ང་ཚོས་སྲོག་འབེན་དུ་བཙུགས་ནས་མུ་མཐུད་རྒྱུག་གི་ཡོད་ནའང་། ཁྱེད་ཚོར་དངོས་གནས་གྲགས་འགུལ་ཅི་ཡང་མི་འདུག་ཟེར།
ཕྱི་ཚེས་ ༧ ཉིན་འདི་གའི་གསར་འགོད་པས་ལྷ་སར་ཡོད་པའི་མདོ་སྨད་རྔ་བའི་ཡུལ་མི་ཞིག་ལ་ཁ་པར་ལས་གླེང་མོལ་བྱེད་སྐབས། ཁོང་གིས་ད་ལྟ་ད་དུང་མདོ་སྨད་རྔ་བ་ལྟ་བུར་མཚོན་ན་མུ་མཐུད་ལས་འགུལ་རབ་དང་རིམ་པ་མང་བོ་ཞིག་སྤེལ་དང་སྤེལ་མོས་ཡིན་སྟབས། ང་ཚོ་དངོས་གནས་བདེ་འཇགས་ངང་འཚོ་ཐབས་བྲལ་འདུག་ལ། ཉིན་འདི་གར་ལྷ་སར་ཅུང་ལྷོད་ཡངས་ཀྱི་རྣམ་པ་འདུག་མ་གཏོགས། དེང་སྐབས་ད་དུང་ཡང་ལྷ་ས་དམག་མིས་དམ་དྲག་འོག་གནས་ཡོད་ལ། ལྷ་སར་གཏན་སྡོད་ཆོག་པའི་ལག་ཁྱེར་མེད་ཚེ་ལྷ་ས་ནས་ཕྱིར་འབུད་བྱས་དང་བྱེད་མོས་རེད།
ང་ཚོས་སྲོག་འབེན་དུ་བཙུགས་ནས་མུ་མཐུད་རྒྱུག་གི་ཡོད་ནའང་། ཁྱེད་ཚོར་དངོས་གནས་གྲགས་འགུལ་ཅི་ཡང་མི་འདུག དེང་སྐབས་འདི་ཕྱོགས་ཀྱི་གཞིས་ལུས་བོད་མི་ཚོས་ཁྱེད་ཚོ་བྱེས་ཀྱི་བོད་མི་རྣམས་ལ་ཚོགས་གཏམ་གཏོང་གི་འདུག་ལ། དངོས་གནས་ང་ཚོ་འགུལ་ཙམ་ཡང་བྱེད་འཇུག་གི་མི་འདུག་པས། ད་བྱེས་ཀྱི་བོད་མི་ཚོས་ག་རེ་འཇོན་ན་མི་འཇོན་ན། ལས་འགུལ་ཞིག་སྤེལ་རན་རེད་ཅེས་བརྗོད་སོང་།
ཁེགས་མི་འདུག་ ངོ་མ་ཁེགས་མི་འདུག