མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

    ད་རིང་གསུམ་བཅུའི་དུས་དྲན་འདི་ལོ་ཉི་ཤུ་རྩ་དྲུག་ཕྱིན་པའི་དུས་ཚོད་ཡིན། ལོ་རྒྱུས་རིང་པོ་ཡོད་པ་དང༌། སྙིང་སྟོབས་ལྡན་པ། ཤེས་རིག་གི་བསམ་བློ་ཕྱུག་པོ་ཡོད་པའི་ང་རང་ཚོ་བོད་མི་རིགས་ཀྱི་དུས་ཚིགས་གལ་ཆེ་འདིར་དྲན་གསོ་བྱེད་པ་དང་ཆབས་ཅིག བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཀྱི་ཁུར་དུ་འཁྲི་བ་མ་འོངས་པའི་སྤྱི་དོན་ཐོག་རང་རང་སོ་སོས་ནུས་པ་འདོན་རྒྱུ་གང་ཡོད་བསམ་པ་རྣམ་དག་གིས་འདོན་རྒྱུའི་སྙིང་སྟོབས་བསྐྱེད། དམ་བཅའ་འཇོག་རྒྱུ་ཤིན་ཏུ་གལ་ཆེ།

    འདས་པའི་ལོ་དེ་དག་གི་རིང་ལ་བོད་རྒྱ་ཆེའི་མང་ཚོགས་རྣམས་ཡོད་ས་སོ་སོ་རང་གི་ལུང་པར་ཡོད་ན་ཡང༌། རང་དབང་གི་གོ་སྐབས་རྩ་བ་ནས་བརླགས་ཏེ་ཧ་ཅང་གི་སྡུག་བསྔལ་ཆེན་པོ་མྱོང་དགོས་བྱུང་བ་དང༌། རང་རེ་མི་གཞན་དག་གི་ལུང་པར་ཡོད་མཁན་ཚོ་རང་གི་ལུང་པ་བྲལ་ཏེ་མི་ཡུལ་ལ་གྱར་བསྡད་ཡོད་ན་ཡང་སོ་སོའི་ལུང་པའི་ནང་གི་མི་བཞིན་སྲོག་ལ་ཉེན་ཁ་ཡོད་པའི་དངངས་སྐྲག་དེ་འདྲ་བྱེད་དགོས་བྱུང་མེད་ཀྱང༌། འགལ་རྐྱེན་དཀའ་ངལ་མང་པོར་གདོང་ལེན་མི་བྱེད་མཐུ་མེད་བྱུང༌། རྡོ་དོན་ཡང་སྙིང་དུས་རབས་འདིའི་སྐབས་ཀྱི་བོད་མི་གཞིས་བྱེས་ཚང་མ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་ལ་སྡུག་བསྔལ་ཆེ་ཤོས་ཤིག་དང༌། ཛ་དྲག་ཆེ་ཤོསཤིག་མྱོང་དགོས་པའི་མི་ཐོག་གཅིག་ཆགས་པ་རེད། ཡིན་ན་ཡང་ང་རང་ཚོ་བོད་མིའི་དཔེ་ལ་ཡོད་པ་བཞིན། རྩ་བ་མ་བསྐམས། སྡོང་པོ་འགྱེལ་མེད་པ་ཡིན་ཙང་རེ་བ་ཡོད་པ་དང༌། རེ་བ་བྱེད་ཐུབ་པའི་ཆ་རྐྱེན་མང་པོ་འཛོམས་པའི་དུས་ཚོད་ཅིག་ཡིན་གཤིས། ཚང་མས་ཞུམ་པ་མེད་པའི་སྙིང་སྟོབས་བསྐྱེད། རང་གིས་རང་ལ་གཞེན་བསྐུལ་བྱས་ཏེ་སྙིང་ལ་དམ་བཅའི་རི་མོ་སླར་ཡང་བརྟན་པོ་འགོད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།

    བཙན་བྱོལ་ལ་གྱར་མཁན་བོད་མི་ཚོས་འདས་པའི་ལོ་ ༢༦ དེའི་རིང་ལ་གཞི་རྩ་མེད་པ་ཞིག་ལ་གཞི་རྩ་གསར་དུ་བཙུགས་ཏེ་འཕྲལ་སེལ་ལྟོ་གོས་འཚོ་ཐབས་ཀྱི་དཀའ་ངལ་སེལ་བ་ཙམ་དུ་མ་ཟད། རྩ་བའི་བོད་མི་རིགས་ཀྱི་ལ་རྒྱ་ཤ་ཞེན་མ་བོར་བའི་ཐོག་ནས་སོ་སོའི་མི་རིགས་ཀྱི་རྣམ་པ་གསལ་པོར་བཟུང་སྟེ་བསྡད་ཡོད། གཙོ་ཆེ་ཤོས་རང་གི་རིག་གཞུང་སྤྱི་དང༌། ལྷག་པར་ནང་པ་སངས་རྒྱས་པའི་ལྟ་སྤྱོད་ཀྱི་སྐོར་རྒྱུན་འཛིན་ཐུབ་ཐབས་ཐོག་ལ་དམིགས་བསལ་གྱི་འབད་བརྩོན་དང་ཐབས་ཤེས་བྱས་ཏེ་ད་ལྟའི་ཆར་གྲུབ་འབྲས་གང་ལ་གང་འཚམས་ཡག་པོ་ཐོན་ཡོད། ཚུལ་འདིས་བོད་མིར་གོ་སྐབས་བྱུང་ན་རང་འགུལ་གྱི་ཐོག་ནས་ཐབས་ཤེས་གང་འདྲ་ཞིག་བྱེད་ཐུབ་ཀྱི་ཡོད་མེད་དང༌། འབད་བརྩོན་ཇི་ཙམ་བྱེད་ཐུབ་ཀྱི་ཡོད་མེད། རྩ་བའི་བོད་མིའི་གཤིས་སྤྱོད་བཟང་ཞན་གང་འདྲ་ཞིག་ཡོད་མེད་བཅས་འཛམ་བུ་གླིང་འདིའི་སྒང་ལ་དཔེ་མཚོན་སྟོན་ཐུབ་པའི་བྱས་རྗེས་བཞག་ཡོད།

    གང་ལྟར་བོད་པ་ཡོད་སའི་ལུང་པ་འདྲ་མིན་མང་པོའི་ནང་ལ་བོད་པ་རྒྱུས་ཡོད་མཁན་གྱི་མི་མཆོག་དམན་མང་པོས་བོད་པ་ཟེར་དུས་རང་བཞིན་གྱི་མིའི་སྤྱི་ཚོགས་ནང་ལ་སྙིང་ཉེ་པོ་དང༌། ཡ་རབས་སྤྱོད་བཟང་ལྡན་པའི་ཚད་གཞིར་ངོས་འཛིན་བྱེད་པའི་གནས་ཚུལ་ཞིག་ཆགས་ཡོད། དེ་བཞིན་དུ་བོད་ཀྱི་རིག་གཞུང་སྤྱི་དང༌། ལྷག་པར་ནང་པའི་ཆོས་ཀྱི་ཐོག་ལ་འཛམ་གླིང་འདིའི་སྒང་ལ་མཐོང་ཚུལ་དང༌། ངོས་འཛིན་བྱེད་སྟངས་གསར་པ་ཞིག་ཆགས་ཐུབ་པ་བྱུང་བ་བཅས་གནས་ཚུལ་དེ་རྣམས་ང་རང་ཚོ་མིའི་ལུང་པར་བསྡད་པའི་དུས་ཚོད་དེའི་རིང་ལ་བཞག་པའི་བྱས་རྗེས་སུ་བརྩིས་ཆོག་པ་ཞིག་རེད། མིའི་ལུང་པར་བོད་མི་མང་པོ་མེད་ན་ཡང༌། ཡོད་པ་རྣམས་ནས་སོ་སོའི་མི་རིགས་ཀྱི་རྣམ་པ་མ་བརླག་པར་རྒྱུན་འཛིན་བྱས་པ་ལ་བརྟེན་ནས་འཛམ་བུ་གླིང་འདིའི་སྒང་ལ་བོད་དང༌། བོད་མི་ཟེར་བར་གཞི་ནས་དོ་སྣང་གསར་པ་སླེབས་པ་དང༌། བརྟག་དཔྱད་བྱེད་པ། ཤ་ཚ་གསར་པ་ཞིག་སླེབས་ཐུབ་པ་བཅས་ཀྱི་ཕན་ཐོགས་ཆེན་པོ་བྱུང་ཡོད། དེས་རྐྱེན་པས་བོད་ནང་ལ་ཡང་གནས་ཚུལ་མང་པོ་ཞིག་ལ་ཤུགས་རྐྱེན་ཕན་ཐོགས་བྱུང་ཡོད། འདི་དག་ནི་ང་ཚོའི་གྲུབ་འབྲས་མི་དམན་པ་ཞིག་ཡིན་ལ། ད་དུང་འདས་པའི་ཉམས་མྱོང་འདི་དག་ལ་བརྟེན་ནས་མ་འོངས་པར་སྔར་ལས་ཀྱང་གྲུབ་འབྲས་བཟང་བ་ཐོན་ཐུབ་པའི་དོན་དུ་ཚང་མས་ཞུམ་མེད་འབད་བརྩོན་ཆེ་བསྐྱེད་བྱེད་དགོས།

    དུས་ཡུན་དེའི་རིང་ལ་ང་ཚོར་གྲུབ་འབྲས་དེ་ལྟར་ཐོན་པའི་ཆ་རྐྱེན་གཅིག་ནི་འཛམ་བུ་གླིང་འདིའི་སྒང་ལ་རིགས་རུས་ལྟ་སྤྱོད་སྐད་ཡིག་ཆ་ལུགས་སོགས་ཕྱོགས་མང་པོ་ཞིག་ནས་མི་འདྲ་བ་སྣ་ཚོགས་ཡོད་ན་ཡང༌། གཞི་རྩའི་མིའི་རིགས་གཅིག་གྱུར་ཡིན་པའི་གནས་ཚུལ་འདིའི་ཐོག་ནས་མིས་མི་ལ་བརྩེ་ཞེན་བྱེད་པ་དང༌། གཅིག་ལ་དཀའ་ངལ་འཕྲད་དུས་གཅིག་གིས་མི་གཅིག་གྱུར་ཡིན་པའི་འདུ་ཤེས་ཐོག་ནས་རོགས་བྱེད་པའི་མིག་ལྟོས་བཟང་པོ་ཞིག་དར་ཡོད་པའི་གནས་ཚུལ་འདིའི་ཐོག་ནས། རྒྱ་གར་གཞུང་དམངས་དང༌། རྒྱལ་སྤྱིའི་ཚོགས་པ་ཁག དེ་བཞིན་ཚོགས་པ་དང༌། ཆོས་ལུགས། མི་རིགས་འདྲ་མིན། སྒེར་པ་ཆེ་ཆུང་མང་པོ་ཞིག་གིས་ང་ཚོ་བོད་པའི་ཐོག་ལ་དམིགས་བསལ་དོ་སྣང་དང༌། ཤ་ཚའི་སྒོ་ནས་རོགས་རམ་མང་པོ་བྱུང་ཡོད། དེར་བརྟེན་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་ནས་ངས་སླར་ཡང་རོགས་རམ་གནང་མཁན་ཚོར་ཐུགས་རྗེ་ཆེ། ཁྱེད་ཚོའི་བཀྲིན་ནམ་ཡང་བརྗེད་མེད་ཅེས་ཞུ་རྒྱུ་ཡིན།

    བར་ལམ་ཕྱི་ལོ་ ༡༩༧༨།༧༩ ཕན་གྱི་གནས་ཚུལ་སྐྱར་ཟློས་བྱེད་རྒྱུ་སེམས་སྐྱོ་བའི་རང་བཞིན་ལས་མེད། ༡༩༧༨།༧༩ ནས་བཟུང་ཕྲན་བུའི་གནས་ཚུལ་བཟང་དུ་ཕྱིན་ནས་དེང་སང་བོད་ནང་ལ་མུ་གེས་ཤི་བའི་ཉེན་ཁ་མེད་པ་དང༌། བོད་ཀྱི་རིག་གཞུང་ཐོག་ལ་མཚོན་ན་ཡང་གཞི་རྩའི་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཕྲན་བུའི་བཟང་དུ་ཕྱིན་པ་རེད། དེ་བཞིན་དུ་བོད་ཕྱི་ནང་དབར་ཕར་ཚུར་གཉེན་འབྲེལ་ཐུག་འཕྲད་བྱེད་པ་ལ་དཀའ་ངལ་མང་པོ་ཡོད་ན་ཡང་ཕན་ཚུན་ཐུག་འཕྲད་བྱེད་པའི་གོ་སྐབས་གསར་པ་བྱུང་བ་དེ་ཚོ་ལ་དགའ་བསུ་ཡོད།

    རྩ་བའི་བོད་ཀྱི་དོན་དག་འདི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་གནས་ཚུལ་རྙོག་དྲ་ཆེན་པོ་ཞིག་ཡིན་དུས་ལམ་སེང་དཀའ་ངལ་སེལ་ཐུབ་པ་ཡོང་མིན་ཇི་ལྟར་ཡང༌། བདེན་པ་དང༌། མིའི་སེམས་ཤུགས་ལ་ནུས་པ་ངེས་ཅན་ཞིག་ཡོད་པ་དང༌། དེ་བཞིན་འཛམ་གླིང་སྤྱིའི་གནས་སྟངས་ཀྱང་དེ་སྔོན་དང་མི་འདྲ། སྔ་དུས་ཡིན་ན་ལུང་པ་གཅིག་ནང་གི་དཀའ་རྙོག་དེ་ས་ཁུལ་གཞན་དག་ལ་འབྲེལ་བ་མེད་པ་ལྟ་བུ་དང༌། སྐབས་རེ་གནས་ཚུལ་མ་ཤེས་པར་ལུས་བསྡད་ཀྱི་ཡོད་པ་རེད། དེང་སང་འཛམ་བུ་གླིང་ཇེ་ཆུང་དུ་སོང་བ་ལྟ་བུས་ས་ཆ་ཁུག་ཀྱོག་གཅིག་ཏུ་བྱུང་བའི་གནས་ཚུལ་དེར་ས་ཁུལ་གང་ས་ནས་དོ་སྣང་བྱེད་དགོས་པ་དང༌། འབྲེལ་བ་ཡོད་པ་ཞིག་ཏུ་གྱུར་ཡོད་པས་ན་འགྱུར་བ་འགྲོ་བའི་མཐུན་རྐྱེན་མང་པོ་འཛོམས་ཡོད།

    དེ་བཞིན་དུ་རྒྱ་ནག་རང་གི་ནང་ལ་མཚོན་ན་ཡང་སོ་སོའི་དངོས་ཡོད་ཉམས་མྱོང་གི་ཐོག་ནས་བྱེད་ཐབས་གསར་པ་ཞིག་དང༌། ལྟ་ཚུལ་གསར་པ་ཞིག་གི་ལམ་དུ་མི་འགྲོ་ཐབས་མེད་ཆགས་ཏེ། ལོ་འགའ་ཤས་གོང་གི་གནས་ཚུལ་དང་བསྡུར་ན་གཞི་རྩའི་སྲིད་བྱུས་ཡར་རྒྱས་ཆེན་པོ་ཕྱིན་ཡོད། ཡིན་ན་ཡང་མིའི་སྤྱིའི་ཚོགས་ནང་བདེ་སྐྱིད་དངོས་གནས་ཤིག་ཡོང་བ་ལ་བསམ་བློའི་རང་དབང་དེ་ཤིན་ཏུ་གལ་ཆེན་པོ་ཡིན། བསམ་བློའི་རང་དབང་ཡོང་བ་ལ་ཞེད་སྣང་མེད་པའི་ཐོག་ནས་དངོས་གནས་དྲང་གནས་ཀྱི་མཐུན་སྒྲིལ་དམ་གཙང་ཞིག་ཡོད་དགོས། བཅོས་མའི་རྣམ་འགྱུར་འདྲ་ཆགས་པོ་ཙམ་ལས་བསམ་བློའི་གཏིང་དུ་ནད་རོ་ལྷག་བསྡད་ན་སྔ་ཕྱི་མ་གཏོགས་འགལ་རྐྱེན་འཕྲད་རྒྱུ་རེད། བོད་རྒྱ་གཉིས་ཀྱི་དབར་ལ་ཆ་མཚོན་ན་ཡང་གཅིག་གིས་གཅིག་ལ་ཞེད་སྣང་བྱེད་མ་དགོས་པ་ཞིག་དང༌། བསམ་བློའི་ནང་ནས་ཕན་ཚུན་བརྩེ་ཞེན་སླེབས་པ་ཞིག་མ་བྱུང་བར་དུ་དཀའ་ངལ་མུ་མཐུད་ཡོང་ངེས་ཡིན། ཕན་ཚུན་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་ཐབས་བྱེད་རྒྱུ་འདི་ཧ་ཅང་གལ་ཆེནཔོ་ཡིན།
 
    ད་ཕན་བོད་ཀྱི་གནད་དོན་ཐོག་རྒྱ་མིའི་འདོད་ཚུལ་རྣམས་བོད་མིར་བཙན་ཤེད་ཀྱིས་སློབ་སྤེལ་བྱས་ཏེ་བོད་ཀྱི་དངོས་ཡོད་གནས་ཚུལ་རྣམས་བདག་མེད་དུ་བཞག་པ་རེད། ད་ཆ་རྒྱ་མིའི་ངོས་ནས་བོད་པའི་ཕྱོགས་ཀྱི་འདོད་ཚུལ་རྣམས་ལ་བསམ་བློ་གུ་ཡངས་པོ་དང༌། ངང་རྒྱུད་རིང་པོའི་སྒོ་ནས་བརྟག་དཔྱད་སློབ་སྦྱོང་བྱས་ཏེ་དངོས་ཡོད་གནས་ཚུལ་རྣམས་ཤེས་ཐབས་བྱེད་རྒྱུ་དང༌། ད་ལྟའི་དུས་རབས་དང་མཐུན་པའི་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག རང་གི་བསམ་ཚུལ་དང་མི་མཐུན་པ་ཞིག་བྱུང་མ་ཐག་ལམ་སེང་དོགས་འདྲོག་དང་མཐོང་ཕྱོགས་བྱེད་མི་རུང༌། བསམ་ཚུལ་མི་མཐུན་པ་ཡོད་ན་ངེས་པར་དུ་གསལ་བརྗོད་བྱེད་དགོས་པ་དང༌། དེ་རྒྱུ་མཚན་ལྡན་པ་ཡིན་མིན་བརྟག་དཔྱད་དང་འབྲེལ་བའི་སྒོ་ནས་གྲོས་བསྡུར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།

      བསམ་ཚུལ་མི་མཐུན་པ་རྣམས་གསལ་པོར་བརྗོད་རེས་བྱེད་པ་དང༌། རྒྱུ་མཚན་སྦྱང་བཤད་བྱེད་པ། འདྲ་མཉམ་གཉིསཕན་གྱི་སྒོ་ནས་གྲོས་བསྡུར་བྱེད་པ་བཅས་ཀྱི་ཐོག་ནས་ཐག་གཅོད་བྱུང་བ་ཡིན་ན་ཐག་གཅོད་དེ་མིང་དོན་མཚུངས་པའི་ཐག་གཅོད་ཡིན། སེམས་ཀྱི་ནང་ལ་གཞན་ཞིག་དྲན། ཁ་ནས་གཞན་ཞིག་བཤད་པའི་ཐག་གཅོད་དེ་ནི་དངོས་འབྲེལ་གྱི་ཐག་གཅོད་མིན། རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་ད་ལྟའི་དུས་ཚོད་འདིར་ཕྱོགས་ཕན་ཚུན་གཉིས་ཀ་ནས་ཡང་ཡང་བསམ་ཚུལ་བརྗོད་རེས་བྱས་ཏེ་གནས་ཚུལ་གོ་རྟོགས་གསལ་པོ་ཡོང་ཆེད་འབྲེལ་བ་དམ་ཟབ་བྱེད་རྒྱུ་འདི་གལ་ཆེ་ཤོས་མཐོང་གི་འདུག རིམ་བཞིན་མི་དང་མིའི་དབར་འབྲེལ་བ་ཇེ་བཟང་དུ་ཕྱིན་པ་བརྒྱུད། དཀའ་རྙོག་ཇི་འདྲ་ཞིག་ཡིན་ཡང་འདྲ་མཉམ་གཉིས་མོས་ཀྱི་ཐོག་ནས་སེལ་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད། འགྲོ་ཀུན་བདེ་དགེས་འཚོ་བའི་སྨོན་ལམ་བཅས།།     །།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

སྐར་མ ༤༢ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༢༠ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese