མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཚེ་བ་མེད་པ་ཞི་བདེ་ལས་ནུས་སྟོབས་ཆེ་བ་ཡོད།

བོད་ཀྱི་དུས་བབ།
༢༠༠༩/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཆོས་ལུགས་ཁག་ཚང་མས་འཚེ་བ་མེད་པ་གཙོ་བོར་འཛིན་གྱིན་ཡོད། འཛམ་གླིང་ཞི་བདེ་ཡི་མིང་ཁྱེར་ཏེ་དམག་དཔུང་འབོར་ཆེན་ཕུང་གསོག་བྱེད་པ་ཡོང་གིན་ཡོད། འཚེ་བ་མེད་པ་ཡོང་ཐབས་སུ་དམག་དཔུང་བསྡུ་སྐོང་བྱེད་པ་ཧ་ཅང་དཀོན། དེར་བརྟེན། ཞི་བདེ་དང་འཚེ་བ་མེད་པ་གཉིས་ཀྱི་དོན་དག་འདྲ་བོ་ཡིན་རུང༌། མཚམས་རེར་འཚེ་བ་མེད་པ་ཞི་བདེ་ལས་ནུས་སྟོབས་ཆེ་བ་ཆགས་ཀྱིན་ཡོད། ཅེས་༧གོང་ས་མཆོག་གིས་གསུངས།

 

རྒྱ་གར་ཆོས་རིག་ལེགས་བྱང་སྲུང་སྤེལ་ཚོགས་པའི་གོ་སྒྲིག་འོག ཕྱི་ཚེས་ ༥ ཉིན་གྱི་ཞོགས་པར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། འཛམ་གླིང་ཞི་བདེ་ཡོངས་ཐབས་ལ་རྒྱ་གར་གྱི་ལྟ་སྟངས། ཞེས་བའི་རྒྱ་གར་ཆོས་ལུགས་རིས་མེད་ཀྱི་ཞི་བདེ་ལྷན་ཚོགས་ཐེངས་ ༢ དེ་སྐོང་ཚོགས་གནང་ཡོད་པ་དང༌། ལྷན་ཚོགས་དེའི་སྐུ་མགྲོན་གཙོ་བོར་སྤྱི་ནོར་༧གོང་ས་མཆོག་དང་དཔལ་རྒྱལ་བ་ཀརྨ་པ། རྒྱ་གར་གྱི་ཨཅརྱ་སའོ་མའེ་ངྷན་ནན་ཏི་དང་སའོ་མའེ་ཅེ་ཐི་ཨ་ནན་ཏི། ཨ་ཅརྱ་ཤེ་རེ་རོབ་ཅན་ངྷི་ར་རྗེ་བཅས་ཧིན་ངྷི་དང་རྗེན་སོགས་ཆོས་ལུགས་རིས་མེད་ཀྱི་དབུ་ཁྲིད་རྣམ་པ་བཅས་གདན་ཞུ་གནང་ཡོད་པ་དང༌། བོད་གཞུང་གི་བཀའ་བློན་རྣམ་པ་དང་སྤྱི་འཐུས་རྒྱུན་ལས། གཞན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་གྲྭ་དང་ཆོས་ཀྱི་བསྟི་གནས་ཁག་གི་སྐུ་ཚབ། ངྷ་རམ་ས་ལ་ཁུལ་གྱི་རྒྱ་གར་ཡུལ་མི་དང་བོད་རིགས་མང་ཚོགས་བཅས་མི་གྲངས་ ༡༥༠ ཙམ་ཕེབས་ཡོད།  

 

སྐབས་དེར་རྒྱ་གར་ཧིན་ངྷིའི་ཆོས་ལུགས་ཀྱི་དབུ་ཁྲིད་ཨཅརྱ་སའོ་མའེ་ངྷན་ནན་ཏི་མཆོག་གིས་བཀའ་སློབ་གནང་དོན། དེ་རང་འདིར་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸ཏཱ་ལའི་བླ་མ་མཆོག་གཙོས་པས་ཆོས་ལུགས་ཁག་གི་དབུ་ཁྲིད་མང་པོ་ཞིག་མཉམ་འཛོམས་ཀྱིས་འཛམ་གླིང་ཞི་བདེ་ཐད་སྐད་ཆ་བཤད་རྒྱུ་བྱུང་བ་དེ་ཧ་ཅང་གི་གཟི་བརྗིད་ཆེན་པོ་དང་དོན་སྙིང་ལྡན་པ་ཞིག་རེད། ལྷག་པར་དུ་གོང་ས་༸ཏཱ་ལའི་བླ་མ་མཆོག་གིས་སྔར་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་ཡོད་ལ། ད་དུང་མུ་མཐུད་དུ་འཛམ་གླིང་ཞི་བདེའི་ཆེད་རླབས་ཆེན་གྱི་ཕྱག་ལས་མང་པོ་གནང་མུས་ཡིན། ནང་པ་སངས་རྒྱས་པ་དང་ཧིན་ངྷི། རྗེན་སོགས་ཆོས་ལུགས་གང་ཞིག་ཡིན་རུང་ཆོ་ཀ་ཕྱག་ལེན་དང་ལྟ་གྲུབ། ཉམས་ལེན་བྱེད་སྟངས་སོགས་ཕྲན་བུ་མི་འདྲ་བ་ཡོད་ཀྱང༌། རྩ་བའི་ཆ་ནས་ཆོས་ལུགས་ཚང་མའི་དགོངས་དོན་སྙིང་བོ་འཛམ་གླིང་ཞི་བདེ་དང༌། འགྲོ་བ་མིའི་རིགས་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་བསྒྲུབ་རྒྱུ་དེ་ཡིན་སྟབས། ཆོས་ལུགས་ཁག་གིས་ནུས་པ་གཅིག་སྒྲིལ་བྱས་ཏེ། འཚེ་བ་མེད་པ་དང་འཛམ་གླིང་ཞི་བདེ་ཆེད་འབད་བརྩོན་བྱ་དགོས། ཞེས་གསུངས་སོང༌།

 

དེའི་རྗེས་༸གོང་ས་མཆོག་གིས་བཀའ་སློབ་གནང་དོན། ང་ཚོ་བོད་པའི་ལོ་རྒྱུས་ནང༌། བོད་མི་རིགས་དང་ཆོས་ལུགས། རིག་གཞུང་བཅས་རྒྱ་གར་དང་འབྲེལ་བ་གཏིང་ཟབ་ཡོད་པ་ཞིག་ཆགས་བསྡད་ཡོད་ལ། རྒྱ་གར་ནི་ལོ་ངོ་སྟོང་ཕྲག་དུ་མའི་སྔོན་ནས་རིག་གཞུང་འདྲ་མིན་དར་རྒྱས་ཕྱིན་ཞིང༌། ཡི་ཤུ་དང་ཇེའུ། ཧིན་ངྷི་དང་ནང་པ། རྗེན་དང་ཁ་ཆེ་སོགས་ཆོས་ལུགས་འདྲ་མིན་ལ་དད་མོས་བྱེད་མཁན་ཚོས་ཕན་ཚུན་འཆམ་མཐུན་མཉམ་གནས་ཀྱིས་འཚོ་སྡོད་བྱས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་སྟབས། ང་ཚོ་ཆོས་བརྒྱུད་མི་འདྲ་བའི་མི་སྣ་ལྷན་འཛོམས་ཀྱིས་འཛམ་གླིང་ཞི་བདེ་དང་སྤྱི་ཚོགས་བདེ་དོན་ལ་མཉམ་དུ་ལས་ཀ་བྱེད་ཐུབ་ཀྱིན་ཡོད། ཆོས་ལུགས་ཁག་ཚང་མས་འཚེ་བ་མེད་པ་གཙོ་བོར་འཛིན་གྱིན་ཡོད། འཛམ་གླིང་ཞི་བདེ་ཡི་མིང་ཁྱེར་ཏེ་དམག་དཔུང་འབོར་ཆེན་ཕུང་གསོག་བྱེད་པ་ཡོང་གིན་ཡོད། འཚེ་བ་མེད་པ་ཡོང་ཐབས་སུ་དམག་དཔུང་བསྡུ་སྐོང་བྱེད་པ་ཧ་ཅང་དཀོན། དེར་བརྟེན། ཞི་བདེ་དང་འཚེ་བ་མེད་པ་གཉིས་ཀྱི་དོན་དག་འདྲ་བོ་ཡིན་ཡང༌། མཚམས་རེར་འཚེ་བ་མེད་པ་ཞི་བདེ་ལས་ནུས་སྟོབས་ཆེ་བ་ཆགས་ཀྱིན་ཡོད།

 

ནང་སེམས་ཀྱི་ཐོག་ནས་བྱམས་པ་དང་བརྩེ་བ། སྙིང་རྗེ་སོགས་ཀྱི་ཀུན་སློང་དང་ལྡན་པ། གཞན་གྱི་བདེ་དོན་ལ་སེམས་ཁུར་དང་ཐོབ་ཐང་ལ་བརྩི་བཀུར་ཡོད་པའི་ཐོག གཞན་ལ་ཉེས་རྡུང་ལྟ་བུ་ཏོག་ཙམ་བྱུང་ཡང་འཚེ་བའི་ལས་སུ་འགྲོ་བ་མ་རེད། གཞན་ལ་མགོ་བསྐོར་དང་བསླུ་བྲིད། ཕ་རོལ་བོ་རྩ་བརླག་གཏོང་འདོད་ཀྱི་ཀུན་སློང་ངན་པ་ཞིག་བཅངས་ཏེ། ཁ་མཁས་ཚིག་སྙན། གདོང་ལ་འཛུམ་མདངས་ལྡན་པ་བྱས་ཀྱང༌། ཕྱིའི་ལུས་ངག་གི་རྣམ་འགྱུར་ལ་འཚེ་བ་མེད་པ་ལྟ་བུར་མཐོང་ཡང༌། གཞན་ལ་བསླུ་བྲིད་དང་གནོད་སེམས་ཀྱི་ཀུན་སློང་དང་འགྲོག་ཡོད་སྟབས་འཚེ་བའི་ལས་ཆགས་ཀྱིན་ཡོད། སྤྱི་བཏང་འཚེ་བ་མེད་པ་ཟེར་བ་དེ་ཚིག་ཙམ་ལ་བལྟ་རྒྱུ་མ་ཡིན་པར་ནང་སེམས་ཀྱི་ཀུན་སློང་གཙང་མིན་ལ་རག་ལས་ཡོད། ཅེས་དང༌། ངས་དེ་རིང་ཁྱེད་ཅག་ལ་གསལ་བོ་བཟོ་རྒྱུ་ཞིག་ལ།  ང་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་རིན་ཐང་དང༌། ཐོབ་ཐང་སྲུང་སྐྱོབས་དེ་ངའི་ལས་འགན་དང་པོ་ཡིན་ལ། ང་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་ནང་ཆོས་དར་སྤེལ་དང༌། འཛམ་གླིང་ཆོས་ལུགས་འཆམ་མཐུན་མཉམ་གནས་དེ་ངའི་ལས་འགན་གཉིས་ཡིན། ང་རང་བོད་པ་ཞིག་ཡིན་པ་དང་ལྷག་པར་དུ་༸ཏཱ་ལའི་བླ་མ་ཡིན་པའི་ཆ་ནས་བོད་པའི་རྩ་དོན་དེ་ངའི་ལས་འགན་གསུམ་པ་དེ་ཆགས་ཡོད། ཅེས་གསུངས་སོང༌།

 

གཞན། ཐེངས་འདིའི་ཞི་བདེ་ལྷན་ཚོགས་དེའི་སྟེང༌། རྒྱ་གར་ཆོས་ལུགས་ཁག་གི་མི་སྣ་ཚོས་༸གོང་ས་མཆོག་ལ་རྒྱ་གར་གཞུང་གིས་མི་སེར་གྱི་ཆེས་བསྟོད་འབུལ་དགོས་པ་དང༌། བོད་མི་སྐྱབས་བཅོལ་བ་རྣམས་ལ་རྒྱ་གར་གྱི་མི་སེར་ལག་ཁྱེར་སྤྲོད་དགོས་པ་བཅས་ལ་རྒྱ་གར་གྲོས་ཚོགས་ནང་གླེང་སློང་བྱ་དགོས་པའི་འབོད་སྐུལ་ཡང་ཞུས་སོང༌། ཉིན་གུང་ཆུ་ཚོད་ ༡ སྟེང་བོད་གཞུང་ཟློས་གར་ཁང་དུ་གཞས་སྣ་འཁྲབ་སྟོན་དང༌། རྒྱ་གར་ཐུགས་རྗེ་ཆེ། ཞེས་པའི་གློག་བརྙན་གཟིགས་འབུལ་གྲུབ་རྗེས། ཟློས་གར་སྤོ་ལོ་རྩེད་ཐང་ནས་སྐུ་མགྲོན་ཡོངས་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་སོང༌།

འབྲེལ་ཡོད་གསར་འགྱུར།

Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

ཆུ་ཚོད་ ༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣

མཆན། 1

  1. ཨ་བྱམས་རྒྱལ། says:
    ལོ་ 17 སྔོན།

    ཡག་པོ་འདུག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese