མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲི་འཚོལ་བ།

བོད་ཀྱི་དུས་བབ།
༢༠༠༩/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

དབུས་ཕྲུག་ཚེ་རིང༌།

དུས་རིམ་འདི་ནི་བོད་མི་རིགས་ཀྱི་ལས་དབང་དང་རྒྱ་བོད་གཉིས་ཀྱི་འབྲེལ་མོལ་གྱི་ད་ལྟའི་གནས་བབས་ལ་མཚོན་ན་ཆེས་གལ་འགངས་ཅན་ཞིག་ཡིན་སྟབས། བོད་ཕྱི་ནང་གི་གངས་ཅན་པ་ཡོངས་ཀྱི་ཕྲག་ཏུ་བབས་པའི་འགན་འཁྲི་ལྕི་མོ་ཞིག་ཡིན། བཙན་བྱོལ་ནང་གི་དྲ་རྒྱ་ཁག་དང་དྲ་རྒྱའི་ནང་གི་ཟིན་བྲིས་སོགས་གང་སར་སྐབས་༡༤ པའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པར་སུ་འོས་མིན་སྐོར་ཚ་ཚ་འུར་འུར་དུ་གླེང་སློང་བྱེད་བཞིན་འདུག །གཞོན་སྐྱེས་མང་པོ་ཞིག་གི་བསམ་བློའི་གྲུ་ཟུར་ན་སྐབས་༡༤ པའི་བོད་མི་དམངས་ཀྱི་བཀའ་ཁྲིའི་གདན་ཐོག་ཏུ་གཞོན་སྐྱེས་ཤིག་འབྱུང་ན་འདོད། ངའི་བསམ་གཞིག་གི་རླབས་རྩེ་རུ་ལྡིང་འོང་བ་ནི་དེ་ལྟར་མ་ཡིན། ལོ་ངོ་བདུན་གྱི་རིང་ངམ་ཐག་རིང་ས་ནས་བཤད་ན་ལོ་ངོ་སུམ་ཅུའི་ནང་གི་རྒྱ་བོད་གཉིས་ཀྱི་འབྲེལ་ལམ་དང༌། བཙན་བྱོལ་བོད་གཞུང་དམངས་གཉིས་ས་གཏན་དང་ལེགས་བཅོས་ཀྱི་བྱ་འགུལ། གོ་ལའི་དཔལ་འབྱོར་སོགས་ཀྱི་སྣང་ཚུལ། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་བབས་གང་ཐད་ནས་གཞིག་ཀྱང་འབྱུང་འགྱུར་སྐབས་༡༤ པའི་བཀའ་བློན་ཁྲི་པ་དེ་ལས་སླ་པོར་ནམ་ཡང་བསམ་མི་ཉན། འདས་ཟིན་པའི་དུས་རིམ་ནང་ནས་སྐབས་༡༣ པའི་བཀའ་བློན་ཁྲི་པ་ལས་ལྷག་པ་ཞིག་གཅིག་ཀྱང་བྱུང་མེད་རུང་ད་ལྟ་ང་ཚོར་མདུན་དུ་གོམ་འགྲོས་སྤོ་རྒྱུ་ལས་གཞན་བྱ་ཐབས་ཅི་ཡང་མེད། འོན་ཀྱང་ང་ཚོས་གཞོན་སྐྱེས་ཤིག་འབྱུང་འགྱུར་གྱི་བཀའ་ཁྲིའི་རྐུབ་སྟེགས་ཐོག་བཞག་སྟེ་ཉམས་མྱོང་རིམ་གསོག་དང༌། སྦྱོང་བསྡར་གྱི་གོ་སྐབས་སུ་བརྩིས་ནས་བཀའ་ཁྲིར་འོས་པར་རློམ་པ་ནི་རྦད་དེ་ནོར་འཁྲུལ་ཚབས་ཆེན་ཞིག་རེད། འབྱུང་འགྱུར་གྱི་བཀའ་བློན་ཁྲི་པར་ཚང་དགོས་པའི་མ་མཐའི་ས་མཚམས་ནི། ལྷག་བསམ་གཡོ་བ་མེད་པ། རང་གི་རིག་གཞུང་ལ་དཀའ་ཚེགས་མེད་ཅིང༌། དབྱིན་སྐད་ཀྱང་གོ་བརྡ་ཡོངས་སུ་འཕྲོད་པ། ཉུང་མཐར་བཙན་བྱོན་གཞུང་གི་སྒྲིག་འཛུགས་ནང་ལོ་ངོ་བཅུ་ཙམ་གྱི་ཉམས་མྱོང་ཚད་ལྡན་ཡོད་པ། བོད་ཕྱི་ནང་གི་གནས་ཚུལ་ལྟ་ཅི། འཛམ་གླིང་སྤྱི་ཡོངས་ཀྱི་གནས་བབས་དང་ལྷག་དོན་རྒྱ་ནག་གཞུང་གི་ཁྲིམས་དང༌། ལམ་ལུགས་ལ་རྒྱུས་མངའ་ལེགས་པོ་ཡོད་པའི་ཐོག །བོད་ཀྱི་དཀའ་རྙོག་སེལ་རྒྱུར་བློ་གདེང་དང་སྤོབས་པ་མཐོ་བ། དྲང་ཚུགས་གཏན་ཅིང་བསམ་བློ་གསར་པ་ཞིག་དགོས་པ་ལས། མཁས་དབང་དང་རྩོམ་པ་པོ་གཞོན་སྐྱེས་ཙམ་གྱིས་ད་ལྟའི་གལ་འགངས་ཆེ་བའི་དུས་ཚོད་འདིར་རྔོ་མི་ཐོགས་པ་ཡིན། འོན་ཀྱང་ང་ཚོས་འབད་དགོས་པ་ཞིག་ལ། མཁས་དབང་བློ་བཟང་སེང་གེ་ལགས་དང་པད་མ་འབུམ། ཚེ་རིང་ཤཱཀྱ། འཇམ་དབྱངས་ནོར་བུ། བུ་ཆུང་ཚེ་རིང་ལགས། ཚེ་བརྟན་དབང་ཕྱུག་སོགས་ཤེས་ཡོན་ཅན་དང་གུ་ཡངས་ཀྱི་བསམ་བློ་བའི་རུ་དཔུང་འདི་དག །སྐབས་༡༥ པའི་སྤྱི་འཐུས་ཀྱི་འོས་འདེམས་ནང་ང་ཚོའི་སྤྱི་ཚོགས་ཀྱི་མདུན་ལྗོངས་ཏེ་བོད་མི་དམངས་སྤྱི་འཐུས་ཀྱི་གར་སྟེགས་སུ་མགྲོན་འབོད་བྱས་ཏེ་མདུན་སྐྱོད་དང༌། གསོན་ཤུགས་ཀྱི་རེ་བ་ཕྲ་བའི་སྤྱི་འཐུས་ཀྱི་ཚོགས་ར་འདི་ཉིད་ལ་སློབ་གསོ་དང་དཔལ་འབྱོར་རིག་པ། ཆབ་སྲིད་དང་ལོ་རྒྱུས་རིག་པ་སོགས་ཀྱི་ཐད་ཤེས་ཡོན་ཚད་ལྡན་པ་ཡོད་པ་དགོས་གལ་ཆེ་ལ། གུ་དོག་གི་བསམ་བློ་དང་ཀྱག་ཀྱོག་གི་ལམ་བུ་འདི་དག་ལ་བཅོས་བསྒྱུར་ནན་མོ་ཞིག་བྱ་དགོས། ལས་རིམ་དེ་དག་གི་ཁྲོད་ནས་ཁོང་དག་འབྱུང་འགྱུར་བོད་ཕྱི་ནང་གི་རེ་ལྟོས་བྱ་ཡུལ་དང་བཀའ་ཁྲིའི་དམིགས་འབེན་དུ་འགྱུར་ངེས་ཡིན།།

འབྲེལ་ཡོད་གསར་འགྱུར།

The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

སྐར་མ ༥༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༢ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩

མཆན། 9

  1. གནས་ཚང་། says:
    ལོ་ 17 སྔོན།

    གླང་དར་མ་ལགས།

    ཡང་ཁྱེད་རང་ལོ་གསུམ་གྱི་ཡོང་སྔ་འདུག ཁོང་ལྷན་རྒྱས་འོས་ཤོས་སུ་མཐོང་མིན་ལ་ཐུག་མེད་པར་ཁོང་ལྷན་རྒྱས་སམ ཡང་ན། གང་རུང་ནས་གལ་སྲིད་བོད་མི་མང་ནས་ང་རང་བཀའ་ཁྲིར་གདམ་ག་བྱས་པ་ཡིན་ན། ང་རང་ནས་འདི་ལྟར་སྒྲུབ་ཀྱི་ཡིན་ཞེས་སྔོན་བསྒྲགས་བྱེད་ཐུབ་མིན་ལ་ཐུག་ཡོད་པ་རེད། དེ་ལས་ལྡོག་ན། འོས་མི་གཞན་དག་ལངས་ཡོང་སྲིད་ཀྱི་རེད་ལ། དེ་དག་ལ་འཆར་གཞིའང་གང་འཚམས་ཡོད་སྲིད་པས། རྒྱལ་ཁ་དེ་དག་ལ་ཐོབ་རྒྱུ་རེད། དེ་འདྲ་ཞིག་མ་རེད་དམ།

    Reply
  2. གླང་དར་མ། says:
    ལོ་ 17 སྔོན།

    དབུས་ཕྲུག་ཚེ་རིང་གི་བསམ་ཚུལ་རྒྱབ་སྐྱོར་ཡོད་ལ། མཁས་དབང་དང་ཉམས་ཞིབ་པ་དག་སྲིད་སྐྱོང་ཐུབ་གི་མ་རེད་ལ། སྲིད་དོན་མི་སྣ་ཟེར་བ་དེ་ཤེས་ཡོན་གནད་ཚད་འདེངས་ངེས་དང༌། ལྷག་པར་ཆབ་སྲིད་དང་འཛིན་སྐྱོང་སྐོར་དམིགས་བསལ་གྱི་འཇོན་ཐང་ཡོད་དགོས། དེང་སང་སྤྱི་ཚོགས་ནང་བཀའ་ཁྲི་འོས་གཞི་ཆེས་མང་པོ་སྟོན་གྱི་འདུག མཐོ་རིམ་སློབ་མ་དེ་འདྲ་རིགས་ཡང་བཀའ་ཁྲི་འོས་གཞི་སྟོན་ཡོད་པ་དང༌། མི་དེ་རིགས་ནི་སྤྱི་ཚོགས་རྒྱུས་མངར་མེད་ཅིང༌། རྒྱལ་ཁབ་དང་མི་རིགས་ལ་འགན་ཁུར་མེད་པའི་བཀའ་ཁྲི་འོས་གཞི་བརྩེ་མོའི་ཚུལ་དུ་དེ་ལྟར་བྱས་ག་ལ་འོས། མ་འོངས་པའི་བཀའ་ཁྲི་དེ་བཙན་བྱོལ་སྤྱི་ཚོགས་ཀྱི་ཚོགས་སྡེ་དང་གཞུང་གི་འཛིན་སྐྱོང༌། ཁྲིམས་བཟོ་ལྷན་ཚོགས་སོགས་ལ་ཉམས་མྱོང་ཡོད་པའི་གཞོན་སྐྱེས་ཤེས་ལྡན་མི་སྣ་ཞིག་དགོས་ལ། དེ་ནི་བཀའ་ཟུར་བློ་བཟང་སྙན་གྲགས་དང༌། མ་སུ་བོད་ཁྱིམ་སློབ་གྲྭའི་འགན་འཛིན་བཀྲ་ཤེས་ཕུན་ཚོགས། སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་གང་རུང་ལ་འོས་ཤོས་སུ་མཐོང༌།

    Reply
  3. གནས་ཚང་། says:
    ལོ་ 17 སྔོན།

    དབུས་ཕྲུག་ཚེ་རིང་ལགས་ཕེབས་འདུག དགའ་བསུ་ཡོད། མ་གཞི་པཱ་ལེ་བ་ཞིག་གིས་ཤེས་ཡོན་པ་ཞིག་ལ་རྩོད་པ་རྒྱག་དགོས་ལྷག་མེད་ནའང་། བསྐལ་བ་སྙིགས་མ་རེད། དེ་བས། ངས་ཁྱོད་ལ་སྒྲུང་ཐུང་གཉིས་བཤད།

    ༡ དགའ་ལྡན་ཕོ་བྲང་དབུ་འཛུགས་མཁན་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བ་རེད། ཁོང་གིས་དུས་རབས་ཤིག་ལ་གདམ་ག་གནང་ནས་ཚུར་སླེབས་པ་རེད་མ་གཏོགས་བོད་མི་མང་གི་ངོས་ནས་ཕར་བཙལ་བ་ཞིག་མ་རེད།

    ༢ བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའང་ཆེད་དུ་ཕར་བཙལ་བ་ཞིག་མ་ཡིན་པར་སྟབས་འགྲིག་ནས་ལམ་བར་དུ་འཕྲད་པ་ཞིག་ཡིན་པས། གཙོ་བོ་སྐབས་དེའི་མི་ཤེས་པ་ཅན་བཅུ་གཉིས་ནས་གཉའ་བར་འཁུར་དོན་ཡང་ཁྱད་ཆོས་མ་འདྲ་བ་ཞིག་གཞིར་བཟུང་ཡོད་པ་རེད།

    དེ་བས། སྤྱི་མིང་ཐད་ཆོད་གནང་རྐྱང་དེ་ཡག་པོ་མ་རེད་ལ་དངོས་དོན་ཡང་མ་རེད། ཁྱོད་རང་བཀའ་ཁྲི་བཙལ་རྒྱུར་དགའ་ཡང་། ང་རང་གིས་བཀའ་ཁྲིར་འདུན་པ་ཅན་ལ་སྒུག་རྒྱུར་དགའ་བོ་ཡོད། དེ་བས། ཉུང་མཐར་བོད་མི་ནང་ཁུལ་དུ་བསམ་ཚུལ་མི་མཐུན་པས། བཀའ་ཁྲི་བོད་མི་མང་ལ་དགོས་སྟངས་ཀྱང་གཅིག་གི་ཡོད་པ་མ་རེད། དབྱེ་ན་གཤམ་གསལ།
    ༡ སྲིད་དོན་པར་དགོས་སྟངས་གཅིག ༢ སེར་མོ་བར་དགོས་སྟངས་གཅིག ༣ མང་ཚོགས་ལ་དགོས་སྟངས་གཅིག ༤ རྒན་པར་དགོས་སྟངས་གཅིག ༥ གཞོན་པར་དགོས་སྟངས་གཅིག ༦ལྷག་བསམ་ཅན་ལ་དགོས་སྟངས་གཅིག ༧ གཡམ་རྒྱུགས་ཚོགས་ལ་དགོས་སྟངས་གཅིག

    དེ་བས། ཁྱོད་ཚོའི་འོས་འགན་བཀའ་ཁྲི་ཕར་བཙལ་རྒྱུ་ཆགས་ཀྱི་འདུག་གམ། ཡང་ན། གོང་གསལ་ཀྱི་དགོས་སྟངས་ཁག་དོ་མཉམ་ཡོངས་ཐབས་དང་བཀའ་ཁྲིའི་འོས་མིར་ལངས་མཁན་ལ་གཞོགས་འདེགས་བྱེད་རྒྱུ་ཆགས་ཀྱི་འདུག

    Reply
  4. བློ་བཟང་ཆོས་འཕེལ། says:
    ལོ་ 17 སྔོན།

    དབུས་ཕྲུག་ཚེ་རིག་ལགས། བརྗོད་གཞི་ལེགས་པོ་ཞིག་བདམས་འདུག ཕྲན་བྱ་བའི་ཆེད་དང་ཁོར་ཡུག་གི་ཆ་ནས་རྡ་སའི་སྲིད་གཞུང་གི་བྱེད་སྟངས་དང་འཇོན་ནུས་སོགས་ལ་ཁ་ཐག་རིང་བོར་གནས་ཡོད་པས་ཆ་རྒྱུས་མེད་ཀྱང་བཀའ་ཁྲི་རྗེས་མ་དེ་སུ་འོས་ལ་བསམ་ཞིབ་བྱ་དགོས་པའི་སྤྱི་འབངས་ཀྱི་ཐོབ་ཐང་དང་ལས་འགན་ཡོད་པ་བཞིན་གླེང་ན་ཁྱེད་ཀྱིས་ཟུར་འདོན་གནངས་པའི་མི་སྣ་དེ་དག་བཀའ་ཁྲིར་མི་འོས་པ་སྲིད་ཀྱང་མཁས་དབང་ཟམ་གདོང་རིན་པོ་ཆེ་གཅིག་བུས་བཀའ་ཁྲི་གནང་བཞིན་རྟག་ཏུ་འགྲོ་བ་ནི་ཁྲིམས་སྲོལ་དང་ཆོས་ཉིད་གང་ཐད་ནས་བསམས་ཀྱང་ཡོང་མི་ཐུབ་པ་དང་། དེ་བཞིན་ཕྱི་མི་ཞིག་བཀའ་ཁྲིའི་ཆེད་ཉོ་བ་དང་འདེམས་པ་སོགས་བྱ་མི་ཤེས་པས་རང་ལ་གང་ཡོད་པ་ལས་ཡག་ཤོས་དེ་བརྙེད་ཐབས་ལ་རང་ཐད་ནས་འོས་མིག་གང་མང་ཟུར་འདོན་གྱིས་དེ་དག་གི་བྱས་རྗེས་དང་འཇོན་ཐང་། ཤེས་ཚད་དང་མི་གཤིས་སོགས་གསལ་བཤད། དེ་བཞིན་མི་སྣ་དེའི་ཕྱི་ནང་གསང་གསུམ་ལ་རང་གཞན་རོགས་ཚང་མས་ཞིབ་འཇུག་མཐིལ་ཕྱིན་གྱིས་མི་འགྱོད་མ་ལན་པ་ཞིག་བྱ་ཐུབ་དགོས་པ་དེའི་ཕྱིར་བཀའ་ཁྲི་འོས་མིག་ཟུར་འདོན་བྱེད་པ་ནི་འགོར་མི་རུང་བའི་ལས་དོན་ཞིག་ཡིན།

    Reply
  5. དབུས་ཕྲུག་ཚེ་རིང་། says:
    ལོ་ 17 སྔོན།

    བདེ་འབྱུང་ལགས།
    གུས་པར་ཡང་བཀའ་ཁྲི་བླ་མ་ཞིག་ནམ་ཡང་འདོད་པ་མེད། རྒྱུ་མཚན། གོང་དུ་གུས་པས་བོད་ཉམས་གུད་དུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ཞེས་པར་ཡང་བྲིས་ཡོད། གཟིགས་འདོད་ན་ངའི་ཟིན་བྲིས་ནང་དུ་ཡང་ཡོད།

    Reply
  6. དབུས་ཕྲུག་ཚེ་རིང་། says:
    ལོ་ 17 སྔོན།

    བདེ་འབྱུང་ལགས། གུས་པའི་རྩོམ་ཡིག་དེའི་ནང་བཀའ་ཁྲིའི་འོས་དམིགས་སྟོན་མེད། ཡིན་ནའང་གུས་པས་བཏོན་པའི་ཁོང་དག་གིས་ད་ལྟའི་དུས་ཚོད་འདིར་བཀའ་ཁྲིར་མི་འཚམས་པར་སྙམ། བཙན་བྱོལ་སྤྱི་ཚོགས་འདི་ནུས་མེད་ཡིན་དང་ནུས་ལྡན་ཡིན་ནང་དུ་འཛུལ་ལ་ཤེས་ངེས་ཡིན། ཛ་དྲག་གི་དུས་ཚོད་འདིར། བོད་ཕྱི་ནང་གཉིས་ཀྱི་འགན་ཁྲི་ལྕི་མོ་དེ་འདྲ་འཁྱོག་པའི་གཞོན་སྐྱེས་ཤིག་གུས་པས་ད་ལྟ་མཐོང་མ་སོང༌། འདི་ནི་རང་ཉིད་ཀྱི་ཉམས་སྣང་རེད།

    Reply
  7. དབུས་ཕྲུག་ཚེ་རིང་། says:
    ལོ་ 17 སྔོན།

    གནས་ཚང་ལགས། བཀའ་ཁྲི་སུ་ལ་དགོས་ཀྱི་འདུག་ཟེར། བཀའ་ཁྲི་ཉམ་ཐག་པའི་བོད་མི་དམངས་ལ་དགོས་ཀྱི་འདུག ཤེས་ཡོན་དང་ཉམས་མྱོང་ཚད་ལྡན་ཡོད་ཅིང༌། ལྷག་བསམ་སྨྲ་མེད་པའི་བཀའ་ཁྲི་ཚེ་སྲོག་གི་རྒྱུན་ཐག་ཆད་ལ་ཁད་ཀྱི་གངས་ཅན་པ་ཡོངས་ལ་དགོས་ཀྱི་འདུག དེ་མིན་ཁྱེད་ཀྱིས་དུས་མ་སླེབས་སྔོན་ནས་བཀའ་ཁྲི་བཙལ་ཞེས་པར། བཀའ་ཁྲིའི་དུས་ཚོད་མ་རྫོགས་གོང་ནས་བཀའ་ཁྲི་མ་བཙལ་ནས་བཀའ་ཁྲིར་འཁོད་ནས་སུ་ཞིག་འཚོལ་ལམ། ཆུ་མ་ཡོང་གོང་ནས་ཆུ་རག་བརྩིགས། ཉེན་མ་ཡོང་གོང་ནས་དོགས་ཟོན་བྱོས། ཉམ་ཆུང་བྱོས།
    དབུས་ཕྲུག་ཚེ་རིང༌།

    Reply
  8. བདེ་འབྱུང་ says:
    ལོ་ 17 སྔོན།

    དབུས་ཕྲུག་ཚེ་རིང་ལགས། བཀའ་ཁྲི་ཤེས་ཡོན་ཅན་དང་གཞོན་སྐྱེས་འཇོན་ཐང་ཅན་སོགས་ཀྱིས་ད་རུང་མ་འཚམ་ན་འོ་ན་བླ་རྒན་ཞིག་རང་འཇགས་སླེབས་ནས་སྟོང་བཤད་རྐྱང་བཤད་ནས་ཡང་བསྐྱར་དུས་ཚོད་བསྐྱལ་དགོས་པ་རེད་དམ། ཁྱེད་ཀྱིས་བཏོན་པའི་མི་དེ་དག་གི་བོད་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་བསམ་པའི་ཁ་ལོ་བསྒྱུར་ཐུབ་གི་རེད་བསམ་གྱི་འདུག་གམ། བཙན་བྱོལ་སྤྱི་ཚོགས་དེ་ཁྱེད་ཀྱི་བསམ་པ་ནང་བཞིན་དེ་འདྲའི་ནུས་མེད་ཅིག་ཡིན་ནམ།

    Reply
  9. གནས་ཚང་། says:
    ལོ་ 17 སྔོན།

    དབུས་ཕྲུག་ཚེ་རིང་ལགས།

    ད་ཡིན་ན་རང་གིས་འཆར་གཞི་ཞིག་ཁྱེར་ཤོག དེ་ནས་མང་ཚོགས་ཀྱིས་བསམ་བློ་གཏོང་གི་རེད་མ་གཏོགས་ཆོ་མེད་མང་པོ་ལབ་མ་ཡོང་། བཀའ་ཁྲི་འཚོལ་ཡ་ཞིག་མ་རེད། བཀའ་ཁྲི་ཞེས་པ་ནི་སུ་ལ་དགོས་ཀྱི་འདུག དགོས་མཁན་ནས་འཆར་གཞི་པང་བསྒྲིགས་ནས་ཁུར་ཡོང་དགོས་ཀྱི་ཡོད་པ་རེད།

    གཞན་དེ་བཀའ་ཁྲི་འཚོལ་མཁན་དག་ལ་མཚོན་ན། བཙན་བྱོལ་ནང་གི་མང་གཙོའི་ལམ་ལུགས་འདི་བསྙོན་འབྱིན་བྱེད་ཀྱིན་ཡོད་ལ། འདི་ལས་ཉེན་ཁ་ཡོད་པ་མ་རེད། དེ་འདྲ་མིན་ན། མང་གཙོའི་རྒྱལ་ཁབ་གང་དུ་མང་ཚོགས་ཀྱི་ངོས་ནས་དུས་མ་སླེབས་ཡར་སྔོན་ནས་དབུ་ཁྲིད་བཙལ་བཞིན་འདུག་གམ། ངོ་མ་རེ་བ་མེད་པའི་མི་རིགས་ཞེས་པ་ནི་འདི་འདྲ་རང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese