མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཐག་བཞིན་པའི་སེམས་ལུགས། གསུམ་པ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

                            ་་་་་་་་་སྒྱུ་མའི་བྲན་གཡོག་གི་མི།

སྟོང་བསམ་བྲག་ལ་འཕྱ་བའི་གླུ་སྐད་ཀྱིས།།
མི་མེད་ཐང་ལ་བརྡབས་པའི་གདངས་དབྱངས་ལ།།
བྲང་ན་མེ་ཏོག་འཛུམ་པའི་ཚོར་བ་འདིས།།
རང་སྡུག་གནམ་ལ་གཏད་པའི་ངག་ཞིག་འདར།།

ས་ཐག་རིང་བོ་གང་ནས་མ་ཡོང་བར།།
ཉེ་སར་མཛའ་བའི་མི་ཞིག་མ་ཐོབ་ཀྱང་།།
གཏིང་ནས་བཞུར་བའི་སེམས་ཀྱི་གཤིས་ལུགས་འདི།།
སྟོན་སའི་གྲོགས་ཀྱི་དངས་མ་སུ་ཞིག་མཆིས།།

འདྲིས་མེད་སྙིང་གི་ཚིག་གསུམ་མ་ལྷོད་པར།།
རྒྱུས་ཡོད་གྲོང་གི་བུད་མེད་གཅེར་བུ་ལ།།
ཆགས་པའི་བསྲེས་པ་མེད་པའི་གབ་ཚིགས་ཤིག།
ག་ལེར་གང་དུ་བྱུང་ཡང་འགྱུར་འགྲོས་རྒོད།།

ཀུ་རིང་བཏབ་ཀྱང་སྐྱེ་གཟུགས་མི་ཞུགས་ཀྱང་།།
ལན་ཞིག་སྤྲད་ཀྱང་སེམས་པ་མི་འཁུགས་པར།།
བྲིས་པའི་ཡི་གེ་ཤོག་ངོས་གསལ་ན་ཡང་།།
ཀློག་མཁན་སྟོང་གི་སེམས་པ་སྒོར་ལ་ཕྱོགས།།

དམ་བཅའི་རི་མོ་ཁ་ཡི་སྤུ་བ་བཞིན།།
ཚིག་གི་འཕྲེང་བ་སྙི་མོ་ཁ་སྐད་ལྟར།།
རྒས་པའི་སྐྲ་ཉེག་རེ་རེ་ལྷུང་ཤུལ་དུ།།
དགའ་བའི་འཕར་སྒྲ་བྲང་གི་གཉེན་པོ་ཞིག།

དོན་མེད་དུས་ཚོད་བཙལ་བའི་བར་གསེང་དུ།།
ཉེས་མེད་ཁྲིམས་ཀྱི་བཙོན་ལ་ཚུད་ཉིན་ནས།།
ཤུ་རིང་ངན་པ་འཐེན་པའི་འཁྱམ་པོ་ཞིག།
རང་གི་ཕ་ཡུལ་བྲལ་པའི་སེམས་སྡུག་ལྕི།།

གྲངས་ཀྱི་མི་ལོངས་མཚན་གྱི་སྐར་ཚོགས་ཤིག།
མཐོང་རྒྱུ་དཀོན་པ་བརྩེ་བའི་དངས་མ་ཞིག།
མི་འདོད་ནད་ཀྱི་སེམས་ཁམས་ཆལ་བོ་འདིས།།
ཕུང་བོ་འདི་ལ་བྲན་གཡོག་མཚམས་མ་ཆད།།

༡༧།༤།༠༩

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༤ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༤ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༨ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 8

  1. sha tak ri sim says:
    ལོ་ 17 སྔོན།

    རི་དགས་བསེ་རུ་ལགས། ངས་སྐུ་ཉིད་ལ་བཀའ་འདྲི་ཞིག་ཡོད་པ་འདིར་ལན་ཞིག་བཏབ་ན་འགྲིག་གམ། ཁྱེད་རང་ད་ལྟ་གང་དུ་གནས་བཞུགས་བྱེད་ཀྱི་ཡོད། ཕྱག་ལས་ག་རེ་གནང་བཞིན་ཡོད།

    Reply
  2. samkhar says:
    ལོ་ 17 སྔོན།

    ཤ་ཁྲག་རུས་གསུམ་དྲ་ཐོག་ཏུ་ཕེབས་པ་ནས་ད་བར་སྐུ་ཉིད་ལ་གོ་སྐབས་གང་མང་ཞིག་བྱུང་སོང་། སྐུ་ཉིད་རྩོམ་གྱི་སྒྱུ་རྩལ་དང་ཡི་གེའི་དག་སྡེབ་སོགས་ལ་ཡར་རྒྱས་ཤུགས་ཆེན་ཕྱིན་པའི་ཚོར་སྣང་དང་མྱོང་སྣང་གཉིས་བྱུང་བས་ད་དུང་སྐུ་ཉིད་ཀྱིས་འབད་བརྩོན་གནང་རོགས་ལ། ཕྲན་སོགས་དྲ་གྲོགས་ཚོར་ཡང་ཁྱེད་ཀྱི་ཡི་ཐང་མ་ཆད་པའི་སེམས་ཀྱི་ཕོ་ཉ་དེའི་བགྲོད་ཚུལ་དང་བགྲོད་སྟངས་ཤིག་ང་ཚོར་གསུངས་དང་།

    Reply
  3. sha tak ri sim says:
    ལོ་ 17 སྔོན།

    བཅོས། འགྲུབ་པའི་ནུས་པ་ང་ཚོས་མི་ཤེས་ཀྱང་།།

    Reply
  4. sha tak ri sim says:
    ལོ་ 17 སྔོན།

    བཅོས། འགྲུབ་པའི་ནུས་པ་ང་ཚོས་མི་ཤེས་ཀྱང་།།

    Reply
  5. sha tak ri sim says:
    ལོ་ 17 སྔོན།

    བལྟས་ཀྱང་མིག་གི་དབང་ནས་སེམས་ཀྱི་ཞིང་།།
    ག་ལེར་འཛུལ་དེ་འོང་དུས་བོད་ཀྱི་བུ།།
    ངེད་ཅག་ས་མཐའི་མགྲོན་པོ་ཆགས་ཉིན་ནས།།
    ཚང་མས་སྐྱིད་སྡུག་གཅིག་གི་མངའ་ཁོངས་སུ།།
    རང་རང་ནུས་པའི་སྲི་ཞུ་བོད་མི་ལ།།
    སྒྲུབ་པའི་འདོད་བློ་ངེད་ཅག་ཀུན་ལ་ཡོད།།
    འགྲུབ་པའི་ནུས་པ་ང་ཚོ་མི་ཤེས་ཀྱང་།།
    ཕྱི་རབས་བོད་མིས་ངོས་ཟིན་ཐོབ་སོང་ན།།
    དེ་འདྲ་དེ་ཙམ་ང་ཚོས་ཤུལ་རྗེས་ཡིན།།
    ང་ཡིས་རྟག་དུ་དེ་ལྟར་བསམ་བཞིན་དུ།།
    རང་གི་ནུས་པའི་ཅོག་ཚད་འབད་ཁུལ་གྱིས།།
    ཟིན་བྲིས་ཁྲོད་དུ་ཡང་ཡང་ཞུགས་པ་དང་།།
    རང་གི་ཤེས་ཚད་ཁྱེད་ཚོར་འབུལ་བཞིན་ཡོད།།
    ཀློག་མཁན་མང་བོ་ཞིག་ལ་སྤྲིངས་བཞིན་ཡོད།།
    བོད་མི་མང་བོ་ཞིག་ལ་བཤད་བཞིན་ཡོད།།
    འདི་ནི་ང་ཚོས་ནུས་པའི་སྲུ་ཞུ་རེད།།
    དེ་འདྲ་ཨེ་རེད་གྲོགས་ཀྱི་དངས་མ་ཚོ།།
    ཁྱེད་ཅག་ཡང་ཡང་འདི་རུ་ཕེབས་ཐེངས་རེ།།
    བུ་ངའི་སེམས་ཀྱི་དགའ་བ་ལྷག་དུ་འཕེལ།།
    སླར་ཡང་མྱུར་དུ་ཕེབས་ནས་གླེང་མོལ་རེ།།
    བྱེད་རྒྱུ་མ་བརྗེད་དྲ་ཐོག་སྤུན་ཟླ་ཚོ།།

    Reply
  6. samkhar says:
    ལོ་ 17 སྔོན།

    བདེན་དོན་ཀ་བ་སྲོང་པོས།།
    ལུགས་མཐུན་ལྕམ་དྲལ་འདེགས་སྐབས།།
    ཞི་བདེའི་ཁང་ཁྱིམ་ནང་ནས།།
    རིགས་མཐུན་དྲ་གྲོགས་མཇལ་བྱུང་།།

    Reply
  7. lhachapjinpa says:
    ལོ་ 17 སྔོན།

    གྲོགས་པོ་བཟང་བོ། ང་ལས་ཀའི་བྲེལ་ཟིང་གིས་ཁྱེད་དང་ལབ་གླེང་གང་ཡང་བྱེད་རྒྱུ་མ་བྱུང་བར་ཉིན་འགའ་འགོར་སོང༌། དེ་རིང་ཆེད་དུ་ཉིད་ཀྱི་རྩོམ་ཡིག་དེ་ཐེངས་གཅིག་བཀླགས་རྗེས་བསམ་ཚུལ་འདི་འབྲི་བཞིན་ཡོད། ཤ་ཁྲག་ལགས། སྙན་ངག་འདི་ཡག་པོ་ཞིག་འཁྱོངས་འདུག འདི་ལྟར་སོང་ན་ཡར་རྒྱས་ཀྱི་རྣམ་པ་མངོན་གསལ་དོད་པོ་རེད། འདི་ནི་ངས་ཉིད་ལ་སེམས་ཤུགས་སྤར་བ་ཙམ་མིན་པར། དོན་དངོས་ཀྱི་སྐད་ཆ་ཡིན། མུ་མཐུད་དུ་འབད་བརྩོན་བྱོས། ང་ནམ་ཡང་ཁྱོད་དང་འགྲོགས་ནས་ཡོད།

    Reply
  8. akangtsen says:
    ལོ་ 17 སྔོན།

    དྲ་གྲོགས་བོད། ཤ་ཁྲག་རུས་གསུམ་ལ།

    རྒྱ་རིང་ས་མཐའི་དྲ་གྲོགས་ལྷག་བསམ་ཅན། །
    ཤ་ཁྲག་རུས་གསུམ་མིང་ཅན་འདི་རུ་ཉོན། །
    ཁྱེད་ཀྱི་ལྷག་བསམ་དྭངས་མའི་བསམ་ཚུལ་དེ། །
    ང་ཡི་ཡ་ཆུང་སེམས་ལ་ཆུ་ལྟར་བཞུར། །

    ང་ནི་བདེན་དོན་སྐྱོང་བའི་བུ་ལ་དགའ། །
    ང་ནི་དྲང་གཏམ་སྨྲ་བའི་གྲོགས་ལ་དགའ། །
    ང་ནི་སེམས་རྒྱུད་བཟང་བའི་རིགས་ལ་དགའ། །
    ང་ནི་ཁྱོད་ལྟའི་དྲ་གྲོགས་རྣམས་ལ་དགའ། །

    རང་གི་བྱས་ཉེས་རང་གིས་ངོས་ཟིན་པས། །
    ཁྱེད་ཀྱིས་གསུངས་པ་ང་ཡིས་ལེགས་སོ་ཞུ། །
    དྲང་བདེན་སྐྱོང་བའི་ཁྱོད་ལྟའི་དྲ་གྲོགས་ཤིག །
    དེ་རིང་འདི་རུ་ཕེབས་པར་སྐལ་བ་བཟང་། །

    རེ་འགས་ཁྱོད་ལ་ཚོགས་གཏམ་བཏང་བ་མཐོང་། །
    རེ་འགས་ཁྱོད་ལ་བསྟོད་བསྔགས་བྱེད་པ་ཐོས །
    འགའ་ཞིག་བར་མར་གནས་པ་འགྲོ་ལུགས་ཙམ། །
    ང་ནི་ཁྱོད་ཀྱི་གཤིས་ལ་ཤིན་ཏུ་དགའ། །

    ཁྱོད་ལྟའི་དྲ་གྲོགས་སེམས་རྒྱ་ཡངས་པ་ཞིག །
    དྲ་ཐོག་འདི་ན་མེད་ཅེས་བརྗོད་སྤོབས་ཀྱང་། །
    གཡམ་ལ་རྒྱུག་མཁན་རེ་འགས་འུ་གཉིས་ལ། །
    དོན་མེད་ཚིག་གིས་མདའ་གཞུ་བསྣུན་ལ་སྐྲག །

    དེ་ལྟ་ལགས་པས་མང་དུ་འཆད་མི་འགྱུར། །
    དོན་མེད་ཚིག་གིས་སྤྲོས་པ་ཙམ་ཞིག་ལས། །
    ང་ཡི་གཏམ་ལ་ཆ་འཇོག་ཆེན་པོ་མེད། །
    གཞན་གྱིས་མཐོང་ན་གད་མོ་འཆོར་བའི་རྒྱུ། །

    གོང་གི་མཆན་དེ་ཕྲན་གྱི་ཟིན་བྲིས་སུ་བཞག་ནས་དེ་རིང་དང་ཉིན་ ༡༡ ཕྱིན་སོང་། དེ་ནི་ཁྱེད་ཀྱིས་བདག་ལ་བཞག་པའི་མཆན་ཞིག་གི་ལན་དུ་ཕུལ་བ་ཡིན་པས་གཟིགས་པར་འཚལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese