མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

    མཚོན་མེད་ཉམ་ཆུང་བོད་མི་མང་ཚོས་རྒྱ་དམར་གྱི་དབང་བསྒྱུར་ལ་དྭང་བླངས་ངོ་རྒོལ་བྱས་པའི་ཉིན་མོ་འདིར་ཡང་བསྐྱར་ང་ཚོས་སེམས་འཁུར་ཆེན་པོས་དྲན་གསོ་བྱེད་བཞིན་ཡོད། དྲན་དགོས་པའི་ཉིན་མོ་དེ་བྱུང་ནས་ད་ཕན་ལོ་དྲུག་ཙམ་སོང་ཡང༌། བཙན་དབང་དང་གཉའ་གནོན་ད་དུང་ཡོད་མུས་ཀྱིས་ང་ཚོའི་ཡུལ་ནང་མི་མང་ལ་བསམ་བརྗོད་མི་ཐུབ་པའི་སྡུག་བསྔལ་དང༌། སེམས་སྡུག་དཀའ་ངལ་གྱི་གནས་ཚུལ་ཡོད་བཞིན་པ་ཡིན། མཉམ་སྦྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་བོད་མི་མང་གི་དཀའ་སྡུག་སེལ་ཐབས་འབོད་བསྐུལ་ཐེངས་འགའ་ཤས་བྱས་རུང༌། ཉེ་དུས་རྒྱལ་སྤྱིའི་ཁྲིམས་དཔོན་ཚོགས་པས་ཇི་བརྗོད་ལྟར། རྒྱལ་ཚོགས་ཀྱི་གྲོས་ཆོད་དང༌། འགྲོ་བ་མིའི་རིགས་ཀྱི་བསམ་ཚུལ་ཇི་འདྲ་ཞིག་ཡོད་ནའང༌། རྒྱ་མི་གུང་བྲན་གྱི་སྲིད་བྱུས་ལ་ཕན་གནོད་གང་ཡང་བྱུང་མི་འདུག བོད་ནང་རྒྱ་མིའི་དབང་བསྒྱུར་འོག་ཏུ་རྒྱལ་སྤྱིའི་རྩ་ཁྲིམས་ནང་གསལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཕལ་མོ་ཆེ་དང༌། ཁྲིམས་ལུགས་དང་འབྲེལ་ཡོད་ཞི་བ། སྤྱི་ཚོགས། དཔལ་འབྱོར། ཆོས་དད་བཅས་ཀྱི་ཐོབ་ཐང་རྣམས་མི་འདུག་ཅེས་འཛམ་གླིང་ནང་སྙན་གྲགས་ཅན་གྱི་ཁྲིམས་དཔོན་ཡོད་པའི་ཚོགས་པ་དེས་བརྗོད་འདུག་པ་མ་ཟད། བོད་ནང་མི་མང་གིས་མྱོང་བཞིན་པའི་དཀའ་སྡུག་དེ་དག་ནི། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང༌། རང་དབང་གི་ཁྲིམས་འགལ་ཙམ་མིན་པར། བོད་ནང་ཡོད་པའི་རྒྱ་མིའི་དཔོན་རིགས་ཚོས་བོད་མི་རྣམས་འགྲོ་བ་མིའི་རིགས་ཤིག་ཡིན་པ་དང༌། འགྲོ་བ་མིའི་འཚོར་བ་ཡོད་པར་འདུ་ཤེས་མ་བྱས་པའི་གནས་ཚུལ་ཆེས་སྡུག་པོ་ཡིན། རྒྱ་མི་གཞིས་ཆགས་ཀྱི་ཆེད་དུ་བོད་མི་རྣམས་རང་རང་གི་གནས་སར་སྡོད་དབང་མེད་པ་དང༌། འཚོ་བའི་གཞི་རྟེན་དེ་ཁོ་ན་ལས་མེད་ཀྱང་འཕྲོགས་པ་སོགས་བོད་མི་རྣམས་ཀྱི་མི་ཚེ་ནི་དོན་དང་སྙིང་པོ་མེད་པ་ཞིག་ཏུ་གྱུར་ནས་ཡོད།

    རྒྱ་མི་ཚོ་དང༌། ཁོང་ཚོའི་ཤོག་ཁག སློབ་སྦྱོང་སྤྲད་པའི་གསར་ཤོག་འབྲི་མཁན་རྣམས་ནས་གོང་གི་གནས་ཚུལ་དེ་དག་ཁས་ལེན་མི་བྱེད་པ་བདེན་ན་ཡང༌། དེ་དག་ལ་ཁུངས་སྐྱེལ་རྒྱུ་མཚན་ནི་དེ་བས་མང་བ་ཡོད། དང་པོར། བོད་ནང་འཚོ་བར་དཀའ་ངལ་མེད་ན་བོད་མི་སྟོང་ཕྲག་མང་པོས་རང་གི་ཡུལ་ཁྱིམ་བཞག་ནས་མ་འོངས་ངེས་གཏན་མེད་པར་ཐག་རིང་ལམ་གྱི་དཀའ་སྡུག་དང༌། ཉེན་ཁར་འཛེམས་མེད་ཁྱིམ་མཚེས་ཡུལ་གྲུའི་ནང་ཡོང་དོན་མེད། གཉིས་པ། ཉེ་དུས་བོད་ནང་གི་གནས་ཚུལ་དེས་རྒྱ་མིའི་དཔོན་རིགས་ཚོའི་གཏམ་བརྗོད་ལ་བདེན་པའི་གཞི་རྩ་མེད་པ་གསལ་པོ་བསྟན་ཡོད། དཔེར་ན། པེ་ཅིང་དཔོན་རིགས་ཚོས་པཎ་ཆེན་རིན་པོ་ཆེར་ཡོངས་གྲགས་སྐྱོན་འཛུགས་བྱས་པ་དེས་བོད་ནང་གནས་ཚུལ་སྡུག་པོ་ཇི་འདྲ་ཞིག་ཡོད་མེད་གསལ་པོར་བསྟན་ཅིང༌། པཎ་ཆེན་རིན་པོ་ཆེ་རྒྱ་མིས་དབང་འཛིན་བྱས་པའི་ས་ཆར་འཁྲུངས། རྒྱ་ནག་ཏུ་སློབ་སྦྱོང་གནང༌། རྒྱ་མིའི་གཞུང་ལ་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཞིག་ཡིན་པ་དང༌། ཁོང་གི་གོ་གནས་ཀྱང་རྒྱུ་མཚན་དེ་དག་ལས་བྱུང་ཡོད་ཀྱང༌། བོད་རིགས་ཞེས་པའི་མིང་ལྡན་སུ་ཡིན་རུང༌། རྒྱ་དམར་གྱི་བཙན་དབང་དང་བཙན་ཤེད་ཀྱི་དབང་བསྒྱུར་ལ་ངོ་རྒོལ་མི་བྱེད་མཁན་ཡོང་མི་ཐུབ། ད་ཆ་རྒྱ་མིའི་དཔོན་རིགས་ཚོས་པཎ་ཆེན་རིན་པོ་ཆེ་ནི་བཙན་རྒྱལ་རིང་ལུགས་པའི་ལག་ཆ་ལྟ་བུར་ངོས་འཛིན་བྱེད་བཞིན་འདུག རྒྱ་མིའི་འགོ་བྱེད་ཚོའི་སྲིད་བྱུས་ལ་སྐྱོན་བརྗོད་ཆུང་ངུ་ཞིག་བྱས་པ་ན་དེ་བདེན་པ་ཡིན་ཡང་རུང༌། འགྲོ་བ་མིའི་བདེན་དོན་ཞིག་ཡིན་ཡང་རུང༌། མི་དེ་ནི་བཙན་རྒྱལ་རིང་ལུགས་པའི་གསང་ཐག་མཁན་རེད་ཅེས་སྐྱོན་བརྗོད་བྱེད་པ་ཡིན། རང་ཅག་བོད་མི་རྣམས་དང༌། ཞི་བདེ་ལ་དགའ་བའི་མི་མང་ཚོས་དེ་ལྟ་བུའི་གནས་ཚུལ་རྣམས་འཛམ་གླིང་གིས་ཤེས་རྟོགས་ཐུབ་པ་བྱས་ཏེ་རྒྱ་མིའི་བཙན་འཛུལ་དང༌། ཀླ་ཀློ་ལྟ་བུའི་དབང་བསྒྱུར་ལ་རྒོལ་འགོག་བྱ་དགོས།

    ད་རིང་ངོས་ནས་བོད་མི་ཚང་མར་རང་གི་ཕ་ཡུལ་ལ་ཞི་བདེ་རང་དབང་ཡོང་བའི་འབད་བརྩོན་ནུས་ཤུགས་གང་ཡོད་ཀྱིས་བྱེད་དགོས་པ་དང༌། འཛམ་གླིང་མི་མང་ཚོས་གནས་སྟངས་ཤིན་ཏུ་ཐབས་རྡུགས་པོ་དང༌། སྡུག་བསྔལ་གྱིས་མནར་བའི་བོད་མི་ཚོའི་དོན་དུ་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན།

    ཡང་གོ་སྐབས་འདིར། དེང་དུས་ཀྱི་གནས་སྟངས་ཉེན་ཁ་ཆེན་པོ་དེའི་སྐོར་ནན་བརྗོད་བྱ་རྒྱུར། རང་ཅག་ཚང་མས་ཤེས་གསལ། རྒྱ་གར་གྱིས་མཐུན་འབྲེལ་ཡོང་བའི་འབད་བརྩོན་གང་ཐུབ་བྱེད་བཞིན་དུ་རྒྱ་དམར་གྱིས་རྒྱ་གར་ལ་བཙན་འཛུལ་བྱས་ཤིང༌། རྒྱ་མི་བོད་དུ་གནས་པའི་རིང་རྒྱ་གར་གྱི་ཞི་བདེ་དང་ཡར་རྒྱས་ལ་ཉེན་ཁ་ཡོད་པ་མ་ཟད། ལྷོ་ཤར་ཨེ་ཤ་ཡའི་ཡུལ་ཁག་ལའང་ཉེན་ཁ་ཡོད། དེ་འདྲའི་གནས་ཚུལ་ལ་གཞིགས་ནས་རང་དབང་ཅན་གྱི་རྒྱལ་ཁབ་ཚོས་ཉེན་ཁ་དེ་འགོག་ཐབས་ངེས་པར་དུ་བྱ་དགོས་པ་ལས། ཉེ་དུས་རྒྱ་མིས་རྡུལ་ཕྲན་མཚོན་ཆར་ཚོད་ལྟ་བྱས་པ་དེས་ཉེན་ཁ་དེ་དག་ཇེ་ཆེར་བཏང་ཡོད། རྡུལ་ཕྲན་མཚོན་ཆའི་ནུས་ཤུགས་ལྡན་པའི་རྒྱལ་ཁབ་ཚོས་མི་རིགས་རྩ་མེད་འགྲོ་རྒྱུའི་གནད་དོན་རྟོགས་ཏེ་དེ་དག་འགོག་ཐབས་བྱེད་བཞིན་ཡོད་ནའང༌། རྒྱ་མིར་རྡུལ་ཕྲན་གྱི་ནུས་པ་ཚད་ལོངས་ཤིག་བྱུང་ན་འགོག་ཐབས་བྱེད་ཀྱི་ཡོད་དམ། བཙན་དབང་ལ་དགའ་ཞིང༌། དཀོན་མཆོག་མེད་པར་བལྟ་བ། རང་གི་དམིགས་ཡུལ་ཚད་མེད་ཡོད་པའི་གཞུང་གང་འདྲ་ཞིག་ཡིན་ཀྱང་དམག་འཁྲུག་འགོག་ཐབས་བྱ་རྒྱུའི་རེ་བ་ཡོད་ཀྱི་མ་རེད་བསམ་གྱི་འདུག དེར་བརྟེན་མི་མང་རྣམས་ནས་རང་ཅག་ལ་ཡོང་རྒྱུའི་ཉེན་ཁ་དེ་དག་འགོག་ཐབས་ཀྱི་གོ་སྐབས་གང་ཡོད་ལེན་སྤྱོད་གནང་གྲོགས་ཞེས་རེ་འདུན་ཞུ་ཞིང༌། སྨོན་ལམ་འདེབས་རྒྱུ་ཡིན། དེ་རིང་གིས་མཚོན་དུས་རྟག་ཏུ་འགྲོ་བ་སེམས་ཅན་ཀུན་ལ་ཞི་བ་དང༌། བདེ་སྐྱིད་འབྱུང་བའི་སྨོན་ལམ་འདེབས་བཞིན་པ་བཅས།།    །།

འབྲེལ་ཡོད་གསར་འགྱུར།

རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

ཆུ་ཚོད་ ༣ སྔོན་ལ།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

ཆུ་ཚོད་ ༤ སྔོན་ལ།
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

ཆུ་ཚོད་ ༤ སྔོན་ལ།
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས། ༢༠༢༦།༦།༡༢ བོད་ཀྱི་དུས་བབ་གསར་ཁང་གིས་སྐུ་པར་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

༧སྐུའི་ཞབས་པུས་གཤག་བཅོས་ལེགས་གྲུབ་དང་སྐུ་གཟུགས་གསལ་ཐང་ཡིན་འདུག

ཆུ་ཚོད་ ༦ སྔོན་ལ།
Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

༢༠༢༦/༠༦/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese