མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱབས་བཅོལ་ནང་གི་མི་ལོ་ལྔ་བཅུའི་དུས་དྲན།

བོད་ཀྱི་དུས་བབ།
༢༠༠༩/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་གཞུང་བཀའ་ཤག་གི་གོ་སྒྲིག་འོག བོད་མི་སྐྱབས་བཅོལ་དུ་སླེབས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་གཟབ་རྒྱས་ཤིག་ད་ལོའི་གསུམ་ཅུའི་དུས་དྲན་ནས་ལོ་རྗེས་མའི་གསུམ་བཅུའི་དུས་དྲན་བར་ལོ་གཅིག་རིང་སྲུང་གཙི་ཞུ་འཆར་ཡོད་པ་དང༌། དུས་དྲན་དེ་ཡང་དགའ་སྟོན་དང་སྤྲོ་སྐྱིད་ཀྱི་རྣམ་པར་མ་ཡིན་པར་བཟོད་དཀའི་མནར་སྡུག་གི་ཉམས་མྱོང་ཕྱོགས་སྡོམ་དང༌། འབྱུང་འགྱུར་ལ་ལས་འཆར་སྒྲིག་རྒྱུ་ཡིན་འདུག

 

བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཆེད་དུ་གོ་སྒྲིག་ཚོགས་ཆུང་ཟུར་དུ་བཙུགས་ཏེ། རྒྱ་ནག་གིས་བོད་བཙན་བཟུང་བྱས་ཤིང༌། ༧གོང་ས་མཆོག་དབུས་བོད་མི་མང་པོ་ཁྱིམ་མཚེས་ཡུལ་གྲུ་ཁག་ལ་སྐྱབས་བཅོལ་དུ་འབྱོར་ཏེ། མི་ལོ་ཧྲིལ་བོ་ ༥༠ འཁོར་བའི་དུས་དྲན་གཟབ་རྒྱས་ཤིག ད་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ནས་སང་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ བར་གྱི་ལོ་གཅིག་རིང་སྲུང་གཙི་ཞུ་འཆར་ཡོད་སྟབས། དེ་རིང་སྔ་དྲོ་འདི་གའི་གསར་འགོད་པས་བོད་གཞུང་བཀའ་དྲུང་ཡིག་ཚང་འོག་ཏུ་ཡོད་པའི་ལྔ་བཅུའི་དུས་དྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཀྲ་ཤིས་ནོར་བུ་ལགས་སུ་ལྔ་བཅུའི་དུས་དྲན་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། བཀའ་ཤག་ལྷན་ཚོགས་ཐེངས་ ༩༩ པའི་ཐོག་ཐག་གཅོད་བྱུང་བ་ལྟར། བོད་མི་སྐྱབས་བཅོལ་དུ་འབྱོར་ཏེ་ལོ་འཁོར་ ༥༠ འཁོར་བའི་དུས་དྲན་གཟབ་རྒྱས་ཤིག ད་ལོའི་གསུམ་བཅུའི་དུས་དྲན་ནས་མགོ་བཙུགས་ཏེ། ལོ་རྗེས་མའི་གསུམ་བཅུའི་དུས་དྲན་བར་ལོ་ཧྲིལ་བོ་གཅིག་རིང་སྲུང་གཙི་ཞུ་གཏན་འཁེལ་ཡོད་པ་ལྟར། གོ་སྒྲིག་ཚོགས་ཆུང་ཟུར་འཛུགས་ཀྱིས་ང་རང་ཚོགས་གཙོ་དང༌། རིན་ཆེན་ལྷ་སྒྲོན་དང་རྒན་དྲུང་སྐལ་བཟང་ཚེ་རིང་གཉིས་ཚོགས་མིར་བསྐོ་བཞག་བྱས་པ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

 

ཁོང་གིས་མུ་མཐུད་དོན། དུས་དྲན་འདི་ལྟ་བུ་ཞིག་སྲུང་གཙི་ཞུ་དགོས་པའི་དམིགས་ཡུལ་ནི། ༧གོང་ས་མཆོག་གིས་དབུས་བོད་གཞུང་དགའ་ལྡན་ཕོ་བྲང་དང༌། བོད་མི་འབུམ་ལ་ཉེ་བ་རྒྱ་གར་དུ་སྐྱབས་བཅོལ་དུ་འབྱོར་ཞིང༌། གཞིས་ལུས་བོད་མི་རྣམས་ཀྱིས་དམྱལ་བ་མི་ཡུལ་དུ་བྱུང་བ་ལྟ་བུའི་སྡུག་སྦྱོང་མྱངས་པ། རྒྱ་ནག་གིས་བོད་ཀྱི་སྣོད་བཅུད་ཡོངས་ལ་བསམ་བརྗོད་ལས་འདས་པའི་གཏོར་བཤིག་བཏང་བ། དེ་བཞིན། བཙན་བྱོལ་བོད་མི་ཚོས་ཀྱང་ཟས་གོས་གནས་མལ་གྱི་དཀའ་ངལ་ཇི་སྙེད་ཅིག་བརྒྱུད་དེ། རྩ་དོན་དམ་འཛིན་དང༌། ཆོས་དང་རིག་གཞུང༌། སྐད་ཡིག ཡུལ་གོམས་གཤིས་ལུགས་རྒྱུན་འཛིན།  ལས་འགུལ་དུས་ནས་དུས་སུ་སྤེལ་ཏེ། རྒྱལ་སྤྱིར་བོད་པའི་གནས་བབ་གསལ་སྟོན་བྱུང་བ། གཞིས་ཆགས་དང་སློབ་གྲྭ། དགོན་སྡེ། རིག་གཞུང་དང་བཟོ་ལས་བསྟི་གནས་སོགས་གསར་སྐྲུན་གྱིས་ཆོས་དང་རིག་གཞུང༌། ཤེས་ཡོན། འཕྲོད་བསྟེན། མང་ཚོགས་ཀྱི་འཚོ་ཐབས་སོགས་ཀྱི་གྲུབ་འབྲས་ལ་བསྐྱར་ཞིབ་ཀྱིས་འགྱོད་སྡོམ་འོས་པ་ལ་འགྱོད་སྡོམ་དང༌། ཡི་རངས་འོས་པ་ལ་ཡི་རངས་བྱས་ཏེ། འདས་པའི་བྱུང་རབས་ལས་བསླབ་བྱ་ལེན་རྒྱུ་དང༌། ༧གོང་ས་མཆོག་གིས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་གསུངས་པའི་དགོངས་དོན་ལྟར། འབྱུང་འགྱུར་གཞུང་མང་གཉིས་ནས་ལས་རིམ་སྤེལ་ཕྱོགས་སོགས་ལ་བསམ་གཞིགས་བཅས་ཀྱི་ཆེད་རེད། ཅེས་གསུངས་བྱུང༌།

 

ཡང་ཁོང་གིས་དུས་དྲན་གྱི་ལས་རིམ་འགའ་ཞིག་ངོ་སྤྲོད་གནང་དོན། ཕྱི་ཟླ་ ༣ པའི་ཚེས་ ༦ ཙམ་ནས་དུས་དྲན་མགོ་འཛུགས་བྱས་ཏེ། ཕྱི་ཚེས་ ༩ ཉིན་གཞིས་བྱེས་བོད་ལྗོངས་ལྷ་མི་ཡོངས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་འབུལ་ཞུ་རྒྱུ་དང༌། ལོ་རྗེས་མའི་གསུམ་བཅུའི་དུས་དྲན་སྐབས་ལོ་འཁོར་གཅིག་གི་ལྔ་བཅུའི་དུས་དྲན་མཇུག་སྡོམ་ཞུས་ཏེ། སྐབས་དེར་ཡང་བསྐྱར་༧གོང་ས་མཆོག་ལ་བརྟན་བཞུགས་གོ་སྒྲིག་དང༌། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་ཚོགས་འདུ་རྒྱས་པ་ཞིག་ལོ་འཁོར་འདིའི་ནང་སྐོང་འཚོགས་བྱ་གཏན་འཁེལ་ཡོད། ཕྱི་ཟླ་ ༣ ཚེས་ ༣༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༧གོང་ས་མཆོག་དབུ་བཞུགས་ཀྱིས་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེའི་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་རྒྱུ་དང༌། སྐབས་དེར་ཐུགས་རྗེ་ཆེ་མཚོན་སླད་སྐྱབས་བཅོལ་བོད་མི་རེ་རེ་ནས་ཧིན་སྒོར་ ༥ རེ་བསྡུ་རུབ་ཀྱིས་རྒྱ་གར་སྲིད་བློན་མཆོག་ལ་འབུལ་རྒྱུ། དེ་བཞིན། བོད་གཞུང་གི་ལྷན་ཁང་མ་ལག་དང་བཅས་པ་གཙོས་པའི་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་དགོན་སྡེ་ཁག དེ་བཞིན་ཕྱི་རྒྱལ་གྱི་ཆོས་ཚོགས་ཁག་བཅས་ཀྱི་བྱུང་རབས་ལོ་རྒྱུས་དང༌། སློབ་གྲྭ་ཁག སྨན་ཁང་ཁག ཤེས་ཡོན་སྡེ་ཚན་ཁག དཔེ་མཛོད་ཁག་བཅས་ཀྱི་བྱུང་རབས་ལོ་རྒྱུས་དང་ད་ལྟའི་གནས་བབ་བཅས་རྩོམ་སྒྲིག་དང་དཔར་སྐྲུན་བྱ་རྒྱུ་བཅས་ཀྱི་ལས་རིམ་སྒྲིག་ཡོད།

 

ད་དུང༌། ༧གོང་ས་སྐྱབས་མགོན་ཆེན་པོའི་མཛད་འཕྲིན་དང་བཙན་བྱོལ་བོད་མིའི་ཆོས་དང་རིག་གཞུང༌། ལེགས་བྱང༌། ཤེས་ཡོན། སྤྱི་ཚོགས་ཀྱི་གནས་སྟངས་བཅས་དང་བཟོ་ཞིང་འབྲོག་གསུམ་གྱི་ཐོན་སྐྱེད་འབྲེལ་བའི་པར་རིས་དང་གློག་བརྙན། སྒྱུ་རྩལ་ཁག་གི་འགྲེམས་སྟོན་དང་འཁྲབ་སྟོན། རོལ་དབྱངས་དང་རྟ་དབྱངས་སོགས་ཀྱི་གཟིགས་མོ་རྒྱལ་ས་ལྡི་ལིས་མཚོན་གལ་ཆེའི་ས་གནས་ཁག་ཏུ་གོ་སྒྲིག་བྱ་རྒྱུ་དང༌། དུས་དྲན་ལས་རིམ་ཁག་ཏུ་ཉམས་ཚོར་ཐོག་དབུས་ལས་ཁུངས་མ་ལག་དང་བཅས་པའི་གཞུང་ཞབས་ཡོངས་ཀྱི་བགྲོ་གླེང་ཚོགས་འདུ་རྒྱས་པ་ཞིག་གོ་སྒྲིག་ཐོག འབྱུང་འགྱུར་ལོ་ལྔ་བཅུའི་རིང་གི་བོད་མི་རིགས་ཀྱི་འཐབ་རྩོད་སླད་ལས་དོན་བྱེད་ཕྱོགས་ཀྱི་འཆར་སྣང་རྒྱབ་གཉེར་ཟབ་རྒྱས་ཤིག་འགྲེམས་སྤེལ་བྱ་རྒྱུ་བཅས་རེད། བཅས་ལྔ་བཅུའི་དུས་དྲན་སྲུང་གཙི་ཞུ་ཕྱོགས་མདོར་བསྡུས་ངོ་སྤྲོད་དང་སྦྲགས། ཤོག་ངོས་ ༨ ཡོད་པའི་ལྔ་བཅུའི་དུས་དྲན་གྱི་ལས་རིམ་ཆ་ཚང་བཅས་བསྩལ་བྱུང༌།

 

 

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༥ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༦ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༧ སྔོན་ལ།

མཆན། 4

  1. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ཚོགས་འདུ་དང་གསུང་བཤད།
    དུས་དྲན་ལོ་འཁོར་རིང་དབུས་ལས་ཁུངས་ཁག་སོ་སོའི་ལས་དོན་དང་འབྲེལ་བའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་རྒྱས་བསྡུས་འཚམས་པ་རེ་འཆར་འགོད་ཀྱིས་ས་གནས་ཁག་གང་འོས་སུ་གོ་སྒྲིག་བྱ་རྒྱུ་དང༌། དེ་བཞིན་ལས་ཁུངས་རེ་ནས་ཁྱད་མཁས་མི་སྣས་མང་ཚོགས་ལ་གསུང་བཤད་རེ་ས་གནས་གང་འོས་སུ་གོ་སྒྲིག་བྱ་རྒྱུ། ལས་ཁུངས་སོ་སོ།
    དུས་དྲན་མཇུག་སྡོམ།
    ཀ༽ གཞུང་འབྲེལ་དུས་དྲན་ལས་རིམ་དུ་ངོས་འཛིན་བྱས་པའི་ལས་འཆར་ཚང་མའི་འདྲ་པར་རམ་གློག་བརྙན། དེ་བཞིན་ཡིག་ཐོག་ལས་སྡོམ་མདོར་བསྡུས་རེ་བཅས་ཕྱོགས་བསྡུས་ཀྱིས་མཇུག་སྒྲིལ་ཟིན་འཕྲལ་ལས་སྡོམ་བརྙན་དེབ་དང་བརྙན་པར་ཞིག་འགྲེམས་སྤེལ་བྱ་རྒྱུ།
    དུས་དྲན་གོ་སྒྲིག་དང་ལམ་སྟོན་ཚོགས་ཆུང༌།
    ཁ༽ དུས་དྲན་ལས་རིམ་ཁག་ཏུ་ཉམས་ཚོར་ཐོག་དབུས་ལས་ཁུངས་མ་ལག་དང་བཅས་པའི་གཞུང་ཞབས་ཡོངས་ཀྱི་བགྲོ་གླེང་ཚོགས་འདུ་རྒྱས་པ་ཞིག་གོ་སྒྲིག་ཐོག། འབྱུང་འགྱུར་ལོ་ལྔ་བཅུའི་རིང་གི་བོད་མི་རིགས་ཀྱི་འཐབ་རྩོད་སླད་ལས་དོན་བྱེད་ཕྱོགས་ཀྱི་འཆར་སྣང་རྒྱབ་གཉེར་ཟབ་རྒྱས་ཤིག་འགྲེམས་སྤེལ་བྱ་རྒྱུ། དུས་དྲན་གོ་སྒྲིག་དང་ལམ་སྟོན་ཚོགས་ཆུང༌།

    ལྔབ། དུས་དྲན་ལས་རིམ་གོ་སྒྲིག་བྱེད་ཕྱོགས།
    གོང་གསལ་དུས་དྲན་ལས་རིམ་ཁག་འབྲེལ་ཡོད་སྡེ་ཚན་སོ་སོས་འཆར་འགོད་དང་གོ་སྒྲིག་ལག་བསྟར་བྱ་རྒྱུ་ཡིན་ནའང༌། འབྲེལ་མཐུད་དང་ལམ་སྟོན། མཐའ་མའི་ལས་སྡོམ་རྩོམ་སྒྲིག་པར་སྐྲུན་བཅས་ཀྱི་ཆེད་གོ་སྒྲིག་དང་ལམ་སྟོན་ཚོགས་ཆུང་ཞིག་བཀའ་ཤག་ནས་བསྐོ་བཞག་གིས་བཀའ་དྲུང་ཡིག་ཚང་དུ་འཇོག་རྒྱུ་བཅས་ཀྱི་ལམ་སྟོན་དུ། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༢༡ ལ།

    Reply
  2. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ༄༅། ། ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༣ ཚེས་ ༡༠ ནས་ཕྱི་ལི་ ༢༠༡༠ ཕྱི་ཟླ་ ༣ ཚེས་ ༡༠ བར་བོད་མིའི་ཞི་བའི་གྱེན་ལངས་དང་གཞུང་མང་བཙན་བྱོལ་དུ་འབྱོར་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་བྱ་ཕྱོགས་འཛིན་སྐྱོང་གི་རྩ་འཛིན་ལམ་སྟོན།

    དང་པོ། ངོ་སྤྲོད།
    ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མི་རྣམས་ཀྱིས་རྒྱ་དམར་གྱི་བཙན་གནོན་ལ་ཞི་བའི་ངོ་རྒོལ་དང༌། སྤྱི་ནོར་༧གོང་ས་མཆོག་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དབུས་བོད་གཞུང་དགའ་ལྡན་ཕོ་བྲང་དང༌། བོད་མི་འབུམ་ལ་ཉེ་བ་རྒྱ་གར་དུ་སྐྱབས་བཅོལ་དུ་འབྱོར་ནས་ལོ་ལྔ་བཅུ་ཐམ་པ་ཧྲིལ་པོར་འཁོར་རྒྱུ་ཡིན་ཞིང༌། དུས་ཡུན་དེའི་རིང་གཞིས་ལུས་བོད་མི་རྣམས་དམྱལ་བ་མི་ཡུལ་དུ་མྱངས་པ་ལྟ་བུའུ་སྡུག་སྦྱོང་མི་བཟད་པའི་འོག་གནས་དགོས་བྱུང་བ་མ་ཟད། བོད་གངས་ཅན་ལྗོངས་ཀྱི་སྣོད་བཅུད་ཡོངས་ལ་བསམ་བརྗོད་ལས་འདས་པའི་གཏོར་བཤིག་དང༌། བཙན་བྱོལ་དུ་འབྱོར་ནས་བོད་མི་རྣམས་ཀྱང་ཟས་ཀོས་གནས་མལ་གྱིས་ཕོངས་པ་དང་ཡུལ་ལུང་ས་ཆ་མ་འཕྲོད་པ་སོགས་ཀྱི་ངལ་བ་ཇི་སྙེད་ཅིག་མྱངས་དགོས་བྱུང་བ་བཅས་བོད་ཀྱི་བྱུང་རབས་སུ་མ་གྲགས་པའི་གནས་ཚུལ་ཐ་ཞན་བྱུང་ཡོད། ཕྱོགས་གཞན་ནས་གཞིས་ལུས་བོད་མི་རྣམས་ཀྱིས་རྒྱལ་ཞེན་ལྷག་བསམ་འདོར་བ་མེད་པར་ལུས་སྲོག་ལྟོས་མེད་ཀྱིས་མི་རིགས་ཀྱི་རྩ་དོན་དམ་འཛིན་ཐོག ཐབས་བརྒྱ་བྱུས་སྟོང་གིས་དངོས་ཤུགས་བརྒྱུད་གསུམ་ནས་བོད་ཀྱི་ཆོས་དང༌། རིག་གཞུང༌། སྐད་ཡིག ཡུལ་གོམས་གཤིས་ལུགས་བཅས་མ་ཉམས་རྒྱུན་གནས་ཐུབ་ཐབས་བྱས་པ་ལ་བརྟེན་ནས་ད་ལྟའང་དེ་དག་རྩ་མེད་དུ་བཏང་མ་ཐུབ་པར་གནས་ཐུབ་པ་བྱུང་བ་དང༌། དུས་ནས་དུས་སུ་རྒྱ་མིའི་བཙན་གནོན་ལ་ཞི་བའི་ངོ་རྒོལ་རྒྱུན་བསྟུད་ཀྱིས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་གོང་མཐོར་སྤེལ་བཞིན་པ་མ་ཟད། ལྷག་བསམ་འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༠ ནས་བཟུང་ཆོལ་གསུམ་བོད་ས་ཡོངས་ལ་སྔར་མ་གྲགས་པའི་ཞི་བའི་གྱེན་ལངས་ཀྱིས་བོད་མི་བརྒྱ་ཕྲག་མང་པོས་ལུས་སྲོག་བཏང་སྟེ་རྒྱལ་སྤྱིའི་ནང་བོད་ཀྱི་ད་ལྟའི་གནས་བབ་གསལ་སྟོན་ཐུབ་པ་དང༌། བྱེས་འབྱོར་བོད་མི་རྣམས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་འོག་གཞིས་ཆགས་དང་ ། སློབ་གྲྭ། དགོན་སྡེ། རིག་གཞུང་དང་བཟོ་ལས་བསྟི་གནས་སོགས་གསར་བསྐྲུན་གྱིས་ཆོས་དང་རིག་གཞུང༌། ཤེས་ཡོན། འཕྲོད་བསྟེན། མང་ཚོགས་ཀྱི་འཚོ་ཐབས་སོགས་སྒོ་ཀུན་ནས་བཟང་ཕྱོགས་ཀྱི་ཡར་རྒྱས་བློ་ཡུལ་ལས་འདས་པ་བྱུང་ཡོད་པའི་ཁར། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ཏུ་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ཁྱབ་བརྡལ་གྱིས་འགྲོ་བ་ཡོངས་ལ་འཕྲལ་ཡུན་གྱི་ཕན་བདེ་རླབས་པོ་ཆེ་བསྐྲུན་ཐུབ་པ་དང༌། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་ཆེའི་སྐུའི་གསང་བ་གསུམ་གྱི་མཛད་འཕྲིན་ཕྱོགས་ཀུན་ཏུ་རྒྱས་ནས་འཇིག་རྟན་ཞི་བདེའི་དེད་དཔོན་ཆེན་པོར་བཞེངས་ཏེ་མིའི་གཞི་རིམ་གྱི་བཟང་སྤྱོད་དང༌། ཆོས་ལུགས་ཕན་ཚུན་གྱི་མཐུན་འབྲེལ། ཁོར་ཡུག་སྲུང་སྐྱོབ་སོགས་མདོར་ན་བྱམས་བརྩེའི་སྙིང་པོ་ཅན་གྱི་ཀུན་ཁྱབ་འགན་འཁུར་ལྷག་བསམ་སྐྱེན་ཚུལ་འགྲོ་བ་ཡོངས་ལ་རྒྱ་ཁྱབ་ཏུ་ལམ་སྟོན་བཀའ་དྲིན་བསྩལ་བ་སོགས་གསང་བ་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་ངོ་འཚར་ཅན་གྲངས་ལས་འདས་པ་ཞིག་བདག་གིར་མཛད་པར་མ་ཟད། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཡང་དག་པའི་མང་གཙོའི་ལམ་སྲོལ་དུ་བསྒྱུར་གནང་མཛད་པ་དང༌། བོད་མིའི་བདེན་པའི་འཐབ་རྩོད་འཚེ་མེད་ཞི་བའི་ལམ་ཕྱོགས་སུ་བསྒྱུར་གནང་མཛད་པ་སོགས་བཟང་ཕྱོགས་ཀྱི་གྲུབ་འབྲས་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ཞིག་བྱུང་ཡོད་པ་བཅས་ཕྱི་བལྟས་བསྐྱར་ཞིབ་ཀྱིས་འགྱོད་སྡོམ་འོས་པ་ལ་འགྱོད་སྡོམ་དང༌། ཡི་རངས་འོས་པ་ལ་ཡི་རངས། དགའ་སྤྲོ་དང་སྤོབས་པ་ཆེན་པོས་འདས་པའི་བྱུང་རབས་ལས་བསླབ་བྱ་བླངས་རྒྱུ་དང༌། འབྱུང་འཆར་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་ཕེབས་དགོངས་ལྟར། འབྱུར་འགྱུར་གཞུང་མང་གཉིས་ཐད་ནས་བོད་མི་རིགས་ཀྱི་ཕན་བདེ་སྒྲུབ་ཐབས་ཀྱི་ལས་རིམ་སྤེལ་ཕྱོགས་ཇི་དགེ་བསམ་གཞིགས་བྱ་རྒྱུ་བཅས་ཀྱི་ཆེད། ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༡༠ ནས་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༠ བར་ལོ་འཁོར་གཅིག་རིང་བོད་མི་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་ཐམ་པ་འཁོར་བའི་རྗེས་དྲན་དོན་ལྡན་ཞིག་བཙན་བྱོལ་བོད་གཞུང་ལས་ཁུངས་མ་ལག་དང་བཅས་པས་འཆར་གཞི་དང་ལྡན་པའི་སྒོ་ནས་སྲུང་བརྩི་བྱ་རྒྱུ་ཧ་ཅང་གལ་ཆེར་བརྟེན། དེའི་ཆེད་སྲུང་བརྩི་ཞུ་ཕྱོགས་ལྷག་ཆད་ཟློས་གསུམ་གྱི་སྐྱོན་དང་བྲལ་བ་ཞིག་དགོས་གལ་ཆེ།

    གཉིས་པ། དམིགས་ཡུལ།
    དུས་ཚིགས་རྗེས་དྲན་སྲུང་བརྩི་བྱ་དགོས་ཀྱི་དམིགས་ཡུལ་ཁག་ནི།
    ཀ༽ ཕྱི་ལོ་ ༡༩༥༩ ལོར་བྱུང་བའི་བོད་ཀྱི་གོད་ཆགས་དང་དེའི་རྗེས་འབྲས་བོད་མིས་བསམ་བརྗོད་ལས་འདས་པའི་སྡུག་སྦྱོང་ཇི་མྱོང་བཅས་ལ་བསྐྱར་ཞིབ་གཏིང་ཟབ་ཅིག་བྱ་རྒྱུ་དང༌།
    ཁ༽ སྐྱབས་བཅོལ་དུ་འབྱོར་བ་ནས་བཟུང་བཙན་བྱོལ་སྒྲིག་འཛུགས་དང་མང་ཚོགས་བཅས་ཀྱི་ཆབ་སྲིད་དང༌། ཆོས་རིག ཤེས་ཡོན། སྤྱི་ཚོགས། དཔལ་འབྱོར་སོགས་ཀྱི་འཕེལ་རིམ་དང་གནས་བབ་ལ་བསྐྱར་ཞིབ་ཀྱིས་བོད་མིའི་ཞན་ཆ་དང༌། ནུས་སྟོབས། གོ་སྐབས། ཀླན་ཀ་བཅས་ངོས་འཛིན་ཐུབ་པ་བྱ་རྒྱུ།
    ག ༽སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་མཛད་འཕྲིན་ལས་འཛམ་གླིང་ཁྱོན་ཡོངས་སུ་བོད་བརྒྱུད་ནང་བསྟན་གྱི་ལེགས་བྱང་ཁྱབ་སྤེལ་གྱིས་སེམས་ཅན་ཡོངས་ཀྱི་བདེ་རྩར་རླབས་ཆེན་གྱི་དོན་ཕན་དང༌། བོད་རིགས་ཆིག་སྒྲིལ། མང་གཙོ་དང་འཚེ་མེད་ཞི་བའི་ལྟ་གྲུབ་གོང་འཕེལ་སོགས་བསམ་གྱིས་མི་ཁྱབ་པའི་གྲུབ་འབྲས་ཀག་ངོས་འཛིན་བྱ་རྒྱུ།
    ང༽འདས་པའི་ལོ་ལྔ་བཅུའི་ཉམས་མྱོང་ལས་མ་འོངས་པའི་ལས་འཆར་སྒྲིག་པྱོགས་ལ་བསམ་ཞིབ་བྱ་རྒྱུ་བཅས་ཡིན།

    གསུམ་པ། དུས་དྲན་སྲུང་བརྩི་ཞུ་ཕྱོགས།
    གལ་ཆེའི་དུས་དྲན་འདི་སྲུང་བརྩི་ཞུ་ཕྱོགས་ནི་དགའ་སྟོན་སྤྲོ་སྐྱིད་དང༌། འཆར་ཅན་ཆོ་ག་ཕྱག་ལེན་ལྟ་བུ་མ་ཡིན་པར་བོད་མིའི་བཟོད་དཀའི་དཀའ་སྡུག་ཇི་མྱོང་གི་གནས་བབ་གཞོན་སྐྱེས་མི་རབས་གསར་པའི་ཡིད་ངོར་འཇགས་ཐབས་དང༌། དེ་ལ་བརྟེན་ནས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཡང་དག་པའི་ལམ་སྟོན་འོག་ཤར་བསྐྱོད་ཀྱིས་འཚེ་མེད་ཞིའ་བའི་ལྟ་སྤྱོད་ལ་ཡིད་ཆེས་འགྱུར་མེད་ཀྱི་ངང་ནས་བོད་ཀྱི་བདེན་པའི་འཐབ་རྩོད་རྒྱུན་སྐྱོང་བྱ་རྒྱུའི་སྙིང་སྟོབས་དང་ཆོད་སེམས་སྤེལ་ཐབས། དེ་བཞིན་གཞིས་ལུས་བོད་མི་རྣམས་ཀྱི་སྙིང་སྟོབས་ལ་ཡི་རངས་རྒྱབ་སྐྱོར་མཚོན་ཐུབ་པའི་ལས་རིམ་སྤེལ་དགོས། ལས་རིམ་དེ་དག་ཀྱང་རྒྱས་སྤྲོས་དང་འགྲོ་གྲོན་ཆེ་བ་མ་ཡིན་པ། དེ་བཞིན་འགྲན་བསྡུར་དང༌། འཚེ་མེད་རྣམ་པ་ཅན་མ་ཡིན་པ། ལས་གཞི་རེ་རེ་བཞིན་འགྲོ་བ་མིའི་ཕན་བདེ་དང༌། མཉམ་མཐུན། ཁོར་ཡུག་སྲུང་སྐྱོབ། བོད་ཀྱི་རྩ་དོན་བཅས་ལ་འཕྲལ་ཡུན་དུ་དོན་ཕན་ཡོད་པ་ཞིག་དགོས།
    ཁ་ དུས་དྲན་གྱི་མཚོན་རྟགས་དང༌། འབོད་སྒྲ་གོ་སྒྲིག་ཚོགས་ཆུང་གིས་འཆར་འབུལ་ལྟར། བཀའ་ཤག་ནས་གཏན་འབེབས་ཀྱིས་ཡོངས་ཁྱབ་བེད་སྤྱོད་བྱ་རྒྱུ།

    བཞི་བ། དུས་དྲན་སྲུང་བརྩིའི་ལས་རིམ།
    ཆོས་ཕྱོགས།
    ཀ༽ དུས་དྲན་འགོ་འཛུགས་དང་མཇུག་བསྡོམས་གཉིས་ཀར་༧གོང་ས་༧སྐྱབས་མགོན་ཆེན་པོར་བོད་གཞིས་བྱེས་གཞུང་མང་ལྷ་མི་ཡོངས་ནས་བརྟན་བཞུགས་རྒྱས་པ་རེ་བསྟར་འབུལ་ཞུ་རྒྱུ་དང༌། དེ་ཡང་དབུ་འཛུགས་ཀྱི་བརྟན་བཞུགས་ ༢༠༠༩ ཕྱི་ཟླ་ ༣ ཚེས་ ༩ འམ་ ༡༨ གང་རུང་ལ་འཁེལ་བ་བྱ་རྒྱུ། མཐའ་མའི་བརྟན་བཞུགས་ ༢༠༡༠ གསུམ་བཅུའི་དུས་དྲན་གྱི་སྔོན་རྗེས་གང་རུང་ལ་འཁེལ་བ་བྱ་རྒྱུ། ཆོས་རིག
    ཁ།༽བཙན་བྱོལ་བོད་གཞུང་བཀའ་ཤག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོར་གསོལ་འདེབས་ཞུས་ཟིན་པའི་གསུང་རྩོམ་དང༌། གསུང་ཆོས་ཁག་དུས་དྲན་གྱི་ལོ་འཁོར་འདིའི་ནང་ཡོང་ཐབས་གསོལ་འདེབས་ཞུ་རྒྱུ། བཀའ་ཤག ཆོས་རིག
    ག༽ རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་གྱི་ཚོགས་ཆེན་རྒྱས་པ་ཞིག་འབྲེལ་ཆགས་རྒྱལ་ཁབ་གང་རུང་ནང་བསྐོང་ཚོགས་ཐུབ་ཐབས་བྱ་རྒྱུ། ཆོས་རིག ཕྱི་དྲིལ།
    ང༌། བོད་ཀྱི་གཡུང་དྲུང་བོན་དང༌། ནང་བསྟན་ཆོས་བརྒྱུད་ཆེན་པོ་བཞིའི་ཆོས་ཚོགས་རྒྱས་པ་ཞིག་ལོ་འཁོར་འདིའི་ནང་ཚོགས་བསྐོང་བྱ་རྒྱུ་དང༌། དེའང་ཐོག་མའི་བརྟན་བཞུགས་སྐབས་དང་བསྟུན་ཐུབ་ཐབས་བྱ་རྒྱུ། ཆོས་རིག
    ཆབ་སྲིད་ཀྱི་སྤྱི་ཚོགས།
    ཀ༽ ཕྱི་ལོ་༢༠༠༩ ཟླ་ ༣ ཚེས་ ༣༡ ཉིན་རྒྱ་གར་གཞུང་མང་ཡོངས་ལ་གཞིས་བྱེས་བོད་མི་ཚང་མས་ཐུགས་རྗེ་ཆེ་ཞུའི་རྣམ་འགྱུར་མཚོན་སླད་མང་ཚོགས་ཀྱི་མཛད་སྒོ་རྒྱས་པ་ཞིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བྱ་རྒྱུ། དེ་བཞིན་བོད་མིའི་གནས་ཡུལ་མངའ་སྡེ་ཚང་མའི་ནང་རིམ་བཞིན་གོ་སྒྲིག་བྱ་རྒྱུ། མཛད་སྒོའི་ལས་རིམ་དང༌། ལྷག་པར་ཐུགས་རྗེ་ཆེ་ཞུ་མཚོན་པའི་ལས་གཞྀ་ཇི་འདྲ་ཞིག་རྩོམ་ན་དགེ་མཚན་ཆེ་མིན་གནད་ཡོད་མི་སྣ་ཁག་ལ་གྲོས་འདྲི་དང༌། བསམ་འཆར་བསྡུས་ཏེ་ལས་རིམ་བསྒྲིག་རྒྱུ། བཀའ་ཤག ཕྱི་དྲིལ། ལྡི་ལི་དོན་གཅོད།
    ཁ༽ རྒྱལ་སྤྱིའི་ནང་བོད་དོན་ཐོག་ཐུགས་སྣང་རྒྱབ་སྐྱོར་ཡོད་པའི་གཞུང་མང་སྤྱི་དང༌། ཁྱད་པར་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རོགས་ཚོགས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་དང་ཆབས་ཅིག འབྱུང་འགྱུར་རྒྱབ་སྐྱོར་མུ་མཐུད་ཡོངས་བའི་འབོད་བསྐུལ་བྱ་རྒྱུ་བཅས་ཀྱི་ཆེད་འོས་འཚམས་ཀྱི་ལས་རིམ་བསྒྲིག་རྒྱུ། ཕྱི་དྲིལ།
    ག༽ བོད་གཞུང་ལས་ཁུངས་སོ་སོའི་ཁྱབ་ཁོངས་སུ་ཡོད་པའི་ཆོས་སྡེ་ཁག་དང༌། གཞུང་སྒེར་ཆོས་གསུམ་གྱི་སློབ་གྲྭ་ཁག་ བོད་རིགས་མཐོ་རིམ་སློབ་ཕྲུག་འདུས་སྡོད་ཡོད་ས་ཁག ཆེས་མཐོའི་སལྦ་ཁང་དང་སྦྱོང་བརྡར་ཁང་ཁག བོད་མིའི་གཞིས་ཆགས་ཁག འཕྲོད་བསྟཻན་སྨན་ཁང་ཁག གཞུང་གི་འཛིན་སྐྱོང་བཏང་འཛིན་འོག་ཡོད་པའི་རང་སྐྱོང་སྡེ་ཚན་ཁག་དང༌། མཉམ་འབྲེལ་ཅན་གྱི་རང་སྐྱོང་སྡེ་ཚན་ཁག་བཅས་ནས་ལྔ་བཅུའི་དུས་དྲན་ལ་དམིགས་པའི་དམིགས་བསལ་ལས་རིམ་འོས་འཚམས་ཤིག་རང་ངོས་ནས་འཆར་འགོད་ཀྱིས་འབྲེལ་ཡོད་ལས་ཁུངས་དང་གོ་བསྡུར་གྱིས་གཞུང་འབྲེལ་དུས་དྲན་ལས་རིམ་ཁོངས་སུ་ངོས་འཛིན་བྱ་རྒྱུ།
    ང༽ ཕྱི་རྒྱལ་སྐུ་ཚབ་དོན་གཅོད་སོ་སོ་ནས་ཀྱང་ལྔ་བཅུའི་དུས་དྲན་ལ་དམིགས་པའི་དམིགས་བསལ་ལས་རིམ་འོས་འཚམས་ཤིག་རང་ངོས་ནས་འཆར་འགོད་དང༌། དེ་བཞིན་སོ་སོའི་ཁྱབ་ཁོངས་སུ་ཡོད་པའི་བོད་རིགས་ཚོགས་པ་ཁག་ནས་ཀྱང་ལས་རིམ་རེ་འཆར་འགོད་ཀྱིས་ཕྱི་དྲིལ་ལས་ཁུངས་དང་གོ་བསྡུར་གྱིས་གཞུང་འབྲེལ་དུས་དྲན་ལས་རིམ་ཁོངས་སུ་ངོས་འཛིན་བྱ་རྒྱུ།
    དཔེ་དེབ་རྩོམ་སྒྲིག་དང་པར་སྐྲུན།
    ཀ༽ སྤྱི་ནོར་༧གོས་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕྱི་ལོ་ ༡༩༥༩ ནས་བཟུང་ད་ལྟའི་བར་དགེ་ཚུལ་སློང་གི་སྡོམ་རྒྱུན་དང༌། དབང་ལུང་ཁྲིད་གསུམ་སོགས་གསུང་ཆོས་ཇི་གནང་དང༌། སྐད་ཡིག་སྣ་ཚོགས་སུ་གསུང་འབུམ་ལྗག་རྩོམ་ཇི་གནང་བཅས་ཀྱི་དཀར་ཆག་འཁོད་པའི་རྣམ་ཐར་ཟུར་བཀོད་ཞིག་རྩོམ་སྒྲིག་པར་སྐྲུན་བྱ་རྒྱུ། ཆོས་རིག།
    ཁ༽ བོད་ཀྱི་དགོན་སྡེ་ཁག་གི་འདས་པའི་ལོ་རྒྱུས་དང༌། ད་ལྟའི་གནས་བབ། རྒྱ་བལ་འབྲུག་གསུམ་གྱིས་མཚོན་ཕྱི་རྒྱལ་ཁག་ཏུ་ཕྱི་ལོ་ ༡༩༥༩ རྗེས་གསར་དུ་བཞེངས་པའི་དགོན་སྡེ། བཙུན་དགོན། སྔགས་གྲྭ་བཅས་ཀྱི་ལོ་རྒྱུས་རྒྱས་བསྡུས་འཚམས་པ་ཞིག་རྩོམ་སྒྲིག་དང་པར་སྐྲུན་བྱ་རྒྱུ། ཆོས་རིག།
    ག འཛམ་གླིང་ཡུལ་གྲུ་ཁག་ཏུ་བོད་བརྒྱུད་ནང་པའི་ཆོས་ཚོགས་ཇི་ཡོད་དང༌། དེ་བཞིན་ལྔ་བཅུ་ང་དགུའི་རྗེས་རྒྱལ་སྤྱིའི་ནང་བོད་བརྒྱུད་ནང་ཆོས་སློབ་ཁྲིད་གནང་མཁན་གྱི་བླ་མ་ཇི་བྱུང་རྣམས་ཀྱི་རྣམ་ཐར་རྒྱུས་བསྡུས་འཚམས་པ་ཞིག་རྩོམ་སྒྲིག་དང་དཔར་བསྐྲུན་བྱ་རྒྱུ། ཆོས་རིག།
    ང༽ བཙན་བྱོལ་དུ་བཤད་གྲྭ་བསྐྱར་གསོ་དང་གསར་འཛུགས། སྒྲུབ་གྲྭ་བསྐྱར་གསོ་དང་གསར་འཛུགས། ཁྱད་པར་གདན་ས་ཆེན་པོ་རྣམས་སུ་གཞུང་ཆེན་སློབ་གཉེར་བྱེད་ཕྱོགས་དང༌། རྒྱུགས་སྤྲོད་དང་མིང་རྟགས་གཏོང་ཕྱོགས་ལ་བསྒྱུར་བཅོས་ལེགས་བཅོས་ཇི་གཏོང་བཅས་ཀྱི་སྐོར་ལོ་རྒྱུས་ཕྱོགས་བསྡུས་དང་རྩོམ་སྒྲིག་པར་སྐྲུན་བྱ་རྒྱུ། ཆོས་རིག།
    ཅ༽ བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་དང་བཅས་པའི་ལོ་རྒྱུས་ཕྱོགས་བསྒྲིགས་ཀྱིས་ལས་རིམ་འགྲོ་བཞིན་པ་ནས་ལོ་རྒྱུས་རྒྱུ་ཆའི་ཡིག་ཆ་ཆ་ཚང་མཁོ་སྒྲུབ་གོ་སྒྲིག་ཟིན་ན་དཔྱད་ཞིབ་ཡིག་ཆར་དམིགས་ཏེ། དེབ་གྲངས་ལྔ་བཅུ་ཙམ་རེ་པར་སྐྲུན་བྱ་རྒྱུའམ། ཡང་ན་བཙན་བྱོལ་བོད་གཞུང་ལས་ཁུངས་མ་ལག་དང་བཅས་པའི་ལས་ཁུངས་སོ་སོའི་ལོ་རྒྱུས་མདོ་བསྡུས་རེ་རྗེས་སུ་ལོ་རྒྱུས་རྒྱས་པའི་ཆ་ཤས་སུ་ཕན་ངེས་རེ་རྩོམ་སྒྲིག་ཀྱིས་པར་འགྲེམས་བྱ་རྒྱུ། ལས་ཁུངས་སོ་སོ།
    ཆ༽ བཙན་བྱོལ་དུ་སལྦ་གྲྭའི་བྱུང་རིམ་གྱི་ལོ་རྒྱུས་ཞིབ་ཕྲ་དང་སློབ་ཁག་སོ་སོའི་ལོ་རྒྱུས་དང་སློབ་ཆོན་གྱི་གྲངས་འབོར། དེ་བཞིན་སྐབས་སོ་སོའི་སློབ་ཚན་དང་སློབ་དེབ། སློབ་དགེ་རིམ་བྱོན་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་རེ་ཕྱོགས་སྒྲིག་དང་པར་སྐྲུན་བྱ་རྒྱུ། ཤེས་རིག།
    ཇ༽ བཙན་བྱོལ་བོད་མིའི་གཞིས་ཆགས་སོ་སོའི་ཐོག་མའི་བྱུང་རབས་དང་ད་ལྟའི་གནས་བབ་ཞིབ་གསལ་འཁོད་པའི་བྱུང་རབས་རྩོམ་སྒྲིག་དང་པར་སྐྲུན་བྱ་རྒྱུ། ནང་སྲིད།
    ཉ༽ འཕྲོད་བསྟེན་སྨན་ཁང་ཁག་གི་བྱང་བྱུང་རབས་དང་ད་ལྟའི་གནས་བབ་རྩོམ་སྒྲིག་དང་པར་སྐྲུན་བྱ་རྒྱུ། འཕྲོད་བསྟེ།
    ཏ༽ བོད་ཀྱི་ཆེས་མཐོའི་སློབ་ཁང་ཁག་དང་དཔེ་མཛོད། ཤེས་ཡོན་སྦྱོང་བརྡུར་སྡེ་ཚན་ཁག་གི་བྱུང་རབས། ད་ལྟའི་གནས་བབ། ཆོས་རིག ཤེས་རིག།
    ཐ༽ རྒྱ་བལ་འབྲུག་གསུམ་ལས་གཞན་པའི་ཡུལ་ལུང་ཁག་ཏུ་གནས་འཁོད་བོད་མི་རྣམས་ཀྱིས་བྱུང་རབས་དང་ད་ལྟའི་གནས་བབ། ན་སྲིད། ཕྱི་དྲིལ
    ད༽ དབུ་མའི་ལམ་གྱི་བྱུང་རབས་དང་བོད་རྒྱ་འབྲེལ་མོལ་ལས་རིམ། ད་ལྟའི་གནས་བབ། བཀའ་ཡིག།
    འགྲེམས་སྟོན་དང་གློག་བརྙན།
    ༧གོང་ས་སྐྱབས་མགོན་ཆེན་པོའི་མཛད་འཕྲིན་དང་བཙན་བྱོལ་བོད་མིའི་ཆོས་དང་རིག་གཞུང༌། ལེགས་བྱང༌། ཤེས་ཡོན། སྤྱི་ཚོགས་ཀྱི་གནས་སྟངས་བཅས་དང་བཟོ་ཞིང་འབྲོག་གསུམ་གྱི་ཐོན་སྐྱེད་འབྲེལ་བའི་པར་རིས་དང་གློག་བརྙན། སྒྱུ་རྩལ་ཁག་གི་འགྲེམས་སྟོན་དང་འཁྲབ་སྟོན། རོལ་དབྱངས་དང་རྟ་དབྱངས་སོགས་ཀྱི་གཟིགས་མོ་རྒྱལ་ས་ལྡི་ལིའི་མཚོན་གལ་ཆེའི་ས་གནས་ཁག་ཏུ་གོ་སྒྲིག་བྱ་རྒྱུ།

    Reply
  3. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    སྐུ་ཞབས་བོད༌། ཤ་ཁྲག་རུས་གསུམ་ལགས་ཀྱིས་རེ་འདུན་བཏོན་པ་བཞིན། ཤོག་ངོས་ ༨ ཅན་གྱི་ལྔ་བཅུའི་དུས་དྲན་སྲུང་གཙི་ཞུ་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་གཤམ་དུ་བཀོད་ཡོད།

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ཤོག་ངོས་བརྒྱད་ཀྱི་ནང་དོན་མདོར་བསྡུས་ཤིག་འདིར་འགོད་ཆོག་པ་ཡིན་ན་ནི་འགོད་རོགས་ཞུ། ཀློག་འདོད་འདུག་གོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese