མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱུ་མཚན་གཞིར་བཞག་གིས་བརྟག་དོན་འཚོལ་གྱིན་ཡོད།

བོད་ཀྱི་དུས་བབ།
༢༠༠༩/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

ངྷ་ས་བོད་ཀྱི་དཔེ་མཛོད་ཁང་དང་ཨ་རིའི་ཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་གཉིས་མཉམ་འབྲེལ་ཐོག སཱ་ར་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་དུ། གདན་ས་ཁག་གཙོས་པའི་ཆོས་བརྒྱུད་རིས་མེད་ཀྱི་བཤད་གྲྭ་ཁག་གི་གྲྭ་བཙུན་ ༡༠༠ ཙམ་ལ་ཚན་རིག་གི་ཟབ་སྦྱོང་ཞིག་སྤྲོད་ཀྱིན་ཡོད་པ་དང་། ལས་གཞི་འདི་ནི་༧གོང་ས་མཆོག་གི་དགོངས་གཞི་ལྟར་ ༢༠༠༠ ལོ་ནས་མགོ་འཛུགས་བྱས་པ་ཞིག་ཡིན་འདུག

 

ཕྱི་ཚེས་ ༢༥ ཉིན་འདི་གའི་གསར་འགོད་པ་སཱ་ར་མཐོ་སློབ་ཏུ་བསྐྱོད་དེ། བོད་པའི་གྲྭ་བཙུན་ཚོར་ཚན་རིག་ཟབ་སྦྱོང་སྤྲོད་མཁན་ལ་སྐད་སྒྱུར་གནང་མཁན། བོད་ཀྱི་དཔེ་མཛོད་ཁང་ཚན་རིག་སྡེ་ཚན་གྱི་རྩོམ་སྒྲིག་པ་སངས་རྒྱས་བཀྲ་ཤིས་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། བོད་ཀྱི་དཔེ་མཛོད་ཁང་གིས་སྤྱི་ལོ་ ༢༠༠༠ ཙམ་ནས་ལོ་ལྟར་ཟླ་རེར་གདན་ས་ཁག་གཙོས་པའི་བཤད་གྲྭ་ཁག་གི་གྲྭ་བཙུན་ཚོར་ཚན་རིག་གི་ཟབ་སྦྱོང་ཞིག་སྤྲོད་ཀྱིན་ཡོད་ལ། ༢༠༠༤ ཙམ་ནས་ཨེ་མོ་རེ་དང་བོད་ཀྱི་ཚན་རིག་ལས་གཞི་ཟེར་བ་ཞིག་མགོ་འཛུགས་ཀྱིས་ཨེ་མོ་རེ་གཙུག་ལག་སློབ་གྲྭའི་ནང་ཆོས་སློབ་དཔོན་ཆེན་མོ་དང༌། ཨེ་མོ་རེ་དང་བོད་ཀྱི་མཐུན་ཚོགས་ཀྱི་གཙོ་འཛིན། འབྲས་སྤུངས་བློ་གསལ་གླིང་ཆོས་ཚོགས་ཀྱི་ཚོགས་གཙོ་གཅིག་ལྕོག་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་ལས་གཞི་འདིའི་འགན་གཙོ་བོ་བཞེས་ཏེ། རིག་ཚན་བྱེ་བྲག་པ་རེ་རེ་ལ་ཨེ་མོ་རེ་གཙུག་ལག་སློབ་གྲྭ་ནས་དགེ་རྒན་ཆེད་གཏོང་བྱེད་ཀྱིན་ཡོད། བོད་ཀྱི་དཔེ་མཛོད་ཁང་གིས་ཚན་རིག་གི་སློབ་དེབ་བཟོ་བ་དང་སྐད་སྒྱུར་གྱི་འགན་ཁུར་ཡོད།

 

སྔོན་མ་ལོ་རེར་སློབ་མ་ ༥༠ ཡས་མས་ལས་སྡུད་ཀྱིན་མེད་མོད། ད་ལོའི་ཟབ་སྦྱོང་ལ་གྲྭ་བཙུན་ ༡༠༠ ཙམ་མཉམ་ཞུགས་གནང་ཡོད། དེ་དག་ལས་ ༦༠ ཙམ་གསར་བ་དང་། ༤༠ ཙམ་ཟབ་སྦྱོང་སྔ་མ་དག་གི་སྐབས་ཀྱི་སློབ་མའི་ཁྲོད་ནས་རྩེ་གྲས་བསྐྱར་དུ་བདམས་པ་རེད། ཁོང་ཚོར་ལོ་ལྔའི་རིང་ཚན་རིག་དགེ་རྒན་འོས་སྦྱོང་སྤྲད་དེ། མ་འོངས་པར་སོ་སོའི་དགོན་པ་ནས་ཚན་རིག་དགེ་རྒན་བྱ་རྒྱུར་དམིགས་པ་རེད། ཐེངས་འདིར་ང་ཚོས་ཐོག་མའི་བདུན་ཕྲག་གཅིག་རིང་ནུབ་ཕྱོགས་མཚན་ཉིད་རིག་པ་དང་ཨང་རྩིས་ངོ་སྤྲོད་བྱས་པ་རེད། དེའི་རྗེས་དངོས་ཁམས་ཚན་རིག་དང་། དེ་ནས་སྐྱེས་དངོས་ཚན་རིག། ཀླད་པའི་ཚན་རིག་བཅས་གོ་སྒྲིག་བྱས་ཡོད། ཅེས་ངོ་སྤྲོད་གནང་བྱུང་།

 

དེའི་རྗེས་ཐེངས་འདིར་ཆེད་དུ་ཕེབས་པའི་ཨ་རིའི་ཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་གི་དངོས་ཁམས་རིག་པའི་སློབ་དཔོན་ཆེན་མོ་རྗེ་ཊི་བྷི་རོ་ཌེ་ Jed Brody ལགས་སུ། ཁོ་རང་ཐོག་མ་བོད་པར་འབྲེལ་འདྲིས་ཇི་ལྟར་བྱུང་ཚུལ་དང༌། བོད་པའི་གྲྭ་བཙུན་ཚོས་ཚན་རིག་སྦྱང་བའི་ཐད། དགོངས་ཚུལ་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས་གསུངས་དོན། ང་རང་གིས་སྔོན་མ་ནས་ཉི་འོད་ནུས་པའི་སྐོར་ལ་ཞིབ་འཇུག་དང་གསར་གཏོད་བྱས་ཏེ། ཉི་འོད་ཀྱི་སྤྱོད་སྒོ་རྒྱ་བསྐྱེད་གཏོང་ཐུབ་པ་ཡིན་ན། རྡོ་སྣུམ་གྱི་སྤྱོད་སྒོ་ཉུང་དུ་ཕྱིན་ཏེ། ཁོར་ཡུག་སྲུང་སྐྱོབ་ལ་ཕན་ཐོགས་ངེས་ཅན་ཞིག་ཡོང་གི་རེད་སྙམ་སྟེ། ཉི་འོད་ནུས་པའི་སྐོར་ལ་སློབ་སྦྱོང་བྱས་པ་ཡིན།

 

ང་རང་རྒྱ་གར་བོད་པའི་སྤྱི་ཚོགས་ནང་ཡོང་བ་ཐེངས་གཉིས་པ་ཡིན། ང་ཚོའི་ཨེ་མོ་རེའི་གཙུག་ལག་སློབ་གྲྭའི་ནང༌། བརྩོན་འགྲུས་བསམ་འཕེལ་ཟེར་བའི་བོད་པའི་སློབ་ཕྲུག་ཅིག་ཡོད། བོད་པ་ཚོར་ཐུན་མོང་གི་གཤིས་ཀ་ཞིག་ཡོད་པ་ནི། ཉམས་ཆུང་ཞིང་ཧུར་བརྩོན་ཆེ་བ། འདོད་རྔམ་ཆུང་ཞིང་བརྩི་བཀུར་ཆེ་བ་དེ་རེད། གཤིས་ཀ་འདི་ལ་ང་རང་ཧ་ཅང་དགའ་བོ་ཡོད། ང་རང་རྟག་པར་ནང་པའི་ཆོས་ཚོགས་ཁག་ཏུ་སོང་སྟེ། ནང་པའི་ལྟ་སྒོམ་སྤྱོད་གསུམ་ལ་ཉམས་ལེན་བྱེད་ཀྱིན་ཡོད། ཐེངས་འདིར་ང་ཚོའི་སློབ་གྲྭའི་སློབ་གཙོ་མཆོག་གིས། ང་བོད་པའི་གྲྭ་བཙུན་ཚོར་ཚན་རིག་སློབ་ཁྲིད་བྱེད་པར་མངགས་སྐབས་དགའ་བཞིན་སྤྲོ་བཞིན་དང་ལེན་བྱས་པ་ཡིན།

 

ངས་ཐོག་མ་ནས་བོད་པའི་གྲྭ་བཙུན་ཚོས་ཚན་རིག་སྦྱང་ན་གྲུབ་འབྲས་ཆེན་པོ་ཞིག་ལེན་ཐུབ་གི་རེད་སྙམ་པའི་ཚོད་དཔག་བྱས་མྱོང་མེད། ༧གོང་ས་ཏཱ་ལའི་བླ་མས་ཚན་རིག་དང་ནང་ཆོས་གཤིབ་བསྡུར་བྱ་རྒྱུ་གལ་ཆེ་ཚུལ་གསུངས་པ་དེ་ལ་ཡིད་ཆེས་བྱས་ཏེ་ཡོང་བ་ཡིན་ལ། གྲྭ་བཙུན་ཁོ་རང་ཚོའི་ངོས་ནས་ཀྱང༌། ༧གོང་ས་ཏཱ་ལའི་བླ་མས་ཚན་རིག་གི་གལ་ཆེའི་རང་བཞིན་ཡང་ཡང་གསུང་གིན་ཡོད་སྟབས། ཚན་རིག་སྦྱང་འདོད་སྐྱེས་བྱུང་ཞེས་ལབ་ཀྱིན་འདུག སློབ་ཁྲིད་སྐབས་ཁོང་ཚོས་ཧ་ཅང་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག་སྟབས། ཁོང་ཚོར་ཚན་རིག་ཁྲིད་འདོད་ཀྱི་སེམས་ཤུགས་སྔར་ལས་ཆེན་པོ་སྐྱེས་སོང༌།

 

སྔོན་ཆད་ང་རང་གིས་ཆོས་པ་ཞིག་གིས་ཚན་རིག་སྦྱང་ན། སོ་སོའི་ཆོས་དད་བརླག་འགྲོ་བ་རེད་དྲན་མྱོང་ཡོད། འོན་ཀྱང། ང་ཚོའི་སློབ་གྲྭའི་ཚན་རིག་སློབ་དཔོན་ཞིག་གིས། བོད་པའི་གྲྭ་བཙུན་ཚོར་ཁྱེད་ཅག་གིས་ཚན་རིག་ཅིའི་ཕྱིར་སྦྱོང་གིན་ཡོད་ཅེས་དྲིས་པའི་ལན་དུ། གྲྭ་བཙུན་ཚོས་ང་ཚོས་ཚན་རིག་སྦྱང་བ་དེས་ནང་པའི་མཚན་ཉིད་རིག་པར་གོ་བ་ལེན་བདེ་བོ་ཆགས་ཀྱིན་འདུག་ཅེས་ལན་བཏབས་པ་དེར་མི་མང་པོ་ཧང་སང་གིན་ཡོད། དེ་ནི་ཚན་རིག་དང་ནང་ཆོས་གཉིས་ཀས་རྒྱུ་མཚན་གཞིར་བཞག་གིས་བརྟག་དོན་འཚོལ་གྱིན་ཡོད་པ་དེ་རེད། ཅེས་གསུངས་བྱུང་།

 

ཐེངས་འདིའི་ཚན་རིག་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་འབྲས་སྤུངས་སྒོ་མང་ཁང་ཚན་གྱི་གྲྭ་འཇིགས་མེད་ལགས་སུ། ཚན་རིག་དང་ནང་ཆོས་གཤིབ་བསྡུར་གྱི་གོ་རིམ་ཁྲོད་ནས་ཉམས་མྱོང་ཅི་བྱུང་སྐོར་དྲིས་པར་ཁོང་གིས་གསུངས་དོན། ང་རང་ ༢༠༠༧ ལོ་ནས་ཚན་རིག་ཟབ་སྦྱོང་འདིར་ཞུགས་པ་ཡིན། ང་ཚོར་ཚན་རིག་སྦྱོང་མཁན་ཞིག་ལ་ཚང་དགོས་པའི་ཨང་རྩིས་སོགས་རྩ་བའི་ཤེས་བྱ་མང་པོ་ཞིག་གིས་འདང་གིན་མེད་སྟབས། ནུབ་ཕྱོགས་ཀྱི་ཚན་རིག་གཞུང་ལུགས་མང་པོ་ཞིག་ཁྱེར་ཡོང་སྐབས། དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱིན་འདུག འོན་ཀྱང། ནང་ཆོས་དང་ཚན་རིག་གཉིས་ལ་མཐུན་པའི་ཆ་མང་པོ་ཞིག་འདུག་ལ། ལྷག་པར་དུ་རིག་སྒོ་ཆེན་པོ་འདི་གཉིས་ཀ་བརྟག་དཔྱད་དང་རྒྱུ་མཚན་གྱི་ལམ་ནས་འགྲོ་དགོས་པ་ཞིག་ཆགས་ཡོད་སྟབས། ཕྱོགས་མང་པོ་ཞིག་ནས་སོ་སོར་བློ་སྐྱེད་སྟེར་གྱིན་འདུག

 

སྤྱིར་དུས་ཡུན་ཐུང་ཐུང་ཞིག་གི་ནང་ལ་གྲུབ་འབྲས་ཆེན་པོ་ཞིག་ཐོབ་དཀའ་མོ་རེད། འོན་ཀྱང་། མགོ་བརྩམས་ཟིན་པ་འདི་ལ་མཇུག་བསྐྱང་ཐུབ་པ་ཡིན་ན། གྲུབ་འབྲས་འབྱུང་བར་ཡིད་ཆེས་ཡོད། ཚན་རིག་སློབ་གཉེར་གྱི་གོ་རིམ་ཁྲོད་ནས་ཁོར་ཡུག་ལ་དོ་སྣང་ཆེན་པོ་ཞིག་སླེབས་སོང་ལ། འཇིག་རྟེན་ཁམས་འདིར་ད་ལྟའི་ང་ཚོའི་ཚོད་དཔག་གི་ར་བ་ལས་བརྒལ་ཏེ། ཞིབ་འཇུག་གི་བརྒྱུད་རིམ་ཁྲོད་ནས་གནད་དོན་མང་པོ་འབྱུང་སྲིད་པའི་སེམས་ཚོར་ཡང་བྱུང་སོང༌། ཞེས་གསུངས་བྱུང་།

འབྲེལ་ཡོད་གསར་འགྱུར།

Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

སྐར་མ ༡༠ སྔོན་ལ།
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

ཆུ་ཚོད་ ༡༨ སྔོན་ལ།
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

ཆུ་ཚོད་ ༢༠ སྔོན་ལ།
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

ཆུ་ཚོད་ ༢༤ སྔོན་ལ།
Mobile App

སེངྒ་ལའི་ནང་༸གོ་སྟོན་སྲུང་གཙིའི་སླད་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་གསར་བཞེངས་མཛད།

༢༠༢༥/༡༡/༠༤
Mobile App

བོད་ཀྱི་གཞོན་སྐྱེས་ཚོའི་བསམ་བློའི་ནུས་པ་ཕྲ་མོ་རྣམས་གློག་གི་ནུས་པ་དང་ཟུང་འབྲེལ་བྱས་ཏེ་མིའི་རྣམ་དཔྱོད་རྩལ་དུ་འདོན་ཐབས་ལ་ཞིབ་འཇུག་བྱེད་ཀྱི་འདུག

༢༠༢༥/༡༡/༠༣

མཆན། 6

  1. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    སངས་རྒྱས་བཀྲ་ཤིས་ཀྱིས་བཀླགས་ཡོད། དགའ་བསུ་ཞུ་བཞིན་ཡོད། ཨ་རིར་སོང་ནས་ཚན་རིག་གི་སློབ་དེབ་ཅིག་ཀྱང་བོད་སྒྱུར་བྱས་ནས་ཡོད་ན། ཚད་ལྡན་གྱི་ལོ་ཙྰ་བ་ཁྱེད་ནས་དག་ཐེར་གནང་རོགས།

    Reply
  2. གསང་གཏོར། says:
    ལོ་ 16 སྔོན།

    སངས་རྒྱས་བཀྲིས་ཀྱིས་ཚན་རིག་ཟབ་སྦྱོང་སྐད་སྒྱུར་བྱེད་ཐུབ་ཀྱི་ཡོད་ན། ང་ཚོའི་སྤྱི་ཚོགས་ནང་ཚད་ལྡན་གྱི་ལོ་རྩ་བ་གང་མང་ཡོད་པ་སྣང༌། བོད་ཀྱི་དཔེ་མཛོད་ཟེར་དུས་ཚད་མཐོའི་ངོས་འཛིན་བྱེད་མཁན་མི་ཉུང་ཡོད་ཅིང༌། ཁོང་ཚན་རིག་ཟབ་སྦྱོང་གི་སྐད་སྒྱུར་བྱེད་བཅུག་དགེ་བཤེས་ལྷ་རྡོར་ལ་བྱེད་ཀྱི་མེད་པ་འུ་ཐུགས་ཡོད་པ་མཚོན།

    Reply
  3. རྭ་ལོ། says:
    ལོ་ 16 སྔོན།

    སོག་པོའི་མཁས་པ་འདིའི་མིང་གོ་ན་སྐྲག་ནི་ཞིག་རེད། མཁས་པ་ཕལ་ཆེ་བ་དཔའ་བོའང་ཡིན་ནི་རེད། གླེན་པ་དང་བརྡར་མའི་རིགས་ནི་གཅིག་པ་རེད། རྒྱ་ནག་གིས་ང་ཚོའི་མི་རིགས་འདི་གླེན་པར་བརྩི་བ་བཞིན། བརྡར་མ་ལའང་རྩི་གིན་ཡོད་སྲིད། ན་ནིང་དོ་ཚིགས་ཁོ་ཚོས་རྐང་བཙུགས་ནས་འཇིགས་སྐུལ་འདྲ་བྱེད་ཀྱིན་འདུག ང་ཚོ་བླ་འདར་ནས་སྲོག་ཆད་གི་རེད། དེ་མིན་ནའང་ཁ་བཙུམས་ནས་འདུག་གི་རེད་འདོད་ཡོད་པ་རེད།

    Reply
  4. སྒྲོལ་མ། says:
    ལོ་ 16 སྔོན།

    ༼ གཤམ་དུ་སྐུ་ཞབས་ཕ་བོང་ལགས་ཀྱི་ཟིན་བྲིས་ཀྱི་ནང་དོན་ཞིག་འདྲེན་བཀོད་བྱ་ཆོག་པར་གྱིས། ༽

    ཕྱི་སོག་རྒྱལ་ཁབ་ཀྱི་མཁས་པ་ཆེན་མོ་གནམ་ལྕགས་དཔའ་བོའི་འཆད་ཁྲིད།
    ཕ་བོང༌། (པེ་ཅིན)
    དུས་ཚོད། 2009。5。18ཉིན་གྱི་མཚན་མོ།
    ས་གནས། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཚོགས་ཁྲིད་ཁང་ག་གེ་མོ།
    འཆད་ཁྲིད་མཁན། གནམ་ལྕགས་དཔའ་བོ།
    ཉན་མཁན། བོད་རིག་པའི་ཞིབ་འཇུག་གླིང་གི་སློབ་མ་དང་དགེ་རྒན་སྐོར་ཅིག

    འཆད་ཁྲིད་ཀྱི་ནང་དོན་གནད་བསྡུས། ད་སྐབས་ཕྱི་སོག་རྒྱལ་ཁབ་ཏུ་བོད་ཡིག་བ ཀོལ་སྤྱོད་ཀྱི་ཐད་ནས་བརྗོད་ན་ཆོས་སྐད་དང་ཕལ་སྐད་གཉིས་སུ་དབྱེ་ཆོགཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་སྐབས ་ཆོས་སྐད་དམ་བོད་ཀྱི་ཡིག་སྐད་བཀོལ་སྤྱོད་ བྱེད་བཞིན་ཡོད་པས་ཆོས་སྐད་ནི་ཕྱི་སོག་རྒྱལ་ཁབ་ཀྱི་སྐད་རིགས་གཉིས་པ་ལྟ་བུར་གྱུར་ཡོད་པ་དང༌།ཕལ་སྐད་དེ་ དང་བསྡུར་ན་ཁྱབ་ཆུང་བར་འདུག ཕྱི་སོག་ཏུ་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་བདུན་བརྒྱ་ལྷག་དང་གྲྭ་པ་ཁྲི་གཅིག་ལྷག་ཡོད།དེ་དག་གི་དུས་རྒྱུན་དུ་བཀའ་འགྱུར་དང་བསྟན་འགྱུར་གཉིས་ཀྱི་གཞུང་ལ་བསྟེན་ནས་ཆོས་ལུགས་སྤེལ་བཞིན་ཡོད་པ་དང༌། ཐབས་ཀྱི་ཐད་ནས་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་ལ་བོད་ནང་བཞིན་མཐོང་ཆེན་བྱེད་བཞིན་ཡོད།ཁོ་ཚོས་ཆོས་ཀྱི་རྩ་བར་འགྲེལ་རྒྱག་སྐ བས་གནའ་བོའི་བོད་ཀྱི་དགོངས་འགྲེལ་དང་ མཆན་འགྲེལ། དོན་འགྲེལ། དཀའ་འགྲེལ་སོགས་སྲོལ་རྒྱུན་བཟང་བོ་སྔར་བཞིན་རྒྱུད་འཛིན་བྱེད་བཞིན་ཡོད་ཟེར།

    ཕྱི་སོག་གི་ཆོས་ལུགས་བརྩམས་ཆོས་ཀྱི་རྩོམ་སྟངས་ཀྱི་ཐད་ནས་མང་ཆེ་བ་ཚིགས་བཅད་ལྟར་བྲིས་ཡོད་པ་དང༌། བྱེ་བྲག་ཏུ་མགུར་མ་དང༌།བསླབ་བྱ། ལེགས་བཤད། འཕྲིན་ཡིག་སོགས་དར་ཡོད་ལ། བཅད་ལྷུག་སྤེལ་མའི་རྩོམ་ཚུལ་ཀྱང་ཡོད། དེ་མིན་ད་དུང་ལོ་རྒྱུས་དང་ཆོས་འབྱུང་སོགས་ཀྱི་བརྩམས་ཆོས་སུམ་བརྒྱ་ཙམ་དར་ཡོད་པར་བརྗོད།
    ནང་སོག་ཏུ་བོད་ཀྱི་གེ་སར་གྱི་སྒྲུང་དང་མ་ཎི་བཀའ་འབུམ།མདོ་མཛངས་བླུན། རོ་སྒྲུང༌། དཔེ་ཆོས་རིན་ཆེན་སྤུངས་པ་སོགས་བསྒྱུར་ཡོད་པ་དང༌། དེ་ལས་ཀྱང་མིང་དུ་གྲགས་པའི་འགྱུར་རྩོམ་གྱི་སྐོར་ལ་བྱ་མགྲིན་ཟླ་བའི་ཟླ་བའི་རྟོགས་བརྗོད་དང༌། མི་ལ་རས་པའི་རྣམ་ཐར། མི་ལའི་མགུར་འབུམ། ས་སྐྱ་ལེགས་བཤད། དགེ་ལྡན་ལེགས་བཤད། ཆུ་ཤིང་གི་བསྟན་བཅོས་སོགས་ཡིན་པར་བརྗོད། གནམ་ལྕགས་དཔའ་བོ་ཁོ་རང་ཉིད་ལ་མཚོན་ན་སྙན་ངག་མེ་ལོང་དང༌། ས་སྐྱ་ལེགས་བཤད་གཙོ་གནད་དུ་བཟུང་ནས་བསླབ་བྱ་དང་བསྟན་བཅོས་ཀྱི་སྐོར་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང༌། ས་སྐྱ་ལེགས་བཤད་ཕྱི་སོག་ཏུ་དར་ཁྱབ་ཆེན་པོ་ཡོད་པར་བརྗོད། ཁོང་གིས་ཆུང་མ་ངན་དང་མཛའ་བོ་ངན།། རྒྱལ་པོ་ངན་པ་སུ་ཞིག་བསྟེན།། ཞེས་པ་སོག་ཡིག་ཏུ་ཇི་ལྟར་བསྒྱུར་ཡོད་པ་གསལ་བོ་གསུངས་སོང༌།

    1981ལོར་ཕྱི་སོག་ནས་རྟ་མགྲིན་སྲུང་ཞེས་པའི་མཁས་པ་ཞིག་གིས་བོད་རིག་པ་ཞིབ་འཇུག་ཁང་བཙུགས་པ་དང་མཁས་པ་དེ་འདས་རྗེས་གནམ་ལྕགས་དཔའ་བོ་ཁོང་རང་གིས་ཞིབ་འཇུག་ཁང་དེའི་མགོ་ཁྲིད་ཀྱི་འགན་ཁུར་ཡོད་ཟེར།
    དེ་མིན་ད་དུང་ཕྱི་སོག་ཏུ་རིན་ཆེན་དང་བེ་ར།ཡོན་ཏན་སོགས་བོད་རིག་པའི་ཞིབ་འཇུག་པ་ཡོད་ཅིང༌། ཕྱི་སོག་ཏུ་ནང་བསྟན་སློབ་གླིང་ཞིག་ཀྱང་བཙུགས་ཡོད་པར་འདུག དེ་མིན་ད་དུང་ཕྱི་སོག་ཏུ་བོད་ཀྱི་གསོ་རིག་དང་རྩིས་ཀྱི་སྐོར་ལ་ཞིབ་འཇུག་བྱེད་མཁན་མང་ལ་དར་ཁྱབ་ཆེན་པོ་ཡོད་པར་འདུག དེ་ལྟར་དུས་ཚོད་གཅིག་རིང་ལ་འཆད་ཁྲིད་བྱས་རྗེས་སློབ་མའི་བཀའ་འདྲི་བྱས།

    དྲི་བ། ཁྱེད་རང་སངས་རྒྱས་ཆོས་ལུགས་ལ་དད་པ་ཨེ་ཡོད།
    ལན། ང་ལ་མཚོན་ན་སངས་རྒྱས་ལུགས་ལ་དད་པ་ཡོད་པར་མ་ཟད། དུས་རྒྱུན་དུ་སེམས་ནས་སྒོམ་བཞིན་ཡོད་ཅིང་ངས་བལྟས་ན་སངས་རྒྱས་ཆོས་ལུགས་ནི་ཚན་རིག་རེད།

    དྲི་བ། ཕྱི་སོག་ཏུ་གྲྭ་པ་རྣམས་ཀྱིས་ཆོས་རྩོད་བྱེད་སྐབས་སོག་ཡིག་གི་ལམ་ནས་རྩོད་པ་བྱེད་བཞིན་ཡོད་དམ་བོད་ཡིག་གི་ལམ་ནས་རྩོད་བྱེད་བཞིན་འདུག
    ལན། བོད་ཡིག་གི་ལམ་ནས་རྩོད་པ་བྱེད་བཞིན་ཡོད་ཅེས་ཁོ་རང་གིས་དཀར་པོ་ཡིན་ན་ཁ་དོག་ཡིན་པའི་མ་ཁྱབ་ཅེས་ལག་པས་ཆོས་རྩོད་བྱེད་པའི་ཕྱག་བརྒྱ་བསྟན་ནས་ལན་བཏབ་བྱུང༌།

    དྲི་བ། སོག་པོ་རྒྱལ་ཁབ་ཀྱིས་བོད་ཀྱི་ལོ་གསར་ལ་རོལ་བཞིན་པའི་གནས་ཚུལ་གསུང་རོགས།
    ལན། ངོ་མ་རེད། ང་ཚོས་སྤྱི་ལོ་ལྟར་བོད་ཀྱི་ལོ་གསར་ལ་རོལ་བཞིན་ཡོད།

    དེ་མིན་ད་དུང་གནམ་ལྕགས་དཔའ་བོས་བོད་ཀྱི་དེང་རབས་ཀྱི་མཁས་པ་དུང་དཀར་བློ་བཟང་འཕྲིན་ལས་སྐུ་འཚོ་གཞེས་ཀྱི་སྐབས་སུ་ངོ་ཤེས་ལ་ད་སྐབས་དུང་དཀར་ཚིགས་མཛོད་སོགས་དཔེ་སྐོར་ཞིག་ནི་ཁོང་གི་དཔེ་ཆའི་ལག་ཆ་ལྟ་བུར་གྱུར་ཡོད་ཅེས་བརྗོད་བྱུང༌།

    རང་གི་མྱོང་དཔྱད།
    ང་ལ་མཚོན་ན་དུས་ཚོད་ཇི་འདྲ་དཀོན་ན་ཡང་འཆད་ཁྲིད་ལ་ཉན་རྒྱུ་ནི་རང་གི་སློབ་སྦྱོང་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཅིག་ཡིན་པ་དང་ནམ་རྒྱུན་དུས་ལྟར་བཀོད་སྒྲིག་འོས་འཚམས་བྱས་པ་ཡིན། 2009﹒5﹒18ཉི ན་གྱི་མཚན་མོའི་འཆད་ཁྲིད་ལ་དུས་ལྟར་ཉན་དུ་སོང༌། ཆུ་ཚོད་བདུན་གྱི་ཐོག་འཆད་ཁྲིད་དུས་ལྟར་མགོ་བརྩམས་སོང༌། དགོངས་ལོ་ལྔ་བཅུ་ཚར་ལ་ཉེ་བའི་བགྲེས་པོ་དབུ་དཀར་ཞིག་གིས་སྒོ་སམ་དུ་བོད་ཡིག་འགའ་ཤར་མར་བྲིས་པའི་ཚེ་ ན་ངའི་རྣམ་རིག་ཇེ་གསལ་དང་འདུ་ཤེས་ཇེ་དྲག་ཏུ་བཏང༌། ངོ་མ་སོག་རིགས་བགྲེས་པོ་ཞིག་གི་བོད་སྐད་དང་བོད་ཡིག་ལ་བཅངས་པའི་བརྩེ་སེམས་དང་གཟབ་ནན་གྱིས་ང་ལ་དགའ་བ་ཚད་མེད་སྤྱིན་ཅིང་སྟོང་བསམ་གང་མང་སྤྱིན། འཆད་ཁྲིད་ཧྲིལ་བོའི་གོ་རིམ་ཁྲོད་ནས་ངས་ནན་ཏན་གྱིས་ཉན་ཅིང་ནན་ཏན་གྱིས་ཟིན་བྲིས་བཏབ། འཆད་ཁྲིད་མཇུག་རྫོགས་རྗེས་དྲི་བ་གང་མང་ཞིག་བསྐྱོན་འདོད་ཀྱང་དྲི་བ་གཅིག་ཀྱང་འདྲི་མ་ཕོད།ཡིན་ན་ཡང་ངས་ཁྱེད་ཀྱི་ངོ་མཚར་བའི་འཆད་ཁྲིད་ལ་ངས་སེམས་བསམ་པའི་སྟེང་ནས་བཀའ་དྲིན་ཞུས་པ་ཡིན་ཞེས་བརྗོད་འདོད་ཀྱང་ངག་ནས་མ་འཁྲོལ།

    ངོ་མ་ང་ཚོ་བོད་པ་ཚང་གིས་ཀྱང་མ་མཐའ་ཡང་བོད་རང་གི་ལོ་གསར་ལ་གཅིག་གྱུ ར་སྒོས་རོལ་རྒྱུ་དང༌། བོད་ཡིག་བོད་སྐད་ལ་འབད་བརྩོན་སྔར་ལས་ལྷག་པ་བྱེད་རྒྱུ་སོགས་ནི་ང་ཚོ་བོད་མི་རྣམས་ཀྱི་བསམ་གཞིག་གཏང་རྒྱུ ་དང་འབད་བརྩོན་བྱེད་རྒྱུའི་ཁུར་གཡོལ་དུ་མེད་པ་ཞིག་ཡིན་ནོ།།
    གཡོ་མེད་སྙིང་རྗེའི་དབང་ཕྱུག་སྤྱན་རས་གཟིགས།།
    ཡུད་ཙམ་ཁྲོས་པའི་སྤྱན་གྱི་སྡང་མིག་གིས།།
    གསེར་འབྲུག་སྡེར་ལྔའི་ཁྲི་ལ་འགྱིངས་པ་ཡི།།
    མཐུ་ལྡན་གནམ་གྱི་བུ་ཡང་འདར་བར་བྱས།། (དགེ་ཆོས)ཞེས་པའི་མཛེས་སྡུག་ གི་འདས་ཟླ་དང་རྟ་དམག་ཁྲི་སྟོང་གི་རྨིག་སྒྲའང་དྲན་པར་བྱས་སོ།།

    Reply
  5. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས། གལ་སྲིད་སྐད་ཆ་འདིའི་ནང་ནོར་འཁྲུལ་ཞིག་ཡོད་ན། དེ་ནི་གྲྭ་འཇིགས་མེད་ཀྱི་ནོར་འཁྲུལ་མ་ཡིན་པར་གསར་འགོད་པའི་ནོར་འཁྲུལ་དུ་རྩིས་ཆོག ཐེངས་འདིར་གྲྭ་འཇིགས་མེད་ལགས་སུ་བཅར་འདྲི་ཞུ་སྐབས། ཁོང་གིས་དགོན་པ་དང་ཁང་ཚན་སོགས་ངོ་སྤྲོད་གནང་མ་སོང་མོད། ད་ལོའི་ཟླ་ ༣ ཚེས་ ༢༥ ཉིན་གྲྭ་འཇིགས་མེད་ལགས་ཀྱིས་འདི་གའི་གསར་ཁང་ལ། རྒྱན་འཛུགས་ཤོ་རྒྱག སྐོར་གྱི་གནས་ཚུལ་ཞིག་མཁོ་སྤྲོད་བྱས་སྐབས། གནས་ཚུལ་གྱི་ཡོང་ཁུངས་གོང་བཞིན་བཀོད་འདུག་པས་ན། རང་སོར་བཞག་པ་ཡིན།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    འབྲས་སྤུངས་སྒོ་མང་ཁང་ཚན་གྱི་གྲྭ་འཇིགས་མེད་ལགས་སུ།

    ཐུགས་སྣང་བྱེད་དགོས་ས་ཞིག་ལ་རྗེས་ཕྱོགས་གོང་གི་འདི་འདྲ་མ་འབྲི་རོགས། གང་ཡིན་ཟེར་ན་འབྲས་སྤུངས་སྒོ་མང་གྲ་ཚང་ཟེར་གྱི་ཡོད་པ་ལས་ཁང་ཚན་ཟེར་གྱི་ཡོད་པ་མ་རེད། འབྲས་སྤུངས་ལ་གྲ་ཚང་གཉིས་ཡོད་པ་རེད། གཅིག་ནི་སྒོ་མང་དང་གཞན་དེ་ནི་བློ་གསལ་གླིང་ཞེས་སུ་གྲགས་པ་རེད། གྲ་ཚང་རེ་རེའི་ནང་དུ་ཁང་ཚན་མི་ཉུང་བ་རེ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese