མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞིས་ལུས་རྒྱལ་གཅེས་པ་བཞི་ངྷ་སར་འབྱོར།

བོད་ཀྱི་དུས་བབ།
༢༠༠༩/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཁྱེད་ཚོས་ཤེས་གསལ་བཞིན་རྒྱ་ནག་གི་ཁྲིམས་ནི་ལྕགས་རེད། ལྕགས་རྐྱང་རྐྱང་གིས་མིའི་ཤ་ལ་བཟོ་ལྟ་བཟོ་གིན་རེད། དེ་ཡིན་དུས་གསར་འགོད་པ་ཚོས་རྟོགས་ཞིབ་ངོ་མ་བྱས་ཏེ་བོད་རིགས་མང་ཚོགས་ཀྱི་སེམས་ནང་གི་སྐད་ཆ་དང་གནས་སྟངས་ལ་ཞིབ་མཇུག་གནང་རོགས་ཞུ་རྒྱུ་ཡིན་ཟེར།

༢༠༠༨ ལོའི་ཟླ་ ༣ པའི་ཚེས་ ༡༨ ཉིན་དཀར་མཛེས་དུ་སེར་སྐྱ་བོད་མི་སྟོང་ཕྲག་ལྷག་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པའི་སྐབས། ཞི་རྒོལ་དེའི་སྣེ་ཁྲིད་མཁན་རང་ལོ་ ༤༡ ཡིན་པ་མ་འདས་མགོན་པོ་དང་ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་མཁན་རང་ལོ་ ༢༤ ཡིན་པ་བརྩི་སྲུང་དགོན་པའི་གྲྭ་ཚེ་རིང་འགྱུར་མེད། སྔར་ལོ་ཟླ་ ༣ ཚེས་ ༢༤ ཉིན་ཏྲེ་ཧོར་ལྕོག་རི་ཁུལ་གྱི་ངང་སྒོང་བཙུན་དགོན་གྱི་བཙུན་མ་ ༡༢༠ ལྷག་གིས་མགོ་ཁྲིད་དེ་སེར་སྐྱ་མི་མང་གིས་ངོ་རྒོལ་སྐབས་སུ་མཉམ་ཞུགས་གནང་མཁན། ཏྲེ་ཧོར་ལྕོག་རི་ནས་ཡིན་པ་བློ་བཟང་ཐུབ་བསྟན་དང་ཚེ་དབང་དོན་གྲུབ་བཅས་ཞི་རྒོལ་བ་བཞི་བཞུགས་སྒར་རྡ་སར་འབྱོར་ཡོད་པ་དང་། ཚེས་ ༢༨ ཉིན་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་དྲིལ་བསྒྲགས་ལས་ཁུངས་ཀྱི་གོ་སྒྲིག་འོག་གསར་འགོད་གསར་བསྒྲགས་ཤིག་བསྐྱངས་ཡོད།

སྐབས་དེར་ཟླ་ ༣ པའི་ཚེས་ ༡༨ ཉིན་དཀར་མཛེས་སུ་སེར་སྐྱ་བོད་མི་སྟོང་ཕྲག་ལྷག་གི་ཞི་རྒོལ་གྱི་སྣེ་ཁྲིད་མཁན་མ་འདས་མགོན་པོ་ལགས་ཀྱིས་ངོ་སྤྲོད་གནང་དོན། སྤྱིར་ང་ཚོས་ཞི་རྒོལ་བྱེད་དོན་ནི་བོད་མི་ཞིག་ཡིན་ཕྱིན་ཧ་གོ་རྒྱུ་རེད། རྒྱ་ནག་གིས་བོད་མི་ཚོར་སྡུག་པོ་ག་ཚོད་གཏོང་བཞིན་པ་དེ་བཤད་ན་ཚར་བ་དེ་འདྲ་མ་རེད། བོད་གངས་ཅན་གྱི་སྲོག་སྙིང་ལྟ་བུའི་༧རྒྱལ་བ་པཎ་ཆེན་གཉིས་བོད་མི་མང་གི་མཐོང་ལམ་དུ་ཡོད་པ་མ་རེད། ༧རྒྱལ་བ་རིན་པོ་ཆེ་ཡུལ་གཞན་དུ་སྐྱབས་བཅོལ་ལ་བརྫངས་པ་དང་༧པཎ་ཆེན་རིན་པོ་ཆེ་ནི་དགུང་ལོ་ཆུང་དུས་ནས་རྒྱ་ནག་གིས་བཙན་ཁྲིད་བྱས་ཏེ་ད་སྐབས་ཤི་གསོན་གང་ཡིན་ང་ཚོས་གང་ཡང་ཤེས་ཀྱིན་མེད། དེ་བཞིན་བོད་མི་དང་བོད་ཀྱི་རིག་གཞུང་ལ་ཞབས་འདེགས་དང་རོགས་སྐྱོར་གནང་མཁན་གྱི་སྐྱེས་བུ་གང་མང་མ་ཉེས་ཁ་གཡོག་གིས་བཙོན་དུ་འཇུག་པའམ་ཡང་ན་གསོད་ཀྱིན་ཡོད་པ་རེད། གང་ལྟར་བོད་ས་ཁུལ་གང་སར་བོད་ལ་ཕན་ཐོགས་མཁན་ཞིག་ཡོད་ན་དེ་མེད་པར་བཟོ་གིན་ཡོད། དེ་ཡིན་དུས་བོད་མི་ཚོས་ང་ཚོ་ལ་རང་དབང་དང་འདྲ་མཉམ་དགོས་ཟེར་ནས་ཞི་རྒོལ་གནང་བ་རེད་ལ། སྐབས་དེར་དངོས་དགའ་དང་གུས་པ་གཙོས་པའི་མི་བཅུ་ལྷག་གིས་མགོ་ཁྲིད་དེ་དཀར་མཛེས་རྫོང་ཐོག་ཏུ་མི་མང་སྟོང་ཕྲག་གསུམ་ལྷག་གིས་མ་བསྐུལ་དང་བླངས་ཀྱིས་ཞི་རྒོལ་བྱས་སྐབས། རྒྱ་དམག་གིས་མེ་མདའི་འོག་རྨས་སྐྱོན་ཕོག་པ་དང་ལྕགས་མདའ་དང་གློག་རྒྱུག་སོགས་བཀོལ་སྤྱོད་འོག་མི་མང་ལ་རྡུང་རྡེག་ཚད་མེད་ཀྱིས། དཀར་མཛེས་རྫོང་ཐོག་ཏུ་ཟུངས་ཁྲག་འཁྱིལ་ཏེ་ཁྲག་གི་གྲོང་ཁྱེར་ལྟ་བུར་གྱུར་བ་རེད་ལ། མི་མང་པོར་ཤི་རྨས་བྱུང་ཡོད་ལ། ད་སྐབས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་ཡང་ན་གར་སོང་ཆ་མེད་གྱུར་བ། བྲོས་བྱོལ་དུ་སོང་བ་སོགས་བྱུང་ཡོད། སྐད་འབོད་ཀྱི་མགོ་ཁྲིད་ཆུ་ཁ་ཚང་གི་དངོས་དགའ་ལ་ལོ་ངོ་བརྒྱད་ཀྱི་ཁྲིམས་ཐག་བཅད་ཡོད། རྒྱ་ནག་གིས་གུས་པ་འཛིན་བཟུང་གི་བཀའ་རྒྱའི་ཡིག་ཆ་རླུང་འཕྲིན་སོགས་སུ་ཡང་ཡང་བཀྲམས་པ་དང་གསལ་བསྒྲགས་བྱས་པ་སོགས་ཀྱིས་རང་ཡུལ་དུ་སྡོད་མ་ཐུབ་པར་་བྲོས་བྱོལ་གྱིས་འབྲོག་སྡེ་ཁག་ལ་གནས་ཚང་གཡར་ནས་བསྡད་པ་དང་། ད་ལོའི་ཟླ་ ༣ པ་ནས་རང་ཡུལ་དང་ཁ་བྲལ་ཏེ་བཙན་བྱོལ་དུ་ཡོང་བ་ཡིན། ཞེས་གསུངས་བྱུང་།

དེའི་རྗེས་སྔར་ལོ་ཟླ་ ༣ ཚེས་ ༢༤ ཉིན་ཏྲེ་ཧོར་ལྕོག་རི་ཁུལ་གྱི་ངང་སྒོང་བཙུན་དགོན་གྱི་བཙུན་མ་ ༡༢༠ ལྷག་གིས་མགོ་ཁྲིད་དེ་སེར་སྐྱ་མི་མང་གི་ངོ་རྒོལ་སྐབས་སུ་མཉམ་ཞུགས་གནང་མཁན་རང་ལོ་ ༣༩ ལ་སོན་པའི་ཚེ་དབང་དོན་གྲུབ་ལགས་ཀྱིས་རང་ཉིད་ཞི་རྒོལ་ལ་ཞུགས་སྐབས་ཀྱི་མཐོང་ཐོས་སྐོར་ངོ་སྤྲོད་གནང་དོན། བོད་ཆོལ་ཁ་གསུམ་གྱིས་ཞི་བའི་ངོ་རྒོལ་བྱེད་དོན་ནི་སྐྱིད་དྲག་ནས་སྡོད་མ་ཚུགས་པ་དེ་འདྲའི་འོག་ནས་བྱུང་བ་གཏན་ནས་མ་ཡིན་པར། ང་རང་སྒེར་ཡིན་ཡང་སྐྱིད་དྲག་པ་དང་བཟའ་རྒྱུ་མང་དྲག་ནས་ངོ་རྒོལ་ལ་ཞུགས་པ་མིན། རང་ཉིད་འུ་ཐུག་སྟེ་ངོ་རྒོལ་ལ་ཞུགས་པ་ཡིན། སྔར་ལོའི་ཟླ་ ༣ ཚེས་ ༢༤ ཉིན་གུས་པ་གྲོང་སྡེ་ནས་དགོན་པར་ཆུའི་ཡུར་བ་བསྐོ་རུ་སླེབས་ཡོད་ལ། དགོན་པ་ནི་རིའི་ངོས་སུ་ཡོད་པ་དང་མི་མང་གིས་ཞི་རྒོལ་གནང་ས་དེ་རི་ངོས་ཀྱི་ཐང་དུ་ཡོད། ཏྲེ་ཧོར་ལྕོག་རི་ངང་སྒོང་བཙུན་དགོན་གྱི་བཙུན་མ་ཚོས་སྐད་འབོད་བྱེད་སྐབས་རྒྱ་དམག་གིས་མེ་མདའ་བརྒྱབས་པ་ཐོས་ཐུབ་པ་དང་། བོད་མི་ཚོར་རྒྱ་ནག་གིས་ཕྱོགས་གང་ས་ནས་སྡུག་པོ་མང་པོ་བཏང་བས་མ་གཞི་ནས་སེམས་སུ་ན་ཚ་ཡོད་པར་བརྟེན། མེ་མདའི་སྒྲ་གོ་བ་དང་ལས་ཀ་ལས་མཚམས་བཞག་ནས་གྲོང་མི་ཚོ་གཅིག་ཤོར་གཉིས་ཤོར་གྱིས་ཞི་རྒོལ་གནང་སར་འབྱོར་བ་དང་། སྐབས་དེར་ཞི་རྒོལ་ཐེངས་དང་པོ་ལངས་ཚར་ཙམ་རེད་མོད། ང་ཚོ་འབྱོར་བ་དང་སླར་ཡང་མི་མང་ ༣༠༠ ལྷག་གིས་ཞི་བའི་སྐད་འབོད་བྱས་པ་ཡིན། སྐབས་དེར་སླར་ཡང་རྒྱ་དམག་གིས་མེ་མདའ་བརྒྱབས་ཏེ་རང་ལོ་ ༡༨ དང་ ༢༠ བར་གྱི་གྲྭ་བ་ཞིག་ལ་མེ་མདའ་ཕོག་སྟེ་འགྱེལ་སོང་ལ། སྐབས་དེར་ང་རང་གི་སེམས་ཀྱིས་མ་བཟོད་པར་གྲྭ་བ་དེ་ཡར་སྐྱོར་བ་ཡིན། དེ་མ་ཐག་གུས་པའི་མཁལ་མའི་རྒྱབ་ཕྱོགས་སུ་མདེའུ་གཅིག་ཕོག་ནས་མདུན་ལ་ཕུག་པ་དང་། དེ་ནས་སླར་ཡང་ལག་པ་གཡོན་པའི་གྲུ་མོར་མདེའུ་གཅིག་ཕོག་སྟེ་གྲྭ་བ་དེ་ལག་ནས་ཤོར་སོང་། དྲན་པ་སོས་སྐབས་གྲོང་མི་ཅིག་གི་ནང་དུ་ཁྲིད་འདུག དྲན་པ་གསལ་མི་གསལ་ལ་ཆགས་ཏེ་ཏོམ་ཙམ་བསྡད་སྐབས། གྲོང་སྡེ་དེར་ཡང་བསྐྱར་དམག་མི་ཡོང་གི་འདུག་ཟེར་བས་རི་ལ་བྲོས་བྱོལ་དུ་འགྲོ་དགོས་བྱུང་། ཟླ་བ་དྲུག་ཙམ་ལ་ཉལ་ནས་སྡོད་དགོས་བྱུང་ལ། རྨ་ཁར་གཟེར་རྒྱག་སྐབས་དྲན་པ་འཐོར་བ་སོགས་བྱེད་ཀྱང་རྒྱ་གཞུང་གིས་འཇུ་བཟུང་བཀའ་རྒྱའི་ཡིག་ཆ་ས་གནས་གང་སར་བཀྲམས་པར་བརྟེན་སྨན་ཁང་ལ་འགྲོ་མ་ཐུབ་པ་སོགས་ཀྱིས་རྨ་ཁར་འབུ་དང་རྣག་བརྒྱབས་ཏེ་ཤ་རྣམས་རུལ་བ་དང་རྨ་ཁ་ནས་རུས་པ་ཆུང་ངུ་རྣམས་ཕྱིར་ཐོན་པས། རྨ་ཁ་གྲིས་བཏུབ་ནས་རྨ་ལས་བྱས་ཏེ་རྣག་ཕྱིར་བཏོན་པའི་ཐབས་ཤེས་སྣ་ཚོགས་བྱས་ཀྱང་དྲག་སྐྱེད་མ་བྱུང་། དེ་བཞིན་བོད་མི་མང་པོར་ཁ་བྲལ་རིང་ལུགས་པ་སོགས་ཀྱི་མིང་ངན་འདྲ་མིན་གྱི་ཉེས་འཛུགས་འོག  ཆོལ་ཁ་གསུམ་གྱི་དཔའ་བོ་དཔའ་མོ་མང་པོ་ཞིག་ལ་ཉེས་མེད་སྙོན་འཛུགས་ཀྱིས་ཚེ་བཙོན་དང་ཁ་ཤས་ལ་ལོ་ངོ་ ༡༠ ནས་ ༢༠ སོགས་ཀྱི་ཁྲིམས་ཐག་བཅད་པ། ལག་ཏུ་མ་སོན་པའི་བྲོས་བྱོལ་བ་རྣམས་རི་ལུང་དང་། ཤིང་ནགས། རྫ་གསེབ་སོགས་སུ་རི་དྭགས་བཞིན་མཚན་མོ་གཉིད་ཀྱང་མི་ཁུག་པར་སྡུག་བསྔལ་མྱོང་བཞིན་པའི་དངོས་ཡོད་གནས་ཚུལ་འདིའི་དོན་དུ། མ་ཤི་སྔོན་དུ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧གོང་ས་མཆོག་ལ་མཇལ་བཅར་གྱི་སྐལ་བ་དང་གཞིས་ལུས་བོད་མི་རྣམས་ཀྱིས་རྒྱ་ནག་གི་འོག་ཏུ་མྱོང་བཞིན་པ་རྣམས་ཁྱབ་བསྒྲགས་ཀྱི་དཔང་རྟགས་ཤིག་བྱ་ཐུབ་ན་སྙམ་སྟེ་ཐབས་ཤེས་སྣ་ཚོགས་ཀྱིས་སྐྱབས་བཅོལ་ལ་ཡོང་བ་ཡིན། ཞེས་གསུངས་བྱུང་ལ། ཡང་ཁོང་གིས། རྒྱ་ནག་གིས་ང་ཚོ་བོད་ཟེར་བ་འདི་རྩ་མེད་བཟོ་བར་ཐབས་ཤེས་འཐེན་གྱིན་ཡོད། དཔེར་ན་ཞིང་པ་ཚོར་རྒྱ་སྒོར་ཁ་ཤས་སྤྲད་དེ་ས་ཞིང་ནང་དུ་རྩྭ་དང་ཤིང་འདེབས་འཇུག་གི་ཡོད། དངུལ་ནི་དུས་ཡུན་ཐུང་ཐུང་ནང་རྫོགས་འགྲོ་གིན་རེད་ལ་མང་ཚོགས་ལ་ཕུགས་ཀྱི་འཚོ་རྟེན་བརྟན་པོ་མེད་པ་བཟོ་གིན་ཡོད། འབྲོག་པ་ཚོར་མཚོན་ན་འབྲོག་པ་རི་ནས་སྡོད་དུ་མ་བཅུག་པར་རོང་ལ་ཁྲིད་ནས་རོང་པའི་ས་ཆར་ཁང་པ་བརྒྱག་ཏུ་བཅུག་པ་དང་དེར་རྒྱ་སྒོར་རེ་སྤྲད་དེ་ལོ་ཤས་ལ་སྡོད་ཐུབ་པའི་འཚོ་རྟེན་སྤྲད་རྗེས། རི་གང་སར་ལྕགས་ར་འཐེན་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་ཀྱིན་ཡོད་ཟེར་གྱིན་ཡོད་པ་རེད། འདི་ཚང་མ་དངོས་ཡོད་བོད་མི་ལ་ཕན་དང་མ་ཕན་ཟེར་བ་ལ་བསམ་བློ་གཏོང་དགོས། རེ་བ་གཅིག་ཞུ་རྒྱུ་ནི་ཁྱེད་ཚོ་གསར་འགོད་པ་སུ་ཡིན་ཡང་བོད་མི་རིགས་ཀྱི་བདེ་སྡུག་ལ་སེམས་གཏིང་ནས་དོ་སྣང་གནང་གི་ཡོད་ན། བོད་ནང་དུ་བསྐྱོད་དེ་བོད་མི་མང་གི་སེམས་གཏིང་ན་ཡོད་པའི་རེ་སྨོན་དང་སྐད་ཆར་ཉན་རོགས། གནས་སྟངས་ལ་ཞིབ་མཇུག་གནང་རོགས། དེ་མ་ཡིན་པར་རྒྱ་ནག་གཞུང་ལ་སྙན་ཞུ་བརྒྱབ་ནས་དེའི་རྗེས་འབྲེལ་ཡོད་སྲིད་གཞུང་གི་ལས་ཁུངས་ཁག་གིས་མི་མང་ལ་གསར་འགོད་པའི་མདུན་ནས་སྐད་ཆ་ཡག་པོ་མ་བཤད་ན་ནང་མི་ཚང་མ་ཁྲིམས་ལ་སྦྱར་རྒྱུ་ཡིན་པར་བཙན་བཀའ་གཏོང་གི་རེད་ལ། ལྷག་པར་དུ་མི་ཚང་སྐྱོ་བོ་དེ་ཚོར་རྒྱ་ལམ་འགྲམ་དུ་ཁང་པ་ཡག་པོ་བརྒྱབས་ཏེ་དངུལ་སྤྲད་པ་དང་དེ་ནས་གསར་འགོད་པ་ཚོའི་མདུན་ལ་སྐད་ཆ་སྙན་པོ་བཤད་དུ་བཅུག་པ། དེ་ཚོ་བརྙན་ཕབ་བྱས་ཏེ་་དྲིལ་བསྒྲགས་བྱས་པ་དང་མི་རྣམས་ཀྱིས་རྒྱ་མི་དེ་འདྲའི་སྡུག་ཅག་མི་འདུག་ཨང་བསམ་པའི་ཚོར་བ་སྟེར་གི་རེད།  ཁྱེད་ཚོས་ཤེས་གསལ་བཞིན་རྒྱ་ནག་གི་ཁྲིམས་ནི་ལྕགས་རེད། ལྕགས་རྐྱང་རྐྱང་གིས་མིའི་ཤ་ལ་བཟོ་ལྟ་བཟོ་གིན་རེད། དེ་ཡིན་དུས་གསར་འགོད་པ་ཚོས་རྟོགས་ཞིབ་ངོ་མ་བྱས་ཏེ་བོད་མི་མང་ཚོགས་ཀྱི་སེམས་ནང་གི་སྐད་ཆ་དང་གནས་སྟངས་ལ་ཞིབ་འཇུག་གནང་རོགས་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང་།

དེའི་རྗེས་ཞི་རྒོལ་བ་འདི་དག་གི་སྙིང་སྟོབས་ལ་བསྔགས་བརྗོད་དང་ཡི་རངས་ཕྱིར་བོད་ཀྱི་གཞོན་ནུ་ཚོགས་གཙོ་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་རྒྱལ་གཅེས་པ་འདི་དག་ལ་མཇལ་དར་སྒྲོན་ཏེ་གསར་འགོད་གསལ་བསྒྲགས་འདི་མཇུག་བསྡུས་ཡོད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༤ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 18

  1. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    རླབས་ཆེནགྱི་མི་སྣ་འདི་དག་ལ་ད་ནི་དུས་དང་ནམ་པ་ཀུན་དུ་དཀའ་སྡུག་གི་དུས་ཤིག་མི་སླེབས་པར་སྨོན།

    Reply
  2. ཨརྱ། says:
    ལོ་ 16 སྔོན།

    ཁྱེད་ཅག་འདིར་འབྱོར་བ་ཡག་པོ་རེད་བཀྲ་ཤིས་བདེ་ལེགས་ཡོད་དང་ཡོད། འོན་ཀྱང་ས་སྡུག་འདི་ནས་སྙིང་སྟོབས་ལྕག་གི་གོང་བུ་དེ་བྱེ་མའི་འཆང་བུ་ལྟ་བུར་མི་འགྱུར་རྒྱུ་ཧ་ཅང་གལ་ཆེ། ས་འདི་ནས་དཔའ་བོ་མང་བོ་བརླགས་སོང་ལ་ད་དུང་གཟབ་གཟབ་མ་བྱས་ན་མང་བོ་བརླག་ངེས་རེད། ངས་ཁ་ཡག་དང་ངོ་དགའ་མང་བོ་བཤད་མི་ཤེས་པས་དགོངས་འགལ་ཡེ་མེད་ཞུ།

    Reply
  3. གངས་བུ། says:
    ལོ་ 16 སྔོན།

    བོད་མི་རིགས་ཀྱི་ཆེད་དུ་ཚེ་སྲོག་ཕངས་མེད་དུ་བཏང་བའི་མི་རིགས་ཀྱི་དཔལ་རྒོད་བཞི་རྒྱ་ནག་མེ་འདའི་ཁ་ནས་ཐར་སྟེ་རྡ་སར་བདེ་འབྱོར་ཐུུབ་བ་ལ་སྙིང་ནས་དགའ་ཚོརཆེན་པོས་་འཚམ་འདྲི་དང་་བསྔགས་རྗོད་ཡོད།

    Reply
  4. མདོ་ལའི་འཁྱམས་པོ། says:
    ལོ་ 16 སྔོན།

    ར་ལོ། གཞན་ལ་བཤད་པའི་ཁ་ཡོད་ན། རང་ལ་ལྟ་བའི་མེ་ལུང་དགོས།

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཁམས་པ་དཔའ་བོ་ཚོ་ཟེར་དུས་ང་(སངས་རྒྱས་ཀྱི་དཔའ་རྟུལ་ཚོ)ཡི་ནང་གི་ཁམས་པ་དཔའ་བོ་དེ་ཚོ་དྲན་འོང་གི་ དངོས་གནས་བོད་ཀྱི་དཔའ་བོ་རེད། འོན་ཀྱང་རྗེས་ཕྱོགས་ཕྱི་རྒྱལ་དུ་འགྲོ་རྒྱུའི་ཆད་དུ་ཁ་དགུ་བཅུ་གསུམ་གྱི་ཚོགས་མི་དྲུག་པོ་ནང་བཞིན་གཏན་ནས་བྱེད་མི་ཉན་ཡཱ།

    Reply
  6. གསང་གཏོར། says:
    ལོ་ 16 སྔོན།

    བོད་ཀྱི་རྩོམ་སྒྲིག་པ་ལགས། ཁྱེད་ཀྱིས་གསལ་བཤད་གནང་བ་ཐུགས་རྗེ་ཆེ། གལ་སྲིད་ཁྱེད་ཀྱིས་དེ་མཐོང་གི་ཡོད་ནས་རྗེས་སུ་ཐ་སྙད་འདི་རིགས་བེད་སྤྱོད་བྱེད་ཕྱོགས་ལ་ཟབ་ནན་དང་སྟངས་འཛིན་དགོས་པ་མ་ཟད། རྩོམ་སྒྲིག་ཅིག་གི་འགན་ཁྲི་ཡང་རེད། རྗེས་ཕྱོགས་བོད་ནང་ཆབ་སྲིད་ལས་དོན་བྱས་པ་རིགས་ལ་རྒྱལ་གཅེས་པ་ཞེས་འགོད་འོས་པོ་འདུག གཞན་དཔའ་བོ་ཞེས་པའི་མཚན་སྙན་ཚང་མ་ལ་ཐོབ་རྒྱུ་ཁག་པོ་རེད། ཚང་མ་ལ་དཔའ་བོ་ཞེས་པ་འབོད་ན་རྗེས་སུ་དཔའ་བོ་ཞེས་པའི་བསྟོད་ཚིག་འདི་ལ་རིན་ཐང་མེད་པ་འགྱུར་ངེས་རེད།

    Reply
  7. འཁྱམས་པོ། says:
    ལོ་ 16 སྔོན།

    དཔའ་པོ་འདི་བཞི་ལ་རྟེན་འབྲེལ་ཞུ། ཨ་་་་ད་དངོས་གནས་རྨ་ཁ་འདི་མཐོང་ན་སྙིང་རླུང་ལྡིང་ཞིག་དང་རྒྱ་གཏེ་དེ་ཚོས་བྱེད་སྟངས་ལ་བསམ་ན་བསྡོད་མི་བཟོད་པ་ཞིག་རེད།
    ཨེ་་་ གསང་གཏོར་ཞེས་པ་དེས་ཡང་ཞབས་འདྲེན་གྱི་སྐད་ཆ་དེ་འདྲ་ཐོན་ཡོང་གིན་འདུག་ག ཁོང་ཚོའི་བདུན་དུ་ངོ་མི་ཚའམ་ ད་དུང་ཡང་ཕྱོགས་རུས་ཀྱི་དུག་རྙིང་དེ་སེམས་ན་ཞུ་མི་འདུག་ག
    ངས་བལྟས་ན་མིང་ཚིག་གང་དང་ཇི་བེད་སྤྱོད་བཏང་ན་མ་འགྲིག་པ་གང་ཡང་མེད་པ་འདྲ་ སྨྲ་བརྗོད་རང་དབང་རེད་ དམངས་གཙོ་རེད བསམ་ཚུལ་སོ་སོ་རེད། དེར་ཕྱི་རྒྱལ་ཁག་ན་སོ་སོའི་བསམ་ཚུལ་ལྟར་རང་དབང་རེད།

    Reply
  8. ཡོན་བྷེ། says:
    ལོ་ 16 སྔོན།

    དཔའ་རྒོད་ཅེས་པའི་ཚིག་འདི་དེ་ཙམ་འཚམས་པོ་མི་འདུག དེ་ལས་རང་དབང་རྩོད་ལེན་པ་ཞེས་བསྔགས་ན་ཡག་པོ་འདུག
    རང་དབང་རྩོད་ལེན་པ་ཁོང་ཚོ་བཞི་ལ་འཚམས་འདྲི་ཡོད།

    Reply
  9. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    གཞིས་བཞུགས་བོད་མི་རྣམས་ཀྱིས་བོད་མིའི་རང་དབང་ཟེར་ན་འདྲ། རང་གི་བདེ་དོན་ཟེར་ན་ཆོག རང་དབང་ཆེད་དུ་ངོ་རྒོལ་བྱས། འདི་ནས་མིང་ཚིག་བཀོལ་སྤྱོད་བྱེད་སྟངས་ཙམ་དང་ཕྱོགས་ཞེན་གྱིས་སྐད་ཆ་རེ་གླེང་ནས་ཉི་མ་འཕུད། དངོས་ནས་ཐབས་སྐྱོ་བ་ལ།

    བོད་ནས་ཕེབས་པའི་རྒྱལ་གཅེས་དབའ་བོ་བཞི་ལ་འཚམ་འདྲི་ཡོད།

    Reply
  10. སོག་མེ་རི། says:
    ལོ་ 16 སྔོན།

    ང་ཚོའི་བོད་པའི་དཔའ་རྒོད་བཞི་ལ་མཚམ་འདྲི་བཀྲ་ཤིས་བདེ་ལེགས་

    Reply
  11. རྭ་ལོ། says:
    ལོ་ 16 སྔོན།

    སྟུག་དྲི་ལྟ་བུའི་གཏམ་འདི་དག

    ཡང་མིན་ན་སྨད་པ་རེད། དེ་མིན་ན་བསྟོད་པ་རེད། མཆན་འདེབས་མཁན་ཚང་མ་འདི་འདྲ་ཞིག་རེད། རྒྱུ་མཚན་རེ་དང་གནས་ལུགས་རེ་བཤད་རྒྱུ་མི་འདུག་གམ། ཡང་མིན་ན་ཁ་རོག་གེར་བསྡད་ན་མི་ཆོག་གམ།

    སྤྱིར་བཏང་གང་ཟག་སུ་རུང་ལ་དགའ་མི་དགའི་ཚོར་བ་ཙམ་ཡིན་ན་སོ་སོའི་སྟུག་དྲི་བཞིན་མི་མང་གི་དཀྱིལ་ནས་མ་གཏོང་ཡ། ད་སྐབས་ངས་མཆན་འདེབས་མཁན་དག་གི་སྐད་ཆ་ནི་འདི་འདྲ་ཞིག་རེད་འདོད། ཁྲེལ་དང་ངོ་ཚ། བཟང་སྤྱོད། ཡ་རབས་སོགས་བོར་ཏེ་མང་ཚོགས་ཀྱི་དཀྱིལ་ནས་སྟུག་དྲི་གཏོང་གི་ཡོད་པ་འདྲ་ཞིག་རེད། རང་དབང་ཡོད་ས་ནས་ཀྱང་རིག་གཞུང་བརླག་མི་ཉན།

    Reply
  12. ཨ་འཇིགས། says:
    ལོ་ 16 སྔོན།

    རྒྱལ་གཅེས་དཔའ་བོ་བཞི་བོ་རང་དབང་གི་ལུང་པར་བདེ་འབྱོར་བྱུང་བར་འཚམས་འདྲི་དང༌། ཁྱེད་རྣམ་པའི་རྒྱལ་ཞེན་དཔའ་བོའི་མཛད་རྗེས་ལ་གུས་བཀུར་བསྔགས་བརྗོད་ཞུ་རྒྱུ་མ་ཟད། སེམས་དང་ལུས་ཀྱི་རྨ་ཁ་འདིས་ཡ་ཁོག་ལ་བརྗོད་མི་ཤེས་ཚོར་བ་ཞིག་བྱིན་སོང༌།
    ཁྱེད་ཚོས་ཤེས་གསལ་བཞིན་རྒྱ་ནག་གི་ཁྲིམས་ནི་ལྕགས་རེད། ལྕགས་རྐྱང་རྐྱང་གིས་མིའི་ཤ་ལ་བཟོ་ལྟ་བཟོ་གིན་རེད། དེ་ཡིན་དུས་གསར་འགོད་པ་ཚོས་རྟོགས་ཞིབ་ངོ་མ་བྱས་ཏེ་བོད་རིགས་མང་ཚོགས་ཀྱི་སེམས་ནང་གི་སྐད་ཆ་དང་གནས་སྟངས་ལ་ཞིབ་མཇུག་གནང་རོགས་ཞུ་རྒྱུ་ཡིན། དོན་དངོས་དང་བདེན་ཚིག་འདི་འདི་དག་ཐོས་དུས་མི་སེམས་ནི་ལྕགས་ལས་མཁྲེགས་པའི་གནས་སྟངས་ངོ་མ་མཐོང་བྱུང་ཐུགས་རྗེ་ཆེ། ངོ་མ་ཐུགས་རྗེ་ཆེ། ཁྱེད་རྣམ་པའི་བསམ་དོན་ལྷུན་འགྲུབ་ཡོང་བའི་སྨོན་འདུན་ཡོད།

    Reply
  13. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    གང་ལྟར་ན་ནིང་ད་ལོའི་བོད་ནང་གི་ཞི་རྒོལ་ཁྲོད་རྒྱལ་གཅེས་བ་མང་བོ་ཞིག་གི་ཚེ་སྲོག་བཞུད་ཚར་སོང་། དེའི་ཁྲོད་ནས་རྒྱལ་ཞེན་ཅན་ཁ་ཤས་ཚེ་སྲོག་ལས་ཐར་བར་མ་ཟད་དེང་སྐབས་གཅིག་རྗེས་གཉིས་མཐུད་དུ་ཆབ་སྲིད་དང་ཚེ་སྲོག་གི་སྐྱབས་བཅོལ་དུ་སླེབས་བཞིན་པར་དགའ་བསུ་དང་རྗེས་སུ་ཡི་རང་ཡོད ། ང་ཚོ་སུ་ཡིན་ཡང་རྒྱའི་ལག་ཏུ་ཤི་ན་མི་འདོད་མོད །
    བོད་མི་རིགས་འདིའི་ལས་དབང་ངན་དྲགས་པས་ཡོད་ཚད་རྒྱའི་ལག་ཏུ་ཤོར་ནས་བཟུང་རང་གི་གཅེས་བའི་སྲོག་ལ་ཡང་རང་དབང་སྤུ་ཙམ་ཡང་མེད ། བོད་མི་རིགས་འདི་སྙིང་རྗེ །

    Reply
  14. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    གསང་གཏོར་ལགས། འདི་ན་དབྱེ་བ་ཆེན་པོ་ཞིག་ཡོད་པ་མ་རེད། ལར་ནས། ཁ་ཉིན་དཔའ་བོ་ལྔ་ཞེས་བྲིས་པ་དེ་གསར་འགོད་བརྒྱུད་ལམ་པ་ཞིག་གི་ཐད་ནས་བཤད་ན་དྲང་པོ་དང་འོས་འཚམ་གྱི་ཚིག་མ་རེད་སྙམ་ཡོད། ཐེངས་འདིར་རྒྱལ་གཅེས་པ་ཞེས་བྲིས་པ་དེའང་རང་བཞིན་གཅིག་པ་རེད། མཚམས་རེར་ཐ་སྙད་བེད་སྤྱོད་བྱ་ཕྱོགས་ལ་ཚད་གཞི་ངེས་ཅན་མེད་སྟབས། སྐུ་ཉིད་ལྟ་བུ་དགོངས་ཚུལ་ཡོད་མཁན་ཡོང་གི་ཡོད་པ་རེད། དེ་དང་མཉམ་དུ་ཕྱོགས་རིས་ཀྱི་ཚོར་སྣང་ཡང་ཡོང་གི་ཡོད་པ་རེད། དོན་དངོས་ཐོག དཔའ་བོ་ཞེས་པ་དང་། སྙིང་སྟོབས་ཅན། རྒྱལ་གཅེས་པ། ལ་རྒྱ་ཅན་སོགས་ནི་ཁྱད་ཚིག་ཡིན་སྟབས། གསར་འགོད་བརྒྱུད་ལམ་གྱི་རྒྱུན་འཇགས་ཐ་སྙད་ཀྱི་གྲས་སུ་གཏོགས་གི་མ་རེད། ང་ཚོས་བོད་ཀྱི་ཆབ་སྲིད་བཙོན་པ་དང་བཙོན་ཟུར། ད་དུང་མནར་སྡུག་གི་འོག་ན་མུ་མཐུད་ཞི་རྒོལ་བྱེད་མཁན་བཅས་ལ། རང་དབང་འཐབ་རྩོད་པ་སོགས་ཀྱི་ཐ་སྙད་སྤྱད་ན་ལེགས་པར་འདོད་པས། ནུབ་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ལ་ཚད་ལྡན་གྱི་ཐ་སྙད་བེད་སྤྱོད་བྱ་ཕྱོགས་ཡོད་པ་བཞིན། ང་ཚོས་ཀྱང་རྗེས་ཕྱོགས་གཟབ་ནན་ངང་ཡུན་གྱིས་ཚད་ལྡན་གྱི་ཐ་སྙད་བེད་སྤྱོད་བྱ་ཕྱོགས་ལ་འབད་ངེས་ཡིན།

    Reply
  15. གསང་གཏོར། says:
    ལོ་ 16 སྔོན།

    བོད་ཀྱི་རྩོམ་སྒྲིག་པ་ལགས། སྔོན་ཆད་རྒྱལ་གཅེས་ཞི་རྒོལ་ལྔ་རྡ་སར་འབྱོར་དུས། བོད་ཀྱི་དུས་བབ་ནང་དཔའ་བོ་ལྔ་ཞེས་ཚགས་ཤོག་དང་དྲ་གནས་གཉིས་ཀའི་མགོ་བརྗོད་ཏུ་དེ་ལྟར་འགོད་པ་ཡོད་པ་རེད། རྗེས་སུ་རྒྱལ་གཅེས་ཞི་རྒོལ་བ་འདི་བཞི་པོ་འབྱོར་དུས་དཔའ་བོ་ཞེས་པ་དེ་འགོད་མི་འདུག་པས། དེ་ལྟར་རྒྱུ་མཚན་ཅི་ཡིན་ནམ། དོན་དངོས་མེ་མདའ་མདུན་ལ་ལངས་ཏེ་མེ་མདའ་ཕོགས་མཁན་ལ་དཔའ་བོ་ཞེས་པའི་མཚན་སྙན་མེད་པ་གང་ཡིན་ནམ། ང་ལ་ལན་གསལ་པོ་ཞིག་གནང་བའི་རེ་བ་ཆེ། གཞན་མ་གཏོགས་བོད་དུས་བབ་དེ་དྲང་བདེན་ལ་གཞིར་གཞག་མི་བྱེད་པའི་གསར་འགོད་བྱེད་ཀྱི་ཡོད་པ་ངོས་འཛིན་བྱེད་ཀྱིན་ཡིན།

    Reply
  16. བློ་བཟང་ལུང་རྟོགས། says:
    ལོ་ 16 སྔོན།

    དཔའ་རྒོད་བཞི་ལ་རང་དབང་གི་གོ་སྐབས་ཐོབ་པར་དགའ་བ་སྒོམ་པ་ཆབས་ཅིག་བོད་ནང་དཀའ་སྡུག་མྱང་དང་མྱོང་བཞིན་བོད་རིགས་དཔའ་བོ་དཔའ་མོ་རྣམས་ཀྱི་བཀའ་དྲིན་ལ་རྗེས་དྲན་ཞུ་རྒྱུ་ཡིན། རྒྱ་གཞུང་གིས་ང་ཚོ་བོད་རིགས་རྣམས་ལ་སེམས་ཅན་སྲོག་ཆགས་ཀྱི་འདུ་ཤེས་ཡང་མེད་པར་ད་དུང་ཁ་ནས་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་སོགས་སྙན་པོ་འཛམ་གླིང་གང་སར་སྒྲོག་གི་འདུག
    ད་དུང་དཔའ་འབྱོར་གྱི་དཔུང་ཤུགས་ཚད་ནས་རྒྱལ་ཁབ་མང་པོའི་ནང་བོད་ནང་བདེ་སྐྱིད་ཡོད་སྐོར་ཁྱབ་བསྒྲགས་བྱེད་ཀྱི་འདུག་་་དཔའ་རྒོད་ཚོས་འཛམ་གླིང་མི་མང་ཁྲོད་སོ་སོའི་ལོ་རྒྱུས་ཤོད་དགོས་པ་མ་ཟད། མི་ཡུལ་གྱི་དམྱལ་བར་ཡོད་པའི་བོད་མི་ཚོས་མགྲིན་ཚབ་གནང་ནས་མུ་མཐུད་གསར་འགྱུར་བརྒྱུད་ལམ་གཙིགས་སུ་འཛིན་རྒྱུ་གལ་ཆེ་བར་མཐོང།

    Reply
  17. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    རྒྱལ་གཅེས་དཔའ་རྒོལ་འདི་དག་ལ་རྟེན་འབྲེལ་ཞུ། འདི་དག་དང་རྨ་ཁ་སོགས་མཐོང་ན་དངོས་གནས་ངུ་བྲོ་བ་ཞིག་རེད། འདི་ནི་ཐར་འོང་བ་དག་རེད། ཐར་མ་ཐུབ་པར་རྒྱ་ལག་ཏུ་ཤོར་སོང་བ་ག་ཚོད་ཅིག་ཡོད་ཨང༌། ཨ་གནམ་རྒན་མ། དུས་རབས་ཉེར་གཅིག་པའི་ནང་འདིར་ད་དུང་རྒྱལ་ཁབ་ཆེན་པོ་འདི་ལ་འདི་འདྲའི་སྡུག་བསྔལ་ཞིག་ཡོད་དོན་ཅི་ཡིན། ང་ཚོ་ད་དུང་མི་འགྲོ་སར་འགྲོ་དབང་མེད་པ་དང༌། མིའི་བྱེད་སྟངས་བྱེད་དབང་མེད་པ་མ་རེད་དམ། འདི་འདྲ་མཐོང་ན་ད་གཟོད་རིག་པ་སྒྲིམ་དགོས་པའི་ཚོར་བ་ཞིག་ཡོང་གི་འདུག འདི་ལྟར་དཔའ་རྒོལ་ཚོས་རང་སྲོག་བློས་བཏང་ནས་སླེབས་ན་ང་ཚོས་ཕྱོགས་རིས་འཐེན་འཁྱེར་དང་དགའ་སྡུག་གི་འཁོར་ལོ་བསྐོར་ནས་སྡོད་པ་ངོ་ཚ་བ་ཞིག་རེད་ལ། ཁོང་ཁྲོ་ལངས་པ་ཞིག་ཀྱང་རེད། དཔའ་བོ་རྣམ་པ་བཞི་རྒྱལ་ལོ། བསམ་དོན་ལྷུན་གྱིས་འགྲུབ་པར་ཤོག

    Reply
  18. མཇང་རྩེ says:
    ལོ་ 16 སྔོན།

    ཁམས་པའི་དཔའ་བོ་ཚོ གཞིས་ལུས་བོད་མིའི་སྙིང་སྟོབས་ཁྱེར་ནས་ཡོང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese