མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་སྲོག་གི་འགྲན་རྩོད།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་མའི་མངལ་དུ་སྤྲུམ་ཉིན་ནས
ཧམ་སེམས་དང་འདོད་ཞེན་གྱི་འགོ་འབུས་དེ
ཨ་མ་དྲིན་མོ་ཆེ་དང་ལྷན་དུ
ཧ་ལས་པའི་ཚད་འདས་ཀྱི་མྱོང་བྱང་ལ་བརྒྱུས

ས་མཐར་ལུས་པའི་འགྲུལ་བ་ཆགས་ཉིན་ནས
ཤ་ཟད་ཀྱང་རུས་ལ་ཐུག་གི་བར་དུ
ལར་ཞེན་མེད་ཀྱང་ཡོད་ཁུལ་གྱིས
ར་བ་ཅན་གྱི་གདུང་རྒྱུད་དུ་རློམ

ཡ་ཆུང་སེམས་ཀྱི་ཡོད་འཕྲོག་མ་འཕྲད་པ་ནས
འུ་ཐུག་ཐབས་ཟད་ཀྱི་སྨྲེ་སྔགས་འདྲ་མིན་སྐྱོར་ཞོར
ཟ་ཁང་དང་འབྲེལ་བའི་ལས་རིགས་མང་བོ
ཞར་དང་ཞོར་དུ་མི་བྱེད་རང་དབང་མེད་པར་གྱུར

ཝ་ཤུལ་ཚང་གི་མི་རྒྱུད་དུ་མ་གྱུར་ཡང་
ཛ་ཏུ་བའི་ལུགས་སྲོལ་དང་མ་འདྲིས་པར
ཚབ་ཆེན་རང་བཞིན་གྱིས་ནོར་འཁྲུལ་མེད་ཀྱང་
ཙོང་བཙོང་མཁན་གྱི་རྒྱ་མི་ལས་བཟང་དུ་གྱུར

མ་འགྲོ་བའི་བདེ་དོན་ལ་སེམས་འཁུར་རྫུན་མ་རེ་ཡིས
བན་སེར་མོ་ཚང་གི་ཆོས་སྒོར་འགྲིམ་མྱོང་ན་ཡང་
ཕ་བླ་མའི་ཐུགས་དགོང་མ་རྟོགས་པར
པ་སངས་ལྟ་བའི་སེམས་གཤིས་ཅུང་ཙམ་རྙེད

ན་སོ་རིམ་གྱིས་རྒས་ཀྱང་
དད་པ་རྩེ་གཅིག་གི་དཔྱོད་ཤེས་གནས་ཟིན་མེད་པར
ཐ་མལ་བའི་གྲལ་མཇུག་ཞིག་ནས
ཏ་ལའི་ཚང་གི་སྐུ་གསུང་གཉིས་ཀྱི་ཐོས་འཇལ་མིང་ཙམ་ཆགས

ཉན་ཞོར་དང་བཤད་ཞོར་དུ
ཇ་ཧུབ་བཀང་རེ་འཐུང་དུས
ཆབ་སྲིད་ཀྱི་གོ་རྟོགས་ཙམ་ཞིག་ཡོད་སྲིད་ཀྱང་
ཅལ་འགྲོགས་ཀྱི་ལས་མཇུག་བ་མིན་ཙམ་གྱུར

ངལ་རྩོལ་དང་ཤེས་བྱ་ལྷན་དུ་སྤྱོང་མྱོང་བྱེད་དུས
གངས་ཅན་པ་ཚང་གི་མིང་ཙམ་འཛིན་མཁན་ཞིག་ལ
ཁ་སེམས་པའི་གཏིང་ནས་རེ་ན་ཡང་
ཀུན་ལ་དགེ་བའི་ལས་ཤིག་མ་བྱུང་ངོ་

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

ཆུ་ཚོད་ ༢༢ སྔོན་ལ།
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

མཆན། 4

  1. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་ཁྱེད་རྣམ་པ་གསུམ་གྱིས་རང་རང་གི་གང་བསམ་པ་དེ་དག་འདི་རུ་ཡོང་ནས་ང་རང་ལ་བསམ་ཚུལ་གནང་བ་དེར་ཐུགས་རྗེ་ཆེ། དམིགས་གསལ་གྱིས་བོན་རྒྱ་ལགས། ཁྱེད་རང་གིས་གྲ་བས་སྙན་ངག་འབྲི་མི་ཤེས་པ་ཁས་ལེན་བྱས་རྗེས་སུ་ད་གཟོད་སྙན་ངག་ཟེར་བ་ནི་འདི་འདྲ་ཞིག་མ་ཡིན་ནོ་ཟེར་ནས་གསུང་གི་འདུག་པ་འདིར་བལྟས་པ་ཡིན་ན། ཉིད་ཀྱིས་སྙན་ངག་འབྲི་ཤེས་པ་ཙམ་མ་ཡིན་པར་སྙན་ངག་ཟེར་བ་དེ་ལ་ཡང་ས་མཚམས་ཤིག་ཀྱང་ཡོད་པ་ལྟ་བུ་ཞིག་གསུང་འདུག་ན། སྐུ་ཉིད་ཀྱིས་སྙན་ངག་འབྲི་ལུགས་གསར་བ་ཞིག་ཡོད་མེད་དང་མེད་ན་སྙན་ངག་ཟེར་བ་དེ་ནི་མི་རང་རང་ལ་འབྲི་ལུགས་ཤིག་གསར་བ་གང་ཡང་མེད་པར། སྙན་ངག་ཟེར་བ་ནི་འདི་ལས་བརྒལ་མི་རུང་བ་ཡིན་ཟེར་ནས་གསལ་བཤད་གསལ་བོ་ཞིག་གནང་ཐུབ་ན་ང་རང་གི་རེ་བ་ཡིན། གལ་ཏེ་སྐུ་ཉིད་ལ་དུས་ཚོད་ཀྱི་ཁོམ་ལོངས་མེད་པར་བཀའ་ལན་གནང་མ་ཐུབ་ཀྱང་འགྲིག་གི་ཡོད། ཨོ་རེད། ངས་ནམ་ཡང་ང་རང་སྙན་ངག་འབྲི་མཁན་ཞིག་ཡིན་ཟེར་ནས་ཕལ་ཆེར་གླེང་མེད་པ་ཡོད། ཡིན་ཡང་། ང་རང་སྙན་ངག་ལ་དགའ་བ་དེ་ནི་དངོས་ཡོད་ཡིན། གོང་ནས་ཁྱེད་རང་གི་ཐུགས་རྒྱལ་མ་བཞེངས་ཟེར་ནས་གསུང་འདུག དཔེ་མེད། སྐད་ཆ་དེ་ཙམ་གྱིས་ཁོང་ཁྲོ་ཟ་དགོས་བྱུང་ན་ནི་དྲ་ཐོག་འདིར་ཡོང་ནས་དུས་ཚོད་སྟོང་དགོས་དོན་གང་ཡང་མེད་པ་རེད།

    Reply
  2. kangwod says:
    ལོ་ 17 སྔོན།

    དགོངས་དག་ཐུགས་རྒྱལ་མ་བཞེངས། ཡིན་ནའང། ངས་འདིར་སྙན་ངག་ཟེར་ཐུབ་ཀི་མེད། ལྷག་པར་ཏཱ་ལའི་ཚང་གི་ཟེར་བ་དེ་རྒྱ་ནག་གི་དམོད་སྐད་ཅིག་རེད།
    ཡིན་ནའང། ཁྱེད་སྤྱིར་བཏང་དྲ་སྟེང་ཤུགས་བརྒྱབ་ནས་འཇུག་པ་ལ་རྗེས་སུ་ཡི་རངས་ཡོད། སེམས་གཏིང་ནས་ཡི་རངས་ཡོད། ཡིན་ནའང་སྙན་ངག་ཟེར་བ་སྒང་གི་འདི་འདྲ་ཞིག་མ་རེད། འདི་མོ་འདི་སྙན་ངག་ཡིན་ན། ཁ་གདངས་ཚད་གླུ་དང་ཡི་གེར་བྲིས་ཚད་སྙན་ངག་ཆགས་འགྲོ་གི་རེད།

    Reply
  3. samkhar says:
    ལོ་ 17 སྔོན།

    ཚོར་བའི་རླབས་ཕྲེང་དྲག་ཏུ་འཕྱུར་བའི་རྩོམ་རིགས་ཤིག་ཡིན་ན།
    ངས་དེ་ལ་དོན་དམ་པའི་སྙན་ངག་ཅིག་ཏུ་འདོད་ཀྱིན་ཡོད།
    བོད་ཤ་ཁྲག་རུས་གསུམ་ལགས།
    རྩོམ་ཐབས་འདི་ཡང་རྩོམ་རྩལ་ཇི་ལྟར་ཡིན་མིན་ལ་མ་བལྟོས་པར་
    བསྔགས་འོས་སུ་མཆིས་པས་ད་དུང་གོམ་སྟབས་རེ་སྤོ་རོགས།
    དཀའ་སྤྱད་ཁུར་དུ་འཁྱེར་ནུས་ན།།
    མི་འགྲུབ་བྱ་བ་ཅི་ཡང་མེད།།

    ཞེས་གསུངས་པ་ལྟར་རོ།།

    Reply
  4. lhachapjinpa says:
    ལོ་ 17 སྔོན།

    སྙིང་ཉེ་བའི་དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས། ཁྱོད་ཀྱིས་བྲིས་པའི་རང་མོས་ཀ་ཕྲེང་ཅན་དག་ཚང་མ་བཀླགས་ཟིན། ལྷག་པར་ད་ཐེངས་ཀྱི་འདིའི་སྟེང་ནས་ཁྱོད་ལ་ཡར་རྒྱས་ཀྱི་རྣམ་པ་མངོན་གསལ་ཐོན་འདུག འབད་བརྩོན་བྱོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese