མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ནང་ཆོས་དང་ཀླད་པའི་ཚན་རིག་བར་བར་གྱི་ཞིབ་འཇུག

བོད་ཀྱི་དུས་བབ།
༢༠༠༩/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

གསོ་རིག གསར་འཕྲིན།  སྤྱི་ལོ་ ༢༠༠༨ དགུན་ཁ།། འདོན་ཐེངས་ལས་བཤུས།

 

སྨན་པ་རི་ཆར་ཌི་ ཌལ་ཝི་སོན་གྱི་བོད་ཀྱི་ནང་ཆོས་དང་ཀླད་པའི་ཚན་རིག་བར་བར་གྱི་ཞིབ་འཇུག

བོད་ཀྱི་ནང་ཆོས་ལ་ཤེས་རྟོགས་ཡོད་མཁན་ཚོས་སྒོམ་སྒྲུབ་ཀྱི་སྟེང་ནས་མིའི་སེམས་ཁམས་ལ་འགྱུར་བ་གཏོང་ཐུབ་པར་འདོད་པ་དང༌། དེང་རབས་ཚན་རིག་ལ་རྒྱུས་མངའ་ཡོད་མཁན་ཚོས་མིའི་ཀླད་པའི་གྲུབ་ཚུལ་
དང་བྱེད་ལས་དེ་ང་ཚོའི་སེམས་ཁམས་ཀྱི་གནས་སྟངས་དང་ཁྱད་ཆོས་ལ་འབྲེལ་བ་དམ་ཟབ་ཡོད་པར་འདོད།

ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོའི་སློབ་དཔོན་རི་ཆར་ཌི་ཌལ་ཝི་སོན་ (Dr. Richard Davidson) ནི་བོད་ཀྱི་ནང་ཆོས་ཉམས་ལེན་པ་ཚོའི་ཀླད་པར་ཞིབ་འཇུག་བྱས་ཏེ་མིའི་ལུས་སེམས་ཀྱི་ནུས་སྟོབས་འཚོལ་ཞིབ་བྱེད་མཁན་མི་སྣ་གྲགས་ཅན་ཞིག་ཡིན།སྨན་པ་ཌལ་ཝི་སོན་ནུབ་ཕྱོགས་ཚན་རིག་དང་ནང་ཆོས་གཉིས་ཀར་དོ་སྣང་སླེབས་ཚུལ་དེ། ཁོང་དེ་སྔ་ཧར་ཝར་ཌི་སློབ་གྲྭ་ཆེན་མོའི་སེམས་ཁམས་རིག་པའི་སྡེ་ཚན་གྱི་ཞིབ་འཇུག་སློབ་མ་ཡིན་སྐབས། ཤར་ཕྱོགས་པའི་སེམས་ཁམས་རིག་པར་དོ་སྣང་སླེབས་ཏེ་ ༡༩༧༠ པའི་ལོ་དུས་ནང་རྒྱ་གར་དུ་སྒོམ་སྒྲུབ་བསྙེན་མཚམས་ལ་སྡོད་ཞུགས་བྱས། ཕྱིི་ལོ་ ༡༩༨༠ ནས་བཟུང་ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོའི་དགེ་རྒན་དང་ཞིབ་འཇུག་པར་གྱུར་པ་དང༌། ཁོང་སྒེར་ངོས་ལ་སྒོམ་སྒྲུབ་ཉམས་ལེན་གྱི་མྱོང་གོམས་ཡོད་སྟབས་སྐྱོ་སྡུག་ (anxiety) དང་ཡིད་ཞུམ་(depression)ལྟ་བུའི་སེམས་ཁམས་ཀྱི་ཚོར་སྣང་དང་ལུས་ཁམས་ཀྱི་འབྲེལ་བའི་སྐོར་གྱི་དཔྱད་གཞི་མང་པོ་ཞིག་ལ་ཞིབ་འཇུག་བྱ་རྒྱུའི་འདུན་པ་དེ་སྔ་ནས་ཡོད།སེམས་ཁམས་སྐོར་ལ་སྤུས་དག་གྲུབ་འབྲས་ལྡན་པའི་ཞིབ་འཇུག་ལོ་མང་བྱས་མཐར། ཁོང་ནི་སེམས་ཁམས་ དབང་རྩའི་གནས་ལུགས་ལ་བརྟག་ཞིབ་བྱེད་པའི་དབང་རྩ་རིག་པའི་(affective neuroscience)རྣམ་བཞག་གི་ཤིང་རྟའི་སྲོལ་འབྱེད་མཁན་དང་དེའི་ཞིབ་འཇུག་མི་སྣ་གཙོ་བོ་ཞིག་ཏུ་གྱུར་ཞིང༌། དེ་འབྲེལ་དཔྱད་རྩོམ་༢༥༠དང་དཔེ་དེབ་ ༡༣ ལྷག་རྩོམ་འབྲི་གནང་ཞིང་གཟེངས་རྟགས་དང་ཞིབ་འཇུག་བྱ་དགའ་མང་པོ་ཐོབ་ཡོད། ཁོང་གིས་དེང་སྐབས་ཝེ་སི་རྨན་ཀླད་རིས་དང་བྱ་སྤྱོད་ཚོད་ལྟ་ཁང་ (Waisman Laboratory for Brain Imaging and Behavior) གི་འགན་འཛིན་ལས་འཁུར་གནང་བཞིན་ཡོད་ཁར་རྒྱལ་སྤྱིའི་སྟེང་གསར་ཐོན་འཕྲུལ་ཆས་བེད་སྤྱོད་ཀྱིས་ཀླད་པའི་བྱེད་ལས་ལ་ཞིབ་འཇུག་བྱེད་མཁན་གྲགས་ཅན་ཞིག་ཡིན་པ་མ་ཟད།ཉེ་བའི་ལོ་ཤས་ནང་རང་ཉིད་ཀྱི་རྣམ་དཔྱོད་དང་ཆེ་བ་རྩལ་དུ་བཏོན་ཏེ་ཚན་རིག་གི་ལག་ཆ་ཕུལ་བྱུང་བརྒྱུད་ནས་བོད་ཀྱི་ནང་ཆོས་ཀྱི་ཉིང་བཅུད་དང་ལག་ལེན་ལ་བརྟག་དཔྱད་རབ་དང་རིམ་པ་བྱེད་བཞིན་ཡོད།

དེང་རབས་ཚན་རིག་པ་དང་ནང་ཆོས་ཀྱི་བར་འབྲེལ་མོལ་བྱེད་ཡུལ་གཙོ་བོ་ཞིག་ནི་སེམས་དང་ཚེ་སྲོག་ཞིབ་འཇུག་ཁང་(Mind and Life Institute) ཞེས་པ་དེ་ཡིན། ཞིབ་འཇུག་ཁང་འདི་ནི་༧ གོང་ས་མཆོག་དང་རྒྱལ་སྤྱིའི་ཚན་རིག་པ་ཁག་ཅིག་གིས་དེང་རབས་ཚན་རིག་དང་ནང་ཆོས་བར་འབྲེལ་བ་འཛུགས་ཞིབ་འཇུག་ལས་གཞི་སྤེལ་ཆེད་ཕྱིི་ལོ་ ༡༩༨༠ལོའི་ནང་དབུ་འཛུགས་བྱས་པ་ཞིག་ཡིན། ༧ གོང་ས་མཆོག་ནང་ཆོས་ལ་མཁྱེན་ཡོན་རྒྱས་ཤིང་དེང་རབས་ཚན་རིག་ལ་དགའ་མོས་ཆེ་བའི་ཉེར་ལེན་ལ་བརྟེན་ནས་ཁོང་རང་ཉིད་ཀྱིས་དུས་དང་རྣམ་པ་ཀུན་དུ་ཚན་རིག་དང་ནང་ཆོས་བར་གྱི་ཞིབ་འཇུག་བགྲོོ་གླེང་གི་ལས་རིམ་འདིའི་དབུ་བཞུགས་གཙོ་སྐྱོང་སྐྱོང་མཁན་གནང་དང་གནང་མུས་ཡིན་ལ། སྨན་པ་ཌལ་ཝི་སོན་ཡང་ལོ་རེའི་བགྲོ་གླེང་ཚོགས་འདུ་འདིའི་ཚོགས་ཞུགས་པ་གཙོ་གྲས་ཤིག་ཡིན། ཐེངས་རྗེས་མའི་བགྲོ་གླེང་ཚོགས་འདུ་དེ་ནི་ སེམས་ཁམས་དང་དབང་རྩ་རིག་པ། བློ་སྦྱོང་བཅས་ཀྱི་ནུས་སྟོབས་ལས་དམིགས་པ་དང་དྲན་པ། སེམས་ ཞེས་པའི་བརྗོད་གཞིའི་སྟེང་རྒྱ་གར་རྡ་རམ་ས་ལར་ཕྱི་ལོ་ ༢༠༠༩ ཟླ་ ༤བའི་ནང་འཚོགས་འཆར་ཡོད་པ་རེད།སྨན་པ་ཌལ་ཝི་སོན་གྱི་ཞིབ་འཇུག་ལས་དོན་གྱིས་ཚན་རིག་པས་མིའི་ཀླད་པར་ངོས་འཛིན་བྱེད་སྟངས་ལ་གཞི་རྩའི་འགྱུར་བ་ཐེབས་པར་བྱས་ཡོད། ཕྱི་ལོ་ ༢༠༠༣ ལ་ཁོང་དང་ལས་རོགས་སྐོར་ཞིག་གིས་ཟླ་གཉིས་རིང་གི་ནང་པའི་སྒོམ་སྒྲུབ་ཉམས་ལེན་གྱིས་སྐྱོན་ལྷད་མེད་པའི་སེམས་ཚོར་དང་འབྲེལ་བའི་ཀླད་པའི་བྱེད་ལས་ལ་འགྱུར་བ་གཏོང་ཐུབ་པ་འགྲེལ་བརྗོད་བྱས་ཤིང༌། ཚད་མཐོར་སླེབས་པའི་སྒོམ་སྒྲུབ་ཉམས་ལེན་པའི་ཀླད་པར་བདེ་སྐྱིད་ཀྱི་རྣམ་པ་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང༌། འདི་ལྟ་བུའི་ཞིབ་འཇུག་རྣམ་གྲངས་མང་པོ་ཞིག་གིས་ཀླད་པ་ཡིས་སྦྱོར་རྡར་བརྒྱུད་ནས་རང་ཉིད་ཀྱི་བྱེད་ལས་དང་ཆགས་ཚུལ་ལ་འགྱུར་བ་གཏོང་ཐུབ་ལུགས་ར་སྤྲོད་བྱས་པ་དེས་ཀླད་པའི་ཞིབ་འཇུག་ལས་དོན་ལ་ལེགས་སྐྱེས་ཆེན་པོ་ཞིག་ཕུལ་ཡོད། ༧ གོང་ས་མཆོག་གིས་ཀྱང་འདི་ལྟའི་ཞིབ་འཇུག་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་བརྟེན། མི་འགྱུར་རིན་པོ་ཆེ་དང་སྨ་ཐིའུ་ རི་ཀར་ཌི་ལྟ་བུའི་ཉམས་ལེན་པ་མང་པོ་ཞིག་སྨན་པ་ཌལ་ཝི་སོན་གྱི་ཞིབ་འཇུག་ལས་རིམ་ནང་མཉམ་ཞུགས་གནང་གི་ཡོད།ཁོང་གི་ཞིབ་འཇུག་ལས་དོན་འདི་དག་གིས་དབང་རྩ་རིག་པ་ཡིས་རྒྱུན་མཐོང་ནད་རིགས་དང་སེམས་ཁམས་ཀྱི་དངངས་སྐྲག སྐྱོ་སྡུག ཡིད་ཞུམ་བཅས་ལ་ཞིབ་འཇུག་བྱེད་པའི་རྒྱུན་སྲོལ་ལས་བརྒལ་ཏེ། ནད་གཞི་མེད་པ་ཙམ་གྱིིས་བདེ་ཐང་ཡིན་ཟེར་བའི་ལྟ་ཚུལ་མི་འདོད་པར་འཕྲོད་བསྟེན་ཐོག་ལྟ་སྟངས་གསར་པ་ལུགས་མཐུན་ཞིག་འདོན་སྒྲུབ་བྱེད་ཀྱི་ཡོད། ཁོང་གི་ཞིབ་འཇུག་གྲུབ་འབྲས་ཁག་གིས་བོད་ཀྱི་ནང་ཆོས་ཉམས་ལེན་པ་ཚོས་དུས་རབས་མང་པོར་ཉམས་ལེན་བྱས་ཤིང་མིའི་སེམས་ཁམས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཕྱིར་དམིགས་པའི་བློ་སྦྱོང་སྒོམ་སྒྲུབ་ཀྱི་ལག་ལེན་ལ་ཚད་མཐོའི་གདེང་འཇོག་དང་དེ་དར་སྤེལ་གཏོང་བར་སྐུལ་འདེད་ཀྱང་བྱས་ཡོད།སྨན་པ་ཌལ་ཝི་སོན་གྱི་བྱས་རྗེས་ནུས་ཤུགས་དེ་ད་ལྟ་ཚན་རིག་དང་ཤེས་རིག་གི་ཁྱབ་ཁོངས་ཁོ་ན་མ་ཡིན་པར་ཨ་མེ་རི་ཀའི་སྤྱི་ཚོགས་ཡོངས་སུ་ཁྱབ་གདལ་དུ་འགྲོ་བཞིན་ཡོད་པ་དང༌། ཨ་མེ་རི་ཀ་པ་རྒན་གཞོན་དར་གསུམ་ཚང་མས་སྒོམ་སྒྲུབ་དང་བོད་ཀྱི་ནང་ཆོས་ལ་དོ་སྣང་སྔར་ལས་ལྷག་པ་ཞིག་བྱེད་བཞིན་ཡོད་པ་ཡོངས་གྲགས་ལྟར། ཁོང་ཉིད་ཊེམ་དུས་དེབ་ཀྱི་ཆེས་ནུས་ཤུགས་ཆེ་བའི་མི་སྣ་བརྒྱ་དང་མལ་ཌི་སིན་དུས་དེབ་ཀྱི་ཕྱི་ལོ་༢༠༠༧ ཡི་ཕུལ་བྱུང་མི་ཞེས་པར་འདེམས་ཐོན་བྱུང་ཡོད།Dr. Surya Pierce དང་Emily Mcrae, MA ཟུང་ནས་བྲིས། 

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese