མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

    ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་ལྷ་སར་བོད་མི་མང་ནས་རང་དབང་སྒེར་ལངས་ཀྱི་ལས་འགུལ་བྱས་པར་རྒྱ་མི་གུང་བྲན་གྱིས་བཙན་དབང་གདུག་རྩུབ་དྲག་པོས་འགྲོ་བ་མིས་རྩ་ཆེར་འཛིན་པའི་གནས་ལ་ཇི་མི་སྙམ་པར་བོད་མི་སྟོང་ཕྲག་མང་པོ་དམར་གསོད་དྲག་གནོན་བྱས་པ་རེད། དེ་འདྲའི་ཉིན་མོ་དེ་ལ་ང་ཚོས་རྗེས་དྲན་གང་གི་དོན་དུ་བྱེད་ཀྱི་ཡོད་དམ་ཟེར་ན༑ ང་ཚོས་བོད་རང་དབང་གི་དོན་དུ་ལུས་སྲོག་གཏོང་མཁན་བོད་མི་ཚོར་རྗེས་དྲན་བྱེད་པ་ཙམ་དུ་མ་ཟད། དེ་ཉིན་རྒྱལ་ཁ་ཐོབ་པའི་ཉིན་མོ་ཞིག་ཏུ་ངོས་འཛིན་བྱས་ནས་ཀྱང་རྗེས་དྲན་བྱེད་ཀྱི་ཡོད། ཅིའི་ཕྱིར་ཞེ་ན། དེའི་ཉིན་རྒྱ་མི་གུང་བྲན་གྱིས་བཙན་དབང་གིས་འཛིན་སྐྱོང་བྱེད་པའི་སྲིད་བྱུས་ལ་ཕམ་ཉེས་ཕྱིན་པ་གསལ་པོར་བསྟན་པའི་ཐོག ཁོང་ཚོ་འུ་ཐུག་ཐབས་ཟད་ཀྱིས་དྲག་པོའི་ལམ་ནས་གུང་བྲན་ལྟ་སྤྱོད་ཀྱི་ལྡོག་ཕྱོགས་མི་སེར་སྤེལ་སྲོལ་འཛིན་ཐབས་བྱེད་དགོས་པར་ཐུག་པ་དང༌། ང་ཚོའི་ཕྱོགས་སུ་ཕམ་ཉེས་མིན་པའི་ཁར། ཕྱི་རྒྱལ་བཙན་དབང་གི་འོག་ཏུ་ནམ་ཡང་སྡོད་འདོད་མེད་པའི་རྣམ་འགྱུར་དཔའ་གདེངས་སྤོབས་པ་ཆེན་པོའི་ངང་ནས་བསྟན་ཡོད། དེ་ལྟ་བུའི་རང་དབང་གྱེན་ལངས་ལན་གྲངས་སྟོང་ཕྲག་བྱེད་སྲིད་ལ། དེ་འདྲའི་དྲག་གནོན་ཡང་སྟོང་ཕྲག་བྱེད་སྲིད་ནའང༌། སྐྱེ་བོ་སོ་སོ་རང་ཉིད་ཀྱི་ནང་གི་སྙིང་སྟོབས་དང་རང་དབང་གི་འདོད་པ་ནི་དུས་ནམ་ཡང་གཏོར་བརླག་གཏོང་མི་ཐུབ་པས། བོད་ལ་ཐོབ་ཐང་ཡོད་ངེས་རང་བཙན་རྒྱལ་ཁབ་ཀྱི་གྲས་སུ་མ་ཚུད་བར་ངའི་མི་མང་གིས་འཐབ་རྩོད་མུ་མཐུད་ནས་བྱེད་ངེས་ཡིན།

    གོང་གསལ་བརྗོད་དོན་རྣམས་ར་སྤྲོད་བདེན་རྟགས་སུ་ཉེ་ཆར་བོད་ནས་ཐོན་པའི་གནས་ཚུལ་གཤམ་གསལ་ལས་ལྷག་པ་ཅི་ཞིག་དགོས། ༡༩༧༠ ཟླ་བ་གཉིས་པའི་ནང་བོད་མི་སྙིང་སྟོབས་ཅན་ཚོས་རྒྱ་མི་གུང་བྲན་ལ་ངོ་རྒོལ་བྱས་པའི་དབང་གིས་བོད་མི་ལྔ་བཅུ་ང་བརྒྱད་མང་ཚོགས་ཀྱི་མདུན་སར་སྡེབ་གསོད་བྱས་འདུག་ཅིང༌། ཁང་པའི་ནང་དང༌། བཙོན་ཁངནང་ཤི་བསད་ཅི་བྱས་གོ་རྟོགས་ཐུབ་མེད། ད་ལོའི་ཕྱི་ཟླ་བདུན་པའི་ནང་ལྷ་སའི་རླུང་འཕྲིན་ནས་གོ་མཚོན་ལྡན་པའི་ངོ་རྒོལ་བ་ཆེ་ཁག་གཅིག་མགོ་གནོན་ཐུབ་ལུགས་ཁྱབ་བསྒྲགས་བྱས་པ་ལས། ཞིབ་གསལ་འགྲེལ་བརྗོད་མ་བྱས་ཀྱང༌། དེ་རྗེས་གོ་ཐོས་ལ། བོད་ལྷོ་ནུབ་ས་ཁུལ་དུ་ངོ་རྒོལ་ཆེན་པོ་ཞིག་ལངས་ཏེ་རྒྱ་མི་སྟོང་ཕྲག་སྐོར་ལ་ཤི་རྨས་བྱུང་བ་དང༌། སྐབས་དེར་བོད་མི་བརྒྱ་ཕྲག་དང་ཉི་ཤུ་རྩ་བཞི་སླར་ཡང་སྡེབ་གསོད་བྱས་འདུག ཡང་ཟླ་བ་གསུམ་གྱི་རྗེས་ལ་ལྷ་སའི་ནང་གསང་བའི་ཚོགས་པ་ཞིག་རྒྱ་དམར་ལ་རྙེད་ཐོན་བྱུང་བ་དང༌། ཚོགས་པ་དེའི་མིང་ལ་ བོད་རང་བཙན་ལས་འགུལ་ཚོགས་པ་ ཞེས་ཟེར་གྱི་ཡོད་འདུག དེའི་ཚོགས་མི་དགུ་མང་ཚོགས་ཀྱི་མདུན་སར་སྡེབ་གསོད་བྱས་པ་དང༌། དེ་བྱིངས་རྣམས་ལོ་ཉི་ཤུ་ནས་སུམ་ཅུའི་བར་བཙོན་འཇུག་བྱས་འདུག དེང་སང་རྒྱ་མིས་བོད་ཀྱི་ནང་གདུག་རྩུབ་བཙན་གནོན་དྲག་པོ་ཚད་མེད་ཅིག་བྱེད་པའི་སྤྱོད་ཚུལ་འདི་དག་ལོ་ཤས་སྔོན་གྱི་བྱ་སྤྱོད་ཀྱི་ཆ་ཙམ་མཚོན་པར་དཀའ་བ་ཞིག་ཡིན་ནའང༌། གོང་དུ་བརྗོད་པའི་གནས་ཚུལ་དེ་དག་ནི་འགོག་མེད་དུ་འབྱུང་བཞིན་པ་དང༌། བོད་ཀྱི་ནང་བཀྲེས་སྐོམ་ངལ་སྡུག་གིས་ཇི་ལྟར་མནར་ཚུལ་ངོ་མ་རྣམས་ངའི་ངག་རིག་གི་ལམ་ནས་ཆ་ཤས་ཙམ་ཡང་གསལ་བརྗོད་མི་ཐུབ།

    དངོས་དོན་དུ་བོད་མི་ཚོས་རྒྱ་མི་གུང་བྲན་ལ་ངོ་རྒོལ་བྱེད་དགོས་པ་ཡིན་ནའང༌། ངས་ནི་རྒྱ་མི་རིགས་ལ་ཞེ་སྡང་ནམ་ཡང་བྱེད་མི་ཐུབ། ངའི་ཡིད་ཆེས་ལ་བོད་ཀྱི་རང་དབང་ནི་བོད་མི་རྣམས་སྟོབས་ཤུགས་ཆེན་པོར་གྱུར་པའི་མཚམས་ཡོང་ངེས་ཤིང༌། ཞེ་སྡང་ནི་ནུས་ཤུགས་མིན་ལ། ནུས་ཤུགས་ཀྱི་ལྡོག་ཕྱོགས་སུ་གནས་པའི་སྐྱོན་ཆ་ཞིག་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཞེ་སྡང་གིས་ཞེ་སྡང་འགོག་མི་ཐུབ་པར་གསུངས་པ་དེ་ཡང་སྤྱིར་བཏང་ཆོས་བཤད་ཙམ་དུ་གསུངས་པ་མ་ཡིན་པར་དངོས་ཡོད་ཀྱི་གནས་ཚུལ་དང་བསྟུན་ནས་གསུངས་པ་ཡིན། ཞེ་སྡང་གི་ལམ་ནས་གྲུབ་འབྲས་ཇི་འདྲ་ཞིག་བྱུང་ཡང་དེ་ནི་སོར་གནས་མི་ཐུབ་ལ་ཡུན་རིང་འཚོ་གནས་མི་ཐུབ། དེར་མ་ཟད། དེ་ནི་སྔ་ཕྱི་ཙམ་མ་གཏོགས་སླར་ཡང་དཀའ་རྙོག་འབོད་པའི་གཡབ་མོ་ཡིན།

    ད་ལྟའི་ཆར་ངའི་མི་མང་གི་གནས་སྟངས་ཧ་ཅང་ཛ་དྲག་འདི་འདྲའི་སྐབས་སུ་ཞེ་སྡང་བྱས་ན་ཡིད་ལ་སྡུག་བསྔལ་སྣོན་མ་ཞིག་མ་གཏོགས་གང་ཡང་ཡོང་མི་ཐུབ། ལར་ནས་ང་ཚོས་རང་ཉིད་ཅི་བྱེད་ནམ་ཡང་མི་ཤེས་པའི་མི་རིགས་ཤིག་ལ་ཞེ་སྡང་ཅི་ཕྱིར་བྱེད། འགོ་འཁྲིད་པས་དབང་མེད་དུ་གཅུན་འཁྲིད་བྱས་པའི་རྒྱ་མི་ས་ཡ་མང་པོ་ལ་ཞེ་སྡང་ཅི་ཕྱིར་བྱེད། ང་ཚོས་དེ་འདྲའི་འགོ་འཁྲིད་པ་རྣམས་ལའང་ཞེ་སྡང་ཅི་ཕྱིར་བྱེད། གང་ལགས་ཟེར་ན། ཁོང་ཚོས་ཀྱང་རང་གི་བདེན་དོན་དང་རྒྱལ་ཁབ་ཀྱི་ཆེད་དུ་དཀའ་སྡུག་མང་པོ་མྱོང་ཡོད། ངེད་རང་ལ་ཞེ་སྡང་གི་དོན་འགྲུབ་པར་ཡིད་ཆེས་མེད་ཀྱང༌། དུས་རྟག་ཏུ་ཡིད་ཆེས་གཅིག་ཡོད་པ་ནི་ཉིན་གཅིག་དྲང་བདེན་ལ་རྒྱལ་ཁ་ཐོབ་རྒྱུ་དེ་ཡིན།

    རྒྱ་དམག་ས་ཡ་མང་པོ་ཡོད་ནའང༌། ངའི་ཡིད་ཆེས་དེ་འགྱུར་མེད་དེ་རང་ཡིན་ཅིང༌། དེང་དུས་རྒྱ་ནག་ལ་ཧ་ཅང་ནུས་ཤུགས་ཆེན་པོའི་རྡུལ་ཕྲན་མཚོན་ཆ་ཡོད་པའི་འཛམ་གླིང་འདིའི་རྒྱལ་ཁབ་སྟོབས་ཤུགས་ཆེ་ཤོས་ཚོས་ཀྱང་འཇིགས་སྣང་བྱེད་བཞིན་པ་ཡིན་ནའང༌། རྒྱལ་རབས་ལ་ངེས་གཏན་གང་ཡང་མེད། གཟི་བརྗིད་ཚད་མེད་པའི་རྒྱལ་ཁབ་མང་པོ་ཉམས་བརླག་ཏུ་གྱུར་ཡོད། དེང་སང་རྒྱ་ནག་རྒྱལ་རབས་ནང་བྱུང་མ་མྱོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ཡོད། འོན་ཀྱང་དེ་འདྲའི་སྟོབས་ཤུགས་དེ་ལ་ནད་སྐྱོན་ཞིག་ཡོད་པ་ནི། གཞི་རྩ་འཇིགས་སྣང་འབའ་ཞིག་ལ་བརྟེན་ནས་ཚུགས་པ་དེ་ཡིན། དཔེར་ན། གནའ་དུས་ཀྱི་མི་ལྟར་དེང་སང་རྒྱ་ནག་ནང་གི་མི་ཚང་མས་རང་ཉིད་ཀྱི་ནོར་འཁྲུལ་ཅུང་ཟད་ཙམ་ཞིག་ཐོན་ན་དཀོན་མཆོག་གསར་པའི་བཀའ་ཆད་དྲག་པོ་ཕོག་གིས་དོགས་པའི་འཇིགས་སྣང་འོག་དུས་རྟག་ཏུ་གནས་དགོས་ཀྱི་ཡོད་པ་རེད།

    དེ་ལྟ་བུའི་སྒྲིག་འཛུགས་དེ་གནས་ཨེ་ཐུབ་ཟེར་ན། མི་ཐུབ། རྒྱལ་རབས་དང་དབང་ཆ་ཡོངས་རྫོགས་ཁག་གཅིག་གིས་འཛིན་པ་དེ་གྲས་ལ་འདྲ་བ་གཅིག་ཡོང་གི་ཡོད་པ་ནི་ཡུན་རིང་གནས་མི་ཐུབ་པ་དེ་ཡིན་ལ། རྒྱ་ནག་ཀྱང་མཐར་གྱེར་ཞིག་ཏུ་འགྲོ་རྒྱུ་རེད། ད་དུང་འཛམ་གླིང་ནང་གདུག་རྩུབ་ཅན་གྱི་མི་རེ་ཟུང་མུ་མཐུད་ནས་བྱུང་དབང་དུ་སོང་རུང༌། མཐར་ཐུག་གི་རྒྱལ་ཁ་ནི་དྲང་བདེན་ལ་ཐོབ་རྒྱུ་ཡིན་པ་དང༌། ང་ཚོའི་དོན་གནད་ཀྱང་དྲང་བདེན་ཞིག་ཡིན་སྟབས་བོད་མི་ཚོས་རྒྱ་མི་གུང་བྲན་གྱི་བཙན་གནོན་དྲག་པོའི་གཉའ་ཤིང་དེ་ཡོངས་སུ་བོར་ནས་བདེ་སྐྱིད་ལྡན་པའི་བོད་གསར་པ་འཛུགས་བསྐྲུན་བྱེད་ཆེད་ཡར་ལངས་རྒྱུར་ཡིད་ཆེས་གཙང་མ་ཡོད།

    མཇུག་ཏུ། ང་ཚོ་བོད་མི་ཚོར་དགོས་མཁོ་ཆེ་བའི་དུས་སུ་སེམས་གསོ་སློབ་སྟོན་དང༌། ལག་འདོན་རོགས་རམ་གནང་མཁན་གཞུང་སྒེར་ཁག་ལ་ད་རིང་གི་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།    །།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

སྐར་མ ༡༣ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༢༠ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese