མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསར་དུ་ཕྱེས་པའི་ལེའུ་ནག་པོ།

བོད་ཀྱི་དུས་བབ།
༢༠༠༩/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༤༤༤ སྟེང་གི་རྩོམ་སྒྲིག་པའི་གཏམ།

 

རྒྱ་གཞུང་གིས་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་གྲོལ་ཐོབ་སྟེ་མི་ལོ་ ༥༠ དང༌། བོད་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་གཉིས་ལྷན་གཅིག དགའ་སེམས་འཁོལ་བའི་ངང་པོ་ཏ་ལའི་ཐང་ཆེན་དུ་གཙི་སྲུང་བྱེད་ཀྱིན་ཡོད་མོད། བོད་མི་ས་ཡ་དྲུག་གི་སེམས་ངོགས་སུ་ཡ་ང་བའི་འདས་དོན་ཞིག་དང༌། ཞེ་མུག་པའི་སེམས་ཚོར་བ་ཞིག ཡིད་སྐྱོ་བའི་མདུན་ལྗོངས་ཤིག་གིས་བསྡམས་ཡོད་པ་གདོན་མ་ཟ།

 

ངོས་ཀྱི་ཕ་མེས་ཡང་མེས་དང་ངོས་ཀྱི་སྤོ་བོ་སྨོ་བོ་ཚོས་ཆེས་རྣམ་རྟོག་བྱེད་ཡུལ་དང༌། ཆེས་ཐན་ལྟས་སུ་བརྩི་བ་ནི་རྒྱ་མི་སྔོན་པོ་དང༌། གུང་ཁྲན་དམར་པོ། མི་དམངས་བཅིངས་གྲོལ་དང༌། བོད་ཡུལ་དུས་འགྱུར་ཟེར་བ་འདི་དག་ཡིན་ལ། དེས་ངའི་ཕ་མེས་ཡང་མེས་ཚོ་རྒྱ་མི་ལ་སྡང་སེམས་ཆེ་ཞིང༌། གུང་ཁྲན་ལ་དགའ་དད་མེད་པ། བཅིངས་གྲོལ་དམག་མིར་ཞེད་སྣང་ཆེ་བ་གསལ་བོར་བསྟན་ཡོད། དེ་ནི་དུས་རབ་ཉི་ཤུའི་སྟོད་ཀྱི་བོད་རྒྱའི་མི་རབས་དང་པོའི་ཛ་དྲག་གི་འབྲེལ་འདྲིས་ཐོག་མའི་འཆར་སྣང་རེད།

 

ངོས་ཀྱི་ཕ་མ་དང་ངོས་ཀྱི་ཁུ་བོ་ཚོས་ཆེས་འཇིགས་སྣང་བྱེད་ཡུལ་དང༌། ཆེས་སྡུག་སྐད་འདོན་ས་ནི་དམངས་གཙོ་བཅོས་བསྒྱུར་ཆེན་མོ་དང༌། གྲལ་རིམ་འཐབ་རྩོད་ཆེན་མོ། མི་དམངས་སྤྱི་ཁང་ཆེན་མོ་ཟེར་བ་འདི་དག་ཡིན་ལ། དེས་སྔར་གྱི་གནས་བབ་བཅོས་བསྒྱུར་ལ་མོས་མཐུན་མེད་པ་དང༌། གྲལ་རིམ་འཐབ་རྩོད་ནང་གཉའ་གནོན་དང་བརྙས་བཅོས་ཁུར་བ། མི་དམངས་སྤྱི་ཁང་དུ་བཀྲེས་ལྟོག་དང་མུ་གེ་མྱངས་བ་བསྟན་ཡོད། དེ་ནི་དུས་རབས་ཉི་ཤུའི་དུས་དཀྱིལ་གྱི་བོད་རྒྱའི་མི་རབས་གཉིས་པའི་དཀའ་སྡུག་གི་འཐབ་རྩོད་བར་མ་དེ་རེད། 

 

ངོས་ཀྱི་བླ་མ་དང་ངོས་ཀྱི་དགེ་རྒན་ཚོས་ཆེས་ཕངས་སེམས་བྱེད་ས་དང༌། ཆེས་གྱོང་རྒུད་དུ་བགྲང རྒྱུ་ནི་རིག་གནས་གསར་བརྗེ་ཆེན་མོ་དང༌། ཟིང་འཁྲུག་ཞོད་འཇགས་ཆེན་མོ། རྒྱལ་གཅེས་ཆོས་གཅེས་ཟེར་བ་འདི་དག་ཡིན་ལ། དེས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དགོན་སྡེ་དྲུག་སྟོང་ཤུལ་མེད་བཟོས་པ་དང༌། སྤུན་ཟླ་འབུམ་ཕྲག་བཅུ་གཉིས་ཀྱི་གཅེས་སྲོག་ཕྲོགས་པ། འགྲོ་བ་མིའི་དབང་བོ་རྣམ་ལྔ་ལོངས་སྤྱོད་ཀྱི་ཐོབ་སྐལ་སྒེར་བསྡོམས་བྱས་པ་བསྟན་ཡོད། དེ་ནི་དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུ་ཡས་མས་ཀྱི་བོད་རྒྱའི་མི་རབས་གསུམ་པའི་དམར་འཛིང་གི་བྱུང་རབས་མཐའ་མ་དེ་རེད།

 

འདི་དག་བྱིས་སྒྲུང་དང་ལྷན་དུ་ང་དང་ངོས་ཀྱི་སྤུན་ཟླ་མི་རིགས་ཐུན་མོང་གི་དོན་ལ་བབ་ཅིང་སྣོད་དུ་ལྷུང་བ། ཤ་ལ་འཐིམ་ཞིང་ཁྲག་ལ་འདྲེས་བ། པགས་ལ་བཀྲམས་ཤིང་རིས་ལ་ཞེན་པའི་ཆེས་བག་ཆགས་གཏིང་ཟབ་དེ་ཡིན། འོན་ཀྱང༌། ༧གོང་ས་མཆོག་གི་གུ་ཡངས་དཀྱེལ་ཆེ་ཡི་དགོངས་པ་རྒྱ་ཆེར་བཞེས་ཏེ། འདས་པའི་ལོ་རྒྱུས་རིང་དུ་དོར་ཏེ། མི་རབས་གསུམ་གྱི་ཞེ་འཁོན་དེ་དག་ཨུ་ཚུགས་ཀྱིས་བཟོད་བསྲན་བྱས་ཀྱང༌། དུས་རབས་ཉི་ཤུའི་གནམ་སྟོང་རྫོགས་ཏེ། དུས་རབས་ཉེར་གཅིག་གི་ཤོག་ལྷེ་གསར་དུ་ཕྱེས་མ་ཐག རྒྱ་གཞུང་གིས་སླར་ཡང་བོད་རྒྱའི་མི་རབས་བཞི་བའི་ལོ་རྒྱུས་ཀྱི་ལེའུ་ནག་པོ་ཞིག་ལ་དབུ་ཁྱུད་བྲིས་སོང༌།

 

དེ་རིང་བསྐྱར་དུ་ངོས་ཀྱི་མིང་སྲིང་དང་ངོས་ཀྱི་གྲོགས་པོ་ཚོས་ཆེས་བློ་ཕམ་བྱེད་ས་དང༌། ཆེས་ཁོང་ཁྲོ་ཟ་ཡུལ་ནི་གསུམ་གཅིག་བཞིའི་དྲག་གནོན་དང༌། རྡུང་རྡེག་ཚ་ནན་གྱི་བྱ་འགུལ། འཛིན་བཟུང་བཙོན་འཇུག་གི་མནར་གཅོད། ད་དུང་བོད་བཅིངས་གྲོལ་ཟེར་བའི་དུས་དྲན་སྲུང་གཙི་ཟེར་བ་འདི་ཡིན། ལོ་རྒྱུས་ཀྱི་ལེའུ་ནག་པོ་དེས་རྨ་ཁ་རྙིང་བར་ན་ཟུག་གསར་བ་བསླངས་ཤིང༌། འབྱུང་འགྱུར་བོད་པའི་མི་རབས་ཚ་རྒྱུད་ཀྱི་སྙིང་ལ། ཇི་སྲིད་བོད་དོན་བདེན་མཐའ་མ་སེལ་བར། དེ་སྲིད་རྩ་དོན་འཐབ་རྩོད་ཞོད་འཇགས་མེད་པའི་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་སོང༌།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༡༩ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 12

  1. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    སྤྱི་ཚོགས་མེ་ལོང་གི་རྩོམ་སྒྲིག་པ་ཨ་འཇིགས་ལགས། ཁམས་བཟང་། ༼ ངོས ༽ ཞེས་པ་འདིའི་འགྲེལ་བཤད་ཡོངས་གྲགས་ཀྱི་ཚིག་འཛོད་དག་ན་ཁ་གསལ་ཞིག་མཐོང་མ་སོང་། ངའི་ཞེས་པའི་ཞེ་སའི་ཚིག་དང་། ཡང་ན། དབུས་ཀྱི་ཕལ་སྐད་ཅིག་ཨེ་ཡིན་སྙམ་པ་འདུག ༧གོང་ས་མཆོག་གི་ ༼ ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་། ༽ ཞེས་པའི་བཀའ་རྩོམ་གྱི་ཁ་བྱང་དུ་སྤྱད་པ་ནས་ཕལ་ཆེར་ཡོངས་གྲགས་ལྟ་བུ་ཆགས།

    Reply
  2. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    སྐུ་ཞབས་བསྟན་འཛིན་ལགས། ཟིན་བྲིས་ར་བར་ཕེབས་དང་། ཉིད་ཀྱི་ཟིན་བྲིས་བཟོས་ཟིན་ཡོད། ནམ་མཁའ་བསྟན་འཛིན་དང་ལྷ་ཆབ་སྦྱིན་པ། རིག་འབྱུང་དོན་འགྲུབ་བཀྲ་ཤིས་བཅས་ཀྱིས་རེ་སྐུལ་ལྟར། དེ་རིང་སྐུ་ཞབས་བསྟན་འཛིན་དངོས་སུ་བོད་ཀྱི་དུས་བབ་ཟིན་བྲིས་སུ་ཞུགས་སོང་། རྒྱ་ཆེ་ཞིང་ཁོད་ཡངས་པའི་གཞིས་ཀ་འདི་ནས་ང་ཚོས་ཀ་ལེར་འགྲོ་འོང་བྱ་ཆོག

    Reply
  3. ཨ་འཇིགས། says:
    ལོ་ 16 སྔོན།

    མ་ཡིན་སྟབས་ཞེས་བཅོས་རོགས། མ་ཆད་འདུག

    Reply
  4. ཨ་འཇིགས། says:
    ལོ་ 16 སྔོན།

    བསྟན་འཛིན་གྱིས་སྐྱོན་ལ་མཛུབ་མོ་བཙུགས་ནས་བཤད་པར་རྗེས་སུ་ཡི་རང་ཡོད། དུས་བབ་ཚང་གི་ལས་བྱེད་ཡོངས་ཀྱི་སེམས་ལ་ཕོག་གི་མ་རེད་བསམ། གལ་སྲིད་ཕོག་པ་ཡིན་ན་རང་ཉིད་ནོར་བ་རང་རེད། ཡིག་ནོར་ཙམ་གྱིས་དུས་བབ་ཚང་གི་ལས་བྱེད་ཚོའི་ཤེས་ཚད་ཡོངས་སུ་རྫོགས་པ་འདི་རེད་ཅེས་བཤད་མི་ཐུབ་ནའང་ཚང་མས་མ་འོངས་པར་ཡིག་ནོར་ལ་གཟབ་ཙམ་གནང་རྒྱུ་ཧ་ཅང་གལ་ཆེ་བར་མཐོང༌།

    བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པའི་གཏམ་ནི་ཆེས་ལྟ་འདོད་ཆེ་ཤོས་ཀྱི་ལེ་ཚན་ཞིག་ཡིན་མོད། ད་སྐབས་ཅུང་ཟད་འགྱུར་བཞིན་པའི་སྣང་བ་བྱུང༌། སྔོན་མའི་དུས་བབ་ཀྱི་ཚིག་སྦྱོར་མཛེས་པོ་དེ་ཡང་བར་སྐབས་ཤིག་ནས་འགྱུར་སོང་བའི་སྣང་བ་བྱུང་བས། རྩོམ་སྒྲིག་པ་དང༌། གསར་འགོད་པ་སོགས་ལས་བྱེད་ཚོས་དགོངས་པ་བཞེས་དགོས་པ་འདྲ།

    ད་ཐེངས་རྩོམ་སྒྲིག་པས་ངོས་ཀྱི་ཞེས་པའི་ཚིག་གི་མགོ་ནས་བཟུང་སྟེ་ལོ་རྒྱུས་ལ་ཕྱིར་དྲན་གྱིས་རང་ཉིད་ཀྱི་བསམ་ཚུལ་གཞན་ཐོག་ནས་མངོན་ཐབས་བྱས་འདུག་ཀྱང༌། དེ་ནི་སྤྱི་ཡོངས་ཀྱི་བསམ་ཚུལ་ཞིག་ཡིན་སྟབས་རྩོམ་སྒྲིག་པའི་གཏམ་དུ་འགོད་འོས་སུ་མ་མཐོང༌། ལྷག་པར་ངོས་ཀྱི་ཞེས་པའི་ཚིག་འདི་ཡུལ་གྱི་རྒྱལ་བོ་དང་བདག་པོ་ལྟ་བུ་ལ་སྤྱོད་པ་ལས་མི་དཀྱུས་མ་ལ་སྤྱོད་པ་ཞིག་ཡིན་སྟབས་ང་བྲི་བ་ལས་ངོས་བྲིས་ན་མི་ལེགས།

    Reply
  5. བསྟན་འཛིན says:
    ལོ་ 16 སྔོན།

    ༄༅།། དུས་བབ་རྩོམ་སྒྲིག་པ་མཆོག་ལ་ཞུ་རྒྱུར།

    ཚེས་ ༤ ཉིན་ངས༼༄༅།། བོད་ཀྱི་དུས་བབ་རྩོམ་སྒྲིག་པ་མཆོག་ལ་ཞུ་རྒྱུར།
    ངའི་མིང་ལ་བསྟན་འཛིན་ཚེ་དཔག་ཞུ་ཡི་ཡོད། ང་ལ་དུས་བབ་དྲ་རྒྱའི་ནང་ཟིན་བྲིས་ཤིག་གཉེར་བའི་གོ་སྐབས་གནངས་རོགས་ཞུ་ཡག་ཡིན།
    བསྟན་འཛིན་ཚེ་དཔག་ནས།
    ༽ཞེས་ཞུ་ཡིག་ཕུལ་བར། དེ་རིང་ཚེས་ ༨ ཉིན་ཁྱེད་རང་གིས་༼སྐུ་ཞབས་བསྟན་འཛིན་ཚེ་དཔག་ལགས།
    སྔོན་ལ་ཁྱོད་ཀྱིས་དུས་བབ་དྲ་ཐོག་ལ་ཐོ་འགོད་བྱོས་དང༌།
    སྐུ་ཉིད་ལ་འདི་ནས་ཟིན་བྲིས་བཟོ་བསླ་ཙམ་ཡོད།
    དེ་མ་གཏོགས།
    མྱུར་འཕྲིན་ཁ་བྱང་དང་ཐོ་མིང༌།
    ཟིན་བྲིས་མིང༌།
    གསང་གྲངས་ཡོངས་རྫོགས་འདི་ནས་གསར་དུ་བཟོ་དགོས།
    ཁྱེད་ཀྱིས་སྔོན་ལ་ཐོ་འགོད་བྱས་པ་ཡིན་ན་ཕན་ཚུན་གཉིས་ཀར་སྟབས་བདེ་ཡོད།༽ཞེས་གསལ་འཁོད་ཀྱི་ལན་ཞིག་བཏང་འདུག་པ་ཐུགས་རྗེ་ཆེ། ང་ལ་དྲི་བ་ཞིག་ཡོད། ཐོ་འགོད་བྱོས་ཟེར་བ་དེ། དེབ་སྐྱེལ་བྱོས་ཟེར་བ་དང་དོན་གཅིག་ཡིན་ནམ། ཡང་ན། ཐོ་འགོད་ཀྱི་འགྲོ་སྟངས་དང༌། དེབ་སྐྱེལ་གྱི་འགྲོ་སྟངས་ཞེས་འགྲོ་སྟངས་ལོགས་ཀ་གཉིས་ཡོད་པ་ཡིན་ནམ། དེབ་སྐྱེལ་ཟེར་གྱི་ཡོད་ན། དེ་ནི་ངས་ཁ་སང་སྔོན་མ་ནས་ཞུས་ཏེ། བསམ་ཚུལ་སྤེལ་བཞིན་པ་འདི་ཡིན། ཡང་ན། ཐོ་འགོད་ཀྱི་འགྲོ་སྟངས་གཞན་ཞིག་ཡོད་པ་ཡིན་ན། དེའི་འགྲོ་སྟངས་ང་ལ་གསལ་བཤད་ཅིག་གནངས་རོགས། ངས་གྲོགས་པོ་ཁ་ཤས་ལ་སྐད་ཆ་དྲིས་པར། དེ་ནི་ཡར་ཞུ་ཞིག་བྱས་པ་ཡིན་ན། དུས་བབ་ཀྱི་ངོས་ནས་བཟོས་ནས་ཡོང་གི་རེད་ལབ་སོང༌། ལམ་སྟོན་གསལ་བཤད་ཅིག་གནངས་རོགས།

    བསྟན་འཛིན་ནས།

    Reply
  6. བསེ་རུ། says:
    ལོ་ 16 སྔོན།

    བསྟན་འཛིན་ལགས་ཀྱིས་ཉིན་དེ་རིང་བར་གསུངས་པ་གང་འཚམ་ཞིག་ཁོ་བོས་ཀྱང་བདེན་དོན་དུ་བརྩི་བཞིན་ཡོད།
    ཁོ་བོས་ཀྱང་སྔར་དུས་བབ་གསར་ཤོག་ཐོག་ལ་སེམས་འཚབ་ཡོང་བའི་སྐད་ཆ་ཚིག་འགའ་བཤད་མྱོང་།
    ཡིན་ན་ཡང་དུས་བབ་ཀྱི་ལས་བྱེད་རྣམ་པས་ཨུ་ཚུགས་ཀྱིས་བདེན་དོན་ལ་དེ་ཙམ་དོ་སྣང་མི་སྣང་བའི་ཚོར་ཤུགས་སླེབས་བྱུང་བས་ཅུང་ཡིད་མི་བདེ་བར་གྱུར།
    ང་ཚོས་ད་དུང་དུས་བབ་འདི་ཉིད་སྔར་ལས་ལྷག་པ་མ་བྱུང་ཡང་སྔར་དང་མཚུངས་པའི་གསར་ཤོག་ཚད་ལྡན་ཞིག་ཡོང་བའི་རེ་བ་དང་། དུས་དང་རྣམ་པ་ཀུན་ཏུ་སྐུལ་ལྕག་གཏོང་དགོས་པ་ནི་གཟུར་གནས་སྐྱེ་བོའི་ལས་འགན་ཞིག་ཏུ་སེམས་བཞིན་ཡོད།

    བསྟན་འཛིན་ལགས། ཁྱེད་ཀྱིས་དུས་ཚོད་གང་འཚམ་བཏོན་ནས་ཡིག་ནོར་ལ་སྐྱོན་འདོན་གནང་བར་བཀའ་དྲིན་ཆེ་ཞེས་ཞུ་འདོད་བྱུང་།

    དུས་བབ་ཀྱི་གསར་འགོད་པ་རྣམ་པ་ཚོས་ཀྱང་ལས་བྲེལ་ལ་མ་བལྟོས་པར་ཚིག་འབྲུ་རེ་རེ་ནས་དག་བཤེར་གནང་རྒྱུར་འབད་བརྩོན་གནང་ན་ནོར་འཁྲུལ་གྱི་ཡིག་འབྲུ་འདི་དག་ང་ཚོའི་མིག་ཡུལ་ན་མངོན་མི་སྲིད།།

    Reply
  7. བསེ་རུ། says:
    ལོ་ 16 སྔོན།

    བསྟན་འཛིན་ལགས་ཀྱིས་ཉིན་དེ་རིང་བར་གསུངས་པ་གང་འཚམ་ཞིག་ཁོ་བོས་ཀྱང་བདེན་དོན་དུ་བརྩི་བཞིན་ཡོད།
    ཁ%E

    Reply
  8. བདེ་ཆེན་སྒྲོལ་མ། says:
    ལོ་ 16 སྔོན།

    དྲ་གྲོགས་བསྟན་འཛིན་ལགས།
    ཁོམ་པ་ཡོད་ན་ངེད་ཚང་ལ་ཐེངས་གཅིག་ཕེབས་དང་མཁས་དབང་པདྨ་འབུམ་ཚང་གིས་ངེད་གཉིས་ལ་བསམ་འཆར་འཕྲིན་ཐུང་ཞིག་བསྐུར་འདུག
    ད་དུང་ངེད་གཉིས་ནས་ཁོང་ལ་བསམ་ཚུལ་གཞན་ཞིག་ཕུལ་རྒྱུའི་ཐད་ལ་ཡང་ཁ་བརྡ་རེ་བྱེད་ཡ།

    Reply
  9. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    བསྟན་འཛིན་ལགས་ཀྱིས་ཟིན་བྲིས་སྒོ་ཕྱེས་མེད་དོན་ཅི།
    དུས་བབ་ངོས་སུ་ཟིན་བྲིས་ཤིག་བཟོ་ཐུབ་ན་ཡག་གི་སྙམ།

    Reply
  10. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    དགོངས་དག གོང་དུ་མ་ཞིག་ཆད་འདུག དོན་འགྲུབ་བཀྲ་ཤིས་ཀྱི་ཤེས་ཚད་ཀྱིས་མ་འདང་བ་རེད།

    Reply
  11. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    སྐུ་ཞབས་བསྟན་འཛིན་ལགས་ངོ་མ་ཐུགས་རྗེ་ཆེ། བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༤༤ ཐད། སྐུ་ཉིད་ཀྱིས་དུས་ཚོད་གང་འཚམས་ཤིག་བཏང་ཡོད་ཤག་རེད། ང་ལའང་ཁྱེད་ཀྱི་དེ་འདྲའི་དུས་ཚོད་འབེལ་བོ་ཞིག་ཡོད་རྒྱུ་ན། ཡིག་ནོར་འདི་འདྲའི་མང་པོ་ཞིག་ཨེ་ཤོར། ཨ་ལ་ཀུ་རེ་ཡིན། དོན་འགྲུབ་བཀྲ་ཤིས་ཀྱི་ཤེས་ཚད་ཀྱིས་འདང་པ་རེད།

    Reply
  12. བསྟན་འཛིན says:
    ལོ་ 16 སྔོན།

    ༼བོད་ཀྱི་དུས་བབ་༽སྤྱིའི་འདོན་ཐེངས་ ༤༤༤ བཀླགས་བྱང༌།

    ངས་ལོ་ངོ་བརྒྱད་རིང་གི་དུས་བབ་ཚགས་ཤོག་འདོན་ཐེངས་ཆ་ཚང་བཀླགས་མྱོང༌། ད་དུང་ཡང་མུ་མཐུད་ཀློག་གིན་ཡོད་པ་དང༌། རང་ཉིད་ནི་༼བོད་ཀྱི་དུས་བབ༽་འདི་སྤྱི་ཚོགས་ནང་དགོས་མཁོ་ག་ཚད་ཡོད་པ་དང༌། སྤྱི་ཚོགས་ཀྱིས་གདེང་འཇོག་ག་ཚད་ཅིག་བྱེད་ཀྱི་ཡོད་པའི་རིན་ཐང་ཆ་ཚང་ཤེས་མཁན་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ངོས་འཛིན་འདིས། དུས་བབ་ཀྱི་གསར་འགོད་པ་འདི་ཚོས། ཚགས་ཤོག་དང་དྲ་ངོས་སུ་ཡིག་ནོར་སྤེལ་ནས་སླེབས་ཐེངས་རེར། སེམས་ལ་འཚབ་ཤ་ལངས་ཀྱི་འདུག འཚབ་ཤ་ལངས་ཐེངས་རེར་བསམ་ཚུལ་རེ་འདོན་གྱི་ཡོད།

    ད་ལྟ་ངས། ཟླ་ ༣ ཚེས་ ༣༡ ཉིན་གྱི་༼བོད་ཀྱི་དུས་བབ༽་གསར་ཤོག་བམ་ཀློག་ཅིག་གྲུབ་པ་ཡིན། བམ་ཀློག་གི་ཞོར་ལ། ཡིག་ནོར་བརྡ་ནོར་མང་པོ་ཞིག་མཐོང༌། ཞིབ་མོའི་ལུགས་སུ་བྱས་པས་ནི། ཡིག་ནོར་བརྡ་ནོར། དོན་ནོར་འགོད་ནོར་གྱི་རིགས་ཅི་བས་མང་བར་ངེས་ནས་འདུག དེ་ནི། ཆུ་སྐྱར་ལས་ནི་ཆུར་ཤེས་དང༌། དུ་བ་ལས་ནི་མེར་ཤེས་ཀྱི་ཚུལ་དུའོ།། ད་ནི། ཚང་མར་དོ་སྣང་དང་སེམས་འཚབ་ཅིག་ཡོང་བ་དང༌། ཚང་མས་དུས་བབ་ལ་ཐུགས་ཁུར་གནང་བའི་ཆེད་དུ་ཀློག་མཁན་ཚོར་ཞུ་འབོད་ཅིག་བྱ་འདོད་བྱུང༌། ཡང་སྒོས་ཁྱད་པར་ཅན་གྱི་དབང་དུ་བྱས་ཏེ། དུས་བབ་གསར་འདོན་བྱེད་པོ་གཞོན་སྐྱེས་མཁས་པ་དགེ་འདུན་རབ་གསལ་ལགས་གཙོ་བྱས་པའི་འབྲེལ་ཡོད་རྣམས་ལ། དུས་བབ་ཀྱི་ཁ་ལོ་འདི་སྔོན་དང་འདྲ་མཚུངས་ཀྱི་ཕྱོགས་སུ། རིན་ཐང་གི་སྐས་རིམ་མཐོ་ས་དེར་དཀྱུ་གནང་ཡོང་བའི་ཞུ་འབོད་ཅིག་གྀ་ཆེད་དུ་ཡིན།

    ངས་ཕངས་སེམས་ཆེན་པོས་ཞུ་རྒྱུ་གཅིག་ནི། ད་རེས་ཀྱི་དུས་བབ་འདོན་ཐེངས་འདིའི་ནང༌། བམ་ཀློག་ཅིག་བྱས་པས་ཀྱང་ཡིག་ནོར་བརྒྱ་ཕྲག་མ་ཟིན་ཙམ་སྤེལ་འདུག་པ་མིག་ལ་མངོན་པར་གྱུར། དོན་ནོར་བཅུ་གྲངས་འདུག ཚིག་སྡེབ་ཡ་ལད་དུ་གྱུར་པ་བཅུ་གྲངས་འདུག་སྟབས། ད་ནི་དངོས་འབྲེལ་བསམ་བློ་གཏོང་རན་ནས་འདུག

    ཁ་སྔོན་དུས་བབ་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཟེར་བས་ངའི་སྟེང་ལ་བཀྲ་མི་ཤིས་པའི་རྫིག་གཏམ་ཉོག་པོ་ཞིག་སྤེལ་སོང་བའི་ནང༌། ༼བོད་ཀྱི་དུས་བབ་དྲ་ཤོག་གཉིས་ཀའི་སྟེང་ཡིག་ནོར་ཡོད་དམ་ཟེར་ན། ཡོད་ཟེར་རྒྱུ་ཡིན། གསར་འགྱུར་བརྒྱུད་ལམ་གཞན་ལས་མང་ངམ་ཉུང་ཟེར་ན། སྤོབས་པ་ཆེན་པོས་ཉུང་ཟེར་རྒྱུ་ཡིན།༽ ཅེས་བཤད་སོང༌། ཁོ་རང་གིས་བསྡུར་སའི་གསར་འགྱུར་བརྒྱུད་ལམ་གཞན་དེ་གང་ཞིག་ཡིན་ང་ལ་ཆ་མེད་རྒྱུས་མེད་ཡིན་ལ། བསྡུར་ཡུལ་དེ་གང་ཡིན་བཙལ་འདོད་དང༌། རྙེད་འདོད་ཀྱི་རེ་བའང་མེད།

    དེས་ན། དེ་རིང་གི་ཁོམ་སྐབས་འདི་དང་བསྟུན་ནས། ར་རྒྱ་བློ་དབང་ཟེར་བ་ཞིག་དང༌། ལྷ་ལུང་རྒྱལ་ཟེར་བ་གཉིས་སྒེར་གྱི་རྩོམ་ཡིག་དེ་གཉིས་བཏང་སྙོམས་སུ་བཞག་པའི་འཕྲོས་ཀྱི་གསར་གནས་ཁག་གི་ནང་ཡིག་ནོར་བརྡ་ནོར་དང༌། ཚིག་སྡེབ་ཉོག་པར་གྱུར་པ་ཚབས་ཆེའི་རིགས་མཛུབ་མོས་རི་སྟོན་གྱིས་དཔེས་ཐར་ཆགས་སུ་དགོད་རྒྱུར།

    ཤོག་ངོས་དང་པོའི་ངོས་སུ་གསལ་བ། བཙན་བྱོལ་བོད་གཞུང་༼གི༽ཕྱི་རྒྱལ་ཁག་༼གི༽སྐུ་ཚབ་དོན་གཅོད་ཁག་༼གི༽ཞེས་པ་ལྟ་བུ་གི་སྒྲའི་འཚང་ཁ་ཅན་གྱི་ཚིག་ཕྲེང་དེ་ནས་མགོ་བཙུགས་ཏེ་ཞུས་ན། བཞེངས་༼རྒྱུར༽ཞེས་འབྲི་དགོས་རྒྱུ་ལ་བཞེངས་༼རྒྱུ༽ཞེས་དང༌། ཚེས་ཉེར་བརྒྱད་ཉིན་དུས་དྲན་སྲུང་བརྩི་བྱས་ཟིན་འདས་པའི་བྱ་བ་སྟོན་དགོས་སར་༼བྱ་འཆར༽ཞེས་དང༌། མངོན་འདོད་དང་༼འཚམ་༽པ་ཞེས་འབྲི་དགོས་རྒྱུ་ལ་༼འཚམས་༽པ། ༼སྔ༽ལོ་ལ་༼སྔར་༽ལོ། ༼དགུང༽ལོ་ལ་༼དགོང༽་ལོ། འགུལ་༼བསྐྱོད༽་ལ་འགུལ་༼དཀྱོག༽ སྐུ་ངལ་༼བསྐྱོན༽པ་ལ་སྐུ་ངལ་༼སྐྱོན་༽པ། འགྲོ་༼ཡི༽རེད་ལ་འགྲོ་༼བ༽་རེད། གླ་གཞས་དག་༼ཏུ༽ལ་གླ་གཞས་དག༼དུ༽སོགས་སུ་ནོར་ནས་བྲིས་འདུག་པ་དང༌། དེ་སྟེང་གོ་རྒྱུ་མེད་པའི་ཚིག་དག་བསྣན་པས་ཡིད་སྐྱོ་བ་ལ་ཚད་མེད་པ་ཞིག་ཏུ་བྱས་འདུག

    རྩོམ་སྒྲིག་པའི་གཏམ་གྱི་ནང་དུ། བཅིངས་༼འགྲོལ༽་ལ་བཅིངས་༼གྲོལ༽ དུས་༼རབས༽ལ་དུས་༼རབ༽བཀྲེས་༼ལྟོགས་༽ལ་བཀྲེས༼ལྟོག༽ མྱངས༼པ༽ལ་མྱངས་༼བ༽གཅེས་སྲོག་༼འཕྲོག༽ལ་གཅེས་སྲོག་༼ཕྲོགས༽ སྒེར་༼སྡོམ༽་ལ་སྒེར༼བསྡོམས༽ཞེས་ནོར་ནས་སྤེལ་འདུག་པ་དང༌། ཡང་ཚིག་གི་ཆ་ནས་བཤད་ན། གསོ་བ་རིག་པའི་གཞུང་ལུགས་དག་གི་ནང༌། ནད་གང་ཞིག་འཇུག་སྒོ་དྲུག་ཏུ་ཇི་ལྟར་འཇུག་ཚུལ་གྱི་སྐབས་སུ། པགས་ལ་གྲམ་ཞིང་ཤ་ལ་རྒྱས་པ་དང༌།། རྩ་རུ་རྒྱུ་ཞིང་རུས་ལ་ཞེན་པ་དང༌།། དོན་ལ་འབབ་ཅིང་སྣོད་དུ་ལྷུང་བ་འོ།། ཞེས་པའི་ཚིག་གི་འགྲོས་ལ་ཞུགས་པ་སྐབས་དོན་དང་འབྲེལ་མིན་ཇི་ལྟར་ཡང༌། ༼རུས༽་ལ་ཞེན་ལ་༼རིས༽་ལ་ཞེན། པགས་ལ་༼གྲམ༽་ལ་པགས་ལ་༼བཀྲམས༽ ཞེས་ནོར་ནས་བཀོད་འདུག་པས་མཚོན་བརྡ་ནོར་ཡིག་ནོར་དང༌། དེ་བས་ཚབས་ཆེ་བ་ནི། ད་ལྟ་བར་རྒྱ་ནག་གཞུང་དང་བོད་གཞུང་གང་གིས་ཀྱང་གླེང་མྱོང་མེད་ཅིང༌། དོན་དངོས་དང་རྒྱབ་འགལ་༼བོད་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་མི་ལོ་ ༥༠ འཁོར་བ༽ཟེར་བ་ནི་དུས་ཀྱི་གཏམ་ཙམ་ཡང་མ་ཐོས་པའི་མཚང་དུ་འདུག་ལ། རྒྱ་ནག་གཞུང་གི་བཅོས་སྒྱུར་སྒོ་འབྱེད་སྲིད་བྱུས་ནི་ད་ལྟ་ལོ་ངོ་སུམ་ཅུའི་ཡུན་དུ་འདུག ཡང༌། འཛུམ་མདངས་༼ཀྱིས༽་བདེ་སྐྱིད་མཚོན་ན་ཞེས་འབྲི་དགོས་རྒྱུར་འཛུམས་མདངས་༼ཀྱི་༽བདེ་སྐྱིད་མཚོན་ན་ཞེས་དང༌། ཕུན་ཚོགས་དབང་རྒྱལ་༼གྱིས༽་བརྩམས་པ་ལ་ཕུན་ཚོགས་དབང་རྒྱལ་༼གྱི་༽བརྩམས་པ་སོགས་སུ་ནོར་ནས་བྲིས་པ་རེ་རེ་ནས་བྲི་བས་མ་ལངས།

    དེ་ནས་རིམ་བཞིན། ༼ཐོངས་མཆན༽ལ་༼མཐོང་ཆེན༽ཞེས་དང༌། ཡང་སྐབས་མཚམས་འགའ་ཞིག་ཏུ༼མཐོང་མཆན༽ཞེས་བྲིས་འདུག་པས་མཚོན། ཐོངས་མཆན་གྱི་དག་སྡེབ་བྲིས་སྟངས་གཉིས་སུ་ནོར་ཐལ་དེ་སྐོར་གནས་ཚུལ་གཅིག་གི་ནང༌། འགོད་ཐེངས་བརྒྱད་དུ་ནོར་ནས་བཀོད་འདུག་པ་དང༌། འགྲེལ་བཤད་༼རྒྱག༽ལ་འགྲེལ་བཤད་༼བརྒྱག༽ ༼གོད་ཆག༽་ལ་༼བཀོད་ཆགས༽ ༼གུ་༽ཡངས་ལ་༼ཀུ་༽ཡངས། གྲོས་༼མཐུན༽་དོན་ཚན་བཅུ་བདུན་ལ་གྲོས་༼ཆོད༽་དོན་ཚན་བཅུ་བདུན། དགེ་༼བསྐོས༽ལ་དགེ་༼སྐོས༽ གོ་གནས་མར་༼ཕབ་༽ལ་གོ་གནས་མར་༼འཕབ༽ ༼འཚོགས༽ལ་༼ཚོགས༽ འགྲེལ་བཤད་༼བསྐྱོན༽ལ་འགྲེལ་བཤད་༼སྐྱོན༽ སྐད་ཆ་༼ཤོད༽་ཀྱིན་ལ་སྐད་ཆ་༼བཤད༽་ཀྱིན། ༼སྐྱེ༽སྒོ་ལ་༼སྐྱེས༽སྒོ། བསྐྱེད་༼བསྲིང་༽ལ་སྐྱེད་༼སྲིང༽ ཚོར་ཤུགས༼བསླངས་༽ལ་ཚོར་ཤུགས་༼སླངས༽ ཡོ་༼བསྲང་༽ལ་ཡོ༼སྲང༽ ཁྱོད་༼ཀྱིས༽བཤད་ལ་ཁྱོད་༼ཀྱི༽བཤད། གང་༼འཚམ་༽ལ་གང་༼འཚམས༽ ལོ་གཉིས༼རེའི༽མཚམས་ལ་ལོ་གཉིས་༼རེ་༽མཚམས། གོ་༼བསྡུར༽་ལ་གོ་༼སྡུར༽ ༼དམིགས༽་བསལ་ལ་༼དམགས༽་བསལ། ༼གོ་ལའི་༽ཚ་དྲོད་ལ་༼གོ་ལོའི་༽ཚ་དྲོད། རྩེ་༼ཕུད༽ལ་རྩེ་༼ཕུལ༽ ༼དགོང༽་དྲོ་ལ་༼དགུང༽་དྲོ། ༼གཅར༽རྡུང་ལ་༼བཅར་རྡུང༽ ཞིང་༼བྲན༽ལ་ཞིང་༼བྲིན༽ ༼སྔ་༽ནུབ་ལ་༼སྔར་༽ནུབ། རྡུང་རྡེག་ཚ་ནན་༼གྱིས༽་ཁ་གཏད་གཅོག་ལ་རྡུང་རྡེག་ཚ་ནན་༼གྱི་༽ཁ་གཏད་གཅོག དུས་རབས་དང་༼འཚམ་༽ལ་དུས་རབས་དང་༼འཚམས༽ཞེས་ནོར་ནས་བྲིས་འདུག་པ་སོགས་ཡིག་ནོར་བརྡ་ནོར་མང་པོ་སྤེལ་འདུག་པ་དང༌། མཇུག་མཐར། བོད་ཀྱི་དུས་བབ་གསར་ཁང་ནས་༼དཔར་༽འགྲེམས་ཞུས་ཞེས་བྱ་ཚིག་གིས་བསྙད་དགོས་རྒྱུ་ལ། བོད་ཀྱི་དུས་བབ་གསར་ཁང་གིས་༼པར་༽འགྲེམས་ཞུས་ཞེས་མིང་ཚིག་གིས་བསྙད་ནོར་བྱས་འདུག་པའི་བར་དུ། ཡིག་ནོར་མི་ཉུང་བ་ཞིག་སྤེལ་འདུག་སྟབས། ད་ནི་དངོས་འབྲེལ་ཤེས་ཡོན་གྱིས་ཕྱུག་པ་གང་ན་སུ་བཞུགས་སྤྱི་དང༌། བྱེ་བྲག་བོད་ཀྱི་དུས་བབ་གསར་ཤོག་དང་འབྲེལ་ཡོད་གང་ན་སུ་བཞུགས་དག་གིས་ལམ་སྟོན་མགོ་འདྲེན་ཅིག་གནང་རྒྱུ་འཕྱིས་ཚད་དུ་འདུག་ཅེས་ཞུ་བར་ཐལ་ལོ།།

    བམ་ཀློག་ཅིག་གི་རྙེད་དོན་གོང་དུ་བསྟར་ནས་ཡོད་པ་འདི་ཡིན། ད་ནི། ༼བོད་ཀྱི་དུས་བབ་དྲ་ཤོག་གཉིས་ཀའི་སྟེང་ཡིག་ནོར་ཡོད་དམ་ཟེར་ན། ཡོད་ཟེར་རྒྱུ་ཡིན། གསར་འགྱུར་བརྒྱུད་ལམ་གཞན་ལས་མང་ངམ་ཉུང་ཟེར་ན། སྤོབས་པ་ཆེན་པོས་ཉུང་ཟེར་རྒྱུ་ཡིན།༽ ཅེས་ཨུ་ཚུགས་ཕོད་དམ་ཅི། དངོས་འབྲེལ་མི་འདི་ཚོར་དགོས་རྒྱུའི་ཤེས་ཡོན་ནི་མི་འདུག་ཐག་ཆོད་རེད། མི་དགོས་རྒྱུའི་ཨུ་ཚུགས་ཚ་ཙམ་ཡོད་ཐག་ཆོད་འདུག དུས་བབ་འདི་ལྟར་ཉམས་འགྲོ་ཡི་འདུག ཕངས་པ་ལ་ཨང༌། ཞེས་ཞུའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese