མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཆི་མེད་དགའ་ཚལ་གླིང་གསར་བཞེངས་ལེགས་འགྲུབ་བྱུང་།

བོད་ཀྱི་དུས་བབ།
༢༠༠༩/༠༤/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ནང་བོད་པ་ཚོས་ལྷ་ཁང་གཙུག་ལག་ཁང་བཞེངས་པ་དེར་སྡེ་ཚན་གཉིས་ཡོང་གིན་འདུག གཅིག་དེ་བསླབ་པ་སློབ་གཉེར་བྱེད་མཁན་མང་དུ་ཕྱིན་ཞིང། ལྷ་ཁང་རྒྱ་བསྐྱེད་དགོས་པ་ཆགས་ཏེ་ལྷ་ཁང་བཞེངས་ཀྱིན་ཡོད་པ་གཅིག་དང། ཡང་རིགས་གཅིག་གིས་སྔོན་ལ་གཙུག་ལག་ཁང་རྫིག་པོ་ཞིག་བརྒྱབས་ཏེ། ངའི་འདིའི་ནང་དུ་སློབ་མ་ཡོང་རོགས་བྱོས་ཟེར་གྱིན་ཡོད། རིན་པོ་ཆེ་ཡི་ལྷ་ཁང་འདི་དེ་འདྲ་བོ་ཞིག་ཆགས་ཡོད། གཙུག་ལག་ཁང་སྔོན་ལ་བརྒྱབས་ཏེ་དགེ་འདུན་པ་འཚོལ་དུ་འགྲོ་དགོས་པ་ཆགས་ཡོད།

 

དེ་རིང་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་བཞུགས་སྒར་ངྷ་རམ་ས་ལའི་ཉེ་འགྲམ་ནོར་བུ་གླིང་ཁར་རྙིང་མའི་བླ་ཆེན་སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་གིས་གསར་བཞེངས་བྱས་པའི་འཆི་མེད་དགའ་ཚལ་གླིང་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་ལེགས་པར་གྲུབ་པའི་སྒོ་འབྱེད་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་ཡོད་ལ། དེ་དང་སྟབས་བསྟུན་ཏེ་སྤྱི་ནོར་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞིག་ཀྱང་ཞུས་ཡོད། མཛད་སྒོའི་སྐུ་མགྲོན་གཙོ་བོར་༧གོང་ས་མཆོག་དང་དཔལ་རྒྱལ་བ་ཀརྨ་པ་རྣམ་གཉིས་དབུས་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང༌། བཀའ་བློན་ཁྲི་ཚབ་ཆོས་དོན་བཀའ་བློན་ཚེ་རིང་ཕུན་ཚོགས་བཅས་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་བཞུགས་སྒར་ཁུལ་གྱི་དགོན་སྡེ་ཁག་གི་སྐུ་ཚབ། དེ་བཞིན། རྒྱ་ནག་དང་ཐེ་ཝན། སོག་པོ། ཀོ་རི་ཡ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྦྱིན་བདག་དང་སྐལ་ལྡན་སློབ་བུ་རྣམས་བཅས་སྐུ་མགྲོན་སྟོང་ཕྲག་ལྷག་ཕེབས་ཞུགས་གནང་ཡོད། སྐུ་མགྲོན་ཡོངས་བཞུགས་གྲལ་དུ་འཁོད་རྗེས་ཁམས་སྤྲུལ་དགོན་པས་༧གོང་ས་ལྷ་མིའི་རྣམ་འདྲེན་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཏེ།  ས་སྐྱའི་གདོང་སྲེས་མཆོག་གིས་མནྟལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད། ཉིན་གུང་ཆུ་ཚོད་ ༡༢ སྟེང་སྐུ་མགྲོན་ཡོངས་ལ་གསོལ་ཚུགས་འདེགས་འབུལ་ཞུས་རྗེས་སྐྱབས་རྗེས་ཁམས་སྤྲུལ་རིན་པོ་ཆེ་མཆོག་གིས་ལས་བསྡོམས་རགས་བསྡུས་སྙན་སྒྲོན་ཞུས་ཤིང། བཀའ་བློན་ཁྲི་ཚབ་ཆོས་དོན་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་སྐྱབས་རྗེས་ཁམས་སྤྲུལ་རིན་པོ་ཆེ་མཆོག་གིས་འདས་པའི་ལོ་མང་རིང་བོད་བསྟན་སྲིད་ཀྱི་དོན་དུ་ཕྱག་ལས་རླབས་པོ་ཆེ་གནང་ཡོད་པ་དང། ད་དུང་མུ་མཐུད་དུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་ཧུར་བརྩོན་ལྷོད་མེད་གནང་གལ་ཆེ་ཚུལ་ནན་གྱིས་གསུངས་སོང་ལ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ཀྱང་ཁམས་སྤྲུལ་རིན་པོ་ཆེ་མཆོག་གི་མཛད་བཟང་གི་རྣམ་ཐར་སྙིང་བསྡུས་དང་གཙུག་ལག་ཁང་གསར་བཞེངས་ལེགས་འགྲུབ་ཀྱི་རྟེན་འབྲེལ་ཞུ་ཚིག་སྒྲོག་སྦྱོང་གནང་སོང།

 

དེ་རྗེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བླང་དོར་གྱི་བཀའ་སློབ་བསྩལ་དོན། དེ་རིང་འདིར་ང་ཚོ་བཙན་བྱོལ་བ་ཆགས་ཏེ་དུས་ཚོད་གཉན་འཕྲང་ཞིག་གི་སྐབས་སུ་མཉམ་གཤིབ་ཀྱིས་དཀའ་ལས་བརྒྱབས་པའི་ཁམས་སྤྲུལ་རིན་པོ་ཆེ་མཆོག་གི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་ལེགས་པར་གྲུབ་སྟེ། མཛད་སྒོའི་རྟེན་འབྲེལ་ལ་ཕེབས་པའི་སེར་སྐྱ་སྤྱི་དང། ལྷག་པར་དུ་སྦྱིན་བདག་རྣམ་པ་དང་སློབ་མ་མང་པོ་ཞིག་ཕེབས་ཡོད། རིན་པོ་ཆེ་མཆོག་གིས་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་ལོ་ནས་ལོ་བསྟུད་དེ་དཀའ་ལས་བརྒྱབས་པའི་གྲུབ་དོན་གཙུག་ལག་ཁང་སྤུས་དག་པོ་ཞིག་གྲུབ་འདུག འདི་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ཚོ་བཙན་བྱོལ་བ་ཆགས་རྗེས་བཙན་བྱོལ་བ་གཞན་དང་མི་འདྲ་བར་རང་ཉིད་ལ་ཕ་མེས་ནས་ཡོད་པའི་སངས་རྒྱས་ཀྱི་ཆོས་སྤུས་དག་པོ་ཞིག་ཡོད་ལ། དེ་དང་འབྲེལ་བའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྐད་ཡིག་ཅིག་ལོགས་སུ་ཡོད། སྐད་ཡིག་དེའི་ནང་རིག་པའི་གནས་ལྔ་ཡོད་པའི་རིག་གནས་ཕྱུག་པོ་ཞིག་ཆགས་ཡོད། བོད་ཀྱི་རིག་གནས་དེ་འཛམ་གླིང་སྟེང་གལ་ཆེན་པོ་ཞིག་དང་ཕན་ཐོགས་ཡོད་པ་ཞིག་ཆགས་ཡོད་སྟབས། ང་ཚོ་བཙན་བྱོལ་དུ་གནས་བའི་རིང་ལ། བཙན་བྱོལ་བའི་ལས་ཀ་སྤྱི་ཡོངས་ཀྱི་ཐོག་ལ་ཆོས་དང་རིག་གཞུང་ཐུན་མོང་མ་ཡིན་པ་འདིར་བདག་པོ་ཡག་པོ་ཞིག་རྒྱག་རྒྱུ་དང། སྤུས་དག་པོ་ཞིག་བཟོ་རྒྱུ་ལས་འགན་ཆགས་ཡོད།

 

ཁམས་སྤྲུལ་རིན་པོ་ཆེ་རྙིང་མའི་ཆོས་རྒྱུན་འཛིན་མཁན་ཞིག་ཆགས་ཡོད། ཁོང་རིས་སུ་མ་ཆད་པའི་བསྟན་པ་ལ་བསམ་པ་རྣམ་དག་གནང་མཁན་ཞིག་རེད། སྔོན་མ་རིན་པོ་ཆེ་ཡིས་གཙུག་ལག་ཁང་གི་ཉེ་འགྲམ་ཞིག་ལ་ལྷ་ཁང་ཞིག་བཞེངས་རྒྱུའི་ཐུགས་རེ་གནང་སོང། སྐབས་དེར་ངས་མོ་བརྒྱབས་པ་ཡིན། མོ་ཡག་པོ་བབ་སོང༌། ངས་མོ་ཡག་པོ་འདུག་ལས་ཀ་མགོ་འཛུགས་རོགས། ཞེས་བཤད་པ་ཡིན། ད་ལྟ་གཙུག་ལག་ཁང་ཡག་པོ་ཞེ་དྲག་བྱུང་འདུག སངས་རྒྱས་ཀྱི་བསྟན་པ་ཟེར་བ་དེ་རང་གི་རྒྱུད་ལ་བལྟ་དགོས་པ་རེད། མདོ་རྒྱུད་ཀྱི་གཞུང་དག་ལ་བསླབ་པ་སློབ་གཉེར་གནང་དགོས་པ་རེད། སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་རྒྱུད་ལ་རྟོགས་པ་སྐྱེ་ཆེད་དང། མཐར་ཐུག་རྣམ་འདྲེན་རྒྱལ་བའི་གོ་འཕང་ཐོབ་ཆེད་རེད། སློབ་གཉེར་གནང་མཁན་ཚོའི་གྲུབ་དོན་དེ་ཡང་རང་གི་རྒྱུད་འདུལ་ཐུབ་པ་ཞིག་དགོས་པ་རེད། དེ་འདྲའི་མི་གཅིག་ནས་བཅུ། བཅུ་ནས་བརྒྱ་བྱུང་བ་ཡིན་ན་བསྟན་པ་རྒྱས་པ་ཟེར་བ་དེ་ཡོང་གིན་ཡོད། ལུང་རྟོགས་ཀྱི་ཡོན་ཏན་མཛུབ་མོ་འཛུགས་ས་ཞིག་རང་རྒྱུད་དུ་མེད་པ་ཡིན་ན། ཕྱི་ལོགས་སུ་རྒྱས་སྤྲོས་ཅི་ཙམ་ཡོད་ཀྱང་བསྟན་པ་རྒྱས་པ་ཟེར་བ་དེ་བཤད་ཁག་པོ་ཞིག་ཆགས་ཡོད། ཅེས་གསུངས་སོང།

 

ཡང་ཁོང་གིས་གཙུག་ལག་ཁང་ལ་རྒྱུ་དངོས་ཀྱི་རོགས་སྐྱོར་གནང་མཁན་སྦྱིན་བདག་རྣམས་ལ་གསུངས་དོན། དེ་རིང་འདིར་ཕེབས་པའི་ཁྱེད་ཅག་སྦྱིན་བདག་རྣམ་པ་ཚོར་མཚོན་ན། སློབ་གྲྭ་དང་འཕྲོད་བསྟེན་སོགས་ལ་སྦྱིན་བདག་བྱས་ན་ཡག་པོ་རེད་དེ། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་སྦྱིན་བདག་བྱས་པ་འདི་ནི། རང་ཉིད་ཁོ་ནའི་ཚེ་འདིའི་ཟང་ཟིང་གི་ཕན་བདེ་ཙམ་མ་ཡིན་པར། སེམས་ཅན་ཐམས་ཅད་ལ་འཕྲལ་དང་ཕུགས། མཐར་ཐུག་རྣམ་འདྲེན་རྒྱལ་བའི་གོ་འཕང་ཐོབ་པའི་བྱ་བ་རླབས་ཆེན་ཞིག་བསྒྲུབ་ཡོད། ལྷག་པར་དུ་ཁྱེད་ཅག་གིས་གང་ཐུབ་ཐུབ་ཀྱིས་རྟེན་འབྱུང་དེ་ཁོ་ན་ཉིད་ཟེར་བ་དེར་བསམ་བློ་བཏང་སྟེ། བྱམས་པ་དང་རྙིང་རྗེ་ཉམས་ལེན་བྱ་ཐུབ་པ་བྱུང་ན། དངོས་གནས་བསྟན་པའི་སྦྱིན་བདག་མིང་དོན་མཚུངས་པ་ཞིག་ཡོང་གིན་ཡོད། ད་ལྟ་ཟང་ཟིང་རྒྱུ་དངོས་ཀྱི་འབྲེལ་བ་རེད། རིམ་གྱིས་ཆོས་ཀྱི་འབྲེལ་བ་བྱུང་ན་ཡག་པོ་རེད། སངས་རྒྱས་པའི་ཆོས་འདི་དད་པ་གཅིག་པའི་སྐད་ཆ་མ་རེད། དད་པ་དེ་ཤེས་རབ་ཀྱི་གྲོགས་སུ་འགྱུར་བའི་དད་པ་ཞིག་ཡིན་དགོས། ཞེས་གསུངས་སོང་།

 

མཇུག་མཐར་༧གོང་ས་མཆོག་གིས་བོད་པ་ཚོས་རྒྱ་གར་ནང་ལྷ་ཁང་བཞེངས་སྟངས་གཉིས་ཡོད་སྐོར་གསུངས་དོན། ངས་སྔོན་མ་རྫོང་གསར་བཤད་གྲྭའི་མཛད་སྒོ་ཞིག་གི་སྐབས་སུའང་བཤད་རྒྱུ་བྱུང། རྒྱ་གར་ནང་བོད་པ་ཚོས་གཙུག་ལག་ཁང་བཞེངས་པ་དེར་སྡེ་ཚན་གཉིས་ཡོང་གིན་འདུག གཅིག་དེ་བསླབ་པ་སློབ་གཉེར་བྱེད་མཁན་མང་དུ་ཕྱིན་ཞིང། ལྷ་ཁང་རྒྱ་བསྐྱེད་དགོས་པ་ཆགས་ཏེ་ལྷ་ཁང་བཞེངས་ཀྱིན་ཡོད་པ་ཁག་གཅིག་དང། ཡང་རིགས་གཅིག་གིས་སྔོན་ལ་གཙུག་ལག་ཁང་རྫིག་པོ་ཞིག་བརྒྱབས་ཏེ། ངའི་འདིའི་ནང་དུ་སློབ་མ་ཡོང་རོགས་བྱོས་ཟེར་གྱིན་ཡོད། རིན་པོ་ཆེ་ཡི་ལྷ་ཁང་འདི་དེ་འདྲ་བོ་ཞིག་ཆགས་ཡོད། གཙུག་ལག་ཁང་སྔོན་ལ་བརྒྱབས་ཏེ་དགེ་འདུན་པ་འཚོལ་དུ་འགྲོ་དགོས་པ་ཆགས་ཡོད། འོན་ཀྱང། གསང་སྔགས་ནང་དུའང་རྟེན་དཀྱིལ་འཁོར་དེ་སྔོན་ལ་བསྒོམས། དེ་ནས་བརྟེན་པ་ལྷ་ཚོགས་དེ་རྗེས་སུ་གསལ་བ་ཞིག་ཡིན། འཛམ་གླིང་ཆགས་པའི་སྐབས་སུའང་སྔོན་ལ་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས། རྗེས་སུ་ནང་བཅུད་ཀྱི་སེམས་ཅན་ཆགས་ཡོད། རིན་པོ་ཆེ་ཡིས་ཀྱང་གཙུག་ལག་ཁང་རྟེན་དང་བཅས་པ་སྔོན་ལ་བཞེངས། དེ་ནས་སློབ་གཉེར་གནང་མཁན་གྱི་དགེ་འདུན་པ་ཤར་ཕྱོགས་ནས་ཡོང་གིན་འདུག་གམ། ལྷོ་ཕྱོགས་ནས་ཡོང་གིན་འདུག་གཞི་ནས་བལྟ་དགོས་པ་ཆགས་ཡོད། ཏན་ཏན་མང་པོ་ཡོང་གི་རེད་བསམ་གྱིན་འདུག གང་ཡིན་ཟེར་ན། བཞུགས་སྒར་གྱི་འཁྲིས་སུ་ཡོད་ལ། རྒྱུད་སྟོད་དང་བཙུན་དགོན་ཡང་ཉེ་སར་ཡོད་པ་རེད། འདིར་བོད་ཀྱི་རིག་གནས་ཧ་ལམ་ཆ་ཚང་པ་ཞིག་སློབ་གཉེར་བྱ་རྒྱུ་བྱུང་ན་ཧ་ཅང་ཡག་པོ་རེད་བསམ་གྱིན་འདུག མཐའ་དོན་རིན་པོ་ཆེ་ཡི་སྐུ་ལ་འཕྲོད་བཞེས་གནང་རྒྱུ་གལ་ཆེན་པོ་རེད། ད་བར་བོད་བསྟན་སྲིད་ཀྱི་དོན་དུ་སྐུ་ངལ་མང་པོ་སྐྱོན་ཡོད་ལ། ད་དུང་ཡུན་རིང་པོར་བཞུགས་རྒྱུར་ཐུགས་ཀྱི་འདུན་པ་གཏོང་དགོས་པ་རེད། ངས་ཀྱང་སྨོན་ལམ་རྒྱག ཅེས་གསུངས་སོང།

 

 

 

འབྲེལ་ཡོད་གསར་འགྱུར།

The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

སྐར་མ ༥༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༢ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩

མཆན། 21

  1. སངས་ཕྲུག་སྣ་ལོ། says:
    ལོ་ 17 སྔོན།

    ཁམས་སྤྲུལ་རིན་པོ་ཆེ་མཆོག བོད་བསྟན་སྲིད་སྤྱི་ལ་ཐུགས་བསམ་བཞེས་མཁན་ཞིག་དང་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་ཀྱི་དགོངས་དོན་ལས་མི་འགལ་མཁན་ཞིག་ཡིན་པ་དོན་གྱི་བདག་པོའི་བཀའ་ལས་ཤེས་ཐུབ། གང་ལྟར་སྐུ་ཚེ་བརྟན་པར་ཤོག མཛད་འཕྲིན་རྒྱས་པར་ཤོག

    Reply
  2. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    དེ་ཡང་རྨོངས་དད་ཆར་གཏོགས་རེད།

    Reply
  3. Tenpa Nyima says:
    ལོ་ 17 སྔོན།

    གྲོགས་པོ་ཚོར་ཞུ་རྒྱུ༌། ཁྱེད་ཚོས་ཁམས་སྤྲུལ་ཚང་གི་རྟེན་བཞེངས་ལ་རྗེས་སུ་ཡི་རང་་མི་བྱེད་ནའང་འདི་འདྲིའི་སྐུར་བ་བཏབས་པས་ཅི་ཞིག་ཕན༌། རང་ཉིད་ལ་དཔལ་འབྱོར་གྱིས་ཕོངས་བས་ལྷ་ཁང་ལེགས་པོ་འདི་ལྟ་བུ་ཞིག་བཞེངས་གྲུབས་པར་ཕྲག་དོག་བྱས་པ་མིན་ནམ། བླ་མ་འདི་ཚང་གི་ཀུན་སློང་བཟང་ངན་གང་ཡིན་ཀྱང་ང་ཚོས་ངོས་ནས་རྗེས་སུ་ཡི་རང་བྱེད་ན་ལེགས་པར་མངོན་ནོ། ང་ཚོར་ད་ལྟའི་སྐྱེ་བ་འདིར་ནོར་གྱིས་ཕོངས་ན་ཡང་སྐྱེ་བ་ཕྱི་མར་ཕྱུག་པོར་གྱུར་ནས་འདི་ལྟ་བུ་བཞེངས་བའི་ནུས་པ་ཡོད་པར་སྨོན་ན་ལེགས་སམ་སྙམ་མོ། ཁ་དྲོ་བཀྲ་ཤིས།

    Reply
  4. བློ་བཟང་དངོས་གྲུབ་ says:
    ལོ་ 17 སྔོན།

    ཨ་ཧ་་དེང་དུས་ཀྱི་སངས་རྒྱས་བསྟན་པ་ཕྱི་ལོགས་ལ་འདུག་ག།་་་་།
    སྲིད་པ་འཁོར་ལོ་དགོན་པའི་སྒོ་འཕྱོར་ལ་བྲིས་པ་དང་།མི་ཚང་གི་འདྲ་གཟུགས་སྒོ་འཕྱོར་ལ་བྲིས་པ་གཉིས་གོ་དོན་གཅིག་ཡིན་པ་འདྲ།་་་ཧ་ཧ་་་་་་་།

    Reply
  5. གཞིས་ལུས་བོད་པ། says:
    ལོ་ 17 སྔོན།

    བོད་ཡིག་འདི་རང་རིགས་ལ་སྡིགས་དམོད་ཁོ་ན་བྱེད་པའི་ཆེད་དུ་བཟོས་པ་འདྲ་ཞིག་མཐོང་སོང་། ཨ་ཧ་ཧ་སྐྱོ་བ་ལ། བཙན་བྱོལ་བ་ཚོས་ཉི་མ་འགྲོ་ཐབས་མེད་པས་འདི་ལྟར་སྐྱོན་བརྗོད་བྱེད་བཞིན་བསྡད་ཡོད་པ་ཨེ་རེད། མིག་ཆུ། མིག་ཆུ། མིག་ཆུ།

    Reply
  6. བློ་གྲོས་རྒྱལ་མཚན་ says:
    ལོ་ 17 སྔོན།

    སྙིང་ཉེ་བའི་དྲ་གྲོགས་ཚོ། ཁམས་སྤྲུལ་རིན་པོ་ཆེ་འདི་པ་བོད་ཀྱི་བསྟན་སྲིད་ལ་སྲི་ཞུ་མཐར་ཕྱིན་པའི་བླ་མ་བགྲེས་སོང་ཞིག་ཡིན་པ་དང་། བཞུགས་སྒར་དུ་དགོན་པ་འདི་འདྲ་ཞིག་གསར་བཞེངས་བྱེད་དགོས་དོན་ཡང་། གཙོ་བོ་བཞུགས་སྒར་དུ་༧གོང་ས་ལྔ་པའི་དག་སྣང་གསང་བ་རྒྱ་ཅན་གྱི་ཆོས་སྐོར་ལ་ཉམས་བཞེས་གནང་མཁན་ཞིག་དགོས་པའི་གནད་དོན་གྱིས་རེད། ༧གོང་ས་མཆོག་མཛད་སྒོར་ཆིབས་བསྒྱུར་གནང་བ་དེ་ཡང་ཁོང་རྣམ་པའི་ནང་ཁུལ་གྱི་མཛད་ཕྲིན་ཞིག་རེད། ཁྱེད་རྣམ་པ་༧གོང་ས་ཆེན་པོའི་སྐུའི་འཕྲོད་བཞེས་ལ་ཐུགས་ཁུར་ཡོད་པ་བསྔགས་འོས་སུ་མཐོང་ཡང་། ཁམས་སྤྲུལ་ཚང་ལ་ངན་བརྗོད་གང་མང་གནང་འདུག་པ་དེ་ཚོ་ཡ་རབ་ཀྱི་ལུགས་སྲོལ་ཞིག་ཏུ་འགྲོ་དཀའ། འཇུག་ཏུ་འོག་གི་གློག་བརྙན་ཐུང་ཐུང་འདི་ལ་གཅིག་གཟིགས་དང་། ཁྱེད་ལ་ངོ་མས་བོད་ཞེན་ཞིག་ཡོད་ན་ཁྱེད་མིག་ཆུ་འཐོར་སྲིད།
    http://www.youtube.com/watch?v=s8Ow1loxpgg

    Reply
  7. བློ་བཟང་མཁྱེན་བརྩེ། says:
    ལོ་ 17 སྔོན།

    མིང་འདྲ་མིན་བཀོད་ནས་མཆན་འདེབས་མཁན་འདི་ཚོས་དངོས་ནས་ཅི་ཞིག་འདོད་ཀི་ཡོད་ན།་ཡིག་འཁྱོག་ཁ་ཤས་རེ་འབྲི་ཤེས་ན་ད་མཆན་བུ་བཏབས་ཚད་ལ་མི་ལ་ཁ་གཏོང་རྒྱུ་ལས་མེད་པ་འེ་རེད། དངོས་ནས་ངོ་ཚ་ཞིག་མི་འདུག་ དོན་དག་ཡོད་མེད་པ་༸གོང་ས་མཆོག་གདན་འདྲེན་ཞུས་པར་སྐྱོན་ཆ་ཡོད་སྲིད་ཀྱང༌། ཐེངས་འདིར་༸གོང་ས་མཆོག་གིས་བསྔགས་བརྗོང་ཇི་འདྲ་གནང་འདུག མཆན་བུ་འདེབས་ན་དོན་དག་ལ་འདེབས་དགོས་པ་ལས། གང་དྲན་སྨྱོ་ལབ་བྱས་ནས་ཅི་བྱེད། མཛད་སྒོ་འདིར་བོད་གཞུང་གི་མཛད་རྣམ་པ་ཕེབས་པར་སྙིང་ན་གི་ཡོད་ན། ༸གོང་ས་མཆོག་ཀྱང་ཕེབས་ཡོད་པས་ཁྱོད་སྙིང་ནའམ། ༸གོང་ས་མཆོག་གིས་ཐུགས་དགྱེས་ཉམས་ག་ཚོད་བསྟན།སྒྲོ་ལོ་ཡོད་ན་བོད་ལག་ན་ཡོད་ཀི་ཡིན་ཅིག་ཟེར་ནས། ཁྱོད་ཁྱི་ཁ་ཟིམ་ལ་སྡོད། ཡ་ཡར་གྲགས་ལ་བོད་གཞུང༌། ཁ་མར་གྲགས་ལ་བོད་གཞུང༌། ཁྱོད་ཀྱི་རང་གི་ཡིག་ཚད་ལོན་པ་བྱོས་དང་དེ་གས་འཐུས་པ་བྱོས། ཡིག་འཁྱོག་ཁ་ཤེས་རེ་ཤེས་པ་དེ་བེད་སྤྱོད་ས་མི་རྙེད་ན་། སྨྱུག་ཁ་རྒྱ་ནག་ལ་སྐོར་ཏེ་རྩོམ་ཡིག་ཞིག་བྲིས་མྱོང་ཡོད་དམ། ད་དུང་བོད་ཞེན་ཆེ་བཤད་ཀ་ ཡོ་ཐོ་བྷེ་ནང་གི་རྒྱ་ནག་གི་རྫུན་བཟོས་སྨྱན་བྱེད(media)གྲངས་ཀ་ཅིག་ལྟོས་དང༌། དེ་ཚོར་ལན་རེ་ཨེ་ཐོབ་མི་ལྟ་བར། བོད་ཀྱི་མི་ཆེན་བླ་ཆེན་ཚོར་དེ་འདྲའི་སྙིང་ན་དོན་ཅི་ཡིན་ནམ། དངོས་ནས་བྱེས་གཞུགས་གཞོན་སྐྱེས་(ཨ་མདོ་བ)ཁ་ཤོས་ཀྱིས་ཅི་ཞིག་བསམ་གྱིན་ཡོད་པ་མི་ཤེས་ཀི་ཡ།

    Reply
  8. གངས་བུ། says:
    ལོ་ 17 སྔོན།

    ཡིག་ནོར་བྱེད་སྒྲ་ཡིན

    Reply
  9. གངས་བུ། says:
    ལོ་ 17 སྔོན།

    རྙིང་མ་ཚང་གི་གཙོ་སྐུ་པདྨ་འབྱུང་གནས་བཞེངས་ཚུལ་ལ་གཞིག་ན་སྟོན་པ་གུ་རུའི་རྗེས་འཇུག་ཡིན་པར་སེམས །

    Reply
  10. tshanpo says:
    ལོ་ 17 སྔོན།

    ཁམས་སྤྲུལ་རིན་པོ་ཚང་བོད་ཀྱི་སྤྱི་འཐུས་བྱེད་མྱོང་ཡོད་བསམ་སོང། ཁོང་ཆོས་དོན་དྲུང་ཆེ་བྱས་མྱོང་བ་རེད། ཐེང་གཅིག་ལ་ཁོང་རྒྱལ་བ་རིན་པོ་ཆེ་སྐུ་ཚབ་གནང་ནས་བལ་ཡུལ་ཀློ་བ་ལ་ཕེབས་འདི་ནི་ཧ་ཅང་གི་སེམས་སྐྱོ་བ་ཞིག་རེད། འདི་རིག་ནས་མིག་ཆུ་ཤོར་མཁན་མང་པོ་ཡོད། འདི་ལ་གཟིགས་དང་http://www.youtube.com/watch?v=s8Ow1loxpgg

    Reply
  11. གངས་བུ། says:
    ལོ་ 17 སྔོན།

    དགོངས་དག་གླེང་འདེབས་རྒྱུ་མང་དྲག་སོང་། རྙིང་མ་ལ་གཉན་ཟེར་བ་ཞིག་ཀྱང་ཡོད་པ་རེད ། ད་ང་ཁ་བཙུམ་ནས་བསྡད་ན་དགའ ། སང་ཉིན་ཁ་ནས་ཁྲག་སྐྱུག་དུས་འགྱོད་པ་ཡིན །

    Reply
  12. གངས་བུ། says:
    ལོ་ 17 སྔོན།

    གང་ལྟར་དེང་སྐབས་ཁང་བས་སངས་རྒྱས་ཀྱི་བསྟན་པ་འཛིན་གྱིས་འདུག་ཟེར ། ནང་དུ་སྟོན་པའི་འདུལ་ཁྲིམས་གཙང་མིན་དང་ཆོས་འཆད་མཁན་མི་གཙོ་ཟེར །
    ཌོ་ལོར་གྱི་ངམ་ཁ་ཅི་ཙམ་མཐུག་ན་དེ་ཙམ་གྱི་སངས་རྒྱས་ཀྱི་བསྟན་པ་དར་ཟེར །
    ད་དུང་བུ་མོ་མཛེས་མ་ག་ཚོད་ཡོད་ན་དེའི་ཚོད་ཀྱིས་མཁའ་འགྲོ་མའི་ཚོགས་ཡང་རྒྱས་ཚོད་རེད །

    Reply
  13. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    སྐར་ཁྲི་བཙན་འདིས་ལྐུག་རྟགས་བསྟན་འདུག ཨ་མྱེ་ཐ་པ་ཞེར་བ་ཞིག་ག་ཡོད། ཨ་མི་ཏ་བྷའི་རི་བོ་ཟེར་བ་འབྲུག་ཆེན་སྐྱབས་མགོན་གྱི་གསར་དུ་བཞེངས་པའི་དགོན་པ་དེ་རེད། འཕགས་པ་ཤིང་ཀུན་◌྄ྭཡི་ཡར་རྒྱབ་ཀྱི་རི་བོ་དེའི་སྟེང་དུ་ཡོད་རེད། ཁམས་སྤྲུལ་དེ་འབྲུག་ཁམས་སྤྲུལ་རེད། རྡ་རམ་ས་ལའི་ཁམས་སྤྲུལ་དེ་སྒ་རྗེ་ཁམས་སྤྲུལ་ཟེར་བ་རེད། དེ་གཉིས་མིང་ལ་འདྲ་བའི་ཆ་རེ་ཡོད་པ་ལས་དོན་ལ་འབྲེལ་མེད་རེད།

    Reply
  14. བདེ་ཆེན་སྒྲོལ་མ། says:
    ལོ་ 17 སྔོན།

    ཨ་ལ་ལ། སྒྲོ་ལོ་ལྗང་ཁུ་ཡོད་ན་ད་བོད་གཞུང་ལག་ན་ཡོད་ག།

    Reply
  15. ནམ་མཁའ་བསྟན་འཛིན། says:
    ལོ་ 17 སྔོན།

    དྲ་གྲོགས་ཚང་མས་བཤད་པར་གནས་ལུགས་འདུག འོན་ཀྱང་ང་དེ་ལས་ཀྱང་ཕང་སེམས་སྐྱེས་བ་ཞིག་ནི་ངོ་ཆེན་རྒྱུ་ཆེན་འདི་ཚོས་རང་གི་ཆེ་བ་ངོམས་བྱེད་དུ་བོད་མིའི་སྤྱི་ནོར༧གོང་ས་ཡིད་བཞིན་ནོར་བུ་མཆོག་འདི་ལྟར་དོན་དག་ཡོད་མེད་ཀུན་ལ་གདན་འདྲེན་ཞུས་ཏེ། དེ་རིང་གི་འདི་ནི་བཤད་ཡོང་ན་ངོ་མ་ཁང་པ་སྟོང་བ་ཞིག་གི་ཁང་སྟོན་རེད་མོ། ལོ་སྔོན་མའི་ནང་སྐུ་སྙུང་བཞེས་བ་ཚང་མས་ཤེས་གསལ་རེད། ནམ་ཞིག་རྒྱུ་ཆེན་འདི་ཚོས་སོ་སོའི་སྐྱེས་སྐར་གཏོང་དུས་ཡང་༧སྐུ་མདུན་གདན་འདྲེན་ཞུ་དགོས་ཀྱི་འདུག་ཟེར་ས་རེད། སྔ་འགྱུར་རྙིང་མ་ཚང་གིས་ད་དུང་པད་ནོར་ཚང་སྐུ་གཤེགས་པར་མྱ་ངན་བྱེད་ཀྱིན་ཡོད་པ་མ་ཡིན་ནམ། ཧྲ་གི་ཧྲ་གི། ལ་ལས་མྱ་ངན་ཞུས། ལ་ལས་སྟོན་མོ་བྱོས། ཚང་མ་དམངས་གཙོ་རེད། ཧ་ཧ་ཧ་ཧ།་

    Reply
  16. ཁ་བ། says:
    ལོ་ 17 སྔོན།

    ཁམས་སྤྲུལ་ཚང་གི་བཟོ་ཚོང་ཁང་ལེགས་གྲུབ་བྱུང་བར་འོག་མིན་ན་བཞུགས་པའི་ས་ཐོབ་ཀྱི་སེམས་དཔའ་སྙིང་རྗེའི་བདག་ཉིད་ཅན་དེ་ཚོ་བཤུམས་ཡོད་ངེས་རེད།
    འདི་དགོན་པ་མ་རེད། ཁམས་སྤྲུལ་ཚང་གིས་འཁོར་བ་འཛིན་བྱེད་རེད། ཁམས་སྤྲུལ་ཚང་གིས་འདི་དྲུད་ནས་ཕྱོགས་བཞི་མཚམས་བརྒྱད་ལ་སློང་མོ་བྱ་རྒྱུ་རེད།
    བཙན་པོ་ལགས་ནས་གོང་དུ་བཤད་པའི་བོད་ཀྱི་ལོ་རྒྱུས་སྟེང་གི་མཁས་པ་གྲགས་ཅན་ཁམས་སྤྲུལ་ཟེར་བ་དེ་ཁམས་སྤྲུལ་འདི་ཨེ་ཡིན་ནམ། དེའི་སྐོར་ལན་གསལ་པོ་ཞིག་གནང་ངེས་ཡོད་ན་འདིར་གནང་རོགས།
    འབྲུག་ཁམས་སྤྲུལ་ཟེར་བ་དེ་ཡིན་ན་རྒ་རྗེ་ཁམས་སྤྲུལའདི་དང་གཅིག་ནི་མ་རེད།
    བོད་ཀྱི་ལོ་རྒྱུས་ཐོག་ཁྱིམ་རྒྱུད་ཀྱིས་བླ་སྤྲུལ་འགན་ལེན་བྱས་ཡོད་པ་ཁ་ཤས་ཡོད་པའི་ནང་ནས་གཅིག་དེ་ཁམས་སྤྲུལ་འདི་བ་ཚང་རེད། དེར་བརྟེན་འདི་ཚོ་ཕ་རབས་བུ་རྒྱད་དང་བཅས་པ་དུས་ནམ་ཡང་བླ་སྤྲུལ་ཡིན་པ་རེད། ཁྱོད་ཚོས་སོམས་དང་འདི་རིགས་མང་ནི་རེད།

    Reply
  17. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    ཁྱོད་ཀྱིས་དངོས་གནས་ཞིབ་འཇུག་ནན་མོ་གནང་འདུག་་་་་་་ཡག་བཙོག་གང་ཡང་རྟགས་དཔྱད་བྱས་དགོས་པ་གལ་ཆེན་པོ་རེད།

    Reply
  18. བཙན་པོ། says:
    ལོ་ 17 སྔོན།

    སྤྱིར་ལོ་རྒྱུས་སྟེང་ནས་བཤད་ན། ཁམས་སྤྲུལ་རིན་པ་ཆེ་མཆོག་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་མི་སྣ་ཞིག་དང་བོད་ཁམས་ཡོངས་སུ་གྲགས་པའི་མཁས་པ་ཆེན་མོ་ཞིག་ཡིན་མོད་ཀྱང༌།
    སྐུ་འཕྲེང་འདི་བ་ཚང་ནས་བཟུང་དམིགས་བསལ་བོད་ཀྱི་ལོ་རྒྱུས་སྟེང་དུ་བཀོད་འོས་པའི་མཛད་པ་ཅི་ཞིག་བཞེས་ཡོད་མིན་མི་ཤེས་ཀྱང༌། ཁམས་སྤྲུལ་ཚང་གི་བུ་ཞེས་པའི་བླ་རྫུན་སྤྲུལ་རྫུན་ཞིག་ཡོད་པ་སྔོན་ཆད་ནས་གོ་མྱོང་ལ། དེ་རྗེས་ཆེད་དུ་རྡ་རམ་ས་ལར་བཅར་ནས་ཁོ་ལ་ཐེངས་རེ་གཉིས་ཤིག་ཐུག་ཀྱང་མྱོང༌། དེང་སང་བོད་ས་ཁྱོན་ཡོངས་ནས་གླེང་བཞིན་པའི་བླ་རྫུན་དང་སྤྲུལ་རྫུན་ཞེས་པ་དེའི་ནང་གི་གཅིག་ནི། ཁམས་སྤྲུལ་ཚང་གི་བུ་ཆེ་བ་དེ་ཡིན་ལ། ཁོ་དང་པོ་མྱི་སྐྱ་རང་བྱས་ཏེ་བུད་མེད་མང་དག་ཅིག་ལ་མགོ་སྐོར་བཏང་བ་དང༌། དེ་རྗེས་གཉེན་སྒྲིག་བྱས་རྗེས་ཕྲུ་གུ་དམར་འབྱར་ཞིག་ཨ་ཕར་གྱུར་ཡང༌། ཆུང་མ་ལ་མགོ་སྐོར་བཏང་སྟེ་བུད་མེད་གཞན་ལ་འགྲོགས་ནས་ལས་འབྲས་དང་འགལ་བའི་ལས་མང་བོ་ཞིག་བྱས་ཡོད་པ་སུས་ཀྱང་ལོས་ཤེས། ད་དུང་དེས་ཀྱང་མི་ཚད་རྒྱབ་ལ་སྟོན་པའི་ནབས་བཟའ་གྱོན་ནས་ཆོས་ལོག་བསྟན་པ་དང༌། བླ་མར་བརྫུས་པ། སྤྲུལ་སྐུར་བརྫུས་པ། གང་ལྟར་ངས་བཤད་འདོད་པ་ནི། འདི་ན་དགོན་པ་ཞིག་གསར་བཞེངས་ལེགས་གྲུབ་བྱུང་འདུག་ཀྱང༌། འཛིན་སྐྱོང་དང་དོ་དམ་བྱེད་མཁན་དེ་འདི་འདྲའི་ཞབས་འདྲེན་ཞིག་རེད། དེར་བརྟེན་བཀྲ་མི་ཤེས་པའི་སྔ་བལྟས་སུ་ཁམས་སྤྲུལ་ཚང་གི་མིང་ཡང་འབྲི་ནོར་བྱས་འདུག་ལ། དེ་བཞིན་འདྲ་པར་ཞིག་བཀོད་པ་དེ་ཡང་ཕྱིན་ཅི་ལོག་ཏུ་བཞག་འདུག ཧ་ཧ་ཧ་ངོ་མ་སྐྱིད་པོ་རེད།

    Reply
  19. ཀླུ། says:
    ལོ་ 17 སྔོན།

    ད་ཡང་ཁམས་སྤྲུལ་རིན་པོ་ཆེ་ཞུ་བ་ག་ཚོད་ཡོད་པ་རེད།

    Reply
  20. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    བལ་ཡུལ་དུ་ཡང་ཁམས་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་བཅུ་གཉིས་པ་འཇིགས་མེད་པདྨ་ཉིན་བྱེད་ཟེར་བ་ཞིག་འདུག་ལ་ཉིན་འདི་ཚོར་བལ་ཡུལ་དུ་ཡོད་པའི་འབྲུག་ཨ་མྱེ་ཐཱ་པཱ་དགོན་དུ་ཚོགས་བཞིན་པའི་དོན་བརྒྱུད་འབྲུག་པ་པའི་ལོ་འཁོར་ཚོགས་ཆེན་ཐེངས་དང་པོའི་ཚོགས་གཙོའི་འགན་བཞེས་འདུག། རྣམ་པ་ཚོར་དེ་ལ་དབྱེ་བ་དང་གསལ་བཤད་རེ་བྱེད་རྒྱུ་ཨི་ཡོད་ལགས།

    Reply
  21. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    འདིར་ཡིག་ནོར་ཏོག་ཙམ་རེ་འདུག་ཀྱང་ད་རེས་སྐྱུར་ཞོགས། ནོར་བ་གལ་ཆེན་ཞིག་ནི་བླ་མ་འདིའི་མཚན་ལ་མཁན་སྤྲུལ་རིན་པོ་ཆེ་མི་ཞུ། ཁོང་གི་མཚན་ལ་སྒར་རྗེ་ཁམས་སྤྲུལ་རིན་པོ་ཆེ་ཞུ་བ་དང་། འདྲ་པར་འོག་མ་འདི་ཕྱིན་ཅི་ལོག་ཏུ་བཀོད་འདུག བླ་མ་གྲྭ་པའི་ན་བཟའ་ཇི་ལྟར་མནབས་ཚུལ་ཡང་མི་ཤེས་སམ། འདི་ཙམ་ཤེས་དགོས་པ་ནི་བོད་པའི་གསར་འགོད་པ་ཞིག་བྱེད་རྒྱུའི་གཞི་རྩའི་ཆ་རྐྱེན་ཞིག་རེད་ལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese