མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བས་སློབ་གསོའི་ཁ་ཕྱོགས་གཏན་ནས་ནོར་ཡོད་པ་རེད།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

ང་རང་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་མང་བོ་ཞིག་འདི་ལྟར་འབུད་སོང་། ངས་ཀྱང་ཞིབ་འདང་རབ་དང་རིམ་ཞིག་བརྒྱབ་མྱོང་ཡོད་པ་མ་ཟད། གྲོགས་པོ་དང་གྲོགས་མོ་ངོ་ཤེས་རྒན་གཞོན་མང་བོ་ཞིག་དང་ལྷན་དུ་སྐད་ཆ་ཡང་རང་གི་ཚོད་ཀྱི་མི་ཉུང་བ་ཞིག་གླེང་ཁུལ་བྱས་པ་རེད། འོན་ཀྱང་། ངས་ནམ་རྒྱུན་དུ་རྣ་ལམ་དུ་མི་འདོད་ཀྱང་ཐོས་དེ་འོང་བ་ནི་བཙན་བྱོལ་བས་སློབ་གསོའི་ཁ་ཕྱོགས་ནོར་གྱི་ཡོད་པ་དེ་རེད། མི་སུས་ང་ལ་སྐད་ཆ་དྲིས་ཀྱང་ད་ནི་ཁྱེད་རང་གི་དབྱིན་ཡིག་གི་ཤེས་ཚད་གང་འདྲ་ཡོད་ཟེར་བ་དང་ཁྱེད་རང་གི་དབྱིན་སྐད་ཡག་པོ་ཤེས་ཀྱི་ཡོད་མེད་དང་ཁྱེད་རང་གི་དབྱིན་ཡིག་སྤྱོང་དེ་ཕྱི་རྒྱལ་གང་རུང་ཞིག་ལ་འགྲོ་ཐབས་བྱོས་དེ་རང་གི་ལྟོ་གོས་སྲ་ཐག་ཐག་ཞིག་བཟོ་དགོས་ཀྱི་ཡོད་པའི་བསྐོར་གླེང་མཁན་ལས་ཁྱེད་རང་གི་བོད་ཡིག་གི་ཤེས་ཚད་མཐོ་རུ་བཏང་ནས་བོད་པ་ཚང་གི་སྐད་ཡིག་གི་ཞབས་འདེགས་ཞུ་ཨེ་ཐུབ་ལྟ་དགོས་ཀྱི་ཡོད་པ་རེད་ཟེར་ནས་གླེང་མཁན་ཞིག་ལ་ཕལ་ཆེར་ང་རང་ཐུག་མ་སོང་ཟེར་ནས་བཤད་ཀྱང་མི་ཆོག་པ་མེད་ལ། ང་རང་གིས་རང་གི་ཤེས་མི་ཤེས་ལ་མ་བལྟས་པར་ཤི་འཐམ་རོ་འཐམ་བྱས་དེ་བོད་ཡིག་གི་དེབ་ཀློག་པ་དང་བོད་ཡིག་འབྲི་བ་སོགས་རང་གི་ཐུབ་ཚོད་ཀྱིས་ཉིན་མ་རེ་རེ་བཞིན་བསྐྱེལ་ཐུབ་བྱས་མོད། ད་དུང་ང་རང་གི་གྲོགས་པོ་ངོ་ཤེས་མི་ཤེས་གང་མང་གིས་ད་ཁྱེད་རང་འདི་ལྟར་བསྡད་དེ་རང་གི་རྐང་བའི་སྟེང་དུ་འང་ལངས་ཐུབ་ཀྱི་མ་རེད་ཟེར་བ་ལས་ཁྱེད་རང་གི་དེ་ཡག་པོ་རེད་ཟེར་མཁན་གང་ཡང་བྱུང་མ་སོང་། དེ་མཚུངས་ཀྱིས་ང་རང་གི་ཉེ་འཁོར་དང་ཁོར་ཡུག་གི་སྐད་ཆ་ཡང་དེ་མཚུངས་ཀྱི་བྱིས་པ་སློབ་གྲ་འགྲིམ་མཁན་དག་ལ་སློབ་གསོ་བྱེད་པ་གོ་དུས་ཀྱང་དེ་ལྟར་རེད། དབྱིན་ཡིག་ཡག་པོ་སྤྱོང་དགོས་ཀྱི་ཡོད་པ་རེད། དབྱིན་སྐད་ཤེས་མི་ཤེས་གླེང་བ་ལས་བོད་ཡིག་གི་ཤེས་ཚད་མཐོ་རུ་འགྲོ་བཞིན་ཡོད་མེད་དང་བོད་ཡིག་ནི་བོད་ཀྱི་བླ་སྲོག་ཡིན་པས་བོད་ཡིག་མེད་པར་བོད་པ་ཟེར་བ་ནི་ཤིང་སྡོང་སྐམ་པོ་ལྟ་བུ་ཞིག་ཆགས་ཀྱི་ཡོད་པའི་བསྐོར་གླེང་ནས་རང་གི་བྱིས་པ་དག་ལ་བོད་ཡིག་ལ་ཤུགས་རྒྱག་དགོས་པ་དང་སློབ་གྲ་དག་ན་བོད་ཡིག་གི་དགེ་རྒན་ཚད་ལྡན་ཡོད་མེད་སོགས་འདྲི་མཁན་ནི་ཉིན་སྐར་གྱི་སྐར་མ་ལྟ་བུ་ཞིག་ཡིན་པ་གླེང་མཁན་ནི་ང་རང་གི་ཐོས་མ་སོང་ལ། བོད་ཡིག་ཤེས་མཁན་ལས་དབྱིན་ཡིག་དང་དབྱིན་སྐད་ཤེས་མཁན་ལ་གཙུག་ཆེན་བྱེད་པ་ང་རང་གི་རྟག་དུ་མིག་གིས་མཐོང་བ་ནས་རྣ་བའི་ཐོས་དེ་འོང་དུས་བཙན་བྱོལ་བས་སློབ་གསོའི་ཁ་ཕྱོགས་གཏན་ནས་ནོར་བཞིན་ཡོད་པ་ཤེས་ཀྱི་འདུག ད་ལྟ་ཡང་བཙན་བྱོལ་ཁྲོད་དུ་བོད་མི་མི་ཉུང་བ་ཞིག་གིས་རང་གི་གང་ཐུབ་ཅི་ཐུབ་ཀྱིས་བོད་ཡིག་ནི་བོད་ཀྱི་ཚེ་སྲོག་དང་གཅིག་མཚུངས་ཡིན་པར་གླེང་བཞིན་ཡོད་ན་ཡང་། བོད་ཡིག་ལ་བཟུང་བའི་གོ་གནས་ནི་ད་དུང་ཡང་སྔར་ལས་ཇེ་སྡུག་དུ་འགྲོ་བཞིན་འདུག བོད་ཡིག་ཤེས་མཁན་དག་ལ་བོད་ཡིག་གི་ལྟོ་གོས་ཡང་མི་སྤྲོད་པའི་བསླབ་བྱ་རྒྱག་མཁན་ནི་ཇེ་མང་དུ་སོང་དེ་བོད་ཡིག་ལས་དབྱིན་ཡིག་སྤྱོང་བར་སྐུལ་མ་བྱེད་མཁན་ནི་སྔར་ལས་ཇེ་མང་དུ་འགྲོ་བཞིན་འདུག་ལ། བོད་ཡིག་གི་ཚགས་ཤོག་དང་དུས་དེབ། དྲ་རྒྱ་སོགས་ཀློག་པ་ལས་དབྱིན་ཡིག་གི་ཚགས་ཤོག་དང་དུས་དེབ། དབྱིན་ཡིག་གི་དྲ་རྒྱ་ལ་དོ་སྣང་བྱེད་མཁན་ནི་བྱིས་པ་ལོ་ཆུང་ཡན་ནས་དྲ་ཁང་ནང་དུ་མཐོང་རྒྱུ་འདུག འདི་ལྟར་བཙན་བྱོལ་བས་མིག་ནང་དུ་བོད་ཡིག་ལས་དབྱིན་ཡིག་གི་གོ་རིམ་མཐོ་བ་དང་བོད་ཡིག་ལས་དབྱིན་ཡིག་ཤེས་མཁན་ལ་བརྩི་མཐོང་ཆེ་བའི་ནད་་ཚ་དེ་ནས་ཇེ་སྡུག་དུ་འགྲོ་བཞིན་ཡོད།

 

མུ་མཐུད་དུ་འགོད་རྒྱུ་ཡིན།

འབྲེལ་ཡོད་གསར་འགྱུར།

tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

ཆུ་ཚོད་ ༢ སྔོན་ལ།
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༢ སྔོན་ལ།
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

༢༠༢༦/༠༢/༢༢
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢
Mobile App

རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་དང་བོད་ཀྱི་སྐད་ཡིག་གི་གནས་བབ།

༢༠༢༦/༠༢/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese