མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༡ ལོའི་བཀའ་བློན་ཁྲི་པ།

བོད་ཀྱི་དུས་བབ།
༢༠༠༩/༠༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ།

༢༠༡༡ ལོའི་བཀའ་བློན་ཁྲི་པའི་དྲ་རྒྱ་དེ་ཕྱི་ཟླ་ ༡༠ པའི་ཚེས་ ༢༤ ཉིན་དབུ་འབྱེད་བྱས། དེ་ནས་བཟུང་ལས་དོན་འདི་མགོ་ཁྲིད་པའི་སྐོར་ལ་དགའ་འབོད་དང་ཡི་རང་བྱུང་ཚུལ་གྱི་ཁ་པར་དང་གློག་འཕྲིན་མང་དག་ཅིག་འབྱོར་བྱུང་། ཡིན་ཡང་བློ་ཕམ་པ་ཞིག་ལ་དེ་རིང་བར་དུ་འོས་གཞིའི་འགེངས་ཤོག་བཀང་ནས་བསྐུར་མཁན་གཅིག་ཀྱང་བྱུང་མ་སོང་། ཕྱི་སྡོད་བོད་མིའི་ཁྲོད་དུ་བཀའ་བློན་ཁྲི་པ་རྗེས་མའི་འོས་ཆོས་ཚང་མཁན་བོད་མི་རྐང་གཅིག་མི་འདུག་ལབ་ན་དཔེ་སྲིད་གི་མ་རེད།

ལོ་སྔོན་མའི་ཕྱི་ཟླ་ ༡༡ པའི་ནང་དུ་བོད་མིའི་སྐུ་ཚབ་རྣམས་ཀྱིས་དམིགས་བསལ་ཚོགས་ཆེན་ཞིག་ངྷ་རམ་ས་ལར་འཚོགས་པ་དང་། དེའི་རྗེར་མཐུད་ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཞིག་ལྡི་ལིར་འཚོགས་པ་རེད། གནས་ཚུལ་ཐོན་ཚད་ལྟར་ན། འདུ་འཛོམས་འདི་དག་ཐམས་ཐད་ལ་གྲུབ་འབྲས་བླ་ལྷག་ཏུ་བྱུང་ཚུལ་འདུག གྲོས་ཆོད་གལ་ཆེན་དག་བཞག་རབས་དང་སྐུ་ཚབ་རྣམས་ཀྱིས་པེ་ཅིན་གྱིས་བོད་ཀྱི་གནད་དོན་ཐག་གཅོད་ཕྱོགས་ལ་བཟུང་བའི་གཤིས་ཀ་དེར་འགྱུར་བ་གང་འདྲ་བཏང་ན་ལེགས་པའི་ཐད་བསམ་ཚུལ་ཡ་མཚན་དག་བཏོན་ལུགས་འདུག

ད་ལྟའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ལ་ང་ཚོའི་སྤྱི་ཚོགས་ཁྲོད་གུས་བརྩི་ག་ཚོད་ཅིག་ཆེ་བར་མ་ལྟོས་པར། ༢༠༡༡ ལོའི་ཕྱི་ཟླ་བརྒྱད་པ་ནས་བཟུང་ཁོང་ད་ལྟ་ལས་ཁུངས་འདིའི་ནང་མེད། དེར་བརྟེན་དོན་དངོས་ཐོག་ང་ཚོར་ཁོང་གི་རྗེས་འཇུག་པ་མི་ནུས་པ་ཅན་དང་། ཕྱི་ཟླ་ ༡༡ པའི་ཚོགས་ཆེན་ཐོག་རྒྱབ་གཉེར་གནང་བའི་ལས་དོན་གསར་པ་དག་ལ་མཇུག་སྣོན་དང་ལག་བསྟར་བྱེད་ཐུབ་མཁན་གྱི་མི་ཞིག་དགོས་ཀྱི་ཡོད་ན། ང་ཚོས་ད་ལྟ་རང་ནས་མགོ་བཙུགས་ཏེ་མི་དེ་འཚོལ་དགོས།

ང་ལ་ཁ་པར་དང་གློག་འཕྲིན་བཏང་སྟེ་མི་སྣ་ངོ་སྤྲོད་གནང་མཁན་དག་གིས་དུས་ཚོད་ཏོག་ཙམ་བཏང་སྟེ་འོས་གཞིའི་འགེངས་ཆོག་བཀང་སྟེ་མི་ ༢༥ ཡི་རྒྱབ་གཉེར་མཚན་རྟགས་དང་བཅས་འཁྱེར་ཡོང་བའི་འབོད་སྐུལ་ནན་ཆེར་ཞུ་གིན་ཡོད། ང་ཚོ་འགུལ་ལྕོགས་རྒྱག་ཐུབ་དགོས་པ་རེད། དུས་ཚོད་འཕྲོ་བརླག་ལ་ཁྱོན་ནས་མ་གཏོང་། བཀའ་བློན་རྗེས་མའི་འོས་བསྡུ་ནི་གནད་ཆེ་བའི་ལས་དོན་ཞིག་རེད། ༢༠༡༡ ནས་ ༢༠༡༦ བར་གྱི་བཙན་བྱོལ་བོད་མིའི་དབུ་ཁྲིད་དེ་ནི་འཛིན་སྐྱོང་གི་ལས་ཁུངས་མཐོ་ཤོས་དེར་འགན་འཁུར་ཐུབ་མཁན་གྱི་མི་དང་། ང་ཚོའི་མི་རིགས་ཀྱི་བྱ་བཞག་ཐད་༧གོང་ས་མཆོག་གིས་ཡིད་ཆེས་གཙང་མ་གནང་ཐུབ་མཁན་ཞིག་ཡིན་དགོས།

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༥ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 45

  1. ཡོན་བྷེ། says:
    ལོ་ 16 སྔོན།

    དངོས་གནས་ད་ཐེངས་ཀྱི་བཀའ་བློན་ཁྲི་བ་འདི་གལ་གནད་ཅན་གྱི་དུས་ཚིགས་ཤིག་ལ་ཁེལ་ཡོད་པས་གལ་ཆེན་དང་གཟབ་གཟབ་བྱས་ཏེ་ང་ཚོས་ངོས་ནས་འདེམས་ཁ་མ་ནོར་བ་བྱེད་དགོས་སྙམ།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    རྩོད་པ་བརྒྱབ་ནས་མ་འདང་གི་བསམ་པ་མེད། ད་ནི་གཞིས་ལུས་བོད་པའི་རེ་འདོད་བཞིན་དུ་ངེད་ཅག་གི་རང་རང་གི་གང་ཤེས་པ་དེ་ནས་བོད་པ་ཚང་གི་མ་འོངས་བཀའ་ཁྲི་མཆོག་ལ་སུ་འོས་ཀྱི་མིང་དང་བསྡོད་གནས། ད་ལྟའི་ལས་ཀ་དང་འཇོན་ཐང་། ལོ་རྒྱུས་གསལ་བོ་རེ་འཁུར་ནས་ཡོང་ན་ད་གཟོད་ང་ཚོས་གོ་བསྡུར་བྱེད་ཆོག་པ་མ་ཟད། རྒྱ་ཆེའི་མི་མང་དྲ་ཚིགས་ཀློག་པ་པོ་དག་ལ་ཡང་ཕན་སྲིད་པ་རེད། ད་ནི་མི་ཆེན་དཔོན་ཆེན་ཟེར་ན་རེད། སྙན་གྲགས་ཅན་གྱི་མི་སྣ་ཆེ་ཆུང་འབྲིང་གསུམ་ལ་ཁ་བཏང་ནས་བསྡོད་པ་ལས་དོན་དག་ཡོད་པའི་རྒྱུ་མཚན་རེ་དྲངས་དེ་འོང་རོགས་ཞུ།

    Reply
  3. གཞིས་ལུས་བོད་པ། says:
    ལོ་ 16 སྔོན།

    འདིར་ཁྱེད་ཚོས་འོས་མིར་འདོད་པ་དེ་ཚོའི་གནས་ཚུལ་ལོ་རྒྱུས་ཉུང་བསྡུས་རེ་འགོད་ཐུབ་ན་བཀའ་བློན་གྱི་འོས་མིར་འོས་པ་ཡིན་མིན་ཤེས་ཐུབ།

    Reply
  4. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    གནས་ཚུལ་འདི་ནི་ང་ཚོའི་བོད་པའི་སྤྱི་ཚོགས་ནང་ངོ་གནོང་དགོས་བའི་བྱ་སྤྱོད་ཞིག་ཡིན་སྟབས་ཡང་བསྐྱར་བཀའ་ཁྲི་འདེམས་སྐབས་རྣམ་དཔྱོད་དང་འཇོན་ཐང་གི་གཤོག་པ་ཅན་ཞིག་ལས་ཆོས་ལུགས་ཀྱི་བྱ་སྤུ་ཅན་ཞིག་མ་འདེམས་རོགས་ཟེར་དགོས་དོན་དེ་ཡིན། སྤྱིར་མི་སུ་ཡིན་ཡང་རྒྱལ་ཁབ་གཅིག་ནས་རྒྱལ་ཁབ་གཞན་ཞིག་ལ་ཆབ་སྲིད་ཀྱི་དཀའ་ངལ་འོག་སྐྱབས་བཅོལ་དུ་འགྲོ་རྒྱུ་ཐོབ་ཐང་ཡོད་ཀྱང་། དུས་ཚོད་ངེས་མེད་ནང་ཕྱིར་རྒྱལ་ཁབ་དེར་འགྲོ་འོང་མང་ན་སྐྱབས་བཅོལ་སྤྲོད་མཁན་གྱི་རྒྱལ་ཁབ་དེ་ཡིས་དོགས་འདྲོགས་བྱེད་པ་རྒྱ་གར་གཅིག་བུ་མ་རེད། དེར་མ་ཟད་སྐྱབས་བཅོལ་གྱི་ཐོབ་ཐང་ཚང་མ་ཕྱིར་བསྡུ་བྱས་བའང་མཐོང་རྒྱུ་འདུག དེང་སང་ད་དུང་བོད་མི་ས་ཡ་དྲུག་ལ་འགུལ་ས་འཕག་ས་མེད་དུས། བོད་པའི་བླ་མ་འགའ་རྒྱ་གར་ནག་བར་ན་ཐོག་རྒྱུ་མེད་པ་འདི་ངོ་མ་ཡ་མཚན་རེད། གྲུབ་རྟགས་ཡིན་ན་ར་ཐང་། ངས་དད་ལོགས་ཡིན་ན་ར་ཐང་།

    Reply
  5. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    དེ་བས་ཨ་རྒྱ་ལགས་ཀྱིས་ཁོང་གི་མཚན་གྱི་སྒྲ་དོན་དང་མཐུན་པར། ཨ༷་རིའི་ཁ་ལི་ཧྥོ་ནི་ཡའི་ཆོས་ཚོགས་སུ་བཞུགས་ནས་དེ་གའི་རྒྱ༷་རིགས་ཚོར་ཆོས་རེ་གསུངས་ཏེ་ཨིན་གྲུ་ཡ་ན་རུ་ཡོད་པའི་བོད་སོག་ཆོས་ཚོགས་དེའི་བུ་ལོན་ལྕི་མོ་དེ་ཇེ་ཉུང་དུ་གཏོང་ཐུབ་པ་ཞིག་གནང་ན་དེ་གས་མ་འཐུས་པ་ཞིག་རྩ་བ་ནས་མེད་པར་འདོད་དོ།།

    Reply
  6. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    ཨ་ལགས་ཨ་རྒྱ་ཚང་བཀའ་ཁྲིར་བདམས་ཚེ་རྒྱ་གར་གཞུང་གིས་དེང་བཀའ་བརྒྱུད་པའི་བླ་ཆེན་གྱི་གྲས་སི་ཏུ་རིན་པོ་ཆེ་ལགས་རྒྱ་གཞུང་དང་ལག་འབྲེལ་ཡོད་པར་དོགས་པ་ཟོས་ནས་རྒྱ་གར་ས་ཐོག་ནས་གོམ་པ་གང་ཡང་ཕྱི་ཕྱོགས་སུ་འགྲོ་གི་འཇུག་གི་མེད་པ་ལྟ་བུའི་དོན་རྐྱེན་མི་འབྱུང་བའི་ངེས་པ་མི་འདུག སི་ཏུ་ཡིས་ཀརྨ་པ་ཁྲི་འདོན་སྐབས་རྒྱ་ནག་ཏུ་ཕྱིན་ནས་རྒྱ་གཞུང་གི་མགོ་ཁྲིད་འགའ་ལ་ཐུག་འཕྲད་བྱས་པ་ཙམ་ཞིག་ཞྭ་དམར་ཕྱོགས་གཏོགས་ཀྱིས་དེ་བེད་སྤྱོད་ཀྱིས་རྒྱ་གར་གཞུང་དོགས་པ་སྐྱེ་དགོས་པ་ཞིག་བཟོས་སྟབས་ད་ལྟ་བར་དུ་ལོ་འདི་སྙེད་ཅིག་ལ་བཟང་བཙོན་ལྟ་བུར་བཞག་པ་རེད། ཨ་རྒྱ་ལགས་ཀྱིས་ལོ་མང་རིང་རྒྱ་གཞུང་གི་མཐོ་རིམ་དཔོན་རིགས་ཀྱི་ལས་འགན་ཁུར་དུ་བླངས་པ་དང་མང་དུ་བསྒྲུབས་པའི་ལོ་རྒྱུས་གསལ་ཐང་ཡོད་པས། བཀའ་ཁྲིའི་འོས་གཞི་འདི་ནི་ངོ་མ་ཁོང་ལ་མཚོན་ན་སྡུག་ཐང་ནས་བླངས་ཏེ་ཐོད་དུ་ཁུར་བ་ཞིག་རང་རེད་ཡ།

    Reply
  7. གོང་དཀར་ངག་རྣམ། says:
    ལོ་ 16 སྔོན།

    གྲོགས་པོ་ཚོ།
    ངས་ནི་བཀའ་ཁྲི་རྗེས་མ་ནི་བུད་མེད་འཇོན་པོ་ཞིག་ལ་རེ་གི་ཡོད།
    འོན་ཏེ།

    Reply
  8. གཞིས་ལུས་བོད་པ། says:
    ལོ་ 16 སྔོན།

    ངས་བསམ་ཚོད་ལ། ཨ་ཀྱཱ་ཚང་ལྟ་བུ་བཞག་ན་བོད་ནང་ནས་ཡིད་ཆེས་བྱེད་རྒྱུ་མ་རེད། ཁོང་སྔོན་ཆད་རྒྱ་ནག་གིས་ཆབ་སྲིད་ཐད་ལ་བེད་སྤྱོད་བྱས་པས་བོད་ནང་དུ་ཤུགས་རྐྱེན་མི་བཟང་། ཀརྨ་པ་ལྟ་བུ་དགུང་ལོ་ཉུང་ཞིང་ད་དུང་སྲིད་དོན་ལ་ཆ་རྒྱུས་དེ་ཙམ་ཨེ་ཡོད། ཁྱད་པར་དུ་བཀའ་བློན་ཁྲི་བའི་འོས་མི་ལ་སེར་མོའི་རིགས་ཁོ་ན་དགོས་ངེས་ཡང་མེད་སྙམ། བཙན་བྱོལ་བའི་བོད་ལ་རྒྱུས་མངའ་ཡང་དེ་ཙམ་མེད་པས་རིམ་གྱིས་ལྟ།

    Reply
  9. མྱི་སྨྱོན། says:
    ལོ་ 16 སྔོན།

    ཁྱེད་ཅག་གི་ཁུར་ཡོང་བ་ཡོད་ཚལ་ནང་བསྟན་ཆོས་ལུགས་པའི་ཕྱི་བཏུམས་ནང་བཏུམས་རྐྱང་རེད་འདུག འབྱུང་འགྱུར་གྱི་བཀའ་བློན་ལ་སྙིང་སྟོབས་རི་བོ་འདྲ་ཞིག ལྷག་བསམ་རྒྱ་མཚོ་འདྲ་ཞིག རྒྱ་དམར་བོ་ཐུག་ན་ཕྱི་བྱོལ་མི་བྱེད་པ། རང་ཕུ་ནུ་ཕྱོགས་ལ་མ་ལྟར་བརྩེ་བ་ཞིག་དགོས་ཀྱི་འདུག ལྷག་པར་གལ་ཆེ་བ་ནི་རྒྱ་ནག་གི་ཞི་མོལ་ཞེས་པའི་སྐད་ཆ་སྙན་པོ་ལ་མགོ་མུ་སྒུར་བ་ཞིག རང་ཚུགས་བསྟན་པོ་ཡོད་པ་དེ་འདྲ་ཞིག་ང་ཚོ་བོད་པ་ལ་མེད་པ་རེད་དམ།
    འོ་ད་དུང་ གྲྭ་ཆེས་གྱོན་ནས་ལག་པ་ཐལ་མོ་སྦྱར་ནས་འགྲོ་མཁན་ཞིག་ཡིན་ན་མིན་་་་་་མིན་་་་་་བརྒྱ་ཡོད་་་་་་་་་

    Reply
  10. བུ says:
    ལོ་ 16 སྔོན།

    རྔ་བ་ཚེ་རྒྱམ་ལབ་ན་འདྲ་བོ་འདུག བསམ་ཚུལ་མེད། རིག་འབྱུང་དོན་འགྲུབ་བཀྲ་ཤིས་ཀྱི་འོས་མི་གསུམ་ལ་འགག་བྱ་ཡོད། ཁ་མཁས་པ་ཙམ་གྱི་སྒྲུབ་ཤེས་ཀྱི་མ་རེད། ཁོ་ཚོ་གསུམ་ཁ་རྩོད་རང་ལུགས་པ་ཡིན། འདི་ལྟ་བུ་བཞགས་ན་ཟམ་གདོང་ལས་སྡུག་ཙམ་མིན་ན་ཡག་མིན་པ་ཐག་ཆོད། བློ་བཟང་སེང་གེ་སློབ་སྦྱོང་མཐོན་པོ་བྱས་ཡོད་ཡང་རང་ལུགས་མི་འདུག ཉེ་བའི་ཆར་ཁོ་དང་མཉམ་དུ་གྲོགས་པོ་ཞིག་བརྒྱུད་སྐད་ཆ་བཤད་ཡིན། དངོས་གནས་སེམས་སྐྱོ་བ་ཞིག་རེད། གྲོགས་པོ་འོས་མི་འདི་ལྟ་བུ་ཁུར་ཡོང་ན་རྩྭ་ཐང་ན་རྒད་པོ་ཁ་བདེ་མང་པོ་ཡོང་རེད། ང་ཚོ་ལ་དགོས་པ་གཙོ་བོ་འཛིན་སྐྱོང་དང་དེ་བཞིན་རྒྱ་ནག་ལ་གི་ཆབ་སྲིད་ཕྱོགས་ཤེས་པ་བོད་ནང་གི་དཀའ་ངལ་ཤེས་པ་དེ་འདྲ་དགོས།

    Reply
  11. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ངེད་ཀྱིས་ནི་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བའི་ཕྱོགས་ནས་སྔ་མོ་ནས་རྨོངས་འཆར་ཐུང་ངུ་ཞིག་སྤེལ་ཡོད།
    ངེད་ཀྱི་བསམ་པར། འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་འདི། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་སྟངས་ལ་རྒྱུས་མངའ་ཡོད་མཁན་། རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་བལྟ་ཐུབ་མཁན་། ཕྱི་ནང་གི་རིག་པའི་གཞུང་ལུགས་ལ་མཁྱེན་རྒྱ་ཡོད་མཁན་། བོད་མིའི་འཐབ་རྩོད་ཀྱི་ནུས་ཤུགས་གཅིག་ཏུ་སྤུངས་ཐུབ་མཁན་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་འབྲེལ་བ་དམ་ཟབ་འཛིན་ཐུབ་མཁན་། བཙན་བྱོལ་སྤྱི་ཚོགས་ཡར་རྒྱས་ཀྱི་ཐད་ལ་སྔོན་ཐོན་གྱི་བསམ་བློ་ཡོད་མཁན་། བོད་མི་མང་གི་བསམ་ཚུལ་ལ་ཉན་ཤེས་བྱེད་ཐུབ་མཁན་། བོད་ནང་གི་བོད་མིའི་གནས་སྟངས་ཡར་རྒྱས་ཀྱི་ཐད་ལ་འཆར་གཞི་དང་འཛུགས་བསྐྲུན་གྱི་ཕྱག་ལས་གནང་ཐུབ་མཁན་། དཀྱིལ་ཤར་ཨེ་ཤེ་ཡའི་ཕྱོགས་ནས་བོད་དོན་ལ་རྒྱབ་སྐྱོར་འཚོལ་ཐུབ་མཁན་། བོད་མིའི་ཤེས་རིག་དང་གཞིས་ཆགས་ཁག་སྲ་བརྟན་དུ་གཏོང་ཐུབ་མཁན་ཞིག་དགོས་རྒྱུ་གལ་ཆེན་པོ་རེད་བསམ།
    འོན་ཀྱང་། འདི་ལྟའི་ཆ་རྐྱེན་ཚང་མ་འཛོམས་མཁན་གྱི་བཀའ་ཁྲི་ཞིག་བཙན་བྱོལ་དཀྱིལ་འཁོར་ནས་རེག་རྒྱུ་ཁག་པོ་ཡིན་པ་འདྲ།དེར་བརྟེན། ཆ་རྐྱེན་གལ་ཆེ་བ་རེ་གཉིས་ཚང་མཁན་རིགས་ལ་བསམ་བློ་བཏང་ནས་སོ་སོའི་འོས་མི་འཁྱེར་ཡོང་དགོས་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད།
    ངེད་ཀྱི་བཀའ་བློན་ཁྲི་བའི་འོས་མི་ནི། ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ། བོད་རིགས་བུད་མེད་འབུམ་རམས་པ་བློ་བཟང་རབ་རྒྱས། སྤྱི་འཐུས་ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་གསུམ་ཡིན།

    Reply
  12. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    རང་རེའི་སྤྱི་ཚོགས་འདི་ནི་འགྲོ་ཞོར་འདུག་ཞོར་གཉིས་སུ་གྱེས་པའི་སྤྱི་ཚོགས་ཤིག་སྟེ། རྒྱ་གར་གཞུང་གིས་གཏན་འཇགས་ས་ཆ་སྤྲད་ཡོད་པའི་གཞིས་ཆགས་མི་མང་དང་། བོད་ནས་ལག་སྟོང་མཆན་ལ་བཙུར་ནས་༡༩༨༠གྲངས་ནས་ཡོང་མཁན་གསར་འབྱོར་དུ་འབོད་པའི་ཚོགས་སྡེ་ཆེན་པོ་གཉིས་སུ་གཏན་ཁེལ་འདུག་པས། སྤྱི་ཚོགས་འདི་གཉིས་ཀྱི་འཚོ་བར་ཉམས་མྱོང་ཡོད་པ་དང་། དེའི་འཚོ་བའི་གནས་སྟངས་ཡར་རྒྱས་སུ་གཏོང་བའི་ཤེས་འཇོན་ཡོད་པ། དེ་བཞིན་ཕྱི་འབྲེལ་གྱི་ཐབས་ཇུས་དང་གདེང་ཚོད་ཡོད་པ། གཞུང་འབྲེལ་ལས་ཁུངས་དག་གི་འཛིན་སྐྱོང་གི་གསར་ཇུས་ལ་མཁས་པ། བཀའ་ཟུར་བསོད་སྟོབས་ལྟ་བུ་ཞིག་མ་ཡིན་པར་མིའི་མཐོང་སྣང་ལ་ཡང་བརྗིད་པོ་ཞིག་འཚོལ་གིན་ཡོད་ཡ།

    Reply
  13. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    འབྲོང་ཆུང་དངོས་གྲུབ་ཟེར་བ་ཁོ་བདེ་སྲུང་གི་འཛིན་སྐྱོང་དྲུང་ཆེ་བྱས་ནས་ཁོ་ལ་ཁ་ལས་དགེ་བ་མ་རེད་དམ། དེ་འཛིན་སྐྱོང་དོ་དམ་ལ་མཁས་བ་ཞིག་ཡིན་རྒྱུ་རེད།
    གྲོགས་པོ་ཚོ། ངས་བསམ་ཚུལ་ཞིག་འདོན། རྔ་བ་ཚེ་རྒྱམ་ཁོང་ག་འདྲ་འདུག
    རྒྱ་བོད་དབྱིན་གསུམ་ཤེས་གི ལྷག་པར་དུ་རྒྱ་ཡིག་དང་བོད་ཡིག་ལ་བཙན་བྱོལ་ནང་གི་རྒན་རབས་པའི་གྲས་རེད། སྔོན་ཆད་ཨ་ཏི་ཤས་ཐེ་ཝན་ནས་རྫོབ་ལུང་བ་གང་བསྐྱལ་བའི་རྗེས་ལ་ཁོ་བརྫངས་བ་རེད། འོན་ཀྱང་ན་ནིང་ཐེ་ཝན་གཞུང་གིས་ཕྱི་རྒྱལ་གྱི་གཞུང་ཚབ་པ་དག་གི་ནང་ནས་ཐེ་ཝན་དང་སོ་སོའི་རྒྱལ་ཁབ་བར་གྱི་ཕྱི་འབྲེལ་ལ་བྱས་རྗེས་ཆེ་བའི་རྟགས་མ་དེ་འཇར་པན་གཞུང་ཚབ་པ་དང་བོད་པའི་དོན་གཅོད་ཚེ་རྒྱམ་ལགས་སུ་ཕུལ་བ་རེད། ད་ལྟའི་བར་གཞུང་ཞབས་ལས་བྱེད་ཅིག་གིས་ཕྱི་རྒྱལ་ནས་རང་གཞུང་ལ་ཞབས་ཞུ་སྒྲུབ་ནས་རྟགས་མ་བླངས་བ་ཐེངས་དང་པོ་རེད་ཟེར། བརྙན་འཕྲིན་ལས་ཚན་ཁག་ནས་བཅར་འདྲི་བྱས་པར་ལྟོས་ན་བཙན་བྱོལ་ནས་འཚར་ལོངས་བྱུང་བ་ཞིག་གིས་འདི་འདྲའི་གནད་ལ་ཁེལ་བ་ཞིག་ད་ལྟ་བར་མཐོང་རྒྱུ་མི་འདུག འདིས་ཅི་ཞིག་མཚོན་གྱི་འདུག་ཅེས་ན་བོད་ནང་གི་གནས་སྟངས་དངོས་དང་ཕྱིའི་འབྲེལ་ལམ་གཉིས་ཀར་འཇོན་པོ་འདུག

    Reply
  14. བོད་དཀར says:
    ལོ་ 16 སྔོན།

    སྤྱིར་ན་འགྲོ་སྟངས་ཆ་ནས་ལབ་པ་ན།།
    ཆོས་དང་འཇིག་རྟེན་སྲིད་གཉིས་ཐ་དད་དེ།།
    མེ་དང་ཆུ་གཉིས་སྦྱོར་ཐབས་མེད་པ་བཞིན།།
    མཉམ་དུ་སྦྱོར་བའི་ཐབས་དེ་ཕུང་བའི་རྒྱུ།།
    འོན་ཀྱང་བོད་ནི་བོད་དོན་མ་འགྲུབ་པར།།
    དམིགས་གསལ་མི་རིགས་གཞན་ལ་མེད་པ་ཡི།།
    ཆོས་ཀྱི་སྟོབས་ཤུགས་འདི་ལ་མ་བརྟེན་ན།།
    རང་དབང་རྩོད་པའི་སྟོབས་ཤུགས་ཟད་པར་འགྱུར།།

    Reply
  15. རྭ་ལོ། says:
    ལོ་ 16 སྔོན།

    བུ། ཁྱེད་རང་ལྟ་བུ་ཡིན་ན་ངོ་མ་ངའི་ཁ་གཏད་པ་རེད། ངེད་གཉིས་ནི་ད་ལྟའི་ཆར་ངེད་གཉིས་མ་གཏོགས་འོས་མི་འཁྱེར་ཡོང་མཁན་མི་འདུག ད་ནི་ངེད་གཉིས་ཀྱིས་རང་རང་གི་ས་ནས་ལས་འགུལ་སྤེལ། ང་སྤྱིར་བཏང་ཨ་ཀྱཱ་ཚང་ལ་དགའ་ནས་དད་ནས་མིན། ཡིན་ཡང་། མི་རིགས་འདི་སུ་ཞིག་གི་ལག་ལ་འཇོག་དགོས་ཟེར་ན་ཁོང་མ་གཏོགས་རྩིས་སྤྲོད་ས་ཞིག་རྙེད་མ་སོང་། ངས་བལྟས་ན་འབྲོང་ཆུང་ངོ་མ་ང་རང་དགའ་སའི་མི་ཞིག་ཡིན། འོན་ཀྱང་། ཁོང་ཉིད་ལས་བྱེད་ཅིག་མ་གཏོགས་མི་དབང་སྡུད་ཅན་དང་། འཛིན་སྐྱོང་གི་མི་ཞིག་མིན། འདི་ཚང་མས་ཤེས་དགོས།

    Reply
  16. བུ says:
    ལོ་ 16 སྔོན།

    གང་ལྟར་ངས་བསམ་པར་བཀའ་བློན་ཁྲི་བ་ལ་འབྲོང་ཆུང་དངོས་གྲུབ་ད་ལྟའི་བདེ་བསྲུང་བཀའ་བློན་ཁོ་དག་དག་རེད། བཙན་བྱོལ་གྱི་ལས་ཀ་ལ་ཁོ་ལས་ཉམས་མྱོང་ཅན་ཞིག་ཡོད་ནི་མ་རེད། སྔོན་མ་བདེ་བསྲུང་ཟམ་གདོང་གི་བཟུང་ཡང་མ་འགྱོན་ནས་ཁོ་སྤྲད་པ་རེད་ཁོང་ལ་དངོས་གནས་བོད་ནང་གི་གནས་ཚུལ་མཁྱེན་རྒྱ་ཡོད་རེད། ཁྱོད་ཚོ་ལ་བསམ་ཚུལ་ག་རེ་འདུག

    Reply
  17. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    ངས་གོང་དུ་སེར་མོ་བའི་བཀའ་ཁྲི་ཞིག་ཕེབས་ན་སྡོམ་པ་ལྷ་ལ་ཕུལ་ཏེ་སྐྱ་ཆས་གོན་དགོས་ཀྱི་འདུག་ཟེར་བ་སེར་མོ་བར་དམའ་འབེབས་བྱས་བ་མ་ཡིན་པར། སྡེ་འདི་ལ་མཐོང་ཆེན་བྱེད་གི་ཡོད། རྒྱལ་ཁབ་སུ་ཡིན་ཡང་སྲིད་འཛིན་གྱིས་དམག་བཙུགས་དུས་ཆེན་གྱི་མཛད་སྒོ་ལྟ་བུ་དང་དམག་སྒར་ཁུལ་དུ་དམིགས་བསལ་འཚམས་འདྲིར་བསྐྱོད་ན་དམག་ཆས་གྱོན་སྲོལ་ཡོད་མོད། ༢༠༠༢ཡས་མས་ལ་བཀའ་ཁྲི་མཆོག་བོད་མིའི་དམག་སྒར་དུ་བསྐྱོད་སྐབས་སྟོན་པའི་ན་བཟའ་གྱོན་མཁན་ཞིག་གིས་དམག་སྒར་ནས་གསུང་བཤད་གནང་ན་ཧ་ཅང་ལན་པོ་མེད་པ་ཞིག་ཏུ་མཐོང་བས་འདི་ཡང་གལ་ཆེན་རང་བཞིན་ཞིག་ཏུ་རྩིས་ནས་གསལ་འདེབས་ཞུས་བ་ཡིན།

    Reply
  18. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    ཁ་བ་དཀར་པོ་ལགས་ཀྱི་སྐད་ཆ་འདི་སྤྱིར་བཏང་བདེན་པ་རེད། མི་ཉམ་ཆུང་ཞིག་ལ་སྐེ་ན་གཏུབ་དགོས་རྒྱུ་དང་མགོ་ན་འབྲེགས་དགོས་རྒྱུ་མང་། འོ་ན་ད་ལྟའི་སྤྱི་འཐུས་ལས་ཐོགས་པ་བསྟན་འཛིན་མཁས་གྲུབ་ཀྱང་བོད་པ་ཕྱེད་ཀ་མ་རེད་དམ། དྲང་མོར་བཤད་ན་ཨ་ལགས་ཨ་ཀྱཱ་བཀའ་ཁྲིར་ཕེབས་ཀྱི་མ་རེད་བསམ་གི དེ་བས་ཁོང་གིས་མ་འོངས་བ་ན་བོད་དོན་འབྲེལ་མཐུད་ཀྱི་ཕྱག་ལས་གནང་རྒྱུར་༧གོང་ས་མཆོག་གིས་ཀྱང་ཐུགས་རེ་གནང་གིན་འདུག

    Reply
  19. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    སྔོན་མར་ཆབ་བྲག་ལྷ་མོ་སྐྱབས་བོད་མི་དམངས་སྤྱི་འཐུས་སུ་བསླེབས་དུས་སུ་ཡང་བོད་མི་འགའ་རེས་ཁོ་རང་བོད་པ་གཙང་མ་ཞིག་ཡིན་མིན་གྱི་བགྲོ་གླེང་བྱས་པ་དང་། སོག་པོ་མདའ་ཚན་པ་ཚོ་བོད་པ་ཕྱེད་ཀ་ཞིག་ཆགས་ཡོད་པས་དམིགས་བསལ་དགོས་ཟེར་མཁན་བྱུང་སོང་བས། ཨ་ལགས་ཨ་ཀྱ་ལགས་ཀྱང་དེ་ལྟར་བྱེད་རྩིས་ཡོད་དམ། བོད་མི་དམངས་སྤྱི་འཐུས་དང་བཀའ་བློན་ཁྲི་བའི་མི་གཞིར་བོད་པ་གཙང་མ་ཞིག་དགོས་མིན་གྱི་རྩ་ཁྲིམས་ཁ་གསལ་ཅན་ཞིག་ཡོད་དམ་མེད།

    Reply
  20. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ཨ་ཀྱཱ་བླ་མ་སོག་པོའི་བུ། །ཨ་རོགས་ཁམས་པ་ཀརྨ་པ། །ཨ་དབྱངས་སྤྲུལ་སྐུ་ལ་སོགས་པས། །སྲིད་ཀྱི་ལས་ཀ་མཁྱེན་མི་སྲིད། །

    Reply
  21. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    མི་འགའ་ཞིག་གིས་འཇམ་དབྱངས་བཞད་པ་ལོ་རྒྱུས་སྟེང་གི་ཉེས་ཅན་པར། །
    བགྲངས་པ་དེ་ཡང་མཁས་པ་དེ་ཡིས་སྡེ་སྲིད་བགྲོངས་པའི་ལག་དམར་ཏེ། །
    སོག་རྒན་ལྷ་བཟང་བོད་ཀྱི་རྒྱལ་པོ་བྱེད་རྒྱུར་མཐའ་གཅིག་རྒྱབ་སྐྱོར་བྱས། །
    དེ་མིན་ཆོས་ལུགས་ཕྱོགས་ནས་བཤད་ན་ཙོང་ཁ་པ་ཡི་འགྲན་ཟླ་རེད། །

    Reply
  22. kalsang says:
    ལོ་ 16 སྔོན།

    བཀའ་ཁྲི་ནི་བོད་མི་ཡིན་པ་གཞིར་བཞག་གིས་དེང་འཛམ་གླིང་གི་ཆབ་སྲིད་འགྲོ་སྟངས་ལ་མཁྱེན་དཔྱོད་ཡངས་བ་སེར་སྐྱ་གང་ཡིན་ཁྱད་མེད་ཐོག་གོང་སའི་བསྟན་པའི་ཞི་བའི་ཐབས་ལམ་གྱི་འཐབ་རྩོད་ལ་མཆོག་ཏུ་མཁས་པ། བདེན་པ་ཨུ་ཚུགས་ཅན་ཞིག་དགོས་ཀྱི་འདུག སྐད་གདངས་ཀྱི་ཆ་ནས་ཨམ་སྐད་དང་ཁམས་སྐད་དབུས་སྐད་གང་རྒྱབ་ཀྱང་མི་དམངས་ཀྱི་ངོས་ནས་དང་ལེན་བྱ་དགོས་བ་ཞིག་རེད་བསམ། མཐའ་གཅིག་ཏུ་སྒྲ་མདངས་དབུས་སྐད་བསྐྱོན་མཁན་ཡིན་དགོས་བའི་ངེས་བ་མེད། གཙོ་བོ་འཇོན་པོ་ཞིག་དགོས། དཔེར་ན་པན་ཆེན་སྐུ་ཕྲེང་བཅུ་བ་ལྟ་བུ།

    Reply
  23. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ང་ལ་དགོས་པའི་བཀའ་བློན་ཁྲི་བ་ནི་ཆོལ་ཁའི་ཕྱོགས་ཞེན་མེད་པ་དང་བོད་ཀྱི་ཆེད་དུ་རང་གི་གཟའ་མི་ཉེ་འབྲེལ་ལ་ཡང་སྟག་སྒོ་འགྲོ་ས་མེད་པ། ཁ་ཞེ་དོན་ལ་ཡོད་པ་ཞིག་དགོས་ཀྱི་ཡོད། དེ་ནི་སྐྱ་སེར་ཕོ་མོ་རྒན་གཞོན་གང་ཡིན་ཡང་འགྲིག གཙོ་བོ་བོད་མིའི་བདེ་སྡུག་ལས་བསམ་རྒྱུ་མེད་པ་ནས་བྱེད་རྒྱུ་ཡང་དེ་ལས་མེད་མཁན་ཞིག་དགོས་ཀྱི་ཡོད་དོ།

    Reply
  24. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    བལ་བོའི་ཡུལ་དུ་བན་ཏེ་ལོག་ནས་སྤྲུལ་སྐུ་ཞིག་གི་གོ་ས་ཉོས།
    འགྲོ་དོན་བསྐྱངས་ཕྱིར་ཨ་རིར་ཕེབས་ཀྱང་ཨ་ཀྱཱ་ཚང་ལ་མ་དོ་བར།
    ཆོས་ཚོགས་ཞིག་གི་སྦྱིན་བདག་གནང་མཁན་དུ་དུང་ལག་ཏུ་མ་རེགས་པས།
    མཚམས་ཚིག་མེད་པར་གཞན་ལ་དམོད་པ་སྤྲུལ་གསར་འགའ་ཡི་མཛད་པ་རེད།

    Reply
  25. བུ says:
    ལོ་ 16 སྔོན།

    བླ་རྒན་དགོང་ལོ་ལྔ་བཅུ་བསམ།།
    ཁ་ན་དུང་སོ་མེད་པ་བསམ།།
    མགོ་ན་སྒྲ་ལོ་མེད་པ་བསམ།།
    ཡོད་ཚད་བསམ་པའི་ནོར་འཁྲུལ་འདི།།
    དེ་རང་རྫུན་ཐག་ཆོད་ནས་ཐད།།

    Reply
  26. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    བླ་རྒན་མ་ཟེར་གནོད་ཀི་ཡ། །
    ཕོ་ལོ་བཞི་ཅུ་ལྕགས་རྡོ་འདྲ། །
    ས་ལ་བརྒྱབ་ན་ས་གཞི་འགས། །
    བྲག་ལ་བརྒྱབ་ན་བྲག་རི་འདར། །

    Reply
  27. བུ says:
    ལོ་ 16 སྔོན།

    བཀའ་བློན་ཁྲི་བའི་ཆ་རྐྱེན། དང་པོ་བོད་པ་གཙང་མ་ཡིན་དགོས། གཉིས་པ་གཞོན་སྐྱེས་སྙིང་སྟོབས་ཅན་ཞིག་ཡིན་ན་བཟང་། བླ་རྒན་ཚོ་ཆོས་ལུགས་ཀྱི་ཕྱོགས་ཞེན་ཆེ་དྲག་འདུག བོད་ཀྱི་གཞོན་སྐྱེས་ནང་ན་དེང་སྐབས་ཀྱི་བཀའ་བློན་ལས་ལྷག་མང་པོ་ཡོད་་་་་་་་
    བླ་རྒན་དགོས་ན་ཨ་ཁུ་ཁ་བ་དཀར་པོ་ཡིན་ན་ཡང་ཆོག་གི་་་་་་

    Reply
  28. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    དོགས་འདྲི་བརྒྱ་དང་བརྒྱད་ཡོད་པའི་ཐོག་མ་གཉིས་ཏེ། ཨ་ཀྱ་ཚང་བོད་ཀྱི་མི་སེར་ཇི་ལྟར་ཡིན། ཟི་ལིང་དུ་སྐྱེས་པའི་རྒྱ་རིགས་ཡོངས་རྫོགས་བོད་ཀྱི་མི་སེར་ཡིན་ནམ་མིན།

    Reply
  29. རྭ་ལོ། says:
    ལོ་ 16 སྔོན།

    ཁ་བ་དཀར་པོ་ལགས། ཁྱོས་ཀྱིས་ཨ་ཀྱཱ་རིན་པོ་ཆེ་ཚང་སོག་པོ་རེད་ཟེར་ནས་ངོས་ལེན་བྱེད་གིན་མེད་པ་རེད། གནས་ལུགས་ཆུང་དྲག་འདུག

    ད་ལྟའི་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་འཛིན་སྟངས་ལྟར་ན། བོད་ཀྱི་མི་རིགས་དང་བོད་ཀྱི་མི་སེར་གཉིས་ལས་མི་སེར་ལ་འགན་དཀྲི་གི་འདུག འདི་ལ་གནས་ལུགས་འདུག པེ་ཅིན་དང་ངྷ་ས་གཉིས་ཀྱིས་ཀྱང་འདི་རྩོད་གིན་འདུག ཉེ་སྔོན་སྐུ་ཚབ་ཚོས་ཀྲུང་དབྱང་ལ་ཕུལ་བའི་ཡིག་ཆའི་ནང་དུའང་གནད་དོན་འདི་ཚུད་ཡོད་པ་རེད། མདོར་ན། བོད་ས་ཁུལ་གྱི་མི་སེར་རྣམས་ནི་མི་རིགས་འདྲ་མིན་གྱིས་གྲུབ་ཆོག་པར་བཤད་པ་རེད། གལ་སྲིད་ཨ་ཀྱཱ་ཚང་སོག་པོ་ཡིན་པའི་དབང་དུ་བཏང་ནའང་ཁོང་ཕྱི་སོག་དང་ནང་སོག་གང་གི་མི་སེར་མིན་པར། བོད་ཀྱི་མི་སེར་ཡིན་ན་ཁོང་བོད་མིའི་དབུ་ཁྲིད་ལ་ཡོང་མི་ཆོག་པ་ཅི་ཡོད། མ་གཞི་ནས་ཁྱོད་ལ་གནས་ཚུལ་གསར་པ་ཞིག་བཤད་ན། ཟམ་གདོང་རིན་པོ་ཆེ་མཆོག་གིས་ཁོང་གི་རྗེས་འཇུག་ལ་ཨ་ཀྱཱ་ཚང་བདམས་ཚར་འདུག ཁ་སང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཐོག་ལའང་ཁོང་གདན་འདྲེན་ཞུས་སོང་། ཁོང་ལས་ལྷག་པ་ཞིག་རྙེད་མདོག་ཁ་པོ་མ་རེད།

    གཤམ་དུ་ཨ་ཀྱཱ་ཚང་གི་འོས་ཆོས་གཙོ་བོ་འགའ་བགྲང་ན།
    ༡། བོད་ཀྱི་མི་སེར་ཡིན་པ།
    ༢། རང་ལོ་ ༣༥ ཡན་ཡིན་པ།
    ༣། ཁྲིམས་ཁང་གང་རུང་ནས་ནག་ཅན་ཡིན་པའི་ཉེས་མིང་རག་མེད་པ་སོགས་གཞི་རྩའི་ཆ་རྐྱེན་ཁག་ཚང་ཞིང་།

    ༤། བོད་ཀྱི་ཤེས་རིག་ལ་ཐུགས་རྒྱུས་ཟབ་པ།
    ༥། རྒྱ་ནག་གཞུང་གི་སྲིད་བྱུས་ལ་ཐུགས་རྒྱུས་ཆེ་བ།
    ༦། རྒྱལ་སྤྱིའི་ཚད་ལྡན་གྱི་སྐད་ཡིག་ ༤ ལ་བྱང་ཆ་ཆེ་བ།
    ༧། སྐྱབས་མགོན་རིན་པོ་ཆེ་དང་དགའ་ལྡན་ཕོ་བྲང་ལ་དད་པ་དམ་ཚིག་གཙང་བ།
    ༨། བོད་མི་རིགས་སྤྱི་དང་། ལྷག་པར་དུ་བོད་ཀྱི་ཆོས་བརྒྱུད་ཁག་གི་མ་གདན་ལྟ་བུའི་རི་བོ་དགེ་ལུགས་པ་ཚང་གི་བླ་ཆེན་ཞིག་ཡིན་པ།
    ༩། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ཀྱི་རྗེས་ཟིན་པ།
    ༡༠། དབུས་སྐད་གཙང་མ་སྐྱོན་ཐུབ་པ།
    ༡༡། བོད་ཀྱི་གནད་དོན་ལ་ཁ་གསང་པོའི་སྒོ་ནས་གསལ་བཤད་དང་ལམ་སྟོན་གནང་བཞིན་པ།
    ༡༢། སྐུ་ནའི་བབ་ཀྱང་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ཅིག་ལ་འཚམ་པ།
    ༡༣། སྐུ་ཕྲེང་བཅུ་བཞི་པ་ཚང་ཡུལ་མདོ་སྨད་དུ་འཁྲུངས་པ་དེས་རྒྱ་ནག་ལ་བོད་ཀྱི་ཆབ་སྲིད་ཀྱི་རྩོད་ཁོངས་གསལ་བོ་ཞིག་ཕྱེ་བ་ལྟར། ཨ་ཀྱཱ་ཚང་ཡང་རྒྱལ་བ་རིན་པོ་ཆེ་ཚང་གི་ཕྱག་ཡུལ་དང་ཁད་ཉེ་བའི་བོད་ཀྱི་དགོན་ཆེན་སྟེ། རི་བོ་དགེ་ལུགས་པ་ཚང་གི་སྲོལ་འབྱེད་མཁན་རྗེ་ཙོང་ཁ་བ་ཚང་གི་འཁྲུངས་ཡུལ་དགོན་པ་དེའུ་དགོན་བདག་བླ་མ་ཡིན་སྟབས། ཕྱི་ནང་གི་ཆབ་སྲིད་གང་གི་ཐད་ནས་ཀྱང་ཤུགས་བཙན་པ་བཅས་ད་དུང་མུ་མཐུད་དུ་བགྲང་ན་མང་མོད་གནས་སྐབས་འདི་ཙམ་གྱིས་སྐུ་ཉིད་ལ་ཐུགས་ཕན་གསོས་པར་འདོད་དོ།

    ང་ལ་རྒྱབ་གཉེར་གནང་མཁན་ཡོད་ན། ངེས་པར་དུ་ཁ་གསང་བོའི་སྒོ་ནས་འབུད་རོགས། ང་ཚོས་བོད་ཀྱི་མ་འོངས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་དེ་སྤྱི་ཚོགས་སྟེང་མངོན་གསལ་གྱིས་སྒྲོག་གོ

    Reply
  30. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    ཨ་མའི་བུ་རྒོད་ཀརྨ་པ་ཡི་འཕྲིན་ལས་འཛམ་གླིང་ཡོངས་ལ་ཁྱབ། །
    ཨ་ཀྱ་ཚང་གིས་སྐུ་འབུམ་དགོན་པའི་མགོ་ཁྲིད་མ་ཐུབ་ཨ་རིར་ཕེབས། །
    ཆོས་ཚོགས་ཤིག་གི་བུ་ལོན་ནང་ན་ད་དུང་གཟིམ་ཡང་ཐུབ་ཀི་མེད། །
    འདི་གཉིས་ཀྱི་ནི་ཁྱད་པར་ལྟོས་ལ་རང་གི་བཀའ་ཁྲིར་སུ་འདེམ་དཔྱོད། །

    Reply
  31. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    རྒྱ་གར་མི་རིགས་འདི་ཚོར་མ་སྡིགས་མཁས་གྲུབ་དུ་མའི་བུ་རྒྱུད་རེད། །
    འདི་ཚོས་བཤད་པའི་བདེན་པ་དེ་ལ་སོ་ནི་གན་དེས་བརྩི་འཇོག་གིས། །
    རྒྱལ་ཁའི་འབྲས་བུ་གཞན་ལ་སྤྲད་དེ་རང་ཉིད་ཚེ་སྲོག་རང་གིས་བསྐྱབས། །
    འདི་ཡིས་རྒྱ་གར་འབངས་མི་དུང་ཕྱུར་ད་དུང་མ་ཤིའི་གཏན་ཚིགས་སྟོན། །

    Reply
  32. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    ནོར་བཅོས། རྒྱ་མི་སྐམ་ས། རྒྱ་ནག་སྐམ་ས་་་་

    Reply
  33. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    བོད་དོན་འདི་ནི་སྲིད་དོན་ལོས་ཡིན་མི་རིགས་ཤིག་གི་ཤི་གསོན་མཚམས། །
    བོད་དོན་འདི་ནི་ཆོས་དོན་རེད་ཡ་འགྲོ་བ་དུ་མའི་བདེ་སྡུག་རྩོད། །
    བོད་དང་རྒྱ་མི་གཉིས་ཀས་ཁས་ལེན་ཀརྨ་པ་འདིའི་འཕྲིན་ལས་ཀྱིས། །
    བོད་རྒྱ་གཉིས་ཀའི་རྩོད་རྙོག་འདི་ནི་ཇ་ཞིག་འཐུང་བའི་ཡུན་ལ་སེལ། །

    Reply
  34. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    གོང་ས་མཆོག་གི་ཞབས་ནས་བགྲངས་ན་བོད་དོན་ཐད་ལ་ཕན་པ་ཞིག །
    ཨ་རྒྱ་ཚང་ལས་ཀརྨ་པ་ཡིས་གནམ་ས་གཉིས་ཀར་དབང་སྒྱུར་ཐུབ། །
    བོད་མི་ཕལ་ཆེར་རྒྱ་མི་སྐམ་ས་ཐེ་ཝན་ཧོང་ཁོང་ལ་སོགས་པའི། །
    རྒྱ་རིགས་དག་ཀྱང་ཀརྨ་པ་ལ་སྐྲག་པའི་གཅིན་པ་ཐེངས་མང་ཤོར། །

    Reply
  35. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    རེད་ཡ། ཞང་ཀང་ལ་ལྟེ་ཁྲག་འཕོས་པའི་རྐྱེན་གྱིས་རྒྱ་རྒན་དེས་ཐེ་ཝན་ཚང་ལོག་ལོག་བྱས་ནས་རྒྱ་ནག་གི་ལག་ཏུ་རྩིས་སྤྲོད་བཞིན་པ་མ་ཡིན་ནམ། འབྲས་ནི་ཕྱི་ལོགས་ནས་སྐྱེས་པའི་འབྲུ་རིགས་དང་། ཁྲག་ནི་ནང་ལོགས་ནས་འཛགས་པའི་ལུས་ཟུངས་རེད་ཡ། གྲོགས་པོ།

    Reply
  36. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    ཁྱོད་ཚོའི་ཨ་མེ་རི་ཀར་སྐབས་རེར་དེ་འདྲའི་ཁྲིམས་ལུགས་ཞིག་ཡོད་པའང་བདེན་དེ། དེ་ན་ཇོན་ཁེ་རེ་ཡི་སྐབས་སུ་ཁ་ལིའི་ཧྥོར་ནི་ཡིའི་མངའ་སྡེ་བློན་ཆེན་ཨ་ནོར་ཌི་ཤི་བ་ཙི་ནེ་སྒར་ཤི་ལོག་བྱས་བ་རེད་དམ་ཁོ་སྲིད་འཛིན་ཟུར་བ་ཚང་ཞིག་གི་མག་པ་ཡིན་ཅེས་དབང་ཡོད་བཤད་པ་རེད། ཁ་བ་དཀར་པོ་འདི་ལོ་ཆུང་ཞིག་ལ་མ་རིག་པར་ཀླད་པ་ད་དུང་རྒྱ་གར་གྱི་བྷེ་ཇེ་བྷིས་ཚོགས་པའི་རྒན་པོ་ཚོ་དང་གཅིག་པ་ཡིན་ནོ། ཁོ་ཚོས་སོ་ནེ་ཡ་གྷན་དེ་ལ་འོས་ཤོག་མ་བླུགས་རོགས། མོ་ཕྱི་རྒྱལ་གྱི་མི་ཞིག་རེད། དེའི་སྟེང་ལ་བུད་མེད་ཅིག་རེད། ཡུག་ཟ་ཞིག་རེད་ཅེས་སྐད་བརྒྱབ་པ་མ་ཡིན་ནམ། འོན་ཀྱང་ཉེ་འཆར་ཐེ་ཝན་གྱི་སྲིད་འཛིན་མཱ་ཡིང་ཇོན་གྱིས་ང་ཞང་ཀང་ནས་ལྟོས་ཁྲག་འཕོས་ཀྱང་། ངས་ཐེ་ཝན་གྱི་འབྲས་ཟས་ནས་འཚར་ལོངས་བྱུང་བ་ཡིན་ཅེས་བཤད་པ་ལྟར་ཨ་ཀྱ་རིན་པོ་ཆེ་མཆོག་གོང་གི་ཁྱོད་ཀྱི་འོས་གཞི་འདི་དག་དང་བསྡུར་ན་གནས་ཚུལ་གཞན་ཞིག་རེད

    Reply
  37. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    དྲིན་ཆེན་ཚོ། ཨ་རིའི་སྲིད་འཛིན་ལ་ས་སྐྱེས་རྡོ་སྐྱེས་ཀྱི་ཨ་རིའི་མི་སེར་ཞིག་དགོས་པ་བཞིན། བོད་པའི་བཀའ་ཁྲི་དེ་ཡང་ཕ་མ་གཉིས་ཀ་བོད་པ་མིན་ཡང་ཕ་མ་གང་རུང་བོད་པ་ཡིན་པ་ཞིག་དགོས་ཀ དེ་མི་དགོས་ན།
    བོད་དོན་དོན་གཉེར་རྒྱ་མི་སྐྲག་ས་ཆབ་སྲིད་བཙོན་པ་ཝེ་ཅིང་ཧྲིན། །
    རྒྱ་བོད་ཆབ་སྲིད་མཁས་པའི་ཡང་རྩེ་བོད་ཀྱི་མག་པ་ཝང་ལིས་ཞོན། །
    འདི་གཉིས་གཅིག་གིས་བོད་པ་ཚང་གི་བཀའ་བློན་ཁྲི་བ་བྱས་གྱུར་ན། །
    རྒྱ་མིས་ཡིད་ཆེས་བོད་པས་ཁས་ལེན་བོད་རྒྱའི་དཀའ་རྙོག་ཅིས་མི་སེལ། །

    Reply
  38. རིག་རང་སྐྱེས། says:
    ལོ་ 16 སྔོན།

    རྒྱ་ནག་ལ་འགྱུར་བ་འགྲོ་བཞིན་པའི་སྐབས་འདིར་ཐེངས་རྗེས་མའི་བཀའ་བློན་ཁྲི་བ་དེ་ངོ་མ་གནད་འགག་ཆེན་པོ་རེད། ང་ཚོས་སོ་སོའི་ཆོལ་ཁའི་ཕྱོགས་རུས་དོར་ནས་ཁ་ཡོད་ལག་ཡོད་ཀྱིས་བཀའ་ཁྲི་ཞིག་འདེམས་རྒྱུ་དེ་རེད། རྗེས་མའི་བཀའ་བློན་ཁྲི་བ་དེ་བོད་མི་ས་ཡ་དྲུག་གི་ཆེད་དུ་ཁ་ཞེ་གཉིས་མེད་ཀྱི་ལས་ཀ་བྱེད་མཁན་ཞིག་ཡིན་ན་བླ་མ་ཡིན་ན་མི་སྐྱ་ཡིན་ན་སྐྱོན་མི་འདུག

    Reply
  39. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    སྤྱིར་མིའི་རིགས་རུས་འཆོ་འབྲིང་འདེད་པ་འདི་ཡག་རྟགས་ཅི་ཡང་མ་རེད། མི་སུ་ཞིག་ལ་སྤྱི་ཚོགས་དེའི་ནང་ཡོན་ཏན་དང་འཇོན་ཐང་ཡོད་ན་འགྲིག་པ་རེད། རྭ་ལོའི་བསམ་ཚུལ་དེ་ཡག་པོ་འདུག འོན་ཀྱང་རིན་པོ་ཆེ་ཁོང་བཙན་བྱོལ་སྤྱི་ཚོགས་དང་འབྲེལ་འདྲིས་རྒྱུན་རིང་བྱུང་མེད་སྟབས་ཕྱག་ལས་གནང་ཕྱོགས་ལ་དཀའ་ངལ་ཕྲད་མི་སྲིད་པ་མ་རེད། ང་ཚོའི་སྤྱི་ཚོགས་འདིའི་སྦུགས་ན་ད་དུང་ས་འོག་དར་འཐག་གི་རྒྱུན་འགེེགས་མེད་ལ་རྒྱལ་བོ་ཕུག་འདུག་བྱེད་མཁན་མང་། འབྱུང་རྒྱུར་བོད་རྒྱ་ཞི་མོད་ཞེས་བ་ཞིག་ཡང་བསྐྱར་བྱུང་ན་རིན་པོ་ཆེ་ཁོང་སློབ་སྟོན་པའི་ནང་ངེས་བར་དུ་བཞུགས་ན་དགོས་ཕན་འདུག

    Reply
  40. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    གལ་སྲིད་སོག་པོ་བཀའ་བློན་ཁྲི་བར་བདམས་ན་འགྲིག་གི་ཡོད་པའི་ཚེ། །
    ང་ཡིས་ཨ་རིའི་བོད་དོན་དོན་གཉེར་གྲགས་ཆེན་རེས་ཆར་སྒི་ཨར་འདེམ། །

    Reply
  41. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    དྲིན་ཆེན་པོ། ཨ་ཀྱ་རིན་པོ་ཆེ་ལགས་སོག་པོ་རེད་ཡ། བོད་པ་འབུམ་གཅིག་གི་ནང་ནས་བཀའ་ཁྲི་ཐེབ་ཆག་ཅིག་མ་རེག་པའི་དཀའ་ངལ་འདུག་གི་ཟེར་ན་ངའི་རྣ་བར་མི་འགྲོ།
    སོག་པོས་བོད་ཀྱི་སྲིད་དབང་བཟུང་ཉིན་སྡེ་སྲིད་སངས་རྒྱམ་གང་དུ་སོང་། །

    Reply
  42. རྭ་ལོ། says:
    ལོ་ 16 སྔོན།

    ངས་འོས་གཞི་ཞིག་འདོན་གི་ཡིན། ཁོང་ཨ་ཀྱཱ་རིན་པོ་ཆེ་ཚང་རེད། མཁྱེན་ཡོན་དང་ཉམས་མྱོང་ཕྱོགས་གང་ཅིའི་ཐད་ནས་འོས་ཆོས་ཚང་མཁན་དེ་རེད། ང་ལ་མི་ ༢༥ ཡི་རྒྱབ་གཉེར་དགོས་གི་འདུག ཐུགས་འདོད་ཡོད་རིགས་ཀྱིས་ང་ལ་རྒྱབ་གཉེར་གྱི་ས་མིག་གནང་རོགས།

    Reply
  43. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    བཀའ་བློན་ཁྲི་བ་འདི་གྲ་བ་ཞིག་ཡོང་རྒྱུ་ཡིན་ན་ཁོས་སྡོམ་པ་ལྷ་ལ་ཕུལ་ཏེ་བཀའ་ཁྲིའི་ལས་འཁུར་འདི་འགོ་བཙུགས་པའི་ཉིན་ནས་སྐྱ་ཆས་གྱོན་དགོས། ཆོས་དོན་ལས་ཁུངས་གཅིག་བུ་མ་གཏོགས་གྲ་བའི་བཀའ་བློན་ཞིག་དགོས་བ་མི་འདུག
    མི་སྐྱ་ཞིག་ཡིན་ན་རྒྱལ་སྤྱིའི་གནས་བབ་མཁྱེན་པའི་ཐོགས་རྒྱ་ཡིག་བོད་ཡིག་གཉིས་ཀ་ཤེས་མཁན་ཞིག་ཡིན་ན་རབ་རེད། ན་ནིང་བོད་ནང་ནང་དུ་གནས་ཚུལ་ཛ་དྲག་ཡིན་དུས་ལྡི་ལི་གསར་བ་དང་ཕ་རིས་སི་སོགས་ནས་ཐད་གཏོང་བརྙན་འཕྲིན་བརྒྱུད་དེ་རྒྱའི་མགྲིན་ཚབ་པ་དང་བོད་ཀྱི་མགྲིན་ཚབ་པ་རེ་སྐད་བཏང་ནས་བཅར་འདྲི་བྱེད་སྐབས་རྒྱའི་མགྲིན་ཚབ་པས་ཟླ་ཐོ་ཚེས་གྲངས་དང་ས་མིང་ཆུ་མིང་སོགས་གཅིག་གཅིག་གཉིས་གཉིས་ཀྱིས་རྫུན་བཤད་རྒྱུ་འདུག འོན་ཀྱང་ང་ཚོའི་མགྲིན་ཚབ་པ་ཚོས་ད་དུང་ཡང་༥༩ལོ་བར་གྱི་བྱུང་རབ་གོ་ཐོས་རྣ་ཐོས་ཙམ་ལས་དེང་སང་བོད་ནང་གི་གནས་ཚུལ་རེ་རེ་ཕར་ཤོག ཐ་ན་རྫོང་ཁག་གང་ཞིག་ཏུ་མི་ཅི་ཙམ་འཛིན་བཟུང་དང་བསད་དམས་བྱུང་ཡོད་མེད་ཀྱང་བཤད་རྒྱུ་མི་འདུག་སྟབས། ད་ང་ཚོས་ང་ཚོ་ལ་བདེན་པ་ཡོད་ཅེས་རང་ཉིད་ལ་བདེན་ཁ་སྤྲད་ནས་འདུག་ཐབས་ཁོ་ན་མི་བྱེད་པར་བོད་ནང་གི་གནས་ཚུལ་ལ་མཁྱེན་རྟོགས་ཡོད་མཁན་ཞིག་ངེས་བར་དུ་དགོས་ཀྱི་འདུག

    Reply
  44. མྱི་སྨྱོན། says:
    ལོ་ 16 སྔོན།

    རྗེས་མའི་བཀའ་ཁྲི་དེ་གཞོན་སྐྱེས་སྙིང་སྟོབས་ཅན་ཇིང་གུར་རྒྱལ་བོ་ལྟ་བུ།  གནད་འགག་ལ་ཐུགས་དུས་ལྷ་བ་ཁོ་ཁོ་ཐྲོ་མེད་བཟོས་པ་ལྟ་བུ་ཞིག་དགོས་ཀྱི་འདུག

    Reply
  45. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    བཀའ་བློན་ཁྲི་བ་རྗེས་མ་དེ་ཁ་ལས་ལག་པ་འགུལ་ཤེས་མཁན་ཞིག་ཡིན་ན་ཅི་མ་རུང༌། ང་ཚོའི་མི་རེ་ངོ་རེས་དེ་ལ་བསམ་བློ་གཏོང་དགོས་པ་ཞིག་ཏན་ཏན་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese