མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་རྒོལ་ཁག་གསུམ།

བོད་ཀྱི་དུས་བབ།
༢༠༠༩/༠༣/༠༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་མགྱོགས་པོར་བོད་དུ་ཕེབས་དགོས། བོད་རྒྱ་ཞི་བའི་གྲོས་མོལ་ལ་རྒྱ་གཞུང་གིས་ཆེད་དུ་འགོག་རྐྱེན་བཟོ་བཞིན་ཡོད་པ་བོད་པ་ཚང་མས་ཤེས་དགོས། ཞེས་མགོ་ལོག་གསེར་རྟའི་དགེ་འདུན་པ་ཞིག་གིས་སྐད་འབོད་བྱས་ཡོད་འདུག

 

དེ་རིང་ཕྱི་དྲོ་བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་འདི་གའི་གསར་ཁང་ལ་ཆེད་དུ་བཅར་ཏེ། ཉེ་ཆར་བོད་ནང་གི་ལོ་གསར་སྐབས་མགོ་ལོག་གསེར་རྟ་ས་ཁུལ་ཀྱི་ཞི་རྒོལ་ཁག་གསུམ་བྱུང་ཡོད་སྐོར་ངོ་སྤྲོད་གནང་དོན། ཉེ་ཆར་ལོ་གསར་ཚེ་གཅིག་ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡ ཡས་མས་སུ་མདོ་སྨད་མགོ་ལོག་གསེར་རྟ་སེ་ར་དགོན་པའི་གྲྭ་བ་ ༧༠ ཙམ་གྱིས་༧གོང་ས་མཆོག་མྱུར་དུ་བོད་ལ་ཕེབས་དགོས། རྒྱ་གཞུང་གི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཅེས་སྐད་འབོད་རྒྱག་ཞོར་ས་གནས་ཀྱི་ཁེས་སྐོར་ཞང་སྲིད་གཞུང་གི་སྒོ་ཆེན་མདུན་ནས་ཟས་བཅད་ངོ་རྒོལ་བྱས་ཡོད་པ་དང༌། སྐབས་དེར་ས་གནས་གནད་ཡོད་མི་སྣ་མང་པོ་ཡོང་སྟེ། ཁྱེད་ཚོས་ཟས་བཅད་ངོ་རྒོལ་འཕྲལ་དུ་ཕྱིར་འཐེན་མ་གནང་ཚེ། སྔར་ལོ་ལྟར་རྒྱ་གཞུང་གི་ཡ་ང་སྙིང་རྗེ་མེད་པའི་དམག་མི་དང༌། ཉེན་རྟོག་པས་ཁྱེད་རྣམས་དམར་གསོད་གཏོང་ངེས་རེད། ཅེས་འབོད་སྐུལ་ཞུས་ཡོད་སྟབས། ཟས་བཅད་ངོ་རྒོལ་ཆུ་ཚོད་ ༣ ཙམ་གནང་རྗེས་ཕྱིར་འཐེན་བྱས་འདུག ཅེས་གསུངས་བྱུང༌།

 

ཁོང་གིས་མུ་མཐུད་དུ་གསུངས་དོན། ད་ལོ་གསེར་རྟ་ས་ཆར་ལོ་སར་གཏོང་མཁན་མེད་པ་མ་ཟད། ཁྱིམ་ཚང་སོ་སོའི་སྒོ་འགྲམ་དང་ཁང་སྟེང་སོགས་སུ་དར་ནག་ཕྱར་ཡོད་པ་དང༌། དེ་ནི་འདས་ལོའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་སྐྱེད་དང༌། རྒྱ་གཞུང་ལ་ངོ་རྒོལ་མཚོན་ཆེད་ཡིན་འདུག ད་དུང་ཉིན་དེར་གསེར་རྟ་རྫོང་ཐོག་ཏུ་གྲྭ་བ་ཞིག་གིས་༧གོང་ས་མཆོག་མགྱོགས་པོར་བོད་དུ་ཕེབས་དགོས། བོད་རྒྱ་ཞི་བའི་གྲོས་མོལ་ལ་རྒྱ་གཞུང་གིས་ཆེད་དུ་འགོག་རྐྱེན་བཟོ་བཞིན་ཡོད་པ་བོད་པ་ཚོས་ཤེས་དགོས། རྒྱ་གཞུང་ལ་ང་ཚོས་ངོ་རྒོལ་ཡོད། བོད་ནི་གནའ་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཡིན། ཞེས་སྐར་མ་བཅུ་ཙམ་ལ་སྐད་འབོད་བྱས་ཡོད་པ་དང༌། སྐབས་དེར་རྫོང་ཉེན་རྟོག་པ་དང་དམག་མི་ཡོང་སྟེ་རུབ་རྡུང་བྱེད་བཞིན་དགེ་འདུན་པ་དེ་བཙན་ཁྲིད་བྱས་ཡོད་འདུག དགེ་འདུན་པ་དེ་དགོན་པ་གང་ནས་ཡིན་པ་དང་མཚན་ལ་ཅི་ཟེར་བ་སོགས་ཀྱི་གནས་ཚུལ་ཁ་གསལ་ཤེས་རྟོགས་མི་འདུག གནད་དོན་དེའི་ཐད་ཉིན་འདི་གར་གསེར་རྟ་ས་ཁུལ་གྱི་དགོན་པ་ཁག་དང་རྫོང༌། དཀར་མཛེས་ཁུལ་བཅས་ཀྱི་ངོ་ཤེས་ཚོར་ཁ་པར་ཐེངས་མང་བརྒྱབས་ཀྱང༌། ཐེངས་གཅིག་ལའང་མཐུད་ཐུབ་མ་སོང༌། ད་ལྟ་གསེར་རྟ་ས་ཁུལ་གྱི་གནས་སྟངས་ཅི་ཆགས་ཤེས་རྟོགས་བྱ་ཐབས་མི་འདུག བོད་ནང་ལ་ཁ་པར་མཐུད་ཐུབ་མེད་པ་དེར་བློ་འཚབ་ཧ་ཅང་ཆེན་པོ་འདུག གནད་དོན་དེ་བོད་གཞུང་བདེ་སྲུང་ལའང་དེ་རིང་འབྲེལ་བ་ཞུས་པ་ཡིན། ཞེས་གསུངས་སོ

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese