན་སྲིད་ཇུས་གསར་པ་གཏན་འབེབས་བྱས་སྐབས་དེའི་སྔོན་འགྲོ་ནས་ལོ་ཤས་རིང་བོད་ཡིག་གཙོ་བོར་བསླབ་རྒྱུ་བྱས་པ་དེར་ཡང་ཟམ་གདོང་གིས་བོད་ཕྲུག་ཚང་མ་ལྐུག་པ་བཟོ་འདོད་རེད་ཅེས་པ་ལྟ་བུའི་སྐྱོན་བརྗོད་བྱེད་མཁན་ག་ཚོད་མང་པོ་འདུག མཐོ་སློབ་དེས་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཤིག་འབྱུང་རྒྱུ་མ་རེད་ཀྱང་སུས་ཟེར་ཐུབ། བོད་ཀྱི་སློབ་ཕྲུག་ཚོ་བོད་མི་མང་པོ་ཡོད་པའི་ཁོར་ཡུག་ཅིག་ཏུ་མཉམ་འཛོམ་བྱེད་ཐུབ་ན་འདྲ་རྒྱུ་མ་རེད། བོད་ཀྱི་རིག་གཞུང་གི་སློབ་ཁྲིད་འདྲ་བོ་ཡང་གྲ་སྒྲིག་བྱ་རྒྱུ་རེད། བོད་ཀྱི་རིག་གཞུང་གི་ཕྱོགས་ནས་བཤད་ན་ད་ལྟའི་བོད་ཕྲུག་ཁྱིམ་སྡེ་ཡས་མས་ལས་འཕགས་ཐུབ་ཀྱིན་ཨེ་ཡོད་སྙམ། ཡིན་ན་ཡང་བོད་ཕྲུག་ཁྱིམ་སྡེའི་ཕྲུ་གུ་དེ་ཚོ་ཡར་སྐྱེས་ནས་མར་རྒུར་བའི་བར་དུ་ཁ་འབྲལ་མི་དགོས་པ་དེ་ཡང་ཁོ་ཚོའི་བདེ་སྐྱིད་ཅིག་ཡིན་རྒྱུ་རེད།

    Reply
  3. རྭ་ལོ། says:
    ལོ་ 16 སྔོན།

    ཁྱེད་ཅག་གིས་མཐོ་སློབ་འདི་ཝར་ཎར་བསྟུན་དགོས་དོན་ཤེས་སོང་ངམ། མི་ཤེས་ན་སྐད་མ་རྒྱག ང་ཚོར་དགོས་པ་དང་མཁོ་བ་དེ་རྒྱལ་བ་རིན་པོ་ཆེ་ཚང་དང་ཟམ་གདོང་རིན་པོ་ཆེ་ཚང་རྣམ་གཉིས་ཀྱིས་སྒྲུབ་གི་ཡོད་པ་རེད། ཁོང་གཉིས་ལ་འགན་ཡོད་པ་ནང་བཞིན་ཞིག་སྐུ་ལས་ངོ་མས་སྐྱོན་སོང་། ང་ནི་མིག་ཆུ་ཤོར་གྲབ་རེད། ང་ཚོའི་མཁས་པར་ཁས་མཆེ་བ་དེ་དག་གིས་གཞོགས་འདེགས་མེད་པ་གང་ཡིན་ན།

    Reply
  4. རྭ་ལོ། says:
    ལོ་ 16 སྔོན།

    སྐྱོན་མི་འདུག གོང་དུ་སྤོབས་པ་མཐས་ཡས་ཀྱིས་བཤད་པ་དག་བདེེན་པ་རེད། ཡིན་ཡང་། དོགས་སེལ་ཅིག་ཡོད། བསླབ་གཞིའི་སྒང་ནས་རྒྱ་གར་གཞུང་དང་གཅིག་གྱུར་ཡིན་དགོས་པ་རེད། འོན་ཀྱང་། བསླབ་གཞི་དེར་རྒྱ་གར་གཞུང་གིས་སྐད་ཡིག་གི་ཚད་བཀག་ཡོད་པ་མ་རེད། ཁྲིམས་ཐོག་ནས་ཡོད་པ་མ་རེད། འདི་ཤེས་དགོས་པ་རེད། བོད་པ་རེད་ཅེས་དམིགས་བསལ་གྱི་ཁྲིམས་ཤིག་དེ་བས་ཡོད་པ་མ་རེད། གནས་ཚུལ་མང་པོ་ཞིག་ང་ཚོས་རང་རང་གི་ས་ནས་ལག་བསྟར་བྱེད་དགོས་པ་རེད་མ་གཏོགས། ཁ་ཐུག་ཏུ་ཁྲིམས་ཁང་གི་སྒོ་རྩར་བསྐྱལ་ནས་འུར་བརྒྱབས་ནས་བཤད་དགོས་ཀྱི་ཡོད་པ་མ་རེད། སྤོབས་པ་མཐའ་ཡས་ལགས། ཁྱོས་ཏོག་ཙམ་ཤེས་འདུག་འདུག་ཀྱང་། གབ་ཚིག་འགའ་ཤས་ཁྱོད་ལའང་ལྐོག་གྱུར་རེད། གང་ལྟར་ཁྱོའི་ལྷག་བསམ་གྱི་དབང་གིས་ངས་མང་པོ་མི་བཤད། བཤད་སའང་འགྲོ་གི་མི་འདུག

    Reply
  5. kalsang says:
    ལོ་ 16 སྔོན།

    སྤྱིར་ང་ཚོ་བོད་ཡིག་འབྲི་མཁན་དག་གིས་རང་འགུལ་གྱིས་འགན་ལངས་ནས་སོ་སོའི་བྲིས་བའི་ཡི་གེ་དག་གི་དག་ཆ་དང་ཚིག་སྦྱོར་གྱི་ཕྱོགས་ལ་ཉམས་འཇོག་བྱས་ན་བཟང་མོད། ཁོ་བོས་འདིར་བྲིས་པ་དག་ལ་ཞུས་དག་གཏོང་མ་ཐུབ་པས། ཚིག་སྦྱོར་དང་དག་ཆ། ཆད་ལྷག་སོགས་ཀྱི་སྐྱོན་མི་ཉུང་བ་ཞིག་མཆིས་བས་དགོངས་དག་ཞུ།

    Reply
  6. kalsang says:
    ལོ་ 16 སྔོན།

    ཅིག་བྲིས་ན་མང་པོ་མ་བྲིས་ན་བརྗོད་འདོད་ཆ་ཚང་གསལ་སྟོན་མི་ཐུབ་པས་རྩོད་གཞི་ཞིག་ལ་འགྱུར་བའི་ཉེན་ཁ་ཡོད་ཀྱང་། དུས་ཚོད་དབང་གིས་བསམ་ཚུལ་རྡོག་རྡོག་ཅིག་བྲིས་ནས། དེ་ཀློག་མཁན་གྱི་བསམ་བློར་རམ་འདེགས་ཤིག་བྱུང་ན་བསམ། འདིར་བརྗོད་རྒྱུ་ནི་སློབ་གྲའི་སྐོར་ཡིན། གོང་ནས་མདོར་བསྡུས་ནས་བརྗོད་ཡོད་མོད། དེས་མ་ཆོག་པ་ལྟ་བུ་ཞིག་མཐོང་། རྒྱ་གར་གྱི་ཁྲིད་གཞི་ནང་བཞིན་འགྲོ་བ་ཡང་བོད་མིས་དགོས་མཁོའི་དབང་གིས་འདེམས་པ་རེད། དེ་ན་རྩ་བའི་ཆ་ནས་སྟངས་འཛིན་གྱི་དབང་ཆ་བོད་མིར་ཡོད་ན་བྱེ་བྲག་གི་ཁྲིད་གཞི་རྒྱ་གར་ལྟར་འགྲོ་དགོས་ཡང་སྐྱོན་ཆེར་མེད། དེའི་སྤྱིའི་ཁ་ཕྱོགས་བོད་མི་རང་གིས་སྟངས་འཛིན་བྱས་ནས་སྡེ་ཚན་སོགས་ཀྱི་བཀོད་སྒྲིག་དང་། གཞི་རྩའི་སྡེ་ཚན་དྲུག་ཙམ་ལྟ་བུ་། བོད་ཡིག་གི་སྡེ་ཚན་མིན་ན་བོད་ཡིག་དང་བོད་ཀྱི་རིག་གཞུང་སློབ་ཁྲིད་ཀྱི་ཞ་ཞོར་ཡིན་པ་སྨྲོས་མེད་རེད། ཡིན་ནའི་བོད་ཡིག་སྡེ་ཚན་ཡིན་ན་ད་ལྟའི་ས་ར་ལྟ་བུ། ས་ར་ནི་མཐོ་སློབ་འདིའི་བོད་ཡིག་སྡེ་ཚན་ལྟ་བུ་ལས་ཅི་ཡང་མིན། {འདིའི་་ཆ་རྐྱེན་ཀྱང་ཅུང་མི་འདང་མོད}སོགས་ཀྱི་རྒྱལ་སྤྱིའི་ངོས་ལེན་གཅིག་པུ་མིན་པར་དོན་གྱིས་རྒྱལ་སྤྱིའི་ཤེས་ཡོན་གྱི་ཚད་གཞི་ལྡན་པའི་ཕྱོགས་ལ་ཤུགས་རྒྱག་དགོས་བསམ། འདི་ནི་དེང་གི་མཐོ་སློབ་སློབ་གསོའི་ཁ་ཕྱོགས་དང་ནུས་པ། སྤྱི་ཚོགས་ཤེས་ཡོན་དང་རང་བྱུང་ཤེས་རིག་གི་ཚད་མཐོ་བའི་མིའི་རིགས་ཀྱི་ཤེས་ཡོན་དགོས་མཁོ་དང་ཡང་ན་ཡོངས་ཁྱབ་ངེས་ལེན་ཡོད་པའི་སྤྱི་ཚོགས་སྒྲིག་གཞི་ཞིག་གི་རྒྱབ་ལྗོངས་དང་བསྟུན་ནས་བསམ་བློ་བཏང་སྟེ་ཐག་གཅོད་བྱེད་དགོས་བ་ཞིག་རེད་བསམ་སོང་། བོད་མི་ཡིན་བོད་དོན་གང་རུང་ལ་བསམ་ཚུལ་འདོན་པའི་དབང་ཆ་ཡོད་དགོས།

    Reply
  7. བསེ་རུ། says:
    ལོ་ 16 སྔོན།

    དྲི་བ་གང་མང་ཞིག་ཡོང་བཞིན་འདུག
    ངའི་ཁོར་ཡུག་ཏུ་མཐོ་སློབ་དེའི་མཚན་ལ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ཞེས་པའི་མིང་དེ་༸གོང་ས་མཆོག་གིས་གནང་བ་དེ་དངོས་དོན་ཡིན་མིན་རྩོད་བཞིན་འདུག
    དེའི་ཐད་རྒྱུ་མཚན་གསལ་འདེབས་དང་འགྲེལ་བརྗོད་རེ་གནང་རོགས།

    Reply
  8. གངས་ཅན། says:
    ལོ་ 16 སྔོན།

    གསལ་བཤད། གོང་གི་དེ་བོད་ཡིག་སློབ་དེབ་རེད།

    Reply
  9. གངས་ཅན། says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ལགས་ཀྱིས་གསུངས་པ་དེ་དངོས་གནས་བདེན་པ་རེད། ཉེ་ཆར་ཤེས་རིག་ལས་ཁུངས་ཀྱིས་བཏོན་པའི་འཛིན་གྲྭ་དགུ་པ་དང༌། བཅུ་པ། བཅུ་གཅིག བཅུ་གཉིས་བཅས་ཀྱི་སློབ་དེབ་ཀྱང་རྒྱ་གར་དབུས་ཤེས་ཡོན་ལྷན་ཚོགས་ཀྱིས་ངོས་ལེན་དགོས་པ་དེབ་དེ་དག་གི་ཆེད་བརྗོད་དུ། འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཐོན་རྒྱུགས་སྐབས་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE)ཁོངས་ཞུགས་དགོས་སྟབས། འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གོང་གསལ་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་སློབ་ཚན་གཞིར་བཟུང་བྱ་རྒྱུ་ལས། སློབ་ཚན་བསྐྱར་ཞིབ་དང་འགྱུར་བཅོས་ཐད་གཞན་དབང་སྟབས་བསྟུན་འོག་གནས་པའི་དཀའ་ངལ་འཕྲད་མུས་ལ་བརྟེན། འདི་ག་ཤེས་རིག་ལས་ཁུངས་ནས་ལོ་ངོ་དུ་མའི་རིང་འབྲེལ་ཡོད་རྒྱ་གར་དབུས་ལས་ཁུངས་དང་སྡེ་ཚན་ཁག་ལ་འབྲེལ་མོལ་རིམ་པ་ཞུས་འབྲས། ཕྱི་ལོ་2008་ནས་བཟུང་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་བོད་ཡིག་བསླབ་གཞི་གཏན་འབེབས་སྐབས་ཤེས་རིག་ལས་ཁུངས་ཀྱིས་རྒྱབ་གཉེར་གནང་བའི་གཞི་རིམ་གོང་མའི་བསླབ་གཞི་བསྐྱར་ཞིབ་ཚོགས་ཆུང་གིས་ཕུལ་བའི་འཆར་ཟིན་ལ་ངོས་བཞེས་གནང་རྒྱུའི་ཐག་གཅོད་བཟང་པོ་བྱུང༌། ཞེས་བཀོད་འདུག་པ་ལས་ཤེས་ཐུབ།

    Reply
  10. Dhonling Bhu says:
    ལོ་ 16 སྔོན།

    I think it’s better to have Yi particle in Tibetan name of that College. Good Luck,.

    Reply
  11. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    སྐལ་བཟང་ལགས། སློབ་གྲྭ་འདི་བོད་མིས་བརྒྱབ་པ་རེད། རྗེ་བཙུན་པདྨས་དབུ་ཁྲིད་དེ་བརྒྱབ་པ་རེད། ཡིན་ན་ཡང་ང་ཚོ་རྒྱ་གར་ནང་ལ་བསྡད་ཡོད་པ་དང་རང་རེ་ལ་ཁྲིམས་མཐུན་གྱི་རྒྱལ་ཁབ་ཅིག་གི་དབང་ཚད་མེད་སྟབས་སློབ་ཚན་ཁག་རྒྱ་གར་གཞུང་གི་གཏན་འབེབས་བྱས་པ་དེ་ག་རང་ནང་བཞིན་མི་འགྲོ་ཐབས་མེད་རེད། ལྷག་པར་ཡང་ཨང་རྩིས་དང་ཚན་རིག སྤྱི་ཚོགས་དང་སེམས་ཁམས། གློག་ལས་དང་ཆུ་འདྲེན། ས་ཁམས་དང་ཁྲིམས་ལུགས་སོགས་ཀྱི་སློབ་ཚན་རྣམས་རྒྱ་གར་གྱི་གཏན་འབེབས་བྱས་པའི་སློབ་ཚན་གཞིར་བཟུང་ནས་འགྲོ་བ་མ་གཏོགས་ཐབས་མེད་པ་རེད། བོད་ཡིག་དང་བོད་ཀྱི་རིག་གཞུང་དེ་ཞོར་ལས་ལྟ་བུ་ཞིག་མ་གཏོགས་སྦྱང་ཐུབ་ཀྱི་མ་རེད། དེ་ལ་མི་ཤེས་པ་ག་རེ་ཡོད། འདིའི་སློབ་ཚན་གྱི་དབང་ཆ་ཡོངས་རྫོགས་བོད་མིས་གཏན་འབེབས་བྱས་ན་ས་རཱ་དང་ནོར་གླིང་མཐོ་སློབ་ལྟ་བུ་ཞིག་ལས་རྒྱལ་སྤྱིའི་སྒང་དུ་ངོས་ལེན་ཡོད་པའི་ལག་ཁྱེར་ཞིག་ཐོབ་ཐུབ་ཀྱིན་མེད་པ་རེད།

    Reply
  12. kalsang says:
    ལོ་ 16 སྔོན།

    གོང་གི་སྤོབས་པ་མཐའ་ཡས་ཟེར་བའི་མི་འདི་ལ་སྐད་ཆ་ཅིག་འདྲི་ཡི་ཡོད། དངོས་ནས་མ་ཤེས་བར་འདྲི་ཡི་ཡོད། སློབ་གྲ་དེ་བོད་དབྱིན་གྱི་གསར་འགྱུར་ལ་བལྟསན་ན་བོད་མིས་རྒྱབ་པ་ཞིག་རེད་བསམ་བྱུང་། དེ་འདྲ་མ་རེད་དམ། གལ་ཏེ་བོད་མིའི་མིང་ཐོག་ནས་རྒྱ་གར་གྱིས་རྒྱབ་དེའི་འགྲོ་སོང་རྒྱ་གར་གྱིས་བཏང་བ་ཡིན་ན་དོན་དག་ལོག་ག་རེད། དེ་མིན་རྒྱ་གར་གཞུང་གིས་ག་རེ་བྱས་ནས་ཇུས་གཏོགས་བྱེད་དགོས་རེད། འདི་མགོ་ཚོས་ཀྱི་མི་འདུག འདིའི་སྐོར་གསར་འགྱུར་ལས་ཁ་གསལ་བོ་ཞིག་ལབ་ཡ་ཡོད་ན་གསུང་དང་།

    Reply
  13. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ཁྱོད་ཚོར་མཐོ་སློབ་འདིའི་བསླབ་གཞི་ལ་ཇུས་གཏོགས་བྱེད་པའི་དབང་ཆ་དང་ནུས་པ་ག་རེ་ཡོད། སློབ་གྲྭ་འདི་ཡང་རྒྱ་གར་གྱི་མཐོ་སློབ་བྱིངས་ནང་བཞིན་་རྒྱ་གར་གཞུང་གིས་གཏན་འབེབས་ག་རེ་བྱས་པ་དེ་གཞིར་བཟུང་ནས་འགྲོ་རྒྱུ་རེད། གཞི་རིམ་སློབ་གྲྭ་ཁག་ནས་ཡོང་མཁན་ཚོར་འཛིན་གྲྭ་བཅུ་གཉིས་བར་དུ་སྦྱངས་པའི་བོད་ཡིག་གི་སློབ་ཚན་དེ་ཚོ་བསྐྱར་སྦྱངས་ལྟ་བུ་རེ་བྱེད་པར་དགེ་རྒན་ཁ་ཤས་རེ་འཇོག་ངེས་རེད། བོད་ཀྱི་རིག་གཞུང་གི་སྟེང་ལ་ནུས་པ་ཆེར་ཐོན་ཁག་པོ་རེད་སྙམ། འདི་ལ་བརྟེན་ནས་བོད་ཕྲུག་མང་པོ་ཞིག་གི་མཐོ་སློབ་ཀྱི་ཤེས་ཡོན་ཐོབ་པར་ནུས་པ་ཐོན་རྒྱུ་རེད་སྙམ།

    Reply
  14. kalsang says:
    ལོ་ 16 སྔོན།

    བོད་ཀྱི་མབོ་སློབ་དང་པོ་ཞེས་ལབ་པར་འཐད། འདིའི་སློབ་གྲའི་འགན་འཁྲི་དང་དམིགས་ཡུལ་གསར་བ་ཞིག་ཡིན་པ་མཚོན་གྱི་ཡོད། ས་ར་དང་ཝ་ར་ན་སི་སོགས་ནི་བོད་ཀྱི་སྲོལ་རྒྱུན་ནང་ཆོས་གཙོ་བའི་རིག་གནས་འཛིན་སྤེལ་གྱི་ཆེད་ཙམ་རེད།

    Reply
  15. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    བཙན་བྱོལ་བོད་གཞུང་གི་ལོ་རྒྱུས་རྒྱལ་རབས་ཁྲིད་སྟངས་དང་སུམ་རྟགས་སྙན་ངག་ཁྲིད་ཐབས་དེ་བློར་འབབ་པ་ཞིག་ཁྱོན་ནས་མ་རེད། དཔེར་ན་྄ཝར་ཎ་ལྟ་བུ་ཞིག་ལ་མཚོན་ན་སྙན་ངག་དེ་ཡང་སྔོན་མའི་རྒྱ་གཞུང་ཚུར་བསྒྱུར་བ་དེ་འདྲ་ཁོ་ན་ཁྲིད་དེ་དེང་རབས་ཀྱི་སློབ་མ་རྣམས་ལོ་སུམ་བརྒྱའི་གོང་དུ་ཕྱིར་འཁྲིད་ཀྱིན་འདུག སློབ་ཁྲིད་ཀྱི་ཕྱོགས་ནས་ཀྱང་དེང་རབས་དང་མཐུན་པ་ཞིག་བཟོ་དགོས་པ་མ་ཟད། དེ་ལས་འཚར་ལོངས་བྱུང་བའི་སློབ་མ་དེ་ཡང་ར་མ་ལུག་ལྟ་བུ་ཞིག་མི་ཆགས་པར་འབད་པ་བྱེད་དགོས་པར་མཐོང༌། ད་རེབ་ཀྱི་མཐོ་སློབ་འདིའི་སློབ་མའི་ཡོང་ཁུངས་བོད་ཁྱིམ་སློབ་གྲྭ་ཁག་གཙོ་བྱས་ནས་རྒྱ་གར་ནང་ལོགས་ཀྱི་བྱིས་པ་དག་ཡིན་པར་ཆ་བཞག་ན་འོག་བོད་ཁྱིམ་ནས་བསྒྱུར་ཞིག་གཏོང་དགོས་པར་མཐོང༌། དེ་མིན་འཛིན་གྲྭ་གསུམ་པ་བཞི་བའི་སློབ་དེབ་སོགས་ཀྱི་སྟེང་རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་ལྟ་བུའི་ལོ་རྒྱུས་འཇོག་པ་དང༌། ལས་འབྲས་ཀྱི་རྣམ་བཞག་དང་འཇོག་པ་འདི་དངོས་གནས་དགོད་བྲོ་བ་ཞིག་རེད། གལ་སྲིད་དེ་འདྲའི་མི་སྣ་ཆེ་གེ་མོའི་ལོ་རྒྱུས་འགོད་དགོས་ན་བོད་རང་གི་མི་སྣ་དང་ལྷག་པར་དུ་རང་གི་ཕྱོགས་ལ་ཉེ་བ་ཞིག་བཞག་ཏན་ཏན་ཕན་པར་མཐོང༌། དེ་མིན་རང་རེའི་སློབ་དེབ་དག་གི་ཁྲོད་རྒྱལ་གཅེས་ཀྱི་བསམ་བློ་མཚོན་པའི་སློབ་ཚན་ཉུང་སེར་འདུག་པ་འདིས་ང་ཚོའི་མི་རབས་རྗེས་མ་དག་ར་མ་ལུག་ཏུ་བསྒྱུར་གྱིན་ཡོད།

    Reply
  16. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    བཙན་བྱོལ་བོད་གཞུང་གི་ལོ་རྒྱུས་རྒྱལ་རབས་ཁྲིད་སྟངས་དང་སུམ་རྟགས་སྙན་ངག་ཁྲིད་ཐབས་དེ་བློར་འབབ་པ་ཞིག་ཁྱོན་ནས་མ་རེད། དཔེར་ན་྄ཝར་ཎ་ལྟ་བུ་ཞིག་ལ་མཚོན་ན་སྙན་ངག་དེ་ཡང་སྔོན་མའི་རྒྱ་གཞུང་ཚུར་བསྒྱུར་བ་དེ་འདྲ་ཁོ་ན་ཁྲིད་དེ་དེང་རབས་ཀྱི་སློབ་མ་རྣམས་ལོ་སུམ་བརྒྱའི་གོང་དུ་ཕྱིར་འཁྲིད་ཀྱིན་འདུག སློབ་ཁྲིད་ཀྱི་ཕྱོགས་ནས་ཀྱང་དེང་རབས་དང་མཐུན་པ་ཞིག་བཟོ་དགོས་པ་མ་ཟད། དེ་ལས་འཚར་ལོངས་བྱུང་བའི་སློབ་མ་དེ་ཡང་ར་མ་ལུག་ལྟ་བུ་ཞིག་མི་ཆགས་པར་འབད་པ་བྱེད་དགོས་པར་མཐོང༌། ད་རེབ་ཀྱི་མཐོ་སློབ་འདིའི་སློབ་མའི་ཡོང་ཁུངས་བོད་ཁྱིམ་སློབ་གྲྭ་ཁག་གཙོ་བྱས་ནས་རྒྱ་གར་ནང་ལོགས་ཀྱི་བྱིས་པ་དག་ཡིན་པར་ཆ་བཞག་ན་འོག་བོད་ཁྱིམ་ནས་བསྒྱུར་ཞིག་གཏོང་དགོས་པར་མཐོང༌། དེ་མིན་འཛིན་གྲྭ་གསུམ་པ་བཞི་བའི་སློབ་དེབ་སོགས་ཀྱི་སྟེང་རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་ལྟ་བུའི་ལོ་རྒྱུས་འཇོག་པ་དང༌། ལས་འབྲས་ཀྱི་རྣམ་བཞག་དང་འཇོག་པ་འདི་དངོས་གནས་དགོད་བྲོ་བ་ཞིག་རེད། གལ་སྲིད་དེ་འདྲའི་མི་སྣ་ཆེ་གེ་མོའི་ལོ་རྒྱུས་འགོད་དགོས་ན་བོད་རང་གི་མི་སྣ་དང་ལྷག་པར་དུ་རང་གི་ཕྱོགས་ལ་ཉེ་བ་ཞིག་བཞག་ཏན་ཏན་ཕན་པར་མཐོང༌། དེ་མིན་རང་རེའི་སློབ་དེབ་དག་གི་ཁྲོད་རྒྱལ་གཅེས་ཀྱི་བསམ་བློ་མཚོན་པའི་སློབ་ཚན་ཉུང་སེར་འདུག་པ་འདིས་ང་ཚོའི་མི་རབས་རྗེས་མ་དག་ར་མ་ལུག་ཏུ་བསྒྱུར་གྱིན་ཡོད།

    Reply
  17. kalsang says:
    ལོ་ 16 སྔོན།

    ངའི་བསམ་པར་བོད་ཀྱི་སྐད་ཡིག་གཞི་རྩར་བཟུང་བ་སྟེ། བོད་ཡིག་བེད་སྤྱོད་ཀྱིས་དེང་རབས་ངོ་བོ་འབུར་ཐོན་གྱི་མཐོ་སློབ་ཞིག་ཆགས་ན་བསམ། དེང་རབས་བརྡ་འཕྲིན་རིག་པ་དང་གློག་ཀླད་དྲ་རྒྱའི་སྡེ་ཚན་ཞིག་དགོས་བ་ཁོར་ཡུག་སོགས་ཀྱི་དབང་གིས་་སྨྲ་མ་དགོས་བ་རེད། སློབ་གྲ་དེར་རྒྱག་པའི་རྒྱུ་མཚན་གཅིག་ཀྱང་དེ་ཡིན་པ་སྔུན་ནས་གོ་ཐོས་བྱུང་།
    གཞན་ཁྱོད་ཚོའི་བསམ་ན ?

    Reply
  18. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ཡར་མར་མང་བོ་ཞིག་གང་བཤད་ཀྱང་སློབ་གྲ་དེ་རུ་ཞུགས་མཁན་གྱི་སློབ་མ་དེ་དག་གིས་རང་ཉིད་ནི་ཏ་ལའི་བླ་མ་བོད་ཀྱི་སློབ་གཉེར་ཁང་དུ་སློབ་སྤྱོང་བྱེད་ཀྱི་ཡོད་པ་དེ་ནི་གཞན་དང་མི་འདྲ་བ་ཞིག་ཡིན་པ་ཤེས་པ་དང་དུ་བླངས་དེ་སློབ་སྤྱོང་བྱེད་རྒྱུ་དེ་ནི་གལ་ཆེན་རེད།

    Reply
  19. kalsang says:
    ལོ་ 16 སྔོན།

    སྤྱིར་ན་མཐོ་སློབ་ཆགས་ཡོད་ཙང་དེ་ལ་ཁྲིད་གཞིའི་རིགས་ཞེས་ལབ་ཡ་ལས་ཐོག་མར་སྡེ་ཚན་ནམ་ཁམས་ཚན་གྱི་དབྱེ་བ་གསལ་བོར་བཟོས་རྗེས་དེ་ནས་ཁྲིད་གཞིའི་སྒང་ལ་ཡོང་ན་བཟང་། སྡེ་ཚན་འཛུགས་བ་ཡང་ཐོག་མར་བོད་ཀྱི་དངོས་ཡོད་དགོས་མཁོའི་གནས་སྟངས་ལ་བབས་པའི་སྒོ་ནས་འཛུགས་ཀྱི་ཡིན་པས། ཚད་ལྡན་མཐོ་རིམ་སློབ་གྲའི་ཚད་གཞི་གཞིར་བཟུང་གིས་འཛུགས་ཀྱི་ཡིན། ཡང་ན་སློབ་གསོའི་ཁ་ཕྱོགས་གཏན་འཁེལ་གསལ་བོ་ཞིག་བྱེད་པ་གནད་དོན་ཞིག་ཡིན། དེ་ནས་དེའི་སྒང་ལ་བྱེ་བྲག་གི་ཁྲིད་གཞི་དང་དགེ་རྒན་གྱི་རིགས་གླེང་ན་འགྲིག

    Reply
  20. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཟླ་ཤས་གོང་དུ་ཨ་རི་ནས་ཕེབས་པའི་གློག་ཀླད་དང་དྲ་རྒྱའི་སྐོར་གྱི་ཆེད་མཁས་པ་ཞིག་གིས་གངས་སྐྱིད་ནས་བཤད་དོན། བྷེང་ལོར་ནི་རྒྱ་གར་གྱི་བརྡ་འཕྲིན་ཆེད་ལས་པའི་ཕ་ཡུལ་རེད། ད་སྐབས་བོད་ཁྱིམ་སློབ་གྲྭས་བྷེང་ལོར་ནས་མཐོ་སློབ་ཅིག་འཛུགས་གིན་ཡོད་སྟབས། བོད་པ་ཚོས་མཐོ་སློབ་འདི་བོད་ཀྱི་བརྡ་འཕྲིན་རིག་པའི་ཚད་མཐོ་བའི་སློབ་གཉེར་ཁང་ཞིག་ལ་བསྒྱུར་ཐུབ་ན་སྐལ་བ་ཡག་པོ་རེད་ཅེས་བཤད་བྱུང་། དུས་རབས་ཉེར་གཅིག་པའི་ནང་གི་མཐོ་སློབ་ཅིག་ལ་མཚོན་ན་དངོས་གནས་བརྡ་འཕྲིན་ཚན་རིག་གི་ཕྱོགས་ཏེ། IT གྱི་ཆེད་ལས་སློབ་གཉེར་བ་གང་མང་མང་ཞིག་དགོས་པ་དངོས་ཡོད་ཆགས་འདུག ཐོས་ཚད་ལ་བོད་ཁྱིམ་གྱིས་ཀྱང་མཐོ་སློབ་འདིར་གློག་ཀླད་ཀྱི་སྡེ་ཚན་ཞིག་འཛུགས་གིན་ཡོད་ཟེར། འདི་གང་འདྲ་འདུག

    Reply
  21. མྱི་སྨྱོན། says:
    ལོ་ 16 སྔོན།

    ལྷ་ཆབ་སྦྱིན་པ་ཁྱོད་གྱིས་ཐོས་ནོར་ཐེབས་ཡིན་པ་ཐག་ཆོད། ཉེ་བའི་ཆར་ཨ་རི་ནས་ཨ་མ་རྗེས་བཙན་པདྨ་མཆོག་གིས་ང་ཚོས་གྲོགས་པ་ཞིག་ལ་ཚད་ལྡན་སློབ་གྲྭ་ཆེན་མོ་ལྟར་གླ་ཆ་སྤྲོད་ཐུབ་གྱི་མེད་པའི་བོད་ཡིག་དགེ་རྒན་དང་དེ་བཞིན་ཚན་རིགས་དགེ་རྒན་དག་ལ་དཀའ་ངལ་ཡོད་པར་གསུང་འདུག སྤྱིར་ཁྱེད་ཀྱི་བསམ་ཚུལ་ཡག་པོ་འདུག་གོང་དུ་བདག་གི་གྲོགས་པོ་བུ་ནས་དྲི་བ་གང་མང་ཞིག་ལྷག་འདུག་གི་ཞེས་པ་ཡང་དེ་འདྲ་ཡིན་པ་འདྲ། གང་ལྟར་མཐོ་སློབ་འདི་ཇི་ལྟར་རྒྱུན་སྐྱོང་བྱེད་དགོས་མིན་དང་འདི་ནས་བོད་ཡིག་སྔོན་ཐོན་ཕྱོགས་ལ་བསམ་བློ་གཏོང་གི་ཡོད་མེད་སོགས་ང་ཚོས་ཤེས་དགོས་ཞིང་དོ་སྣང་བྱེད་དགོས་པ་ཁག་རེད་སྙམ།

    Reply
  22. གཞིས་ལུས་བོད་པ། says:
    ལོ་ 16 སྔོན།

    ནམ་མཁའི་ནོར་བུ་དང་མཁར་རྨེའུ་བསམ་གཏན་གཉིས་ཀྱི་བརྩམས་གཞུང་ལ་བལྟས་ན་བོན་པོ་མ་གཏོགས་ཅི་ཡང་ཤེས་ཀྱིན་མེད་པའི་ཚོར་སྣང་ཞིག་བྱུང་སོང་།

    Reply
  23. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    རྒྱ་གར་ལྷོ་ཕྱོགས་བྷང་ལོར་ན་མཐོ་རིམ་སློབ་གྲྭ་ཞིག་རྒྱག་གི་སྔོན་མ་ནས་གོ་ཐོས་བྱུང༌། ད་དངོས་སུ་དབུ་འབྱེད་གནང་བར་རྟེན་ཞུ་འོས། ཡིན་ནའང་གོང་དུ་མི་མང་བོ་ཞིག་གིས་མཐོ་སློབ་འདིའི་མིང་འདོགས་སྟངས་ཐད་རྩོད་པ་ཤུགས་ཆེན་པོ་རྒྱག་གི་འདུག ངས་བལྟས་ན་དེ་གནད་དོན་གཙོ་བོ་མ་ཡིན་པར་རྗེས་ཕྱོགས་སློབ་གྲྭ་འདིའི་སློབ་ཚན་དང་སྒྲིག་གཞི་སོགས་ཀྱི་ཐད་ནས་གླེང་དགོས་པར་འདོད། ཕྲན་གྱིས་ཐོས་ནོར་ཐེབས་མེད་ན། འདིའི་སྐོར་གྱི་ཚོགས་འདུ་ཞིག་གི་སྟེང་དབུ་འཛིན་ནམ་འགན་ཆེན་པོ་འཁུར་མཁན་ཞིག་གིས་དབྱིན་ཡིག་ཚན་རིག་གི་དགེ་རྒན་ཡག་པོ་ཞིག་རེག་མིན་ཐད་དཀའ་ངལ་ཡོད་པ་ལས་བོད་ཡིག་དགེ་རྒན་ནི་྄ཝར་ཎ་ཐོན་པ་མང་བོ་འདུག་པས་དཀའ་ངལ་མེད་རབས་གསུང་འདུག ྄ཝར་ཎ་ཐོན་མཁན་དེ་ཚོ་མཁས་པ་ཡིན་པ་བདེན་དུ་འཆི། ཡིན་ནའང་ང་ཚོར་རྒྱུས་ཡོད་ཡིན་ཨང༌། ྄ཝར་ཎ་ཟེར་བ་དེ་ཅི་འདྲ་ཡིན་མིན་ང་ཚོའི་སེམས་ན་ཁྲིག་ཁྲིག་ཡིན་ཨང༌། དེ་བས་ཕྱི་ལོགས་ལ་ཤོར་བའི་ང་ཚོའི་རིན་ཆེན་གྱི་ནོར་བུ་ལྟ་བུའི་མཁས་དབང་དེ་ཚོར་རེ་བ་རེ་བརྒྱབ་ན། ཁོང་ཚོ་ཡང་མི་ཚེ་བོད་ཀྱི་རིག་གཞུང་ལ་བསྟིམས་མཁན་དེ་འདྲ་ཡིན་པས། ཡོང་རྐྱང་མིན་ནའང་ཟླ་བ་རེ་ཟུང་ལ་མི་ཕེབས་པ་སྲིད་ཀྱི་མ་རེད། དཔེར་ན་ནམ་མཁའི་ནོར་བུ་དང་མཁར་རྨེའུ་བསམ་གཏན། རག་ར་རིན་པོ་ཆེ་སོགས་རེད། ང་ཚོས་ཁོང་ཚོ་ལྟ་བུའི་ཕྱག་གི་ནོར་བུ་ལེན་ཤེས་ཀྱི་མི་འདུག ད་རེབ་ཀྱི་མཐོ་སློབ་འདི་྄ཝར་ཎར་དཔར་གློག་བརྒྱབ་པ་ཡིན་ན་ད་ནི་ང་ཚོའི་སྤྱི་ཚོགས་ལ་སྔོ་ཐོག་རྒྱུ་ཁག་པོ་རེད།

    Reply
  24. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    སློབ་གྲྭ་འདིའི་མིང་ལ་ཏཱ་ལའི་བླ་མ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ཞེས་བཏགས་འདུག འདིའི་ནང་གི་སློབ་ཕྲུག་ཚོའི་མིང་གི་ཐོག་མར་བསྟན་འཛིན་ཞེས་བཏགས་ཡོད་པ་རེད། བསྟན་འཛིན་ཞེས་པ་འདི་ཡང་རྒྱལ་བ་རིན་པོ་ཆེ་མཆོག་གི་མཚན་ནས་དྲངས་ཏེ་བཙན་བྱོལ་ནང་སྐྱེས་པའི་བྱིས་པ་ཚོར་མིང་བཏགས་པ་རེད། མིང་གི་མགོར་བསྟན་འཛིན་ཞེས་བཏགས་པའི་མི་རབས་དམིགས་བསལ་བ་འདི་དག་སྐྱེས་ནས་མི་ལོ་ ༣༠ ཕྱིན་ཡོད་ངེས། འདིའི་རིང་ལ་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གཞི་རྐང་ལ་ཡར་རྒྱས་ཆེན་པོ་མ་ཕྱིན་སྟབས། རང་རང་གི་ཤེས་ཡོན་སློབ་སྦྱོང་གི་སྐལ་བ་དེ་འཐུས་ཤོར་ལ་ཕྱིན་པ་རེད། ཤེས་ཡོན་འཐུས་ཤོར་ལ་ཕྱིན་ཡོད་པ་མ་རེད། ཡིན་ཡང་། ད་རེབ་མཐོ་རིམ་སློབ་གྲྭ་འདི་དངོས་སུ་དབུ་འབྱེད་དང་རྒྱལ་བ་རིན་པོ་ཆེ་མཆོག་གིས་དངོས་སུ་མཚན་གསོལ་ཡོད་སྟབས། ང་ཚོས་བསྟན་འཛིན་མིང་ཅན་གྱི་མི་རབས་འདི་དག་གི་ཤེས་ཡོན་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་ཞུ་འོས་པར་འདུག

    ད་ནི་མཐོ་རིམ་སློབ་གཉེར་ཁང་འདིའི་ནང་གི་ཁྲིད་གཞིའི་སློབ་ཚན་གྱི་རིགས་ལ་བགྲོ་གླེང་བྱེད་རན་རེད། སློབ་མ་འདི་དག་གི་དམིགས་ཚད་ལ་ལྟ་དགོས་ཀྱི་འདུག འདིའི་ཐད་ནས་ལོ་སྔོན་མར་བོད་ཁྱིམ་གྱི་འབྲེལ་ཡོད་མི་སྣར་བཀའ་འདྲི་ཞུས་སྐབས། བོད་ཡིག་གི་སློབ་ཚན་རྣམས་ནི་ཝར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དེབ་དང་འདྲ་མཚུངས་ཡིན་ལུགས་བཤད་བྱུང་། ཡིན་ཡང་དེང་རབས་ཀྱི་སློབ་ཚན་ཕྱོགས་ནས་ཅུང་དམིགས་བསལ་བ་ཞིག་ཡིན་སྐད་འདུག མི་འགྱངས་པར་ང་ཚོས་བསྐྱར་དུ་བཀའ་འདྲི་གསལ་བོ་ཞིག་ཞུ་ཆོག

    Reply
  25. kalsang says:
    ལོ་ 16 སྔོན།

    འདིར་གཅིག་གིས་ཀྱང་བརྡ་སྤྲོད་ཀྱི་རྣམ་གཞག་ནས་དྲངས་ཏེ་མཆན་རིགས་པས་འཕེར་བ་ཞིག་མི་སྐྱོན་པར་བདེ་མི་བདེ་འོས་མི་འོས་ཙམ་ཞིག་ལབ་ཡོང་གི་འདུག བཤད་ན་གནས་ལུགས་གསལ་ཐིང་ངེར་ཡོད་པ་ཞིག་ཤོད་དང་དེའི་ཐོག་ང་ཚོས་བགྲོ་གླེང་བྱེད་ཆོག

    Reply
  26. kalsang says:
    ལོ་ 16 སྔོན།

    ༧གོང་ས་མཆོག་གིས་ལྷོ་ཕྱོགས་སུ་བཙུགས་པའི་བོད་ཕྲུག་ཁྱིམ་སྡེའི་མཐོ་སློབ་དེར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ཞེས་མཚན་གསོལ་ཡོད་འདུག ཞེས་བཀོད་ཡོད་པ་གསལ་བོར་མཐོང་གི་མི་འདུག་གམ དེ་ལ་བཟོ་བཅོས་ག་རེ་རྒྱག་རྒྱུ་ཡོད་རེད། གོང་ས་མཆོག་གིས་མཚན་གསོལ་རེད། དེ་ལྟར་གསོལ་བར་རྒྱུ་མཚན་ཡང་འདུག་བསམ།

    Reply
  27. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    སློབ་གྲྭ་འདི་འདྲ་ཞིག་དགོས་ངེས་རེད། ངས་《ཏཱ་ལའི་བླའི་ཞི་བདེ་རིག་པའི་གཙུག་ལག་སློབ་གཉེར་ཁང་ཆེན་མོ་》ཞེས་བའི་རྩོམ་ཡིག་རིང་མོ་ཞིག་གི་བྲིས་ནས་ལོ་གཉིས་འགོར་བའི་དེ་རིང་དངོས་སུ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ཟེར་བ་ཞིག་དབུ་བརྙེས་པ་འདི་དགའ་འོས་པ་ཞིག འདི་ལ་དྲུག་སྒྲ་ཡོད་མེད་ལ་ཁྱད་པར་ཡོད་ནི་མ་རེད། འདི་དང་འདི་འདྲ་ཡིས་དྲུག་སྒྲ་ཁོང་ན་ཡོད་པ་བསུ་བཞིན་ཡོད་པ་རེད། དེ་ལྟར་རིགས་པའི་དབང་ཕྱུག་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་གསུངས་ཡོད་པ་རེད། དཔེར་ན། སྒྲའི་མི་རྟག་པ་ལ་སྒྲ་མི་རྟག་པ་ཞེས་བརྗོད་པ་ལྟ་བུ་རེད།

    Reply
  28. རྭ་ལོ། says:
    ལོ་ 16 སྔོན།

    འདི་ཀློག་བདེ་མི་བདེ་དང་རྣ་བར་སྙན་མི་སྙན་གྱི་གནད་དོན་མ་རེད། སློབ་གྲྭ་ཞིག་གི་མཚན་འདོགས་དུས་མི་སྒེར་བ་ཞིག་ལ་བདག་པའམ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་མཚན་འདོགས་ལུགས་དེ་བོད་པ་ཚང་ལའང་ད་སྔ་བར་དུ་མེད་པར་འདོད། འདིའི་མཚན་ལ། ཏཱ་ལའི་བླ་མ་ཡི་བོད་ཀྱི་མཐོ་རིམ་སློབ་གྲྭ་ཞེས་བཏགས་པ་མ་རེད། སློབ་གྲྭ་ཁོ་རང་གི་མཚན་ན། ཏཱ་ལའི་བླ་མ་མཐོ་སློབ་ལྟ་བུར་བཏགས་པ་རེད། དེ་བས་འབྲེལ་སྒྲ་དེ་ཐོག་མ་ནས་སྦྱར་མེད་པ་ནི་དོན་ལ་གནས་འདུག་པས། འདི་ལྟར་ངེས་ཤེས་མགྱོགས་པོར་འདྲོངས་མཁན་རྣམས་ལ་རྗེས་སུ་ཡི་རང་ངོ། མངོན་པར་བསྟོད་དོ། དེ་ལྟར་རྒྱལ་གྱུར་ཅིག་གོ།

    Reply
  29. གཞིས་ལུས་བོད་པ། says:
    ལོ་ 16 སྔོན།

    བོད་སྐད་ཀྱི་དབང་དུ་ན་ཏཱ་ལའི་བླ་མའི་ཞེས་འབྲེལ་སྒྲ་ཡོད་ན་རྣ་བར་འཇེབས།

    Reply
  30. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    དྲ་གྲོགས་ལགས། འདི་རྩོམ་སྒྲིག་པས་བདེན་ཁ་སྟེར་མི་སྟེར་གྱི་རྒྱུ་མཚན་ཞིག་ཡང་མ་རེད། དབྱིན་ཡིག་ནང་འབྲེལ་སྒྲ་མེད་པར་འབྲི་དོན་ནི་སྐྱེས་བུ་དམ་པ་དེའི་མཚན་ཅི་སྲིད་བར་དུ་གནས་ཕྱིར་བཀའ་དྲིན་རྗེས་དྲན་མཚོན་བྱེད་ཞིག་ཡིན་སྟབས། zakihussen collgeལྟ་བུ་དངrajivigandhi institute མང་པོ་ཡོད་ལ། ང་ཚོའི་བོད་དུ་ཡང་དགོན་པ་ཁ་ཤས་ལ་རྩ་བའི་བླ་མའམ་དགོན་བདག་ཁོང་གི་མཚན་སོར་བཞག་ལ་ར་སྒྲེང་དགོན་པ་ལྟ་བུ་མང་པོ་མི་འདུག་གམ།

    Reply
  31. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    སྐུ་ཞབས་ལུང་རིགས་རྒྱལ་གྱིས་འཇིགས་བྲལ་ལ་བདེན་ཁ་སྟེར་དགོས་དོན་མེད་ཀི
    བོད་ཡིག་ལ་ཏ་ལའི་བླ་མའི་མཐོ་སློབ་ཞེས་བཏགས་ན་ཡང་།དབྱིན་ཅི་ནང་དུ་ཅི་བཞིན་མི་ཡོང་བ་མང་ནི་རེད། ལྷག་པར་དུ་གོང་དུ་ལུང་རིགས་རྒྱལ་གྱིས།《མཐོ་སློབ་འདི་ཏཱ་ལའི་བླ་མར་དབང་བ་མིན་སྟབས། འབྲེལ་སྒྲ་དེ་སྦྱར་ན་མི་འོས་པ་ཞིག་ཏུ་མཐོང་།》ཞེས་པ་འདི་རྟགས་ཡང་དག་ཅིག་མ་རེད་སྙམ། ངས་བསམ་ན་ཏ་ལའི་བླ་མའི་ཞེས་བཏགས་ན་དགེ་མཚན་ཆེ་བར་མཐོང་།འདི་ནི་ང་དང་གྲོགས་པོ་འགའི་རེ་བ་ཡིན།

    Reply
  32. གོང་དཀར་ངག་རྣམ། says:
    ལོ་ 16 སྔོན།

    དངོས་གནས་རེད། རྣམ་པ་ཚོ། མིང་བྱང་འདི་དབྱིན་སྐད་ཐོག་མ་གཏོགས་རང་རེའི་སྐད་ཡིག་ནང་བརྗོད་བདེ་པོ་ཁྱོན་ནས་མི་འདུག

    Reply
  33. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ངམ། ཡང་ན་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གང་བཏགས་ཀྱང་རུང་། འདི་ལ་ཧ་ཅང་གཏིང་ཟབ་པའི་འགྲེལ་བཤད་མང་པོ་ཞིག་ཡོང་དགོས་དོན་མི་འདུག ངས་བལྟས་ན་ཏཱ་ལ་བླ་མ་མཐོ་རིམ་སློབ་གཉེར་ཁང་ཡོད་དགོས་པ་མ་ཟད། ཏཱ་ལའི་བླ་མའི་རིག་གནས་ཞེས་པའི་ཚན་པ་ཞིག་ཀྱང་ཡོད་དགོས་པར་འདོད། 《དེ་སྔ་བོད་ཀྱི་རྩོམ་པ་པོ་ཞིག་གིས་འདི་འདྲའི་ལྟ་ཚུལ་ཞིག་འདོན་མྱོང་ཡང་སུ་ཡིན་བརྗེད་ཟིན》 ད་ལྟའི་བར་གྱི་ང་ཚོའི་བཅུ་ཕྲག་རིག་གནས་ཀྱི་ཤོང་རྒྱ་ལ། ཏཱ་ལའི་བླ་མ་བཅུ་བཞི་བའི་མཁྱེན་དཔྱོད་དེ་ཤོང་ཐུབ་ཀྱི་མེད་པ་མ་ཟད། ཏཱ་ལའི་བླ་མའི་གསུང་རྩོམ་ཁག་དང་། གསུང་བཤད་ཁག་གིས་ང་ཚོ་བོད་ཙམ་མ་ཟད། འཛམ་གླིང་གི་ཤེས་རིག་ཁྲོད་སྔ་ན་མེད་པའི་རིང་ལུགས་ཤིག་གམ་རིག་གནས་ཀྱི་བསམ་བློ་ཞིག་སྐྱེད་བཞིན་ཡོད། དེའི་ཕྱིར་བོད་ཀྱི་ཞིབ་འཇུག་པ་ཚོའི་སྙུག་རྩེ་ཏཱ་ལའི་བླ་མའི་རིག་གནས་ཀྱི་སྐོར་ལ་གཏད་ན་བཟང་བར་སྙམ།

    Reply
  34. བུ says:
    ལོ་ 16 སྔོན།

    བཙུགས་པ་ཡག་པོ་རེད། ཡིན་ཡང་དྲི་བ་ཞིག་རང་བཞིན་གྱིས་ཡོང་བསྟད་ཀྱི་འདུག་་་་་་

    Reply
  35. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ནོར་བཅོས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་།

    Reply
  36. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ནོར་བཅོས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་།

    Reply
  37. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ཏཱ་ལའི་བླ་མ་མཐོ་སློབ་ལབ་ན་མིང་དེ་དབྱིན་བོད་གཉིས་ཀའི་ནང་ལ་ཏག་ཏག་བསྡད་པའི་བཟོ་འདྲ་ཞིག་འདུག
    མཐོ་སློབ་འདི་བཙན་བྱོལ་ནང་གི་བོད་ཀྱི་མཐོ་སློབ་ཐོག་མ་མིན་པ་དེ་བདེན་པ་རེད། འོན་ཀྱང་། ༧གོང་ས་མཆོག་གི་མཚན་ཐོགས་པའི་བོད་ཀྱི་མཐོ་སློབ་དང་པོ་དེ་རེད།
    མཐོ་སློབ་འདིའི་ཆེད་དུ་སྐུ་ངལ་བསྐྱོན་མཁན་གཙོ་བོ་དེ་སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རེད། ཨ་མ་རྗེ་བཙུན་པདྨ་མཆོག་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ།
    མཐོ་སློབ་འདིའི་མ་འོངས་བ་ན་གནའ་དེང་འདབ་གཤོག་གཉིས་ལྡན་གྱི་སློབ་ཕྲུག་རྐྱང་གསོ་སྐྱོང་ཐུབ་པར་ཤོག

    Reply
  38. གཞིས་ལུས་བོད་པ། says:
    ལོ་ 16 སྔོན།

    སློབ་ཆེན་འདི་ཐོག་མར་འཛུགས་མཁན་གཙོ་བོ་སུ་ཡིན་དང་། འཛིན་རིམ་ཇི་ལྟར་ཕྱེས་ཡོད་རྒྱུས་ཡོད་ཅིག་ཡོད་ན་གསུངས་རོགས།

    Reply
  39. རྨུག་འབུ། says:
    ལོ་ 16 སྔོན།

    ངོ་མའི་རྗེས་རབས་པ་རྣམས་སྐལ་བ་བཟང་པོ་རེད། བོད་པའི་མཐོ་རིམ་སློབ་གྲྭ་ཞིག་གསར་གནང་སོང༌།

    Reply
  40. ཞབས་དྲུང་ངག་དབང་རྣམ་རྒྱལ། says:
    ལོ་ 16 སྔོན།

    ངས་ཡང་བསྐྱར་བོད་ཀྱི་བང་ཆེན་གྱི་དྲ་རྒྱར་བལྟས་པ་ཡིན། གསར་འགྱུར་གྱི་འགོ་བརྗོད་དུ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ཞེས་འབྲེལ་སྒྲ་བྲིས་མི་འདུག གསར་འགྱུར་དངོས་གཞིའི་ནང་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་ཞེས་འབྲེལ་སྒྲ་བྲིས་འདུག བང་ཆེན་གྱི་གསར་འགྱུར་དེ་ཡང་ས་གནས་གསར་འགོད་པས་བཏང་བ་འདྲ། ད་ང་ཚོའི་གསར་ལམ་ཚོས་གསར་འགྱུར་སྤེལ་སྐབས་དོ་དོ་ཏན་ཏན་གནང་སྟངས་དེ་འདྲ་རེད་དམ། དུས་བབ་ཀྱིས་མཐོ་སློབ་གསར་པ་འདིའི་སྒོ་བྱང་གི་པར་ཞིག་དྲ་ཐོག་ཏུ་མཁོ་སྤྲོད་གནང་ཐུབ་ན་ལེགས།

    Reply
  41. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    མཐོ་སློབ་འདི་ཏཱ་ལའི་བླ་མར་དབང་བ་མིན་སྟབས། འབྲེལ་སྒྲ་དེ་སྦྱར་ན་མི་འོས་པ་ཞིག་ཏུ་མཐོང་། སློབ་གྲྭ་འདིའི་མཚན་ལ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ཞེས་བཏགས་ན་དེ་ལ་གནོད་པ་མེད་པར་འདོད་པས། འཇིགས་བྲལ་གྱིས་གསལ་འདེབས་བྱས་པ་དོན་ལ་གནས་འདུག་སྙམ།

    Reply
  42. ཞབས་དྲུང་ངག་དབང་རྣམ་རྒྱལ། says:
    ལོ་ 16 སྔོན།

    ཕ་ཡུལ་དྲ་རྒྱའི་ནང་མཐོ་སློབ་འདི་ལ་ First Tibetan college་ ཞེས་རྒྱ་གར་ནང་གི་བོད་མིའི་མཐོ་སློབ་དང་པོ་ཡིན་པར་བཤད་འདུག དེ་ནི་ནོར་བ་རེད། རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཝཱ་ཎ་མཐོ་སློབ་ལྟ་བུ་རྒྱ་གར་གཞུང་དང་བོད་གཞུང་གཉིས་ཀས་ངོས་ལེན་ཡོད་པའི་མཐོ་སློབ་དང༌། ས་རཱ་མཐོ་སློབ་ལྟ་བུ་བོད་གཞུང་གིས་ངོས་འཛིན་ཡོད་པའི་མཐོ་སློབ། དེ་མིན་རང་ངོས་ནས་མཐོ་སློབ་ཀྱི་མིང་བྱང་བྲིས་པ་མང་པོ་ཡོད།

    Reply
  43. ཞབས་དྲུང་ངག་དབང་རྣམ་རྒྱལ། says:
    ལོ་ 16 སྔོན།

    འདི་མིང་དོན་མཚུངས་པའི་མཐོ་ས྄ློབ་ཚད་ལ྄ྡན་ཞིག་དང༌། ༸གོང་ས་མཆོག་གི་དགོངས་བཞེད་ས྄ྒ྄ྲུབ་ཐུབ་མཁན་ཞིག་ཏུ་འག྄ྱུར་བར་ཤོག་

    དབ྄ྱིན་ཡིག་ནང་The Dalai Lama Institute for Higher Education་ ཞེས་གསལ་བར་གཞིགས་ན། ཏཱ་ལའི་བ྄ླ་མའི་ཞེས་འབ྄ྲེལ་ས྄ྒ྄ྲ་ས྄ྦ྄ྱར་ན་གོ་བ་ལོག་ཉེན་འདུག་

    Reply
  44. བསེ་རུ། says:
    ལོ་ 16 སྔོན།

    ཨེ་མ་ཧོ་བསྐལ་པ་བཟང་།
    འདི་ནི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ཞེས་པ་བརྗོད་མི་བདེ་ལ་དོན་ཡང་ལོག་པར་སོང་འདུག་པས་དེ་ཚིག་དོན་གཉིས་ཀར་སྐྱོན་མེད་པ་ཞིག་བྲིས་ན་འདི་ལྟར་མ་ཡིན་ནམ།

    ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་།

    མཐོ་སློབ་འདིར་༸གོང་ས་མཆོག་གིས་ཐུགས་རེ་ག་ཚོད་གནང་གིན་ཡོད་མེད་དེ་མིང་འདོགས་སྟངས་འདིས་ཀྱང་ཟུར་བལྟས་ལེབ་མཐོང་གི་དཔེར་སོང་འདུག་སྙམ།

    Reply
  45. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཐུགས་རྗེ་ཆེ།

    Reply
  46. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    Thet wrote T.C.V. Colleges name on English is, Dalai Lama Institute Higher Education, they not wrote Dalai Lama’s Institute Higher Education, they also write on Tibetan, Dalai Lama tho rim lob nyer khang. plz Do the corretion it. I have been thier and i seen it ya

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese