མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིའི་སྐུ་དྲིན་དྲན་བཞིན་འཚོལ།

བོད་ཀྱི་དུས་བབ།
༢༠༠༩/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཁྲི་རིན་པོ་ཆེ་ལགས། ཁྱོད་ནི་དུས་ཀྱི་འགྱུར་ཁུགས་དང་དགུང་ལོའི་བབ་ཁྲིམས་ཀྱི་དབང་འགྱུར་སོགས་རྒྱུ་རྐྱེན་དུ་མ་ཞིག་ལ་རྟེན་ནས་ལུགས་ཟུང་ནོར་ལས་བཞེངས་པའི་ཁྲི་མཐོན་པོ་དེ་ནས་ཕེབས་དགོས་བྱུང་བ་ནི་བདག་ཅག་གངས་ཅན་པ་རྣམས་ཀྱི་བསོད་ནམས་གོ་སྐལ་དམན་པའི་རྐྱེན་ལས་བྱུང་བ་ནི་གོར་མ་ཆགས། འོན་ཀྱང་བཞུད་ཟིན་པའི་ལོ་ཟླ་དང་དེའི་ཁྲོད་ཀྱི་བཀའ་ཁྲི་ཁྱོད་ཀྱི་མཛད་པ་ལ་ཕྱི་མིག་དང་རྒྱང་བལྟ་ཞིག་བྱས་ནས་ཉུལ་ཞིབ་བྱེད་ཁུལ་བྱེད་ན། སྐུ་ཉིད་ཀྱི་དབྱུགས་འབྱུང་རྔུབ་ཚུན་ཆད་བདག་ཅག་བསིལ་ལྡན་པ་རྣམས་ཀྱི་དོན་དུ་ཡིན་པ་ནི། ང་ཚོ་ཚང་མའི་ཤེས་གསལ་དང༌། གཅིག་དང་གཉིས་སུ་བགྲངས་མི་ནུས་པ་ནི་རྗེ་བདག་ཉིད་ཆེན་པོའི་ ཁྱོད་ཀྱི་ཡོན་ཏན་བརྗོད་པ་སུ་ཡི་ནུས། ཞེས་གསུངས་པ་ལྟར་ ཁོ་བོས་དེ་བས་ག་ལ་ནུས། དེ་ནས་ཁོ་བོས་མིག་ལམ་དུ་འགྱུར་བའི་ལས་དོན་གལ་འགངས་ཆེ་བ་འགའ་ཞིག་ནི་ མཉམ་མེད་ཤཱཀྱ་སེང་གེས་བདུད་བཏུལ་བས་མཛད་པ་ལྟ་བུ་གང་ཉིད་བཀའ་ཁྲིར་བཞེངས་མ་ཐག དཔལ་འབྱོར་ལམ་ལུགས་ལ་སྒྲིག་སྲོལ་བླ་ན་མེད་པ་ཞིག་གསར་གཏོད་བྱས་ནས་སྤྱི་རྒྱུ་སྒེར་སྤྱོད་རིང་ལུགས་པ་རྣམས་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་མཛད་ནས་དེ་སྔ་བུ་ལོན་གྱི་རི་རབ་སྤུངས་པའི་བཙན་བྱོལ་བོད་གཞུང་དེ་ད་ལྟ་སྤྲིན་རྡུལ་གྱིས་ཡོངས་སུ་དག་པའི་སྟོན་དུས་ཀྱི་ལྷ་ལམ་ལྟ་བུར་གཞུང་བཟང་བཙུགས་པ་ནི། ཁྱོད་ཀྱི་མཛད་ཆེན་དང་པོ་དང༌། ༧གོང་ས་རྒྱལ་དབང་ཡིད་བཞིན་ནོར་བུའི་དགོངས་གཞི་བླ་ན་མེད་པ་དང༌། ལྷག་པར་དུ་ཡང་པཎ་ཆེན་ཐམས་ཅད་མཁྱེན་པས་བཙན་བྱོལ་གཞུང་གི་སྐུ་ཚབ་རྣམས་ལ་བསྩལ་བའི་བཀའ་སློབ་ཟབ་མོའི་ནང་ད་རེས་ཁྱེད་ཚོས་དབུས་གཞུང་དང་བཀའ་མོལ་གསལ་པོ་ཡག་པོ་བྱུང་འདུག དོན་དག་ལམ་སེང་འགྲུབ་རྒྱུ་ཁག་པོ་རེང༌། སེམས་ཤུགས་ནམ་ཡང་ཆག་མི་རུང༌། འབྲེལ་བ་མུ་མཐུད་བྱེད་རྒྱུ་བྱས་པ་དེ་ཡག་པོ་རེད། ལན་དགུ་ཆད་དགུ་མཐུད་ཀྱི་དཔེ་ལྟར་འབད་བརྩོན་བྱེད་དགོས། ཞེས་རྒྱལ་བ་ཡབ་སྲས་གཉིས་ཀྱི་དགོངས་གཞི་དང་བཀའ་སློབ་ཉམས་ལེན་གྱི་སྙིང་པོར་བྱས་ནས་རྒྱལ་བོད་འབྲེལ་མོལ་ལམ་བོད་རྒྱ་ཞི་མོལ་གྱི་ལམ་སྲོལ་བཟང་པོ་དེ་སླར་ཡང་འབྲེལ་མཐུད་བྱེད་ཐུབ་པ་ཙམ་དུ་མ་ཟད། རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་མཛད་པ་འཕྲིན་ལས་དང༌། ད་ལྟའི་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་བཞེངས་ཕྱོགས་གཞི་ལུས་བོད་མིའི་དཀའ་སྡུག་དང༌། དེ་གསལ་ཐབས་སྐོར་ངག་ལམ་ནས་རྒྱ་ཡི་དཔོན་རིགས་རྣམས་ལ་ར་སྤྲོད་དང༌། དག་ཐེར་བྱེད་རྒྱུ་བྱུང་བ་དེ་གང་གི་ཕུལ་བྱུང་གི་མཛད་པ་དང༌། གཞིས་ཆགས་སྲ་བརྟན་དང་མི་རིགས་མཉམ་གནས། ཤེས་ཡོན་རྒྱུན་འཁྱོངས་ཐུབ་ཐབས་སུ་མི་རིགས་རང་ཉིད་ཤིན་ཏུ་གོམས་འདྲིས་དང༌། མེས་པོ་གོང་མ་རྣམས་ཀྱིས་དེ་བས་བསྔགས་པ་ནི། སོ་ནམ་ཞིང་ལས་ཡིན་ལ་དེ་དེ་ལྟར་ཡོང་ཐབས་སུ་ལྷོ་ཕྱོགས་གཞིས་ཆགས་རྣམས་སུ་སྐལ་བ་བརྒྱ་ཕྲག་དང་འབད་པ་སྟོང་ཕྲག་གི་ལམ་ནས་སྲོལ་རྒྱུན་གྱི་སོ་ནམ་འདེབ་ལས་ཐོག་དམིགས་ཀྱིས་བཀར་ནས་ཆེད་ལས་མི་སྣ་མགྲོན་འབོད་དང༌། ཟབ་སྦྱོང་སོགས་མི་རྒྱུ་གང་ཐད་ནས་རོགས་སྐྱོར་དང་ཐུགས་འཁུར་བདག་གིར་བཞེས་ཡོད་པ་དང༌། དེ་དང་དེས་མཚོན་པའི་བདག་ལྟ་བུ་བྱིས་བའི་བློས་གཞལ་དུ་མེད་པའི་ཆོས་སྲིད་ཀྱི་མཛད་ཆེན་དུ་མ་ཞིག་མ་འོངས་བཀའ་ཁྲི་འོས་མི་རྣམས་ལ་སློབ་གསོའི་ཚུལ་དུ་བཞག་ཡོད་ལ། དེ་དང་ཕྱོགས་མཚུངས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ལ་སྐྱོན་བརྗོད་དང་མ་འཐུས་པ་དང་མ་འགྲིག་པའི་རྣམ་འགྱུར་སྟོན་མཁན་ཡང་ཡོད་ལ། དེ་ནི་མང་གཙོ་གཞུང་ཞིག་ལ་མཚོན་ན་ངེས་པར་དུ་དགོས་པའང་ཡིན་ལ་ཕན་ཐོགས་ཀྱང་གང་འཚམ་ཡོད། དེ་ལས་དཔེ་མཚོན་གཞན་ཞིག་ནི། ཟླ་མེད་སྟོན་པ་ཐུགས་རྗེ་ཆེན་པོ་དེ་ལའང་སྐྱོན་བརྗོད་བྱེད་མཁན་བྱུང་ཡོད་པས་དེ་དག་ལ་ཡ་མཚན་དོན་མེད་ལ། ཁོང་གི་བཀའ་དྲིན་ཆ་ཙམ་གསབ་ཕྱིར་དུ་བདག་ཅག་གངས་ཅན་པ་རྣམས་ཀྱིས་སྟོང་གསུམ་གསེར་ཏུ་བསྐངས་ནས་ཕུལ་ནའང་ག་ལ་འཐུས། མཚམས་དེར་ཁོ་བོའི་བསམ་གཞིགས་ངོ་མ་ནི་གྲྭ་རྐྱང་གི་རྣམ་ཐར་འཛིན་ལ་ཤེས་ཡོན་གྱི་རི་རབ་སྤུངས་པའི་བཀའ་ཁྲི་མཆོག་གོང་གསལ་ཁྲི་མཐོན་པོ་དེ་ནས་བཞུད་ཟིན་པའི་རྗེས་ལ་ཁྱེད་ལྟ་བུས་གལ་འགངས་ཆེ་བའི་བཀའ་ཁྲིར་འོས་པའི་མི་སྣ་ཞིག་བཙན་བྱོལ་བོད་མིའི་གནས་སྡོད་གང་སར་ཕྱག་སྟོང་གིས་སྦར་ཉུལ་དང་སྤྱན་སྟོང་གིས་འཚོལ་བར་འབད་ནའང་རྙེད་ཐབས་མེད་པ་ནི། ངའི་ལུས་སེམས་གཉིས་ཀར་ཟློག་ཏུ་མེད་པའི་དཀའ་ངལ་ལྕི་མོ་ཞིག་ཡིན་ན། དེའི་རྒྱུ་མཚན་ནི་ཤེས་ཡོན་དང་ལྷག་བསམ། བྱམས་རྩེ་དང་ཐུགས་འཁུར། དྲང་བདེན་དང་ལ་རྒྱ། བོད་མི་ས་ཡ་དྲུག་ལ་ཤིན་ཏུ་བརྩེ་བའི་སེམས་བསྐྱེད་ལྷག་པར་དུའང་༧གོང་ས་སྐྱབས་མགོན་ཆེན་པོས་བཀའ་དགོངས་ཆ་ཙམ་ཞིག་ཀྱང་འགལ་མེད་ཐོག་ཆོས་སྲིད་ཀྱི་འཁོར་ལོ་སྐོར་མཁས་པ་གང་ཉིད་ལྟ་བུ་ཞིག་ད་ལྟ་ཕན་བྱུང་མ་མྱོང་ལ་ད་ལྟའང་འཇིག་རྟེན་འདིར་བྱོན་མེད་ལ། མ་འོངས་པའང་དཀའ་བར་གནས་པ་དེ་ཡིན། མཐའ་དོན་དུ་མ་འོངས་བཀའ་བློན་ཁྲི་པ་དེ་ག་འདྲ་ཞིག་ཡོང་མིན་ད་ལྟ་ང་ཚོའི་ལག་ན་ཡོད་པའི་སྐབས་འདིར་དུས་ཚོད་ཀྱི་འགྲོ་གྲོན་དང༌། རྣམ་དཔྱོད་ཀྱི་རྒྱ་མཚོ་དཀྲུགས། འཐེན་འཁྱེར་གྱི་དུག་རྩ་སྤངས་ནས་མི་རེ་ངོ་རེས་བཀའ་ཁྲི་དེ་ད་ལྟ་ནས་འཚོལ་དགོས་ལ། དེ་ཡང་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་མེ་ལྕེ་གྱེན་དུ་འབར་བཞིན་པའི་དུས་སྐབས་འདིར་དེ་དག་བདག་ཉར་དང་གཅེས་སྐྱོང་བྱེད་ཐུབ་པའི་མི་སྣ་ཟམ་གདོང་གཉིས་པ་ལྟ་བུ་ཞིག་ངེས་པར་དུ་འཚོལ་རོགས་གནང༌།

སེར་སྨད་ཨེམ་རྗེ་བློ་བཟང་ཤེས་རབ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་པིན་(Jiang Bin)། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་དམར་དམག་སློབ་ཆེན་གསུམ་གསར་འཛུགས་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༤ སྔོན་ལ།
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༠
Mobile App

ཞོ་སྟོན་ཐེངས་ ༢༩ པ་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་འཚོག་གཏན་ཁེལ་འདུག

ཆུ་ཚོད་ ༤ སྔོན་ལ།
US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༡༩
Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དབྱིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ (Tibet's Stolen Child) ཅེས་པ་དབུ་འབྱེད་གནང་བ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས།

༢༠༢༥/༠༥/༡༧
དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧

མཆན། 15

  1. རྟ་བདུན་རྒྱལ་བོ། says:
    ལོ་ 16 སྔོན།

    བཀའ་བློན་ཁྲི་བ་ཟེར་བ་དེ་བོད་པའི་སྤྱི་ཚོགས་ཁྲོད་དུ་སྔར་གྲགས་མ་མྱོང་བ་ཞིག་གཏན་ནས་ཡོངས་མི་སྲིད་པ་རེད། རྒྱུ་མཚན་དེའི་ཕྱིར་ང་ཚོས་ཕར་བཙལ་དགོས་རྒྱུ་མ་རེད་ལ། བཙལ་ནའང་ས་འོག་གི་གཏེར་ནང་བཞིན་སྔར་མེད་པ་ཞིག་གསར་དུ་རྙེད་ཀྱི་མ་རེད་། བཀའ་བློན་ཁྲི་བའི་འོས་གཞི་ནི་བཙན་བྱོལ་བོད་གཞུང་གི་ལས་བྱེད་བྱས་མྱོང་མཁན་ཤེས་འཇོན་གཉིས་ལྡན་ཞིག་ངེས་པར་དུ་ཡིན་དགོས་རྒྱུ་རེད་། དེ་ཡང་དམངས་གཙོ་རྒྱལ་ཁབ་དང་བསྟུན་ན་སོ་སོའི་འོས་མཁན་ཚོས་རང་ངོས་ནས་བོད་མི་དམངས་ལ་ཞབས་འདེགས་སྒྲུབ་ཕྱིར་བཀའ་བློན་ཁྲི་བར་ཕེབས་རྒྱུ་འདུན་པ་ཆེ་ཆེར་ཡོད་པ་དང་། དེའི་དོན་དུ་རང་ཉིད་ཐོབ་ཐབས་ལ་ལས་འགུལ་སྣ་ཚོགས་སྤེལ་བ་སོགས་བྱེད་དགོས་པ་དེ་ཀ་རང་རེད་། ང་ཚོའི་ངོས་ནས་ཉེ་རིང་ཆགས་སྡང་སྤངས་ཏེ་བློ་གཟུ་བོར་གནས་པའི་སྒོ་ནས་མི་ཤེས་འཇོན་གཉིས་ལྡན་ཞིག་འདེམས་རྒྱུ་དེ་རེད་། བོད་པའི་སྤྱི་ཚོགས་ཁྲོད་དུ་རྨོངས་དད་ཤུགས་ཆེན་པོ་ཡོད་སྟབས་བླ་མ་ཞིག་འདེམས་མི་སྲིད་མ་རེད་། འོན་ཀྱང་དེ་ནི་ཤིན་དུ་ནོར་འཁྲུལ་རེད་། རྒྱུ་མཚན་ནི་བླ་མ་རྣམས་ཆོས་ཀྱི་རྣམ་ཐར་གཙང་མ་ཞིག་བཟུངས་ནས་གཞན་ལ་ཕན་ཇི་ཐོགས་བྱེད་རྒྱུ་དང་། ཆབ་སྲིད་པ་ཚོས་རང་གི་མི་རིགས་དང་རྒྱལ་ཁབ་ཁོ་ནར་དམིགས་ནས་ཁེ་ཕན་བསྒྲུབ་རྒྱུ་དེ་རེད་། ཆོས་དང་ཆབ་སྲིད་གཉིས་ནི་ཁ་ཁ་རེད་། ཆོས་ཕྱོགས་ནས་ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན་། གྱོང་དང་ཕམ་ཁ་རང་གིས་ཁུར་ཟེར་བ་ལྟར་སྒྲུབ་དགོས། སྲིད་ཕྱོགས་ནས་རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་་ཁེ་ཕན་ཁོ་ན་སྒྲུབ་དགོས། རྒྱུ་མཚན་འདི་དག་ལ་བརྟེན་ནས་བླ་མ་ཞིག་མ་འདེམས་ན་དགེ་མཚན་ཆེན་པོ་ཡོད་པ་མཁྱེན་རོགས་ཞུས། འོས་གཞི་དེ་ཡང་རང་ལོ་བཞི་བཅུ་ཡན་དང་དྲུག་ཅུ་མན་གྱི་བར་ན་ཡོད་པའི་མི་ཤེས་འཇོན་གཉིས་ལྡན་། ལོ་མང་རིང་བཙན་བྱོལ་བོད་གཞུང་གི་ལས་བྱེད་བྱས་མྱོང་ཡོད་པ་ཅིག་འདེམས་ན་ལེགས་པར་མངོན་ནོ་། །

    Reply
  2. འོས་ལངས། says:
    ལོ་ 16 སྔོན།

    བཀའ་ཁྲིའི་སྐུ་དྲིན་དྲན་དགོས་མིན་ནི་གནས་ཚུལ་གཞན་ཞིག་རེད། བཀའ་ཁྲིའི་ལས་འགན་གྱི་ཆ་ནས་བརྗོད་ན། བཀའ་ཁྲིའི་ལས་འགན་གཙོ་བོ་ནི་སྲིད་དོན་ཡིན་དགོས་པ་ལས་ཆོས་དོན་མིན། སྲིད་དོན་གཙོ་བོར་མ་གནང་ན་མི་རིགས་ཤིག་གི་སྲིད་བློན་ལྟ་བུ་སྟེ་བཀའ་ཁྲིའི་ལས་འགན་གཙོ་བོ་དེ་མ་བསྒྲུབས་པ་ཡིན་ལ། མི་མང་གིས་འོས་འདེམས་བྱས་པའི་བཀའ་ཁྲིའི་དགོས་དོན་ཡང་གཏན་ནས་མ་བྱུང་བ་ཡིན། ད་ལྟའི་བཀའ་ཁྲི་ལ་བསྟོད་བསྔགས་བྱེད་འོས་པའི་ཆ་མང་ན་ཡང་། མི་རིགས་ཤིག་གི་སྲིད་དོན་གཙོ་བོར་བསྒྲུབ་དགོས་པའི་བཀའ་ཁྲིའི་ངོས་ནས་སྐྱོན་ཆ་ཡང་མང་པོ་ཞིག་ལྷག་འདུག བོད་མི་རིགས་ལ་ཆོས་དོན་གཙོ་སྒྲུབ་བྱེད་མཁན་གྱི་མི་སྣའི་རིགས་ནི་མང་སྐྱོན་ཡིན་པ་ལས་ཉུང་སྐྱོན་གཏན་ནས་མིན། ཁ་དན་ཚིག་ལ་མི་གནས་པ་དང་། མི་རིགས་དང་སྲིད་དོན་ལ་བསམ་ཤེས་མེད་མཁན་ཞིག་གིས་ཆབ་སྲིད་ཀྱི་ལྟ་གྲུབ་གཙོ་བོར་འཁྱེར་དགོས་པའི་སྲིད་གཞུང་ཞིག་གི་དབང་འཛིན་སྣེ་ཁྲིད་བྱེད་པ་ནི་ཡང་དག་པའི་ལས་ཤིག་ཏུ་མ་མཐོང་། དེའི་ཕྱིར་མ་འོངས་པའི་བཀའ་ཁྲི་ལ་མི་སྐྱ་ཞིག་འོས་འདེམས་བྱེད་ཐུབ་ན་ལེགས་པར་མཐོང་ངོ་།།

    Reply
  3. མེ་རླུང་། says:
    ལོ་ 16 སྔོན།

    དྲ་གྲོགས་ཚང་མ་ལ་དགོངས་དག་ཞུ་གི་ཡིན་

    Reply
  4. མེ་རླུང་། says:
    ལོ་ 16 སྔོན།

    ལོ་ངོ་ལྔ་བཅུའི་ན་ཟུག

    ན་ཟུག་དེས་བསླངས་བའི་ཞེ་སྡང༌།
    ཟ་ལེ་རྒྱལ།
    བཙོན་དུ་ཚུད་པའི་སྤུན་དག་དྲན་ནས་ཨུ་ཐུག་ཐབས་ཀྱི་མཐའ་མ་སྟེ།།
    བཅོས་མིན་མིག་ཆུའི་དོ་ཤལ་དང་བཅས་སྟེང་ཕྱོགས་ལྷ་ལ་ཞུ་རུ་སོང༌།།
    ལྷ་དང་ལྷ་མོས་ཞིབ་དུ་ཉན་རྗེས་དོན་ཆེན་ལས་ཀྱི་དང་པོ་སྟེ།།
    ལྷ་ཡི་བིས་བ་བསྟན་འཛིན་རྒྱལ་མཚོའི་གྲོགས་སུ་འགྲོ་ཅེས་གྲོས་མཐུན་བྱུང༌།།
    མཚོན་སྣ་ལྔ་ལྡན་འཇའ་ཡི་སྐས་འཛེག་དམར་པོ་རི་ཡི་སྟེང་དུ་བཙུག།
    གནམ་བསྐོས་དཔའ་བོ་བྱེ་བ་ཕྲག་བརྒྱས་གངས་ཅན་བོད་ལ་དཔུང་རོགས་མཛད།།
    རྒྱ་དགའ་བོད་སྡང་རྒྱ་བོད་གཉིས་ཀ་པོ་ཏ་ལ་ཡི་མདུན་དུ་བཀུགས།།
    བུན་ཅ་པོ་ཡི་གསོན་སྙིང་བཏོན་ནས་ཧུའུ་ཅིན་ཐོའོ་ཡི་ཁུ་རུ་བརྫངས།།
    གདོང་དམར་བོད་ཀྱི་ལག་དམར་རྣམས་ལ་ལས་འབྲས་ལྟད་མོ་དང་བོ་བསྟན།།
    ཧུའུ་མགོ་ཅང་མགོ་དམ་དུ་བཅད་དེ་མི་མགོ་རློན་པོས་འཕྲེང་བ་ལས།།
    མོའོ་མགོ་སྐམ་པོ་འཕྲེང་དཔོན་བྱས་ཏེ་ཏུན་མགོ་ཏོག་གི་ཚབ་ཏུ་བཞག།
    རྒྱ་དཔོན་བརྒྱ་དང་བརྒྱད་ཀྱི་རྒྱུ་མས་རྒྱ་མཁར་སྨུག་པོར་རྨི་ཐག་འཐེན།།
    དམངས་གཙོའི་ཕ་རྒྱ་མ་རྒྱ་ཚང་མ་གངས་ཅན་བོད་ཀྱི་མགྲོན་ལ་བོས།།
    ཤི་བོའི་རོ་ལ་ཚོར་བ་མེད་ཀྱང་རང་གི་ན་ཟུག་དྭངས་བའི་ཆེད།།
    མགོ་མེད་རོ་ཡི་རྨ་ཁའི་ཐོག་ལ་ཚྭ་དང་སྒོག་པ་ལྭ་ཙི་བཏབས།།
    དམར་བོའི་ལྟ་བ་སྲོག་ལ་ཟུག་པའི་གནོད་སྦྱིན་དུ་མའི་སྙིང་ཁྲག་གིས།།
    ཀྲིག་ཨན་ལེ་ཡི་རོ་སྒམ་ཐོག་ལ་རྒྱ་ཀྲམ་དམར་པོས་ཏམ་ཀ་བྲིས།།
    གངས་རིའི་གཤེད་མ་ཀུན་གྱི་མིག་འབྲས་གསོན་པོར་དྲུས་ནས་འཕྲེང་བར་བརྒྱུས།།
    ཡུགས་ཕོ་ཡུགས་མོའི་སྐེ་ལ་བཏགས་ཏེ་ཀི་ཀི་སོ་སོའི་ལྷ་རྒྱལ་འཐེན།།
    ཕྱི་མའི་ཡུལ་ན་འཇིགས་པ་ཡོད་མེད་ཟ་ལེ་རྒྱལ་ངས་མི་ཤེས་པས།།
    གཤིན་རྗེ་ཁྲིམས་ཁར་མ་བསླེབས་སྔོན་ལ་རང་གི་མིག་གིས་རིག་ས་ནས།།
    མ་ལུས་འཇིགས་པའི་རྣམ་གྲངས་ཀུན་ལ་མི་ཡུལ་འདི་ནས་རྫོགས་ཚིག་བྲིས།།
    རྒྱ་བོད་གཉིས་ཀ་སོ་སོར་བགར་ཏེ་རང་རང་སོ་སོའི་ས་མཚམས་བྲིས།།
    དེ་ཡི་མོད་ལ་ཧད་ཀྱིས་སད་དེ་ས་ཡི་གོ་ལ་ཧྲིལ་པོ་ནས།།
    ཏ་ལེ་བླ་མ་ང་ཡི་གྲོགས་ཞེས་འཛམ་བུ་གླིང་གི་དཔོན་ཆེན་ཚོས།།
    ཁ་པར་ཁ་བརྡའི་སྔ་བཞུག་བརྩད་དེ་བར་སྣང་དྲ་རྒྱའི་བརྡ་རྟགས་གད།།
    ལོ་ངོ་ལྔ་བཅུར་བཙན་གྱིས་སྒོམ་ཡང་རྨི་མལ་ལ་ཡང་མ་ཤར་བའི།།
    མ་གཉིད་སེམས་ཀྱི་སྟོང་སེམས་འདི་ལ་བལྟས་ཀྱིན་བལྟས་ཀྱིན་སེམས་པ་སྐྱིད།།
    གལ་ཏེ་ང་རང་སྟོང་སེམས་སྟོང་གི་འཇིག་རྟེན་ངོ་མཚར་ཆེན་པོ་ནས།།
    ད་དུང་མ་སད་ཡུན་རིང་འགོར་ཚེ་ང་ཡང་མི་ཡི་འཇིག་རྟེན་འདིར།།
    མི་ལུས་ཞིག་གི་བགོ་སྐལ་ཐོབས་པ་བདེ་སྐྱིད་ཅིག་གི་རྟེན་དུ་གྱུར།།
    ཡིན་ཡང་ལས་ངན་བོད་པ་ང་ལ་དེ་ཡི་ལས་ཀྱང་མ་བྱུང་བས།།
    མིག་ཆུ་ཕྱི་བཞིན་གཡོག་ལ་བུད་སོང་དྲ་གྲོགས་ཚང་མ་བདེ་མོ་བྱོས།།

    Reply
  5. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ངས་ཨེམ་རྗེ་དེའི་སྐོར་གང་ཡང་མི་ཤེས། རྩོམ་ཡིག་འདི་འབྲི་མཁན་ཡིན་པ་ཙམ་ནི་ཁོང་གི་མཚན་རྩོམ་ཡིག་གི་མཇུག་ཏུ་བཀོད་ཡོད་པ་འདི་ཙམ་གྱིས་ཤེས་པ་ཡིན་ལགས།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    རྟ་བདུན་རྒྱལ་བོ་ཟེར་ན་རེད། རྟ་བདུན་དབང་བོ་ཟེར་ན་ཡང་འགྲིག གང་ལྟར། གྲ་གྲོགས་ཁྱེད་ཀྱིས་ང་རང་ལ་དག་འབུལ་ཞུས་པ་དེར་ངས་རྗེས་སུ་ཡི་རུང་བྱེད། ཡིན་ཡང་། ཁྱེད་རང་གིས་བསམ་ཚུལ་བསྐོར་ལོག་དུ་འཁྱེར་འདུག དངོས་ནས་བཤད་པ་ཡིན་ན་ནི་ང་རང་གིས་སེར་སྨན་སྨན་པ་དེའི་བསྐོར་གང་ཡང་མི་ཤེས་ལ། མི་ཤེས་པ་ཞིག་ཤེས་འདོག་ངས་དུས་གཏན་དུ་ག་ལ་བྱེད། དེ་ཡིན་དུས་སྐུ་ཉིད་ཀྱིས་སེམས་ལྷོད་ལྷོད་གནོང་རོགས། འོན་ཀྱང་། དྲ་གྲོགས་སྤོབས་པ་མཐའ་ཡས་ཀྱིས་སྨན་པ་དེའི་བསྐོར་ཅུང་ཙམ་གསལ་ཆ་ཡོད་ས་རེད། དེ་ཡིན་ན་དྲ་གྲོགས་དག་ལ་གསལ་ཆ་དེའི་བསྐོར་ཞིག་ངོ་སྤྲོད་བྱས་པ་ཡིན་ན་ག་འདྲ་འདུག་ལགས།

    Reply
  7. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    སེར་སྨད་ཨེམ་རྗེ་འདིས་ཅུང་ཙམ་མིན་ན་ཟམ་གདོང་སྤྲུལ་སྐུའི་སྣབ་ལ་ཚྭ་བྲོ་བ་རེད་ཅེས་པའི་བསྟོད་པ་ཡང་བྱེད་གྲབས་ཤིག་བྱས་འདུག་མོད་ཟམ་གདོང་གི་ཕྱག་ལས་གལ་ཆེ་བ་གཅིག་མཐོང་མི་འདུག དེ་ནི་ཤེས་ཡོན་སྲིད་ཇུས་གསར་པའི་ལམ་སྲོལ་བཏོད་པ་དེ་རེད།

    Reply
  8. རྟ་བདུན་རྒྱལ་བོ། says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་ལགས་དགོངས་འགལ་མེད་པར་ཞུ། ངས་སེར་སྨད་ཨེམ་རྗེ་ལ་བསྟོད་པ་བཏངས་བ་དེར་། མཆོག་ཉིད་ནས་ཕྲག་དོག་བྱེད་པ་མིན་ནམ། ཁོ་བོས་མི་ཁ་ཤས་ཀྱིས་མིང་ཆད་ངན་པ་བྲིས་པ་མཐོང་སོང་། དེ་རྣམས་ལ་བཤད་པ་ཡིན་མ་གཏོགས་མཆོག་ཉིད་ལ་ཟུར་ཟ་གང་ཡང་མིན་། སྤྱིར་ཕ་རོལ་བ་ཞིག་དགག་པ་ལ་རྒྱུ་མཚན་དང་རིག་པས་སྒྲུབས་ནས་བཀགས་ན་ཚུད་དང་མཐུན་པ་ལས། ཚིག་ངན་པ་བེད་སྤྱོད་བཏངས་ན་སྨད་ན་ལེགས་པའི་ཆ་གང་ཡང་མཐོང་གི་མི་འདུག་གོ

    Reply
  9. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    རྟ་བདུན་རྒྱལ་བོ་མིང་ཅན་ལགས། ད་དུང་ཁྱེད་ཀྱིས་བོད་ཀྱི་སྐད་ཡིག་ཁྲོད་དུ་ཕལ་བའི་སྐད་ཡིག་ཟེར་སྲོལ་ལ་བལྟས་པ་ཡིན་ན། ཁྱེད་རང་གིས་ཕལ་བའི་མི་ཟེར་ནས་དམའ་སར་འཇོག་མཁན་གྱི་གྲངས་དེ་ཡིན་པ་འདྲ། ང་རང་གིས་སེམས་བསམ་པའི་གཏིང་ནས་རེ་སྐུལ་ཞིག་ཞུ་འདོད་པ་ནི་བོད་ཟེར་བ་ནི་གཅིག་ལས་གཉིས་མེད་པ་དང་བོད་སྐད་ཟེར་བ་ནི་གཅིག་ལས་གཉིས་མེད་པའི་ལྟ་ཚུལ་ཞིག་བཟུང་དེ་བོད་པ་ཚང་གི་སྐྱིད་སྡུག་ལེགས་ཉེས་བསྐོར་ལ་བསམ་ཚུལ་རེ་སུས་བཤད་ཀྱང་དེར་སེམས་གཏིང་ནས་རྒྱབ་སྐྱོར་ཡོད། འོན་ཀྱང་། ཤེས་ཡོན་དང་ཉམས་མྱོང་གང་ཅིའི་ཐད་དུ་མི་རེ་རེ་ལ་མ་འདྲ་བའི་བསམ་བློ་རེ་ཡོད་ཆོག་པའི་དེ་ལ་ལྟ་ཚུལ་སྡུག་ཆག་དེ་འདྲ་ཡོང་དགོས་དོན་མེད་པར་སྣང་།

    ལྷག་པར་དུ་དྲ་གྲོགས་རྙིང་བ་གནས་ཚང་ལགས། ངས་གོང་ནས་བཤད་མ་ཐག་པ་ལྟར། ངེད་ཅག་ལ་བག་ལེབ་བཙོང་མཁན་ཟེར་ནས་ཟུར་དུ་འཇོག་པའི་ལྟ་བ་དེ་འདྲ་ཡོད་མི་རུང་བ་སེམས་ལ་འཇོག་རོགས་ཞུ། བོད་པ་ཚང་གི་མི་སུས་ལས་ཀ་ཆེ་ཆུང་གང་ཞིག་བྱེད་བཞིན་ཡོད་མེད་ཀྱི་སྟེང་ནས་དབྱེ་བ་མི་ཕྱེ་བར་བསམ་བློའི་འཇོན་ཐང་དང་ཤེས་ཡོན་གྱི་གནས་ཚད་ནས་ངེད་ཅག་གི་མི་ལ་བརྩི་བཀུར་དང་ཡི་རུང་བྱེད་དགོས་པར་སྣང་། འདི་ནི་ང་རང་གི་སེམས་བསམ་པའི་སྐད་ཆ་ཞིག་ལས་མཁས་གྲགས་མིང་འདོད་ཀྱི་གཏམ་གང་ཡང་མེད་པ་སེམས་གཏིང་དུ་འཇོག་རོགས་གནོང་།

    Reply
  10. རྟ་བདུན་རྒྱལ་བོ། says:
    ལོ་ 16 སྔོན།

    སེར་སྨད་ཨེམ་རྗེ་བློ་བཟང་ཤེས་རབ་ལགས་ཀྱིས་བྲིས་པ་དེ་ཚིག་སྦྱོར་དང་བཤད་སྟངས་ལེགས་པོ་འདུག་པས། ང་ཚོ་དྲ་གྲོགས་ཚང་མས་འདི་བཞིན་འབྲི་རྒྱུ་འབད་བརྩོན་གནང་ན་ལེགས་པར་མངོན་། བསྟོད་དགོས་ས་བསྟོད་པ་དང་སྨད་དགོས་ས་སྡིག་ར་སོགས་དགོས་ནའང་། ཕལ་བའི་མིང་ཚིག་ངན་པ་བེད་སྤྱོད་མ་བཏངས་ན་ལེགས་སྙམ།

    Reply
  11. རུ་དམ་ལུང་གི་བུ། says:
    ལོ་ 16 སྔོན།

    ནོར་བཅོས། ང་ཚོ་བོད་རྒྱལ་ཁབ་ལ

    Reply
  12. རུ་དམ་ལུང་གི་བུ། says:
    ལོ་ 16 སྔོན།

    ༼གང་ཉིད་ལྟ་བུ་ཞིག་ད་ལྟ་ཕན་བྱུང་མ་མྱོང་ལ་ད་ལྟའང་འཇིག་རྟེན་འདིར་བྱོན་མེད་ལ། མ་འོངས་པའང་དཀའ་བར་གནས་པ་དེ་ཡིན། ༽
    གལ་སྲིད་དངོས་གནས་འདི་ལྟར་ཡིན་ན། ཁོང་བཀའ་དྲིན་ཆེ་གི ང་ཚོ་སེམས་པ་སྐྱོ་གི གང་ཡིན་ཟེར་ན་ཚོ་བོད་རྒྱལ་ཁབ་ལ་བཀའ་བློན་ཁྲི་བ་ཞིག་དགོས་པས།

    Reply
  13. གནས་ཚང་། says:
    ལོ་ 16 སྔོན།

    མ་འོངས་པར་དེ་ལྟར་བྱེད་ཆོག་གི་རེད། ད་དུང་ལོ་གཉིས་ལྷག་ཡོད་པས། འོས་ལངས་ཀྱི་དུས་ཚོད་ལ་སླེབས་ཡོད་པ་མ་རེད། ཡིན་ནའི། ངས་ཁྱོད་རང་ཚོ་ཤེས་ཡོན་པའི་དཔུང་ཁག་ཁྲོད་དུའང་ཁ་ཤས་འོས་མིར་ལངས་དགོས་ཀྱི་འདོད། སྐབས་དེར་པཱ་ལེ་བའི་འོས་མི་དང་ཤེས་ཡོན་པའི་འོས་མིས་འགྲན་རྩོད་བྱེད་རྒྱུ་ཡིན་པས། དེ་ནི་ལོ་རྒྱུས་དམིགས་བསལ་བ་ཞིག་ཀྱང་ཆགས་ཡོད་པ་རེད།

    གཞན་དེ་ཁྱོད་རང་གིས་ང་སེམས་ནང་ཉར་ཡོད་པར་ཐུགས་རྗེ་ཆེ།

    Reply
  14. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    རེད་ལགས། དྲ་གྲོགས་གནས་ཚང་མིང་འཛིན་པ་ལགས། སྐུ་ཉིད་མཐོང་རྒྱུ་མེད་པར་ཡུན་རིང་བྱིན་ཐལ། དེ་རིང་འདི་ནས་བཀའ་ཁྲིའི་བསྐོར་གྱི་བསམ་ཚུལ་ཐུང་ཐུང་ཞིག་བྲིས་འདུག་པ་དེའི་ནང་གི་རང་རང་གིས་བཀའ་ཁྲིའི་འོས་འགྲན་བྱེད་དགོས་པར་སྐུལ་བཞིན་འདུག་ན་ཐོག་མར་སྐུ་ཉིད་ནས་བཀའ་ཁྲིའི་འོས་བླངས་ཐེངས་ཤིག་གི་གསལ་བསྒྲགས་བྱོས་དང་ད་གཟོད་བོད་པ་ཚང་གི་མི་མང་གིས་ག་རེ་བཤད་པར་བལྟས་དེ་ཐག་གཅོད་བྱེད་དགོས་པ་མ་རེད་དམ།

    Reply
  15. གནས་ཚང་། says:
    ལོ་ 16 སྔོན།

    ད་དེ་འདྲ་ཞེ་དྲག་གནང་དགོས་ཀྱི་མ་རེད། འཛིན་སྐྱོང་གི་ཐད་ནས་ཅུང་ཙམ་ལམ་སྟོན་བྱེད་ཐུབ་ཡོད་པ་ཙམ་རེད། འདི་གཅིག་ཡིན།

    གཞན་དེ་ད་རེས་ཡིན་ན། བཀའ་ཁྲི་འོས་མི་རང་ཉིད་ཀྱི་ངོས་ནས་ཡར་ལངས་ནས་ཕྱོགས་གང་ཅིའི་ཐད་ཀྱི་སྲིད་ཇུས་སྔོན་བསྒྲགས་བྱེད་མཁན་ཞིག་དགོས་པ་ལས་ང་ཚོས་ཕར་བཙལ་བ་དེས་འགན་ཞེ་དྲག་ཐེག་གི་མ་རེད་ལ། སྐྱོན་ཡང་འཁུར་གྱི་མ་རེད། དེ་བས། ཐེངས་འདིར་རྒན་དར་གཞོན་གསུམ་ཁྲོད་བཀའ་ཁྲིའི་འོས་གཞིར་ལངས་མཁན་ཡོད་སྲིད་ལ། འགྲན་རྩོད་ཅིག་ཀྱང་ཡིན་པས། ང་ཚོས་བལྟད་མོར་ལྟ་ཞོར་དང་བསམ་བློ་གཏོང་ཞོར་སོ་སོའི་འོས་ཤོག་བླུགས་རྒྱུ་ལས་ལྷག་མེད་ཅིང་། སྒོས་སུ་བཤད་ཡམས་ཀྱི་རྗེས་སུ་མི་འབྲངས་རྒྱུ་དེ་བཀའ་ཁྲིའི་འོས་མི་བཙལ་བ་ལས་ཀྱང་གལ་ཆེ། དེ་འདྲ་ཞིག་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese