མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམ་པ་བློ་བཟང་རྒྱ་མཚོ་མཆོག་གི་ཡང་སྲིད་ཁྲི་འདོན།

བོད་ཀྱི་དུས་བབ།
༢༠༠༩/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

སྐྱེས་བུ་དམ་པ་རྣམས་ནི་འཁྲུངས་པ་བསྟན་འགྲོའི་དོན་དང་འཚོ་བའང་བསྟན་འགྲོའི་དོན། གཤེགས་པའང་བསྟན་འགྲོའི་དོན་ཡིན་པ་ལྟར། ༧གོང་ས་མཆོག་གིས་དམ་པ་གང་གི་ཡང་སྲིད་ཐད། དམིགས་བསལ་དགོངས་བཞེས་ཀྱིས་བཀའ་སློབ་ལམ་སྟོན་བསྩལ་དོན་བཞིན། དམ་པ་གང་གི་ཡང་སྲིད་འཁྲུལ་བྲལ་རྙེད་དེ། བོད་གངས་ཅན་བསྟན་འགྲོ་རིག་གཞུང་དང་བཅས་པའི་དོན་བྱ་བར་སྐུ་གོང་མ་བཞིན། འགྲན་ཟླ་མེད་པའི་སྐྱེས་བུ་དམ་པ་ཞིག་ཡོང་བའི་སྨོན་ལམ་ཡོད་ཟེར།

 

ཕྱི་ཚེས་ ༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༡ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ངྷ་ས་རིག་ལམ་སློབ་གཉེར་ཁང་གི་དགེ་དམ་པ་བློ་བཟང་རྒྱ་མཚོ་མཆོག་གི་ཡང་སྲིད་བསྟན་འཛིན་ཚེ་བརྟན་རིན་པོ་ཆེ་མཆོག་ཁྲི་འདོན་རྟེན་འབྲེལ་གྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང༌། ཁྲི་འདོན་མཛད་སྒོ་དེར་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུས་གཞུང་ཞབས་ལས་བྱེད་ཆེ་ཕྲ་དང༌། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ། རིག་ལམ་སློབ་གཉེར་ཁང་དང་ས་རཱ་མཐོ་སློབ་ཀྱི་དགེ་སློབ་ཡོངས། དེ་བཞིན་ངྷ་ས་ས་གནས་མི་མང་བཅས་འདུ་འཛོམས་བྱུང་ཡོད། ཆུང་སྲིད་དེ་ཉིད་ ༢༠༠༦ ལོའི་ཕྱི་ཟླ་ ༢ པའི་ཚེས་ ༡ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་སུ་གནས་བཞུགས་ཡབ་ཚེ་རིང་རྒྱལ་མཚན་དང༌། ཡུམ་སྐལ་བཟང་དབྱངས་སྐྱིད་རྣམ་གཉིས་ཀྱི་རིགས་སྲས་བསྟན་འཛིན་ཚེ་བརྟན་ཁོང༌། དགེ་དམ་པ་བློ་བཟང་རྒྱ་མཚོ་མཆོག་གི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གྱི་བཀའ་ཡིག་བསྩལ་ཡོད་པ་ཞིག་ཡིན་འདུག 

 

སྐབས་དེར་རིག་ལམ་སློབ་གཉེར་ཁང་གི་འགན་འཛིན་གཞོན་པ་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས་ཞིང་གཤེགས་དམ་པ་བློ་བཟང་རྒྱ་མཚོ་མཆོག་གི་ངོ་མཚར་མཛད་བཟང་གི་རྣམ་ཐར་སྒྲོག་སྦྱོང་གནང་དོན། དབུ་དགེ་དམ་པ་བློ་བཟང་རྒྱ་མཚོ་མཆོག་ནི། བོད་རྒྱལ་ཁབ་ཆེན་པོའི་ཤར་ཕྱོགས་མདོ་སྟོད་ཀོང་ཇོ་ཆུ་སྐྱུར་ཞེས་པའི་གྲོང་གསེབ་དུ་སྐུ་འཁྲུངས་ཤིང༌། ཡུལ་དེའི་གཞིས་དགོན་གྲགས་ཅན་དོན་གྲུབ་གླིང་དུ་རབ་ཏུ་བྱུང༌། ཆོས་སྤྱོད་ཀྱི་རྣམ་བཞག་ཐུགས་ལ་ལོན་པར་བྱས་རྗེས་དཔལ་ལྡན་འབྲས་སྤུངས་དགོན་དུ་ཕེབས་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་ཆོས་ཞུགས་གནང་བ་མ་ཟད། འཁོར་ལོ་གསུམ་གྱི་ལམ་སྟོན་དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན་ཏེ། གཞུང་ཆེན་ཁག་ལ་གསན་བསམ་གནང༌།

 

བཙན་བྱོལ་དུ་ཕེབས་རྗེས་བར་སྐབས་རིང་བྱ་བྲལ་རི་ཁྲོད་འགྲིམས་ཏེ། སྒྲུབ་པ་ཉམས་ལེན་བྱེད་པའི་ཐུགས་འདུན་བྱུང་ཡང༌། བོད་པའི་བསྟན་སྲིད་མི་རིགས་དང་བཅས་པའི་ཉག་ཕྲའི་གནས་སྟངས་ལ་གཟིགས་ཚོར་རྣོན་པོ་བྱུང་སྟེ། ཞིང་ལ་མ་ཕེབས་པར་རང་རེའི་སྤྱི་ཚོགས་ནང་ཞབས་འདེགས་བསྒྲུབས་ཏེ་སྐུལ་ངལ་ཚད་མེད་སྐྱོན། ཁོང་གི་རང་རྣམ་དུའང༌། ༧གོང་ས་མཆོག་གི་ཕྱག་ལས་གནང་སྟངས་དང་བོད་གཞུང༌། བོད་མི་རིགས་རྣམས་ཡིད་ལ་འཁོར་ཚེ། རང་གི་འཇོན་ཚོད་ནུས་ཚོད་ཀྱིས་ཤེས་ཡོན་དང་དཔལ་འབྱོར་གྱི་ཞབས་ཞུ་གང་ནུས་ཞུ་རྒྱུ་ལས། རང་མགོ་གང་ཐོན་བྱས་ནས་མི་འགྲིག སློབ་གྲྭ་རྣམས་སུ་དེང་དུས་ཀྱི་ཤེས་ཡོན་དང་འབྲེལ་བའི་སློབ་སྦྱོང་སྤྲོད་རྒྱུ་དང༌། འཚོ་ཐབས་ཞན་པའི་བོད་རིགས་རྣམས་ཀྱི་ཆེད་དཔལ་འབྱོར་གྱི་མཐུན་རྐྱེན་འཚོལ་སྒྲུབ་སོགས་༧རྒྱལ་བ་རིན་པོ་ཆེར་དཔུང་འདེགས་དང་བོད་མི་རིགས་ལ་ཕན་ཐོགས་ན། མི་ཚེའི་ནང་ལས་དོན་དེ་ཀ་རང་བསྒྲུབ་རྒྱུ་ཐག་བཅད་པ་ཡིན། ཞེས་དམ་བཅའ་མཛད་པ་བཞིན་ཤེར་སྙིང་རྒྱ་སྐད་དུ་སྒྱུར་བཞིན་པའི་སྐབས། དོལ་རྒྱལ་རྗེས་འབྲངས་བ་མིའི་གཟུགས་ལ་སྲིན་པོའི་སེམས་ཁམས་ཅན་སྐོར་ཞིག་གིས་ཁོང་གི་སྐུ་སྲོག་བཀྲོངས།

 

སྐྱེས་བུ་དམ་པ་རྣམས་ནི་འཁྲུངས་པ་བསྟན་འགྲོའི་དོན་ཡིན་ལ། འཚོ་བའང་བསྟན་འགྲོའི་དོན་ཡིན་ཞིང༌། གཤེགས་པའང་བསྟན་འགྲོའི་དོན་ཡིན་པ་ལྟར། ༧གོང་ས་མཆོག་གིས་དམ་པ་གང་གི་ཡང་སྲིད་ཐད། དམིགས་བསལ་དགོངས་བཞེས་ཀྱིས་བཀའ་སློབ་ལམ་སྟོན་བསྩལ་དོན་བཞིན། དམ་པ་གང་གི་ཡང་སྲིད་འཁྲུལ་བྲལ་རྙེད་དེ། བོད་གངས་ཅན་བསྟན་འགྲོ་རིག་གཞུང་དང་བཅས་པའི་དོན་བྱ བར་སྐུ་གོང་མ་བཞིན། འགྲན་ཟླ་མེད་པའི་སྐྱེས་བུ་དམ་པ་ཞིག་ཡོང་བའི་སྨོན་ལམ་ཡོད། ཞེས་གསུངས་བྱུང༌།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

སྐར་མ ༤༩ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༤ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༥ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༥ སྔོན་ལ།

མཆན། 24

  1. རྟ་བདུན་རྒྱལ་བོ། says:
    ལོ་ 16 སྔོན།

    ལེགས་པོ་འདུག

    Reply
  2. བློ་བཟང་མཁྱེན་བརྩེ། says:
    ལོ་ 16 སྔོན།

    ངས་ཐོག་མར་ཁྱེད་ལ་ས་ར་སློབ་གྲྭའི་རིག་འཛིན་ཟེར་བ་དེ་ཡིན་མིན་དྲིས་པར་ལན་ཞིག་ཐོབས། དེ་ནས་ཡིན་ཚེ་ཁྱེད་ས་ར་སློབ་གྲྭར་དགེ་རྒན་གྱི་ལས་ཀ་སུས་སྤྲད་པ་རེད། ད་དུང་ཁྱེད་འདྲ་བ་ཡོད་པ་རེད་དམ། ངས་གོང་དུ་བཤད་པ་བཞིན་ཁྱེདས་རའི་རིག་འཛིན་ཟེར་བ་དེ་ཡིན་ན་ཁྱེདཀྱདས་རར་བསྡད་དང་སྡོད་བཞིན་པས་ན་གནས་ཚུལ་གང་འདྲ་ཡིན་མིན་ཁྱོས་ཀྱིས་གསང་ཡང་ཉི་ཤར་སྤར་མོའིཚུལ་ལོ།

    ཡང་ས་ར་སློབ་གྲྭ་དེང་སེང་ཉམས་ཆགས་སུ་འགྲོ་བཞིན་པ་ཁྱོད་ཀྱིས་ཁས་ལེན་ནམ། མེད་ཟེར་ན། བསོན་ནམས་རྒྱལ་མཚན་ཕུད་པའི་དགེ་སློབ་གཉིས་ཀྱི་ཤེས་ཚད་ལ་སོམས་ཤིག ཡོིད་ན་ཇི་ལྟར་འགྲོ་བ་དང་གང་ནས་འགྲོ་གིན་འདུག་ཀྱང་སོམས་ཤིག གཞན་མང་པོ་བཤད་པའི་ཁོམ་པ་མེད། གནས་ལུགས་ནི་ཁྱེད་ཀྱི་སྐད་ཆར་མེད་ན་མ་གཏོགས་ངས་ཁྱོས་ལ་གནས་ལུགས་ཅུང་རེ་བཤད་ཀྱིན་ཡོད་ལ། དགེ་སྐྱོན་གང་ཡིན་ཀྱང་མཛུབ་མོ་བཙུགས་ཡོད་དོ།། བགྲོ་གླེང་བར་འདོད་ན་ཞིབ་ཏུ་ལན་རེ་མ་ནོར་བར་བྱོས་ཤིག དེ་མིན་ངེད་གཉིས་ལ་སྐད་ཆ་མི་འདུག

    Reply
  3. རིག་འཛིན། says:
    ལོ་ 16 སྔོན།

    དྲྭ་གྲོགས་བློ་བཟང་མཁྱེན་རྩེ་ལགས།གནས་ལུགས་དང་རྒྱ་མཚན་ཁས་ལེན་བྱས་ན་མཁས་པ་ཡིན་ཞེས་པའི་གསུངས་ཚིགས་དེ་ཁྱེད་ཀྱི་གོ་ཡོད་ངེས་རེད།
    གནས་ལུགས་དང་རྒྱུ་མཚན་མེད་པར་མི་ལ་སྐྱོན་བཙུགས་བྱེད་མཁན་ནི་སྨྱུག་འཛིན་པའི་ལས་འགན་ཡིན་ནམ།
    ཡི་གེ་ཚིག་འབྲུ་གཅིག་བྲིས་ན་ཡང་སྤྱི་ཚོགས་ལ་འཁུར་དགོས་པ་མ་ཡིན་ནམ།
    ད་དུང་ཁྱེད་ཀྱིས་མུན་ནག་མདའ་འཕེན་གྱི་སྐད་ཆ་ཤོད་སྟངས་འདི་ནི་དགོད་དྲོ་བ་ཞིག་རེད་ལ་འགན་འཁུར་མེད་པའི་ཞིང་པ་རྒན་པོ་ཉི་མས་དྲོད་པའི་གླེན་གཏམ་རང་རེད།
    སྤྱིར་བཏང་དྲ་རྒྱ་ནི་རྒྱུ་མཚན་ལྡན་པའི་བསམ་ཚུལ་སྤེལ་ས་ཞིག་ལས་རང་ཉིད་ངོས་འཛིན་མི་ཐུབ་པར་མི་གཞན་ལ་སྐྱོན་བརྫོད་བྱས་ས་ཞིག་ཡིན་མི་སྲིད།

    ངས་བཤད་པའི་སྐད་འདིར་ཁྱེད་བསམ་བློ་ནན་ཏན་ཞིག་ཐོངས་དང་ཁྱེད་རང་ཅི་འདྲ་ཞིག་ཡིན་དང་གང་འདྲ་ཞིག་ཡིན་པ་ངོས་འཛིན་གསལ་པོ་ཐོབ་ཐུབ་ངེས་རེད།

    Reply
  4. གོང་དཀར་ངག་རྣམ། says:
    ལོ་ 16 སྔོན།

    Dear readers.
    We have just taken a occation for his future and our dream is full of expectations and best wishes.
    Despite he has come for us there are kinds of senses and people need to that he will do rest of his activities forever.
    So we all have to pray for him and long live .
    Aatually I have to write in tibetan but there is something troble.
    Thanks.
    Never Mind !!!!!!

    Reply
  5. བློ་བཟང་དངོས་གྲུབ་ says:
    ལོ་ 16 སྔོན།

    སྐུ་གོང་མའི་བརླབ་ཆེན་གྱི་མཛད་འཕྲིན་ལ་བསྔགས་བརྗོད་ཡི་རངས་ཞུ་བ་དང་ཆབས་ཅིག།གོང་མིའི་མཛད་སྤྱོད་དང་མཐུན་པའི་གསོལ་འདེབས་སྨོན་འདུན་བཅས།

    Reply
  6. བློ་བཟང་དངོས་གྲུབ་ says:
    ལོ་ 16 སྔོན།

    སྐུ་གོང་མིའི་མཛད་སྤྱོད་ལྟར་དོན་ཕན་ཡོང་བའི་སྨོན་འདུན་དང་།ཡིད་ཆེས་ཡོད།

    Reply
  7. བློ་བཟང་མཁྱེན་བརྩེ། says:
    ལོ་ 16 སྔོན།

    དྲ་གྲོགས་རིག་འཛིན་ལགས། དཔུང་སྒྲིག་བྱེད་ཀྱིན་འདུག་ཅེས་པ་ཁྱེད་ལ་ཅུང་ཕོག་ཡོད་ན་ཧ་ཅང་བཟང་གི་ དེ་ནི་ཁྱེད་ཀྱིས་རང་ཉིད་ངོས་ཟིན་པ་རེད། ས་རཱ་སློབ་གྲྭའི་དགེ་ལས་སུ་ཞིག་གསལ་བསྒྲགས་དང་ཡིག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲིག་བྱས་མྱོང་ཡོད་དམ། ཁྱོད་རང་ས་ར་ན་དགེ་རྒན་ཐེབས་ཆགས་ཤིག་བྱ་བཞིན་པའི་རིག་འཛིན་ཟེར་བ་དེ་མིན་པར་སྨོན། ཡིན་ན་ནི་ཁྱོད་དང་ཁྱོད་འདྲ་བ་ཚོས་རང་ཚོར་ས་རའི་རྐུབ་སྟེགས་དེ་ཅི་ལྟར་ཐོབ་པར་ལག་པ་བྲང་ཁར་བཞག་སྟེ་བསམ་བློ་རེ་ཐོངས་དང༌། དེ་ནས་ངའི་སྐད་ཆའི་དོན་སྙིང་རྟོགས་ཐུབ། ཁྱེད་རང་ཡང་ས་རའི་ཟང་ཟིང་གི་ཁྲོད་ནས་མི་ལོ་དྲུག་བདུན་ཞིག་འདས་ཟིན་པས། བློ་གཟུ་བོར་གནས་མཁན་ཞིག་ཡིན་ན་ཅུང་ཙམ་ལོས་ཤེས། མ་ཤེས་ཁུལ་བྱེད་པ་ནི་རང་སྐྱོན་ངས་ལེན་བྱ་འདོད་མེད་པས་རེད་ལ། དེ་ལྟར་ངེས་ལེན་བྱས་ཚེ། རང་གི་རྐུབ་སྟེགས་དེར་ཡང་སེམས་འཁྲལ་ཞིག་བྱ་དགོས་པས་ལོས་ཡིན། བདེ་མོ་བྱོས་མཇལ་ཡོང༌།

    Reply
  8. གངས་བུ། says:
    ལོ་ 16 སྔོན།

    ཡིག་ནོར་བཤད་སྟངས།

    Reply
  9. གངས་བུ། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོས་བཀད་སྟངས་ལ་གཞིག་ན་ཕྲུ་གུ་ཆུང་ཆུང་འདི་ཁྲི་ཐོག་ནས་བཞུགས་རྒྱུར་བར་ཆད་ཆེན་པོ་འདུག་ག ། སྔོན་གྱི་ལས་བསགས་ནོ་བཟང་ན་ཁྲི་ནོན་པའི་སྨོན་ལམ། མི་མང་ཁ་དུག་ཡིན་ཞེས་བའི་དཔེ་ལྟར་དེང་སྐབས་མྱི་ཁ་ཧ་ཅང་རྒོད་གི། གང་གི་ཐུགས་བཞེད་འགྲུབ་པའི་སྨོན་ལམ།

    Reply
  10. གངས་ཅན། says:
    ལོ་ 16 སྔོན།

    ང་ཚོའི་ཁ་དཔེ་ལ་འཇིག་རྟེན་མི་ཡི་ཁ་ན་ཡེ་ཤེས་ཀྱི་སྤྱན་ ཡོད་ཟེར་བ་མ་གོའམ། དེ་ནི་བརྟག་མིོ་དགོས་བལྟས་ན་མཐོང་ཐུབ་པ་ཞིག་རེད། ལོ་གཅིག་ཨེ་མོ་རེ་མཐོ་སློབ་ཏུ་སློབ་མ་འདེམས་སྐབས་འདྲ་མཉམ་མ་བྱུང་བར་གླེང་སློང་བྱུང་སྟེ་གཅིག་ཀྱང་འགྲོ་མ་ཐུབ་པ་དེ་ཅི་བྱུང་བ་རེད། དེ་མིན་ན་ད་ལྟ་བར་དུ་རིགས་སློབ་མ་ལག་ཏུ་ཞུགས་པའི་སློབ་ཕྲུག་ནང་དུ་བོད་རྒྱ་དབྱིན་གསུམ་གྱི་ཤེས་ཚད་ཡོད་པའི་སློབ་མ་མང་པོ་ཞིག་སློབ་ཞུགས་བྱས་ཀྱང་།་ རྒན་དམ་པ་སྐུ་གཤེགས་ནས་ད་ལྟ་བར་དུ་སྐད་སྒྱུར་གཅིག་ཀྱང་གསོ་སྐྱོང་བྱས་མེད་པ་དང༌། རྒན་དམ་པས་མི་དེ་གང་ལ་དགའ་སྣང་ཡོད་པ་དང་གང་ལ་མཁས་་པ་དེ་དེའི་སྟེང་ལ་སྦྱོང་དུ་བཅུག་སྟེ། དམིགས་བསལ་གྱི་གསོ་སྐྱོང་བྱེད་སྟངས་ཡོད་པ་ནི་སྐབས་དེའི་སློབ་མ་རྣམས་ལ་ལྟོས་དང་ཤེས་ངེས། བསྟན་འཛིན་འགྱུར་མེད་གཅིག་པོ་ལྟོས་དང༌། དེས་ས་རཱ་མཐོ་སློབ་འཛུགས་སྐྲུན་སྒང་ལ་ལག་རྗེས་ཅི་ཙམ་བཞག་སོང༌། ད་ལྟ་ཡང་མུ་མཐུད་ནས་བྱེད་ཀྱི་འདུག དེ་ཡང་ཁོང་གི་དགའ་སྣང་ལྟར་བྱེད་དུ་བཅུག་པའི་འབྲས་བུ་མ་ཡིན་ནམ། གཞན་པ་ད་དུང་མང་པོ་ཡོད་ཀྱང༌། རེ་རེ་བྱས་ནས་འགྲེལ་བཤད་བྱས་ན་མངས་ཀྱི་དོགས་པས་དྲ་གྲོགས་གཞན་པ་རྣམས་ལ་བཞག་པ་ཡིན།

    Reply
  11. རིག་འཛིན། says:
    ལོ་ 16 སྔོན།

    གུས་པས་དུས་རྟག་ཏུ་དྲ་གྲོགས་རྣམ་པ་ནི་བོད་རྒྱལ་ཁབ་ཀྱི་བསྟན་སྲིད་དང་མི་རིགས་ཀྱི་ཆེད་དུ་ངོ་ལྐོག་རྒྱབ་མདུན་མེད་པར་ཕྱག་ལས་གནང་མཁན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།

    ང་ཚོས་བསམ་ཕོད་པ་དང་།བཤད་ཕོད་པ།བྱེད་པ་ཕོད་དགོས་ཀྱི་ཡོད།ཡིན་ན་ཡུལ་དུས་ལ་ཉེས་པར་བསམ་བློ་གཏོང་དགོས།རང་ཉིད་ཀྱིས་གཟབ་ནན་ངང་བརྟག་དཔྱད་བྱེད་དགོས་པ་ལས་རང་དགར་ཁ་ནས་གང་ཐོན་དང་སེམས་ནས་དྲན་ཚད་གསུངས་ན་སྤྱི་ཚོགས་ལ་ཕན་པ་ལས་གནོད་ཚབ་ཆེ་བ་ཡོད།དྲ་གྲོགས་གངས་ཅན་ལགས་དང་བློ་བཟང་མཁྱེན་རྩེ་གཉིས་ཀྱིས་གསུངས་པར་རྒྱུ་མཚན་དང་གནས་ལུགས་ཡོད་སྲིད།མཚན་ཉིད་སྟེང་ཤོད་གཉིས་ཀྱི་དབུ་འཛིན་རྣམ་པས་དཔུང་སྒྲིག་བྱེད་འདུག་ཟེར་པ་མིས་བཤད་པར་མི་ལྟ་བར་ཁྱེད་རྣམ་གཉིས་སྟེང་ཤོད་གཉིས་ཀྱི་ཡིག་ཚང་དང་འབྲེལ་ཡོད་ལས་བྱེད་ལ་སྐད་དྲིས་ན་ལེགས་པར་མཐོང་།
    རང་ཉིད་ཀྱིས་བརྟག་དཔྱད་མ་བྱས་པར་གཞན་གྱིས་བཤད་ཚད་ཉན་ན་ཤེས་ཡོན་ཅན་གྱི་མཚན་ཉིད་འཇུག་མི་སྲིད།
    ཁྱེད་རྣམ་པས་ནན་ཏན་གྱི་ཞིབ་འཇུག་བྱས་ནས།གལ་ཏེ་མཚན་ཉིད་སྟེང་ཤོད་གཉིས་ཀྱིས་དངོས་ཡོད་རང་འཁོར་དཔུང་སྒྲིག་དང་རྒན་དམ་པའི་དགོངས་གཞི་དང་འགལ་པའི་ལས་ཀ་བྱེད་ཀྱི་ཡོད་ཚེ།
    ང་ཚོས་རྒྱུ་མཚན་དང་གནས་ལུགས་བཤད་ནས་ནོར་འཁྲུལ་གཙང་བསེལ་བཟོ་དགོས།

    Reply
  12. གངས་ཕྲུག says:
    ལོ་ 16 སྔོན།

    ”1950་ནང་དུ་གནས་ཆུང་སྐུ་བསྟེན་སྤྱན་དྲངས་ཏེ་༸གོང་ས་མཆོག་བོད་ཀྱི་ཆབ་བདག་པོར་མངའ་སྲོལ་བ་ལྟར། ཡང་སྲིད་མཆོག་དབུ་འཛིན་དུ་མངའ་གསོལ་བ་མིན་ནམ། གཙོ་བོ་མི་ཡིས་བསམ་བློ་གཏོང་བ་དང་གོ་བསྡུར་བྱེད་དགོས་པ་ལས་གནས་ཆུང་གདན་འདྲེན་ཞུ་ན་འབད་མེད་ལྷུན་འགྲུབ་ཡིན་ནམ།”

    ངས་ཁྱེད་རང་གི་སྐད་ཆ་ཕར་ཁྲིད་ཚུར་ཁྲིད་བྱེད་ཀྱི་མེད། གོང་དུ་དྲངས་བའི་དུམ་བུ་དེ་བློར་བབས་མ་སོང་བས་གསལ་པོ་བཟོ་དགོས་པའི་རེ་འདུན་བཏོན་པ་ཡིན་ཡང་ཚིག་རྣོན་རེ་ཟུང་ཐེབས་འདུག་པས་དགོངས་སེལ་ཞུ་རྒྱུ་ཡིན།།

    Reply
  13. གངས་ཅན། says:
    ལོ་ 16 སྔོན།

    གངས་ཕྲུག་ལགས། ཁྱེད་ངའི་སྐད་ཆ་འདི་ཕར་ལ་མ་ཁྲིད་རོགས། ངས་༸གོང་ས་མཆོག་དང་གནས་ཆུང་ལ་ཡིད་ཆེས་མེད་ཟེར་གི་མེད། ང་ཚོའི་སྤྱི་ཚོགས་ནང་མགོ་བདེ་དྲན་འཕྲུལ་དེ་ཚོས་ལས་ཀ་ཏག་ཏག་མ་བྱས་པར་འཐུས་ཤོར་དུ་སོང་ནས་མིའི་གླེང་གཞི་བཟོས་ཡོང་སྐབས་ལྷ་སྤྱན་དྲངས་ནས་དེར་ཁ་གཡར་ནས་མི་གཞན་ལ་འགན་དཀྲི་བ་དེ་ཟེར་གྱི་ཡོད། མདོར་དེད་ན། ཆབ་སྲིད་ཀྱི་ལག་འཕྱི་སྤྱད་བྱེད་ཀྱི་འདུག་ཟེར་བ་དེ་ཡིན། ང་བཅུ་སྐབས་རྒྱ་མི་ས་མཚམས་སུ་འབྱོར་རྗེས་གནས་ཆུང་སྤྱན་དྲངས་ཏེ་འགན་ཆ་ཚང་ལོ་བཅུ་དྲུག་ཅན་གྱི་༸གོང་ས་མཆོག་གི་ཕྲག་ལ་བཀལ་ཁྱོད་ཀྱིས་མ་ཤེས་སམ།

    Reply
  14. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    སྐུ་གོང་མར་གྲིས་བརྒྱབ་པ་མ་བརྗེད་པ་ཡག་པོ་རེད། ཀ་ཁ་སུམ་ཅུ་མ་བརྗེད་ན་དེ་ལས་ཀྱང་ཡག་པོ་རེད། བོད་ཀྱི་སྤྲུལ་སྐུ་བྱིངས་བཞིན་བརྗེད་སོང་ཡང་རུང་བའི་སྐུ་གོང་མའི་གསོལ་ཕོར་དང་ཕྱག་མཛོད་ཕྱག་འཁར་དེ་ཚོ་བརྗེད་ཡོད་རྒྱུ་མ་རེད། ད་བཟང་འདུག ད་ཡིན་ན་མཚན་ཉིད་གྲྭ་ཚང་གི་དངུལ་གྱི་གཏེར་མཛོད་ཀྱི་སྒོ་ཕྱེས་པ་རེད། ཧ་ཅང་སྤྱང་པོ་རེད། དང་པོ་ནས་རྒྱལ་བ་རིན་པོ་ཆེ་ཡང་ཁོ་རང་ཚོའི་རྒྱབ་རྩར་དྲུད་ཡོང་ཤེས་འདུག་ག དེ་ཚོས་རྒྱལ་བ་རིན་པོ་ཆེའི་ཞབས་འདེགས་སུ་འགྱུར་བ་ལས་ལྡོག་སྟེ་ཞབས་འདྲེན་དུ་མི་འགྱུར་བའི་ངེས་པ་ག་ལ་ཡོད། ཕོད་པ་ཆེན་པོ་རེད།

    Reply
  15. བློ་བཟང་མཁྱེན་བརྩེ། says:
    ལོ་ 16 སྔོན།

    རྒན་དམ་པའི་ཡང་སྲིད་འདི་ཅི་འདྲ་ཞིག་འཁྱོང་མིན་མཚན་ཉིད་ཚང་གི་དགེ་སློབ་ཡོངས་ཐུགས་བསྡད་ཡོད་པ་རེད། དྲ་གྲོགས་གངས་ཅན་གྱིས་བཤད་པ་བཞིན་དེང་སྐབས་མཚན་ཉིད་སྟེང་ཤོད་གཉིས་ན་དགེ་ལས་དབུ་འཛིན་ཚང་མས་རང་འཁོར་དཔུང་སྒྲིག་དང་རང་ཕྱོགས་བཟུང་རྒྱུ་ལས། རྒན་དམ་པའི་དགོངས་ཇི་བཞིན་བྱེད་ཀྱི་ཡོད་མེད་སློབ་གླིང་དེ་གཉིས་ཀྱི་སློབ་ཕྲུག་ཚཔས་དངོས་དོན་གལེང་གིན་འདུག་གཱ་

    Reply
  16. བློ་བཟང་མཁྱེན་བརྩེ། says:
    ལོ་ 16 སྔོན།

    གནས་ལུགས་གཅིག་ཀྱང་མེད་པ་མ་རེད། མི་ཨུ་ཐུགས་ནས་ལྷ་ལ་དྲིས། ལྷ་ཨུ་ཐུགས་ནས་རྫུན་བཤད་ཟེར་བ་ཞིག་ཀྱང་ཡོད་ནི་རེད། མིས་ལས་དོན་མིས་སྒྲུབ་དགོས་པ་ལས་ལྷ་འདྲེ་གདོན་བགེགས་གང་ལའང་བབ་མེད་པ་ཞིག་རེད་ལ། དེ་དག་གིས་སྒྲུབ་ཀྱང་ཐུབ་རྒྱུ་མ་རེད། གལ་སྲིད་གནས་ཆུང་དང་དགའ་གདོང་སོགས་ལྷ་བབས་ནས་མ་འོངས་སྔོན་གཟིགས་ཐུབ་ན། བོད་ཀྱི་གནད་དོན་སྐོར་ནས་ཁོ་ཚོའང་མགོ་སྨུག་ལུང་གིས་བཏུམས་པ་ལྟར་གང་ཡང་མི་ཤེས་པ་ཅི་ཡིན་ནམ། སྐྱབས་བཅོལ་ནས་མི་ལོ་ལྔ་བཅུ་འདས་ཟིན་པ་རེད། ལྷ་ཐེངས་མ་ག་ཚོད་ལ་བབས་ཡོད་པ་རེད། ཕན་ཐོག་ཅན་གྱི་སྐད་ཆ་ཅི་ཞིག་བཤད་སོང༌། བོད་ཀྱི་ལོ་རྒྱུས་ནང་ལྷ་ལ་སྐྱབས་བཅོལ་རྒྱུ་མང་དྲག་མེད་ན་མི་ཉུང་གི་ ལྷས་རྫུན་བཤད་པས་རྒྱལ་བ་སྐུ་གོང་མས་ཀྱང་གནས་ཆུང་སྐུར་རྟེན་ལ་རྟ་ལྕགས་བཞུས་པའི་ལོ་རྒྱུས་ཡོད་པ་རེད། དེང་སྐབས་མི་མང་པོ་ཞིག་གིས་ཡང་སྲིད་ལ་དགག་སྒྲུབ་བྱེད་ཀི་འདུག ངས་བལྟས་ན་དེ་བས་སྐུར་རྟེན་ཟེར་བ་འདི་ལྷ་འབབ་རྒྱུ་དང༌། ལྷག་པར་དུ་བོད་ཀྱི་གནད་དོན་ཉག་ཕྲ་བའི་དུས་འདིར་ཕྱི་ནང་གི་མཁས་པ་ཆབ་སྲིད་མི་སྣས་བགྲོ་གླེང་བྱ་རྒྱུ་ལས། སྐྱབས་ལྷ་ལ་བཅོལ་ཏེ་ལྷའི་རྫུན་ལ་མི་ཉན་རྒྱུ་གལ་ཆེན་རེད། དེའི་སྐོར་ནས་བྲགོ་གླེ་རེ་བྱས་ན་མི་བཟང་ངམ།

    Reply
  17. གངས་ཕྲུག says:
    ལོ་ 16 སྔོན།

    ”1950་ནང་དུ་གནས་ཆུང་སྐུ་བསྟེན་སྤྱན་དྲངས་ཏེ་༸གོང་ས་མཆོག་བོད་ཀྱི་ཆབ་བདག་པོར་མངའ་སྲོལ་བ་ལྟར། ཡང་སྲིད་མཆོག་དབུ་འཛིན་དུ་མངའ་གསོལ་བ་མིན་ནམ། གཙོ་བོ་མི་ཡིས་བསམ་བློ་གཏོང་བ་དང་གོ་བསྡུར་བྱེད་དགོས་པ་ལས་གནས་ཆུང་གདན་འདྲེན་ཞུ་ན་འབད་མེད་ལྷུན་འགྲུབ་ཡིན་ནམ།”

    ཨ་རོག་དྲྭ་གྲོཊ་གངས་ཅན། ཁྱོད་ཀྱི་སྐད་ཆའི་དུམ་བུ་འདིས་ཁྱོད་རང་གནས་ཆུང་ལ་ཡིད་ཆེས་མེད་པ་མ་ཟད། ༧གོང་ས་༧སྐྱབས་མགོན་རིན་པོ་ཆེའི་ཡང་སྲིད་ལ་ཡང་ཡིད་ཆེས་མེད་པའི་རྣམ་གྱུར་བསྟན་འདུག་པས་ཡང་སྙིང་བཤད་འདོད་གང་ཡིན་གསལ་བོ་བཟོ་དགོས་འདུག ༧གོང་ས་མཆོག་གི་ཡང་སྲིད་གནས་ཆུང་ཁོ་ནས་གསུངས་ཐག་བཅད་པ་མ་རེད་ལ་རྒན་དམ་པའི་ཡང་སྲིད་གནས་ཆུང་གིས་ཐག་གཅོད་པ་དེ་བས་ཀྱང་མིན་པས་བརྟག་དཔྱད་ཞིག་འཇུག་མ་བྱས་པར་ཁ་ནས་ཐོན་གསུམ་བཅོ་བརྒྱད་མུ་ཅོར་སྨྲ་བ་ནི་རང་མདོག་སྟོན་རྒྱུ་ཙམ་ལས་ཆོས་སྲིད་གང་ལ་ཡང་རྔོ་མི་ཐོཊ་པས་མགོ་མ་ཚོས་གོང་དུ་ཀླད་པ་མི་འདར་རོགས་ཞུ།།

    Reply
  18. གངས་ཅན། says:
    ལོ་ 16 སྔོན།

    སྐུ་གོང་མའི་རྣམ་ཐར་འཕྲོ་བསྐྱངས་ནས་ཡོང་བའི་སྨོན་ལམ་འདེབས། ཡང་ཆབ་སྲིད་པ་དང་མགོ་བདེ་དྲན་འཕྲུལ་རྣམས་ཀྱི་ལག་ཏུ་ཤོར་ན་འཕྲོ་བརླག་ཏུ་གཏོང་བའི་ཉེན་ཁ་འདུག་པས། ཞེད་སྣང་སྐྱེས་དགོས་པ་ཞིག་འདུག དམ་པ་སྐུ་གོང་མ་བཞུགས་པའི་སྐབས་སུ་རིགས་སློབ་མ་ལག་ནས་ཤེས་ལྡན་མི་སྣ་དང་གོ་ཆོད་པའི་མི་ག་ཚོད་ཅིག་གསོ་སྐྱོངབྱས་འདུག དམ་པ་ཁོང་སྐུ་བགྲོངས་པའི་རྗེས་ནས་མི་གང་འདྲ་ཞིག་གསོ་སྐྱོང་བྱས་འདུག ད་ལྟ་རིགས་སློབ་མ་ལག་ནས་སློབ་མ་རྣམས་གང་འདྲ་ཞིག་སློབ་ཐོན་བྱེད་ཀྱིན་འདུག མཐར་ཕྱིན་པ་ག་ཚོད་འདུག བར་སྐབས་ནང་གི་དབུ་འཛིན་དང་དགེ་རྒན་རྣམས་ཀྱི་བྱེད་སྤྱོད་ལ་ཡི་ག་ལོག་སྟེ་ཐོན་འགྲོ་མཁན་ག་ཚོད་འདུག དེ་དག་ཆ་ཚང་ལ་ཞིབ་འཇུག་ཅིག་བྱས་ཏེ་སྒྲིག་གཞི་དང་དགེ་རྒན་ཆ་ཚང་འགྱུར་བ་ཞིག་མ་བཏང་ན་ཡར་རྒྱས་འགྲོ་བ་ཁག་པོ་རེད།་ཆ་ཚང་ ཁེ་སང་ཟ་མཁན་ཤ་སྟག་ཡིན་སྟབས། གོ་ཐོས་ལ། མི་ཡིས་ཀླད་པ་དཀྲུགས་མ་ཐུབ་པ་དང་བསམ་བློ་ཡིས་མ་འདང་པས། གནས་ཆུང་སྐུ་བསྟེན་གདན་འདྲེན་ཞུ་ནས་ལྷ་འབབ་ཀྱིན་འདུག་ཟེར། དགོད་བྲོ་བ་ཞིག་མ་རེད་དམ། 1950་ནང་དུ་གནས་ཆུང་སྐུ་བསྟེན་སྤྱན་དྲངས་ཏེ་༸གོང་ས་མཆོག་བོད་ཀྱི་ཆབ་བདག་པོར་མངའ་སྲོལ་བ་ལྟར། ཡང་སྲིད་མཆོག་དབུ་འཛིན་དུ་མངའ་གསོལ་བ་མིན་ནམ། གཙོ་བོ་མི་ཡིས་བསམ་བློ་གཏོང་བ་དང་གོ་བསྡུར་བྱེད་དགོས་པ་ལས་གནས་ཆུང་གདན་འདྲེན་ཞུ་ན་འབད་མེད་ལྷུན་འགྲུབ་ཡིན་ནམ།

    Reply
  19. བློ་བཟང་མཁྱེན་བརྩེ། says:
    ལོ་ 16 སྔོན།

    ང་ནི་ཁོང་ལྟ་བུའི་མཛད་རྗེས་ཅན་གྱི་ཡང་སྲིད་ལ་དད་པ་རྣམ་དག་ཡིན།
    ཁོང་གི་ལུས་སྟེང་ན་རྨ་ཤུལ་གང་མང་ཡོད་པ་མ་ཟད། ཆུང་དུས་ནས་ང་ལ་གྲིས་བརྒྱབ་སོང༌། གྲིས་བརྒྱབས་ནས་བསད་སོང་སོགས་ཁྱད་འཚར་བའི་སྐད་ཆ་འདྲ་མིན་བཤད་མྱོང་ཟེར། དེ་འདྲ་ཡིན་ན་ཡང་སྲིད་འཁྲུལ་མེད་ཡིན་སྲིད་ལ། ཁོང་གི་ཡང་སྲིད་ལྟ་བུ་ནི་ང་ཚོར་དགོས་ངེས་རེད་སྙམ། ཁྱོད་ཚོ་ཞིང་གཞེགས་རྒན་དམ་བློ་བཟང་རྒྱ་མཚོ་ཁོང་གི་གཟིམ་ཆུང་དུ་སོང་ནས་ལྟོས་དང༌། དོད་རྒྱལ་འདྲེ་དམག་གིས་གྲིས་བརྒྱབས་ཏེ་དམར་བསད་བཏང་བའི་ཁོང་དང་ཁོང་གི་དགེ་ཕྲུག་བཅས་ཀྱི་སྐུ་པར་ལ་ཅིག་ལྟོས་དང༌། དངོས་ནས་ཤ་འདར་དགོས་པ་དང་སྐྲག་སྣང་གིས་ལྟ་མི་བཟོད་པ་ཞིག་རེད། འདི་ལྟ་བུའི་ཡང་སྲིད་ལ་ང་ཚོས་ཆོས་སྲིད་གང་ཐད་ནས་གཙི་མཐོང་དང་གུས་བཀུར་བྱ་རྒྱུ་ཧ་ཅང་གལ་ཆེ་སྟེ། སྔོན་ནས་ད་ལྟའི་བར་དུ་དོད་རྒྱལ་ཚོགས་པ་དང་དེའི་རྒྱབ་རྩ་རྒྱ་དམར་གཞུང་གཉིས་ཀྱིས་ལས་ཅི་བྱས་ཚང་མ་ང་ཚོའི་སེམས་ནང་དུ་ལྷམ་མེར་ཡོད་པ་མིན་ནམ། དེ་བས་ང་ཚོས་དམིགས་བསལ་གྱིས་ཆེ་ཥཏོང་གུས་བཀུར་བྱས་ན་འོས་པར་བདག་སྙམ།

    Reply
  20. མྱི་སྨྱོན། says:
    ལོ་ 16 སྔོན།

    ཡང་ཆབ་སྲིད་འོག་གི་སྤྲུལ་སྐུ་ཆུང་ཆུང་དེ་སྙིང་རྗེ་་་་་་་་་་་་་་

    Reply
  21. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    དམ་པ་ཁོང་གི་སྐུ་སྲོག་དོལ་རྒྱལ་འདྲེ་རྒན་ཚོས་གྲི་ཁ་ནང་ལ་བསྐོར་ནས་མེད་པར་བཟོས་བ་ཞིག་་རེད།་དེའི་ཕྱིར།ད་རེས་་དོལ་རྒྱལ་འདྲེ་དམག་ཚོ་གཙང་བཟོ་བྱས་རྗེས་ཁོང་གི་ཡང་སྲིད་བསྟན་འགྲོ་མགོན་དུ་འཕེལ་བ་འདི་ལ་རྟེན་འབྲེལ་ཁྱད་པར་ཅན་ཞིག་འདུག་སྙམ།

    Reply
  22. Tenpa Nyima says:
    ལོ་ 16 སྔོན།

    Oh ya. No one called Rinpoche when Geshe Losang Gyatso a live and now they calling a Rinpoche this little cute kid. haha It’s so strange. I was hoping to stop to find a any Lama’s reincarnation but it does not look like possible. It’s so sad.
    But any way good luck with cute boy,
    have long life and peaceful.
    I’m sorry I still could not typing with our own language.

    Reply
  23. གངས་བུ། says:
    ལོ་ 16 སྔོན།

    ད་ང་ཚོའི་སྤྱི་ཚོགས་འདིའི་ནང་སྤྲུལ་སྐུའི་འདང་གི་མེད་ན་ཆོས་རྒྱལ་མེས་དབོན་དག་གི་ཡང་སྤྲུལ་ཡང་བཙལ་ན་ཆོག། ད་དུང་མི་ཚང་རེ་ནས་སྤྲུལ་སྐུ་རེ་བསྐོས་ན་མི་འོས་བ་མེད། ཡུལ་ཁམས་སྤྲུལ་སྐུའི་ཁེངས་ན་བཟང་ཡང་སྐུ་བསྟན་བཤིག་ཞིག་བྱུང་ན་ཅི་ལྟར་བྱེད།

    Reply
  24. དགའ་བ། says:
    ལོ་ 16 སྔོན།

    བསྟན་འགྲོ་ལ་ཕན་ངེས་ཤིག་ཡིན་པར་ཤོག དེང་སང་གི་སྤྲུལ་སྐུ་ཚོའི་བྱ་སྤྱོད་ལ་བལྟས་ན་སྤྲུལ་སྐུ་གསར་པ་ཞིག་ཕེབས་པར་དགའ་རྒྱུ་གཏན་ནས་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese