མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་གསར་པ།

བོད་ཀྱི་དུས་བབ།
༢༠༠༩/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

དཔལ་འབྱོར་འཚོལ་སྒྲུབ་ནི་གལ་ཆེན་པོ་ཡིན་ནའང། དཔལ་འབྱོར་གྱིས་ང་ཚོའི་རྩ་དོན་ཉོ་ཐུབ་པ་ཞིག་གཏན་ནས་མིན་པས། དཔལ་འབྱོར་དེ་བུད་མེད་ཀྱི་ནུས་པ་སྐྱེད་སྲིང་ཐད་བཏང་སྟེ། བོད་ཀྱི་བུད་མེད་རྒྱལ་སྤྱིའི་སྒང་ལ་སླེབས་ཐུབ་ཆེད་འབད་བརྩོན་བྱ་རྒྱུ་ཡིན་ཟེར།
 
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྐབས་དགུ་བའི་ཚོགས་ཆེན་དེ་ཕྱི་ཚེས་ ༡༠ ཉིན་ངྷ་སྟེང་བོད་ཁྱིམ་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་དབུ་འཛུགས་ཀྱིས་ཉིན་ལྔའི་རིང་ས་གནས་ ༣༡ ནས་ཕེབས་པའི་ཚོགས་མི་ ༡༧༠ ལྷག་འདུ་འཛོམས་ཐོག་བགྲོ་གླེང་གོ་བསྡུར་དང་གྲོས་གཞི་གྲོས་ཆོད་གཏན་འབེབས། རྒྱུན་ལས་གསར་བ་བསྐོ་འཇོག་བྱས་ཏེ་ཕྱི་ཚེས་ ༡༥ ཉིན་མཇུག་སྒྲིལ་སོང་ལ། ཐེངས་འདིའི་ཚོགས་ཆེན་སྟེང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་སྔོན་མའི་གྲོས་གཞི་ཁག་མཇུག་སྣོན་དང་གྲོས་ཆོད་གསར་པ་གཏན་འབེབས་གནང་བ་དང་། མང་མོས་འོས་བསྡུའི་ལམ་ནས་སྐབས་དགུ་པའི་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་བཅུ་གཅིག་གསར་ཏུ་བསྐོ་བཞག་གནང་ཡོད།

སྐབས་དགུ་བའི་རྒྱུན་ལས་བདམས་ཁོངས་སུ། བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་བ་དང་མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཚོགས་གཙོར་བསྐོ་བཞག་དང་། སྤེལ་ཀོབ་ས་གནས་བུད་མེད་ཚོགས་གཙོ་བསམ་གཏན་ལགས་ཚོགས་གཞོན། དབུས་རྒྱུན་དྲུང་ཆེ་ཚེ་གཡང་ལགས་བསྐྱར་ཏུ་དྲུང་ཆེར་བསྐོ་བཞག  དབུས་བུད་མེད་ལས་བྱེད་ཟླ་སྒྲོན་དབྱིན་ཇིའི་སྐད་ཡིག་ཐོག་བོད་ཀྱི་བུད་མེད་ཉམས་ཞིབ་པ་དང་གསར་འགོད་འབྲེལ་མཐུད་པ་གཅིག་ལྕོགས། དབུས་རྒྱུན་བསྟན་འཛིན་སྒྲོལ་མ་བསྐྱར་ཏུ་དབུས་རྒྱུན་ལ་བསྐོ་འཇོག  བོད་ཀྱི་དུས་བབ་གསར་འགོད་པ་ཚེ་རིང་སྐྱིད་བོད་སྐད་ཡིག་ཐོག་བོད་ཀྱི་བུད་མེད་ཉམས་ཞིབ་པ་དང་གསར་འགོད་འབྲེལ་མཐུད་པ་གཅིག་ལྕོགས། དབུས་གཙང་སྤྱི་འཐུས་སྒྲོལ་མ་ཚེ་རིང་། དབྱངས་ཅན། པ་སངས་སྒྲོལ་མ།  སྐལ་བཟང་དབང་མོ། བཀྲ་ཤིས་སྒྲོལ་མ་བཅས་དབུས་རྒྱུན་ལས་ལ་བསྐོ་བཞག་གནང་སོང།

ཉིན་མཐའ་མའི་མཇུག་སྡོམ་སྐབས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ལས་འཁྱུར་བ་བུ་མོ་ཚེ་རིང་ལགས་ཀྱིས། ང་ཚོས་ད་ལྟའི་བར་དུ་བོད་ཀྱི་བུད་མེད་རང་བསམ་ནས་ལས་ཀ་བྱས་ཡོད། ང་ཚོ་མི་རིགས་ཤིག་གི་འཐབ་རྩོད་བྱེད་མཁན་ཡིན་པ་དང་འཚེ་མེད་ཞི་བའི་འཐབ་རྩོད་ཐོག་ངོ་རྒོལ་ལས་འགུལ་འདྲ་མིན་སྤེལ་བ་སོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་བོད་ཀྱི་བུད་མེད་ལ་མཐོང་སྤྲོད་བཞིན་པ་ཞིག་ཆགས་ཡོད་ལ། དེ་ནི་ང་ཚོ་བུད་མེད་ལྷན་ཚོགས་ཀྱི་གཟི་བརྗིད་རེད་བསམ། དེ་བཞིན། བུད་མེད་ཀྱི་རིག་གནས་འཕེལ་རྒྱས་དང་འཇོན་ནུས་སྐྱེད་སྲིང་ཐད་བུད་མེད་ཁོ་ནར་དམིགས་ཏེ་སྒྲོལ་མ་དུས་དེབ་སོགས་རིག་གནས་འཕེལ་རྒྱས་ཀྱི་སྡིངས་ཆ་གསར་བ་བསྐྲུན་ཡོད་ལ། དཔལ་འབྱོར་གྱི་ཐད་ནས་ཀྱང་ཧིམ་སྒོར་འབུམ་ ༩༨ ལྷག་མ་འོངས་པའི་རྒྱུན་ལས་ལ་བཞག་ཡོད། ད་ལྟའི་བར་གྱི་ལས་འགུལ་ཐད་བེད་སྤྱོད་བཏང་བ་བཞིན་གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད་པས། དཔལ་འབྱོར་འཚོལ་སྒྲུབ་གལ་ཆེན་པོ་ཡིན་ནའང། དཔལ་འབྱོར་གྱིས་ང་ཚོའི་རྩ་དོན་ཉོ་ཐུབ་པ་ཞིག་གཏན་ནས་མིན་པས། དཔལ་འབྱོར་དེ་བུད་མེད་ཀྱི་ནུས་པ་སྐྱེད་སྲིང་བོད་དོན་ལས་འགུལ་ཐད་བཏང་སྟེ། བོད་ཀྱི་བུད་མེད་རྣམས་རྒྱལ་སྤྱིའི་སྒང་ལ་སླེབས་ཐུབ་ཆེད།  ས་གནས་རྒྱུན་ལས་རྙིང་བ་རྣམས་ཀྱིས་རྒྱུན་ལས་གསར་པ་རྣམས་ལ་ལམ་སྟོན་དང་རྒྱབ་སྐྱོར་གནང་རྒྱུ་དེ་གལ་ཆེན་པོ་རེད། ཞེས་གསུངས་སོང།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༡༨ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 10

  1. ཚེ་རིང་སྐྱིད། says:
    ལོ་ 17 སྔོན།

    བཀུར་འོས་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་སུ་ཞུ་དོན། གལ་ཏེ་ཉིད་ཀྱིས་ལྷག་བསམ་གྱི་ཐུགས་ཡངས་ཆེན་པོས་གུས་མོར་ལམ་སྟོན་གནང་བ་ཡིན་ན་ནི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་མོད། ཡིན་ཡང་གོང་གི་གསར་འགྱུར་དེ་འབྲི་མཁན་ང་ཚེ་རིང་སྐྱིད་མིན་ལགས།

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    རྒྱུན་ལས་བཅུ་གཅིག་གསར་ཏུ་བསྐོ་བཞག་གནང་འདུག

    Reply
  3. སྨོན་ལམ་མཐར་ཕྱིན། says:
    ལོ་ 17 སྔོན།

    རྩོམ་སྒྲིག་པ་ལགས། ད་དུང་དངོས་གནས་མི་བཅུ་གཅིག་དང་བཅུ་གཉིས་གང་ཡིན་གསལ་པོ་མི་འདུག་ལགས།

    Reply
  4. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    གསལ་འདེབས་གནང་བར་ཐུགས་རྗེ་ཆེ། བཟོ་བཅོས་བརྒྱབས་ཡོད།

    Reply
  5. སྨོན་ལམ་མཐར་ཕྱིན། says:
    ལོ་ 17 སྔོན།

    ཐོག་མའི་གསར་འགྱུར་ནང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྐབས་དགུ་པའི་རྒྱུན་ལས་བཅུ་གཅིག་གསར་དུ་བསྐོ་གཞག་གནང་ཡོད་སྐད་དང༌། དེ་རྗེས་རྒྱུན་ལས་གསར་པ་མི་བཅུ་གཉིས་ཀྱི་མིང་བགྲངས་འདུག་པ་མ་ཟད། བཀྲ་ཤིས་སྒྲོལ་མ་སོགས། ཞེས་སོགས་སྒྲ་ཞིག་ཀྱང་སྦྱར་འདུག་པས་སྡེ་ཚན་འདི་གསུམ་གང་ལ་ཆགས་འཇོག་དགོས་སམ། གསར་འགྱུར་འདི་ཚེ་རིང་སྐྱིད་ཀྱིས་བྲིས་པ་ཡིན་ན་བུད་མེད་ལྷན་ཚོགས་ཀྱི་བོད་ཡིག་གསར་འགོད་འབྲེལ་མཐུད་པའི་ལས་འགན་དངོས་སུ་མ་བླངས་གོང་ཚིག་སྡུད་ཀྱི་གོ་བ་ཡང་དག་པ་ཞིག་ལོན་པ་མ་གནང་ན་བོད་ཡིག་ཐོག་ནས་ཞབས་འདྲེན་ཞུ་ཉེན་འདུག
    གསར་འགྱུར་དེ་མི་གཞན་ཞིག་གིས་བྲིས་པ་ཡིན་ཚེ་དེ་རང་ནས་འགན་ཁུར་དགོས་འདུག

    Reply
  6. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། བསམ་གཏན་ལགས་ཚོགས་གཞོན། ཚེ་གཡང་ལགས་དྲུང་ཆེ་དང་ ཟླ་སྒྲོན་དབྱིན་ཇིའི་སྐད་ཡིག་ཐོག་བོད་ཀྱི་བུད་མེད་ཉམས་ཞིབ་པ་དང་གསར་འགོད་འབྲེལ་མཐུད་པ་གཅིག་ལྕོགས། བསྟན་འཛིན་སྒྲོལ་མ་དབུས་རྒྱུན་ལས་དང་ཚེ་རིང་སྐྱིད་བོད་སྐད་ཡིག་ཐོག་བོད་ཀྱི་བུད་མེད་ཉམས་ཞིབ་པ་དང་གསར་འགོད་འབྲེལ་མཐུད་པ་གཅིག་ལྕོགས། བཅས་གསར་དུ་བསྐོས་པའི་ལས་བྱེད་ཡོངས་ཀྱིས་བསམ་དོན་འགྲུབ་པའི་སྨོན་འདུན་དང་བུད་མེད་ཚོ་ལ་ཐོབ་ཐང་རྩོད་མེད་ངང་སྤྲད་པ་ཡིན། ལྷག་པར་དུ་དྲ་གྲོགས་ཚེ་རིང་སྐྱིད་མ་འོངས་པར་བུད་མེད་ཚོགས་གཙོ་འདུག་ཐུབ་པའི་རེ་བ་དང་།དེ་དུས་བུད་མེད་ཐོབ་ཐང་་ཡར་རྒྱས་གོང་འཕེལ་ཡོངས་པར་ཞུ།

    Reply
  7. ཁ་བ། says:
    ལོ་ 17 སྔོན།

    བུད་མེད་ཚོགས་པའི་ཚོགས་གཙོ་ཟུར་པས་སྔོན་ཆད་གཞན་གྱི་ས་མིག་འཕྲོགས་ནས་དེའི་ཚབ་ཏུ་ཁོང་རང་གི་བུ་མོ་མཐོ་སློབ་ནང་བཏང་ཡོད་པ་ཞིག་གོ་ཞིག་གོ་བྱུང་། དེའི་སྐོར་གསལ་པོ་ཤེས་མཁན་ཡོད་ཚེ་འདིར་གསལ་པོ་ཞིག་བཤད་རོགས།

    Reply
  8. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    གསུང་ཆོས་རེ་གནང་སར་ཁོར་ཡུག་གཙང་སྦྲ་དང་སྲུང་སྐྱོབ་ཀྱི་ལས་ཀ་བྱེད་ཐུབ་ཀྱི་རེད། དེ་མིན་བུད་མེད་ཚོགས་པ་ལ་རེ་བ་ཆེན་པོ་རྒྱག་ས་ཨེ་ཡོད།་ ངས་དངོས་གནས་བཤད་ཀྱིན་ཡོད། ད་ལྟ་བར་དུ་བུད་མེད་ཚོགས་པས་བྱས་རྗེས་ཡོད་མེད་ལ་མ་ལྟོས་པར་ངལ་བ་དང་བླངས་ཀྱི་ལས་ཀ་གང་དང་གང་བྱས་མྱོང་བ་རེད། བོད་ཀྱི་བསྟན་སྲིད་སྐྱོན་རྒྱུ་དང་བུད་མེད་ཀྱི་ཁ་ཕྱོགས་བསྒྱུར་རྒྱུ་ཟེར་བ་ཅུང་ཆེ་མེད་དམ།

    Reply
  9. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    ནོར་བཅོས། རྒྱན་ལས་ཞེས་པ་རྒྱུན་ལས་སུ་བཅོས་རོགས།

    Reply
  10. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    གསར་དུ་འདེམས་ཐོན་བྱུང་བའི་ཚོགས་གཙོ་ཚོགས་གཞོན་དང་། རྒྱན་ལས་ཡོངས་ལ་བཀྲ་ཤིས་བདེ་ལེགས་དང་ལས་དོན་ཆེན་པོ་བསྒྲུབས་ཐུབ་པའི་སྨོན་འདུན་ཡོད། ལྷག་པར་ཚེ་རིང་སྐྱིད་ཀྱིས་ད་ཕན་ལས་ཀ་བྱེད་མཁན་ཚོར་མ་འགྲིག་མ་འཐུས་པ་ཡིག་ངག་གཉིས་ཐོག་ནས་ལུང་པ་གང་བཤད་དང་ཤོད་བཞིན་པར་བརྟེན། ད་ཆ་རང་གི་དཔུང་པའི་སྒང་ལ་འགན་སླེབས་དུས། ཁ་ནས་བཤད་པ་བཞིན་ལག་ལེན་དུ་བསྟར་ཏེ་བྱས་རྗེས་འཇོག་ཐུབ་པའི་རེ་བ་ཡོད།

    བུད་མེད་ཚོགས་པའི་ཚོགས་གཙོ་རྙིང་པས་དབུས་པའི་དབུས་རྒྱུན་འཁྱུར་འགྲོ་མཁན་ཚོས་འདས་པའི་ལོ་ཁ་ཤས་ནང། བུད་མེད་ཚོགས་པའི་སྒྲིག་འཛུགས་ཡར་རྒྱས་དང་། ལས་འགུལ་སྣ་མང་སྤེལ་བ། སྤྱི་ཚོགས་ནང་ཤ་མེད་ཁ་ལག་བཟོ་སྟངས་ཚུན་ནས་ཟབ་སྦྱོང་སྤྲད་པ། ལྷག་པར་བུད་མེད་ཚོགས་པའི་དཔལ་འབྱོར་གནས་སྟངས་ཡར་རྒྱས་དང་དྲིལ་བསྒྲགས་བྱེད་སྟངས་ལ་ནུས་པ་བཏོན་སོང་། དེ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese