མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྒོ་སླར་ཡང་ཕྱེས།

བོད་ཀྱི་དུས་བབ།
༢༠༠༩/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པའི་ཚོགས་པ་ཞིག་ལྷ་སར་འབྱོར་ཡོད་པ་དང༌། རྒྱ་གཞུང་གིས་བོད་དུ་ཡུལ་སྐོར་སྤྲོ་འཆམ་གྱི་སྒོ་མོ་ཕྱེས་ཡོད་ཚུལ་བསྒྲགས་ཀྱང༌། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང༌། གསར་འགོད་པ་བོད་དུ་བསྐྱོད་རྒྱུར་མུ་མཐུད་དམ་དྲག་བྱ་རྒྱུ་ཡིན་འདུག

 

ཚེས་ ༥ ཉིན་འཇར་མན་ནས་ཡིན་པའི་མི་གྲངས་ ༡༡ ཅན་གྱི་ཡུལ་སྐོར་ཚོགས་པ་ཞིག་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་ཡོད་པ་དང༌། ཡུལ་སྐོར་བ་དེ་དག་གིས་པོ་ཏཱ་ལ་སོགས་སུ་ལྟ་སྐོར་ལ་འགྲོ་སྐབས་ཀྱི་པར་རྒྱ་ནག་གཞུང་འབྲེལ་ཚགས་ཤོག་དང་དྲ་རྒྱ་སོགས་སུ་བཀྲམས་ཏེ། བོད་དུ་སླར་ཡང་ཡུལ་སྐོར་བའི་སྒོ་ཕྱེས་ཡོད་ཚུལ་གསལ་བསྒྲགས་བྱས་ཡོད་འདུག དེ་ནི་སྤྱི་ཟླ་ ༡ པོའི་ཚེས་མགོར་རྒྱ་ནག་གིས་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་ཏེ། བོད་ཆོལ་ཁ་གསུམ་གྱི་བོད་རིགས་འདུས་སྡོད་བྱེད་སའི་ས་ཁུལ་གང་སར་ཡོད་པའི་ཕྱི་རྒྱལ་ཡུལ་སྐོར་ལྟེ་གནས་ཁག་སྒོ་རྒྱག་དགོས་པའི་བཙན་བཀའ་བཏང་བ་དང༌། ཐེངས་འདིའི་འཇར་མན་ཡུལ་སྐོར་བ་དེ་དག་ནི་ཕྱི་རྒྱལ་ཡུལ་སྐོར་བ་བོད་དུ་ཡོང་མ་ཆོག་པར་ཟླ་གསུམ་ལྷག་འགོར་བའི་རྗེས་བོད་དུ་ཡུལ་སྐོར་བ་འབྱོར་ཐེངས་དང་པོ་ཡིན་འདུག

 

རྒྱ་ནག་གིས་སླར་ཡང་བོད་ཀྱི་ཡུལ་སྐོར་སྤྲོ་འཆམ་ལྟེ་གནས་ཁག་གི་སྒོ་ཕྱེ་ཡོད་སྐོར་དང་ཟླ་ ༤ བའི་ནང་དུ་ཨ་རི་དང་ཁེ་ན་ཌ། ཧཕ་རན་སི། ཉི་ཧོང༌། ཨི་ཊི་ལི་སོགས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཡུལ་སྐོར་བ་གྲངས་ ༤༠༠ ལྷག་བོད་དུ་སྤྲོ་འཆམ་ལ་ཡོང་རྒྱུ་ཡིན་སྐོར་བསྒྲགས་འདུག འོན་ཀྱང༌། སི་ཁྲོན་དང་ཀན་སུའུ། མཚོ་སྔོན་སོགས་ཀྱི་བོད་རིགས་འདུས་སྡོད་ཁུལ་གྱི་ཡུལ་སྐོར་ལྟེ་གནས་ཁག་གིས་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པར་སྣེ་ལེན་བྱ་ཆོག་མིན་གོང་རིམ་ནས་གསལ་བཤད་གང་ཡང་བྱས་ཡོད་མི་འདུག དམིགས་བསལ་གྱིས་ཕྱི་རྒྱལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་མི་དང་རྒྱལ་སྤྱིའི་གསར་འགོད་པ་སོགས་བོད་དུ་བསྐྱོད་པར་རྒྱ་ནག་གཞུང་གིས་མུ་མཐུད་དམ་དྲག་བྱ་རྒྱུ་ཡིན་འདུག

 

ཕྱི་ཟླ་ ༢ བའི་ཚེས་ ༡༢ ཉིན་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཅང་ཡུའུ་ཡིས་གསར་འགོད་པ་བོད་ནང་དུ་གཏོང་གི་མེད་པ་དེ་ནི། བོད་ནང་གི་བརྟན་བརླིང་དང་བདེ་འཇགས་ཀྱི་ཆེད་དུ་ཡིན་ཚུལ་གསར་འགོད་པར་ལན་འདེབས་བྱས་ཡོད་ཀྱང༌། རྒྱལ་སྤྱིའི་གསར་ལམ་ཁག་ནས་ད་ལོ་ནི་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གཞན་ཡུལ་ལ་བྲོས་བྱོལ་དུ་ཕེབས་ནས་མི་ལོ་ ༥༠ འཁོར་བ་དང༌། བོད་ས་བཙན་བཟུང་བྱས་ནས་མི་ལོ་ ༥༠ འཁོར་བའི་དམིགས་བསལ་གྱི་ལོ་ཞིག་ཡིན་ཁར། རྒྱ་ནག་གཞུང་གིས་བོད་ཁུལ་གྱི་དམ་དྲག་དང་གནས་སྟངས་དངོས་དེ་སྦས་གསང་བྱ་ཐབས་ལ་ཕྱི་རྒྱལ་ཡུལ་སྐོར་བ་དང་གསར་འགོད་པ་བོད་ནང་དུ་གཏོང་གིན་མེད་པར་ངོས་འཛིན་བྱས་ཡོད།

འབྲེལ་ཡོད་གསར་འགྱུར།

ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

ཆུ་ཚོད་ ༦ སྔོན་ལ།
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

ཆུ་ཚོད་ ༦ སྔོན་ལ།
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

ཆུ་ཚོད་ ༩ སྔོན་ལ།
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦
དཀར་མཛེས་རྫོང་འབྲུང་རྔ་གྲོང་གི་དཀར་མཛེས་ད་དགོན་པའི་དགེ་རྒན་དཔལ་ལྡན་ཡེ་ཤེས་ལགས། ནོར་ཝེ་རླུང་འཕྲིན་ཁང་གི་པར། 
Mobile App

རྒན་དཔལ་ལྡན་ཡེ་ཤེས་ལགས་ཀྱི་སྤུན་མཆེད་ཀྱང་བདུན་ཕྲག་གཅིག་ལྷག་རིང་བཀག་ཉར་གྱིས་གཅར་རྡུང་བྱས་འདུག 

༢༠༢༦/༠༣/༠༦

མཆན། 1

  1. གངས་རི། says:
    ལོ་ 17 སྔོན།

    གོང་གི་གསར་འགྱུར་འདིའི་ཁྲོད་དུ་༧གོང་ས་མཆོག་བྲོས་བྱོལ་དུ་ཕེབས་ནས་ཞེས་པ་༧གོང་ས་མཆོག་དང་བོད་གཞུང་དམངས་བཙན་བྱོལ་དུ་ཕེབས་ནས་ཞེས་བཅོས་རྒྱུ་དང་། བོད་ས་བཙན་བཟུང་བྱས་ནས་མི་ལོ་༥༠འཁོར་བ་ཞེས་པ་ཡོངས་སུ་ནོར་ཏེ་བོད་ས་བཙན་བཟུང་བྱས་ནས་མི་ལོ་༦༠དང་། བོད་ཡོངས་བཙན་བཟུང་བྱས་ནས་མི་ལོ་༥༠འཁོར་ཞེས་བརྗོད་དགོས་པ་ལགས། བཙན་བྱོལ་བོད་གཞུང་གི་ཚིག་བརྗོད་ལྟར་ན་བོད་གཞུང་དམངས་བཙན་བྱོལ་དུ་འབྱོར་ནས་མི་ལོ་༥༠འཁོར་བ་ཞེས་སུ་ཡོད། འདི་དག་གིས་གོ་དོན་སྟེར་སྟངས་དང་བརྗོད་སྲོལ་མི་འདྲ་བ་ཡོད་པ་ནི་ཚིག་གི་གནད་དོན་ཙམ་མ་ཡིན་པ་ངེས་པར་ཐུགས་འཇགས་ཡོད་པ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese