མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་གཞུང་གིས་བསྐྱར་དུ་འབོད་སྐུལ་དང་རེ་འདུན་ཞུས།

བོད་ཀྱི་དུས་བབ།
༢༠༠༩/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་གཞུང་བཀའ་ཤག་གིས་དེ་རིང་བསྐྱར་དུ་རྒྱ་གཞུང་ལ་ཉིན་འདི་འགར་བོད་ཡུལ་སྟོད་སྨད་བར་གསུམ་དུ་དྲག་དམག་འགྲེམས་འཇོག་གིས་བོད་མིར་བཙན་གནོན་དང༌། རྡུང་རྡེག་ཚ་ནན་གྱི་བྱ་འགུལ་སྤེལ་བ་འཕྲལ་དུ་ཕྱིར་བསྡུ་ཡོང་རྒྱུར་འབོད་སྐུལ་དང༌། རྒྱལ་ཁབ་ཁག་གི་གཞུང་དང་གྲོས་ཚོགས། འགྲོ་བ་མིའི་ཐོབ་ཐང་ཚོགས་པ། མི་སྒེར་བཅས་ནས་རྒྱ་ནག་ལ་ཚོད་འཛིན་དང་བར་འདུམ་ཡོང་རྒྱུར་འབོད་སྐུལ་ཞུས་ཡོད།

 

 

བོད་གཞུང་བཀའ་ཤག་གིས་དེང་སྐབས་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པའི་སྐོར་བཀོད་དོན། སྔོན་ཕྱི་ཟླ་ ༡ ཚེས་ ༢༩ ཉིན་བཀའ་ཤག་གིས་བོད་ནང་གི་བོད་མི་ཚོར་དགོས་མེད་བཙོན་འཇུག་དང་འཇུ་བཟུང༌། གནོད་སྐྱོན་ཡོང་གཞིའི་ལས་འགུལ་རིགས་མི་གནང་རྒྱུར་འབོད་སྐུལ་ཞུས་ཡོད། འབོད་སྐུལ་དེའི་ནང་བཀའ་ཤག་ནས་བོད་ནང་གི་བོད་མི་ཚོར་རྒྱ་རིགས་མི་མང་དང་འགལ་རྐྱེན་སོགས་མི་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད། བློ་ཕམ་སྐྱེ་འོས་པ་ཞིག་ལ་སྐབས་དེ་དུས་ནས་དོན་དངོས་ཐོག་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་ས་ཁུལ་ཁྱོན་ཡོངས་སུ་དམག་དཔུང་ཁ་སྣོན་འགྲེམས་འཇོགས་བྱས་ཏེ། བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད། བོད་ཀྱི་རྒྱལ་ས་ལྷ་སས་མཚོན། བླ་བྲང་བཀྲ་ཤིས་འཁྱིལ་དང་རེབ་གོང༌། ཁམས་ལི་ཐང༌། དེ་མིན་བོད་ཀྱི་ས་གནས་ཁག་ནང་དམག་དཔུང་ཕར་མ་མངགས་གཏོང་གིས་བོད་ནང་གི་ཛ་དྲག་གནས་སྟངས་མངོན་གསལ་འདོད་པོ་ཆགས་ཡོད།

 

 

ཉེ་ཆར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་ཚོས་བོད་མིའི་ངོ་རྒོལ་གྱི་ནུས་པ་འཚར་གཅོད་སླད། མི་མང་གི་དམག་འཁྲུག་རྒྱག་དགོས་པའི་ཐག་གཅོད་ཀྱི་གསལ་བསྒྲགས་ཤིག་བྱས་འདུག དེ་ནི་དམིགས་བསལ་གྱིས་ཁོང་ཁྲོ་སློང་གཞི་ཞིག་དང་གྲང་ཉུང་མི་རིགས་ཀྱི་དཀའ་ངལ་ཇེ་ཆེར་གཏོང་སླད་བརྒྱུད་སྐུལ་བྱས་པ་རེད། རྒྱ་ནག་གི་དཔོན་རིགས་ཚོས་བོད་ནང་ཕྱི་རྒྱལ་ཡུལ་འཁོར་སྤྲོ་འཆམ་པ་བཀག་སྡོམ་བྱས་དེས་བོད་ནང་གི་གནས་སྟངས་བརྟན་ལྷིང་ཡོད་ཚུལ་བཤད་པ་དང་རྒྱབ་འགལ་ཡིན་པ་གསལ་པོ་མཚོན་ཡོད།བོད་མི་ཚོས་ཞི་བའི་ཐོག་ནས་སོ་སོའི་མངོན་འདོད་དང༌། འདོད་བློ་མི་ཁེངས་པའི་རྣམ་འགྱུར་གསལ་སྟོན་བྱས་པར་རྒྱ་ནག་གཞུང་གིས་སྡེ་དགེ་དང༌། མཛོ་སྒང༌། ལི་ཐང་དེ་མིན་བོད་ཀྱི་ས་ཁུལ་ཁག་ནང་བོད་མི་འཇུ་བཟུང་དང༌། བཙོན་འཇུག སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་པར་བོད་གཞུང་བཀའ་ཤག་ལ་བློ་འཚབ་ཆེན་པོ་བྱུང༌། བཀའ་ཤག་ནས་བོད་ཕྱི་ནང་གི་བོད་མི་ཚོས་ཕྱི་ལོ་ ༢༠༠༨ ལོར་བོད་ནང་གི་ཡ་ང་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གསལ་སྟོན་བྱེད་ཆེད། རང་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་དེ་དག་ལ་གུས་བཀུར་མཚོན་ཆེད། ད་ལོའི་ལོ་གསར་ལ་དགའ་སྟོན་མི་བྱེད་པའི་ཐག་གཅོད་དེར་རྒྱབ་སྐྱོར་ཞུ་རྒྱུ་དང༌། ལས་འགུལ་དེ་ཡང་བོད་མིའི་རིག་གཞུང་དང་མཐུན་པའི་ཞི་བདེ་དང་བཟང་སྤྱོད་ཐོག་ནས་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བཀོད་ཡོད།

 

 

ཡང་འབོད་སྐུལ་དེའི་ནང༌། རྒྱ་གཞུང་གིས་བོད་ནང་བཙན་གྱིས་ལོ་གསར་གཏོང་བཅུག་པར་བློ་ཕམ་དང༌། བྱ་འགུལ་འདི་རིགས་ཐད་རྒྱ་ནག་ལ་ཚོད་འཛིན་དང་བར་དུམ་ཡོང་རྒྱུར་རྒྱལ་སྤྱིར་འབོད་སྐུལ་ཞུས་དོན། བོད་ནང་རྡུང་རྡེག་ཚ་ནན་གྱི་ལས་འགུལ་བསྐྱར་དུ་སྤེལ་བ་དང༌། རྒྱལ་གཅེས་ཆོས་གཅེས་ཀྱི་ཆབ་སྲིད་བསམ་བློའི་ལས་འགུལ། དེ་བཞིན་འདི་ལོའི་ལོ་གསར་ངེས་པར་དུ་གཏོང་དགོས་པའི་བཙན་བཀའ་བཏང་བར་བོད་གཞུང་བཀའ་ཤག་ལ་དམིགས་བསལ་གྱིས་བློ་ཕམ་བྱུང༌། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་ཚོས་དམག་དཔུང་གི་སྟོབས་ཤུགས་ངོམ་པ་དང༌། རྡུང་རྡེག་ཚ་ནན་གྱི་ལས་འགུལ་སྤེལ་བ་དེ་དག་ང་རྒྱལ་སློང་གཞིའི་བྱ་སྤྱོད་ཅིག་ཡིན་པར་ངེས་ཤེས་སྐྱེས་བྱུང༌། གནས་ཚུལ་དེ་དག་ལ་བལྟས་ཏེ། བཀའ་ཤག་གིས་སླར་ཡང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་ཚོར་རྡུང་རྡེག་ཚ་ནན་གྱི་ལས་འགུལ་མཚམས་འཇོག་དང༌། དངོས་སུ་ཁྱབ་བསྒྲགས་མ་བྱས་ཀྱང་དོན་ངོ་མའི་དམག་དོན་གྱི་བཀའ་རྒྱ་བསྡམས་ཏེ། བོད་མིར་བཙན་གནོན་བྱེད་པའི་ལས་འགུལ་དེ་ཕྱིར་བསྡུ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

 

 

བོད་ནང་གི་ཛ་དྲག་དང་ཡ་ང་བའི་གནས་སྟངས་དེ་དག་ལ་གཞིགས་ཏེ། བོད་གཞུང་བཀའ་ཤག་གི་ངོས་ནས་རྒྱལ་སྤྱིའི་གྲོས་ཚོགས་ཁག་དང༌། གཞུང༌། འགྲོ་བ་མིའི་ཐོབ་ཐང་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་བོད་དོན་ཐོག་ལ་སེམས་ཁུར་གནང་མཁན་སྒེར་གྱི་མི་སྣ་ཁག་བཅས་ནས་དོ་ཁུར་ཆེན་པོས་བར་འདུམ་གནང་སྟེ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་ཚོད་འཛིན་བྱ་དགོས་པའི་ནན་སྐུལ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་ཚོས་ངེས་པར་དུ་མཁྱེན་དགོས་པ་ཞིག་ལ། བཙན་གནོན་དང་དམག་དཔུང་གི་ཐོག་ནས་དཀའ་ངལ་གང་ཡང་སེལ་ཐུབ་རྒྱུ་མིན་པ་དང༌། བཟོད་བསྲན་དང་གྲོས་མོལ་གཉིས་ནི་བོད་ནང་བརྟན་རླིང་ཡོང་རྒྱུའི་ཐབས་ལམ་གཅིག་པུ་དེ་ཡིན། ཅེས་བཀོད་ཡོད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ད་ནི་བོད་གཞུང་གིས་ཀྱང་གསལ་བསྒྲགས་རེ་དང་སྙན་ཞུ་རེ་བྲིས་དེ་བསྡོད་པ་ལས་བོད་བཙན་བྱོལ་ཚང་གི་འཚེ་མེད་ཞི་བའི་ལས་འགུལ་དེ་དག་གཅིག་རྗེས་གཅིག་གི་མཐུད་ནས་ཁ་ཡོད་ལག་ཡོད་ཕྱི་གསལ་ནང་གསལ་གྱི་ལས་འགུལ་མགོ་འཛུགས་བྱས་ན་རེད། བོད་ནང་གི་བོད་མི་གཅིག་ཀྱང་འགུལ་བསྐྱོད་བརྒྱག་མི་ཐུབ་པའི་སྐབས་འདི་ལ་བོད་ནང་གི་བོད་མི་དག་གི་གང་ཞིག་བྱེད་དགོས་པར་རྒྱང་ནས་རེ་བ་བྱེད་པ་ནི་དངོས་ནས་ཡག་པོ་མ་རེད་སྙམ། ད་ནི་བོད་ཕྱི་བསྡོད་པ་དག་གི་ཉིན་ཁ་ཟླ་དང་ཟླ་ཁ་ལོ་མཐུད་ནས། འཚེ་མེད་ཞི་བའི་ལས་འགུལ་དངོས་མགོ་འཛུགས་བྱེད་རན་མ་ཡིན་ནམ། ད་ནི་བོད་ཕྱི་བསྡོད་པ་དག་གིས་ཁ་རྒྱག་པ་རེ་བཤད་དེ་འདུག་པ་ལས་དོན་དངོས་ཡོད་ཀྱི་ལག་ལེན་ཞིག་ལ་ཕབ་ནས་རྒྱ་ནག་སྲིད་གཞུང་ལ་འགུལ་བསྐྱོད་ཐེབས་པ་ཞིག་བྱེད་པར་འཚལ།

    Reply
  2. ནམ་མཁའ་བསྟན་འཛིན། says:
    ལོ་ 17 སྔོན།

    བཀའ་ཤག་གི་ཉེ་ལམ་གྱི་གསལ་བསྒྲགས་ཁག་ཏུ་བོད་ནང་གི་སྤུན་ཟླ་ཚོར་དགོས་མེད་གྱི་བཙོན་འཇུག་དང་འཇུ་བཟུང་ཡོང་བའི་ལས་འགུལ་མ་སྤེལ་རོགས་ཅེས་འབོད་སྐུལ་ཞུས་འདུག་ཀྱང་། ན་ནིང་སྤྱི་ཟླ་གསུམ་པ་ནས་ད་བར་བོད་མི་སྟོང་ཕྲག་དུ་མ་འཇུ་བཟུང་བཙོན་འཇུག་བྱས་བ་ཚང་མས་རང་གི་མི་རིགས་འདིའི་མདུན་ལམ་དང་རང་གི་རྒྱལ་ཁབ་འདིའི་བདེ་སྐྱིད་ཅིག་རྩོད་བཞིན་ཡོད་པ་ལས་རང་རང་གི་ལྟོ་བ་གང་གི་ཆེད་དུ་རྒྱ་རྒན་ཚོའི་སྒོ་འགྲམ་ནས་ར་དང་ལུག་བརྐུས། ཁྱི་དང་ཕག་བསད་པ་མ་ཡིན་པས་བོད་གཞུང་བཀའ་ཤག་གིས་འདི་དག་དགོས་མེད་ཅིག་ཏུ་མཐོང་གིན་ཡོད་ན་གསལ་བསྒྲགས་འདི་ད་དུང་ཁ་ཅུང་ཙམ་གསལ་རུ་བཏང་ན་ལེགས་ལ། སྤྱིར་ལོ་འདི་དག་ལ་བཀའ་ཁྲི་མཆོག་དང་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཉིས་ལ་བློ་ཕམ་རྐྱང་རྐྱང་གི་རྫོགས་མཐའ་ཞིག་མི་འདུག་མོད། ད་ནི་གཉན་འཕྲང་ཅན་གྱི་དུས་ཚོད་འདི་འདྲ་ཞིག་ལ་ད་དུང་པེ་ཅིན་མཁར་ལ་ཞུ་བ་འཐེན་ནས་འདུག་པ་ལས། ཕྱི་ཕྱོགས་ནས་གཞུང་དམངས་ཚང་མས་གཏུག་གཤེར་བྱེད་སར་གཏུག་གཤེར་དང་སྐད་འབོད་བྱེད་སར་སྐད་འབོད་བྱས་ཏེ་ནུས་བ་རྩལ་སྤྲུགས་བྱས་བས་མི་དགའའམ། དཔེར་ན་ལོ་འགའི་སྔོན་སི་པན་རྒྱལ་ཁབ་དུ་ཁྲིམས་རྩོད་པ་ཞིག་གིས་སི་པན་གྱི་ཆེ་མཐོའི་ཁྲིམས་ཁང་དུ་རྒྱ་ནག་གི་མགོ་ཁྲིད་ཚོས་བོད་པ་འདི་མི་རིགས་ཚར་གཅོད་དང་། མི་མང་སྡེབ་གསོད་བྱེད་བཞིན་པའི་ཉེས་ཁྲིམས་བཙུགས་པ་རེད། ༼ལས་རིམ་འདི་ད་དུང་འགྲོ་བཞིན་པའི་སྒང་རེད༽ལས་འགུལ་འདི་ལྟ་བུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཤུགས་ཆེན་ཡོད་སའི་རྒྱལ་ཁབ་ཁག་ཚང་མར་སྤེལ་ཏེ་མཐར་རྒྱལ་སྤྱིའི་ཁྲིམས་ཁང་དུ་སླེབས་ཐུབ་པར་གཞུང་འབྲེལ་གྱི་ངོས་ནས་ཤུགས་རྒྱག་དགོས་གྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese