མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་སྐྱིད་པའི་ཕ་ཡུལ།

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༤༤༧ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉེ་ལམ་ཕྱི་རྒྱལ་དུ་ཡོད་པའི་གྲོགས་པོ་ཞིག་ཕ་ཡུལ་བོད་ནས་ཕྱིར་ལོག་སླེབས་ཏེ། ཁོང་གིས་ང་ལ་ད་སྐབས་བོད་ནང་སྐྱིད་པོ་མི་འདུག་ལ། མ་གཞི་ནས་ང་ཚོའི་ཕ་ཡུལ་མཇུག་སྒྲིལ་བ་འདྲ་ཟེར། ཁོང་གི་སེམས་ཁྲལ་གཅིག་ནི་ད་ནས་བཟུང་བོད་ཡུལ་ཅེས་པ་ཞིག་ངོས་འཛིན་ས་མེད་པ་དང་། མི་འགྱངས་པར་མདོ་དབུས་མཐོ་སྒང་དུ་འབྲོག་པ་ཞེས་པ་ཞིག་ནམ་ཡང་གནས་མི་སྲིད་པ་དེ་རེད།

ཁོང་ལ་ཅི་ཁག ཡུལ་མདོ་སྨད་ཀྱི་འབྲོག་པའི་ལོ་རྒྱུས་དེ་ལོ་གཉིས་ཀྱི་རྗེས་ནས་མཇུག་སྒྲིལ་རྒྱུ་རེད། ༢༠༡༡ ལོའི་ལོ་མཇུག་ནི་གནའ་བོའི་བཙན་པོའི་དམག་སྡེ་ཆེན་པོ་འདིའི་སྒར་ཁ་ཡོངས་སུ་བསྡུས་ཤིང་། མདོ་སྨད་ཀྱི་འབྲོག་པ་ཡོངས་རྒྱ་ནག་གི་མཁར་གྲོང་ལ་འཇུག་རྒྱུ་རེད། གོ་ཚོད་ལ་ ༢༠༡༡ ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་འབྲོག་སྡེ་རྣམས་གྲོང་སྡེ་ལ་བསྒྱུར་རྒྱུ་ནི་ཡུལ་མདོ་སྨད་ཀྱི་འབྲོག་སྡེ་མཐའ་མ་དེ་མཇུག་སྒྲིལ་བ་ཡིན་པར་བཤད། ཟླ་གཉིས་ཀྱི་སྔོན་ལ་མཚོ་ལྷོ་ཁུལ་གུང་ཧོ་རྫོང་གི་འབྲོག་པ་ཞིག་གིས་ཁ་པར་བརྒྱུད་བཤད་དོན། མཚོ་སྔོན་པོའི་ལྷོ་བརྒྱུད་ཀྱི་འབྲོག་སྡེ་རྣམས་ལ་ ༢༠༠༩ ལོ་ནས་བཟུང་རྒྱལ་ཁབ་ཀྱིས་རོགས་དངུལ་སྤྲད་དེ་ཁང་བ་རྒྱག་རྒྱུ་ཡིན་འདུག་ཟེར། རྒྱ་ནག་གཞུང་གི་འཆར་གཞི་འདི་ནི་ ༢༠༠༢ ལོའི་ཕྱི་ཟླ་དང་པོའི་ཚེས་ ༢༨ ཉིན་མཚོ་སྔོན་ཉིན་རེའི་ཚགས་པར་སྟེང་བཀོད་ཅིང་། འདས་པའི་ལོ་བརྒྱད་རིང་གི་འཆར་གཞི་དེ་ད་ལོ་ནས་བཟུང་མཚོ་ལྷོའི་འབྲོག་སྡེ་ཁག་ཏུ་དངོས་སུ་ལག་ལེན་བསྟར་མགོ་བརྩམས་པ་རེད། ཁོང་ཚོའི་དམིགས་ཚད་ནི་སྔར་གྱི་འཆར་གཞི་ལྟར་ ༢༠༡༡ ལོ་ཡིན་ངེས། འདིའི་རྗེས་ཀྱི་ལག་བསྟར་ནི་བོད་ལྗོངས་ཡིན་པར་བཤད།

མིའི་རིགས་ཀྱི་དཔལ་ཡོན་གྱི་འཕེལ་ཕྱོགས་ནས་བལྟས་ན། འབྲོག་པ་རྣམས་ཀྱང་ཁྱིམ་ཚང་ཁེར་ཆད་ནས་མཁར་གྲོང་དུ་བསླེབས་པ་ནི་གོ་སྐབས་ལེགས་པོ་ཞིག་ཡིན་སྲིད་ཀྱང་། རྒྱ་ནག་གི་སྲིད་བྱུས་ཀྱི་འབབ་ས་ནི། སྨད་རྒྱ་རྣམས་ཡར་བོད་ཀྱི་ས་ཁུལ་དུ་སྤོ་རྒྱུ་དང་། སྟོད་ཀྱི་འབྲོག་པ་རྣམས་མར་མཁར་གྲོང་ལ་འབབ་རྒྱུ། འདི་ལྟར་བོད་རྒྱ་གཉིས་ཀྱིས་བོད་ས་ཁུལ་གྱི་མཁར་གྲོང་གསར་པ་དག་ནས་གཞིས་མཉམ་དུ་འཛིན་རྒྱུ་དང་། ཕྱོགས་གཉིས་ཀར་ཐུན་མོང་དུ་དབང་བའི་ཕ་ཡུལ་གྲོང་ཁྱེར་ཞིག་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན། འོན་ཀྱང་། འདིའི་ཕུག་ནས་ངེས་པར་དུ་འགྱུར་ཏེ་ཤུལ་མེད་དུ་འགྲོ་དགོས་པ་ནི་བོད་པ་རྣམས་ཡིན། དཔེར་ན། ད་སྐབས་མཚོ་སྔོན་གྱི་ཟི་ལིང་གྲོང་ཁྱེར་གྱི་བོད་པ་རྣམས་ཡིན། ཟི་ལིང་དུ་བོད་པ་ཉིས་ཁྲི་ལྷག་ཡོད་ཀྱང་། དེ་དག་གི་བུ་རབས་ཚ་བརྒྱུད་རྣམས་ལ་བོད་པའི་སློབ་གྲྭ་ཁེ་གཙང་ཞིག་འཛུགས་རྒྱུའི་ཐོབ་ཐང་མེད། འདིའི་ཐད་ལོ་སྔོན་མ་ནས་ཟི་ལིང་གྲོང་ཁྱེར་དུ་རྩོད་གླེང་རིམ་པར་བྱུང་ཡང་གྲུབ་འབྲས་མ་ཐོན་པ་ལྟར་རེད། དེ་བས་ང་ཚོས་བོད་ནང་གི་སྐབས་ཐོག་གི་བསྒྱུར་བཅོས་འདི་དག་ལ་དཔག་པའི་ལས་གཞིའམ། ལས་འགུལ་རེ་སྤེལ་རྒྱུ་ཡོད་མེད་ལའང་ཅིས་ཀྱང་བསམ་དགོས་པར་འདོད་དོ།།

འབྲེལ་ཡོད་གསར་འགྱུར།

Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་བཅད་ཁྲ་བཏང་སོང་། 

ཆུ་ཚོད་ ༡༩ སྔོན་ལ།
Photos: Official portraits, U.S. House of Representatives
Mobile App

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
བཀའ་ཤག་གི་གསར་འགོད་གསལ་བསྒྲགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥི་རི་ཁའི་དོན་གཅོད་ཁང་གི་གནད་དོན་ཁྲིམས་ཐོག་ནས་སེལ་བའི་རེ་སྐུལ་གནང་འདུག

༢༠༢༦/༡༠/༢༡
CFOTO/Future Publishing via Getty Images
Mobile App

ཨ་རིས་རྒྱ་ནག་གི་བཅོས་མའི་རིག་ནུས་ཌིབ་སིག་བཀག་སྡོམ་བྱས།

༢༠༢༦/༡༠/༢༠
ལྕགས་ལམ་ས་ཁྲ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ཕྱེད་ཙམ་འགྲུབ་ཡོད་ཟེར།

༢༠༢༦/༡༠/༢༠
Mobile App

དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག

༢༠༢༦/༡༠/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese