མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལོ་བོད་ཀྱི་མཛངས་མའི་དབུ་རྒྱན་རྩོད་མཁན་བཞི་འདུག

བོད་ཀྱི་དུས་བབ།
༢༠༠༩/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒན་པ་ཚོའི་སྐྱོན་བརྗོད་དང། གཞོན་པ་ཚོའི་བསྟོད་བསྔགས་ཁྲོད་ནས་ ༢༠༠༩ ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་དེ་དངོས་སུ་མགོ་བཙུགས་ཏེ། ཕྱི་ཚེས་ ༢༨ ཀྱི་ཞོགས་པར་བོད་རིགས་གཞོན་ནུ་མ་བཞི་བཞུགས་སྒར་དུ་འཛོམས་ཡོད། ད་ལོ་ནི་བོད་ཀྱི་མཛངས་མ་འགྲན་བསྡུར་ཐེངས་བརྒྱད་པ་དེ་ཆགས་ཡོད་ལ། ན་གཞོན་བློ་བཟང་དབང་རྒྱལ་གྱི་དཀའ་སྤྱད་འབད་འབུངས་ཁྲོད། ལོ་རེ་བཞིན་རྣམ་པ་ཇེ་རྒྱས་དང༌། སྤུས་ཀ་ཇེ་ལེགས་ཀྱི་སྣང་ཚུལ་འདུག་མོད། ལོ་རེ་རེའི་མཛངས་མ་རང་ངོས་ནའང་བཟང་ངན་ལེགས་ཉེས་ཀྱི་གནས་སྟངས་ཅི་རིགས་ཤིག་ཡོང་གིན་ཡོད།

 

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ དང་ཕྱེད་ཀའི་སྟེང༌། བཞུགས་སྒར་ངྷ་རམ་ས་ལར་ ༢༠༠༩ ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་སྔོན་འགྲོའི་གསར་འགོད་གསལ་བསྒྲགས་དེ་བསྐྱངས་ཡོད་པ་དང། ད་ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་ཁྲོད་བུ་མོ་ ༤ མཉམ་ཞུགས་གནང་ཡོད་པ་དང། དེ་དག་རྡེར་རྡུན་ནས་ཡིན་ཞིང་རང་ལོ་ ༢༤ ཡིན་པའི་སྒྲོལ་དཀར་དང༌། རྡོ་རྗེ་གླིང་ནས་ཡིན་ཞིང་རང་ལོ་ ༡༨ ཡིན་པའི་ངག་དབང་ཆོས་དབྱངས། ངྷ་རམ་ས་ལ་ནས་ཡིན་ཞིང་རང་ལོ་ ༢༠ ཡིན་པའི་བསྟན་འཛིན་ཆོས་འཛོམས། སྦིར་གཞིས་ཆགས་ནས་ཡིན་ཞིང་རང་ལོ་ ༢༤ ཡིན་པའི་ཡེ་ཤེས་ལྷ་མོ་བཅས་ཡིན།

 

སྐབས་དེར་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་སྤྱི་ཁྱབ་བཀོད་འདོམ་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་ ༢༠༠༩ ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་ལས་རིམ་ངོ་སྤྲོད་གནང་དོན། ད་ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་འདི་ཐེངས་བརྒྱད་པ་དེ་ཆགས་ཡོད། སྔོན་མ་ལོ་ལྟར་སྤྱི་ཟླ་ ༡༠ བའི་ནང་ཚུགས་ཀྱི་ཡོད་ཀྱང༌། སྐབས་དེར་གནམ་གཤིས་གྲང་བ་དང། བོད་པའི་གཞིས་ཆགས་ཁག་སུལ་ཚོང་གི་སྐབས་ཡིན་པ། ཕྱི་རྒྱལ་ཁག་ཏུ་སློབ་གྲྭ་མགོ་འཛུགས་བྱས་ཡོད་པ་བཅས་ལ་འཁེལ་ཡོད་སྟབས། ད་ལོ་དུས་ཚོད་སྔ་ནུར་བྱས་པ་ཡིན། ཟེར།

 

ད་ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་ལ་སྙན་ཞུ་ ༧ འབྱོར་བ་ལས། གཅིག་ཨ་རི་དང་གཞན་དག་རྒྱ་གར་ནས་རེད། བུ་མོ་ ༣ ལ་སྒེར་གྱི་དཀའ་ངལ་ཞིག་གི་དབང་གིས་འགྲན་བསྡུར་ལ་ཞུགས་ཐུབ་མ་སོང། ཉིན་འགའི་སྔོན་ལ་བུ་མོ་གཉིས་ཀྱིས་གསར་དུ་མཛངས་མ་འགྲན་བསྡུར་ནང་ཞུགས་རྒྱུའི་རེ་འདུན་བཏོན་སོང་མོད། དེ་གཉིས་ང་ཚོས་ངོས་ལེན་བྱ་ཐུབ་ཡོད་པ་མ་རེད། གང་ཡིན་ཟེར་ན། གྲ་སྒྲིག་དང་སྦྱོང་བརྡར་མང་པོ་ཞིག་ཡོད་སྟབས། ཉུང་མཐར་ཟླ་གཅིག་གཉིས་གོང་ནས་སྙན་ཞུ་འབྱོར་དགོས་པ་རེད།

 

ཁོང་གིས་མུ་མཐུད་དེ། ད་ལོ་དམིགས་བསལ་ཞུ་རྒྱུ་ཞིག་ལ། ད་ལོ་བོད་ཀྱི་མཛངས་མ་འགྲན་བསྡུར་འདི་ནི། གཅིག་ནས་ང་ཚོ་རྒྱ་གར་ནང་བཙན་བྱོལ་བ་ཆགས་ཏེ་མི་ལོ་ ༥༠ འཁོར་གྱིན་ཡོད། ལོ་ངོ་ལྔ་བཅུའི་རིང་བོད་པ་ཚོ་རྒྱལ་སྤྱིའི་སྡིངས་ཆར་གཟི་བརྗིད་དང་བཅས་འཚོ་གནས་བྱས་ཡོད་པ་སྟོན་ཆེད་ཡིན་ལ། གཉིས་ནས་རྒྱ་གར་གཞུང་དམངས་གཉིས་ཀྱིས་ལོ་ ༥༠ རིང་བོད་པ་སྐྱབས་བཅོལ་བར་རོགས་རམ་གནང་ཡོད་སྟབས། དེ་རིང་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་གོ་སྐབས་འདི་བརྒྱུད་དེ་རྒྱ་གར་གཞུང་དམངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཅེས་ཀྱང་ཟེར།

 

བློ་དབང་གིས་བཤད་དོན། ད་ལོའི་འགྲན་བསྡུར་ནང་ཞུགས་མཁན་བུ་མོ་ཚོའི་ཆེད་དུ། ང་ཚོ་གོ་སྒྲིག་ཞུ་མཁན་གྱི་ངོས་ནས་ཆེད་ལས་མཁས་པ་གདན་འདྲེན་ཞུས་ཏེ། སྦྱོང་བརྡར་དང་སློབ་སྟོན་ཁག་ཁ་ཤས་གྲ་སྒྲིག་བྱས་ཡོད། དེང་དུས་ཀྱི་གླུ་གཞས་འཁྲབ་སྟོན་དང་སྒོམ་རྒྱག་སྟངས། བོད་པའི་ཁྱད་ཆོས་ལྡན་པའི་བཀའ་མོལ་གནང་སྟངས་དང་འགྲོ་འདུག་སྤྱོད་གསུམ། དེ་བཞིན་མཛེས་ཆོས་སྤྲས་སྟངས། བོད་པའི་ཆོས་དང་རིག་གཞུང༌། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་གི་གནས་སྟངས། ད་ལྟའི་བོད་ཀྱི་ཆབ་སྲིད་གནས་བབ་སོགས་ངོ་སྤྲོད་ཞུ་རྒྱུ་ཡིན་ལ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྒྲིག་འཛུགས་ཁག་དང༌། ངྷ་སའི་གཡས་གཡོན་གྱི་སློབ་གྲྭ་དང་དགོན་སྡེ་ཁག་ལ་གཟིགས་སྐོར་ལ་འཁྲིད་རྒྱུ་ཡིན། ཟེར།

 

བློ་དབང་ལྟར་ན། འགྲན་བསྡུར་དངོས་གཞི་དེ་ཟླ་དྲུག་པའི་ཚེས་ ༥ ནས་ ༧ བར་ཉིན་གསུམ་རིང་ཡིན་ལ། ཉིན་དང་པོར་ཆུ་རྐྱལ་དང༌། ཉིན་གཉིས་པར་བོད་དོན་དང་འབྲེལ་བའི་ཆོས་དང་རིག་གཞུང་ཐོག་ལ་བཀའ་མོལ་གནང་རྒྱུ་དང་ལུས་རྩལ་ཁག་ཅིག ཉིན་གསུམ་པར་ལས་རིམ་ཁ་ཤས་ཡོད་ཅིང་དེ་དག་གྲུབ་རྗེས། ༢༠༠༩ ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་མཐའ་མའི་སྟེང་བརྩོད་ཞུ་རྒྱུ་ཡིན། འགྲན་བསྡུར་ཁྲོད་ཀྱི་ཨང་དང་པོར་ཧིན་སྒོར་འབུམ་གཅིག་ ༡༠༠༠༠༠ དང༌། ཨང་གཉིས་པར་ཧིན་སྒོར་ལྔ་ཁྲི་ ༥༠༠༠༠ ། ཨང་གསུམ་པར་ཧིན་སྒོར་ཉིས་ཁྲི་ལྔ་སྟོང་ ༢༥༠༠༠ བཅས་ཡོད་ལ། ཨང་གྲངས་ནང་མ་ཚུད་པ་དེར་ཧིན་སྒོར་ལྔ་སྟོང་ ༥༠༠༠ བཅས་སྤྲོད་འཆར་ཡོད་འདུག

 

ལོ་ལྟར་བོད་ཀྱི་མཛངས་མ་འགྲན་བསྡུར་ལ་སྦྱིན་བདག་རག་རྒྱུ་ཁག་པོ་ཆགས་ཡོད་མོད། ཐེངས་འདིར་རྒྱ་གར་མུམ་བྷེ་གྲོང་ཁྱེར་གྱི་ཁ་པར་བཟོ་གྲྭ་ཆེན་པོ་ཞིག་གིས་སྦྱིན་བདག་གནང་ཡོད་འདུག དེ་བཞིན་ཐེངས་འདིར་རྒྱན་ཤོག་ཅིག་གྲྭ་སྒྲིག་བྱས་ཡོད་པ་དང༌། རྒྱ་ཤོག་རེ་ལ་ཧིན་སྒོར་ ༥༠ དང༌། རྒྱན་ཤོག་དེ་སུ་ལ་ཐོབ་པ་ཡིན་ན། རོགས་པ་གཞན་ཞིག་དང་བཅས་ཟླ་དྲུག་པའི་ཚེས་ ༨ ཉིན་གསར་དུ་བདམས་མ་ཐག་པའི་ ༢༠༠༩ ལོའི་བོད་ཀྱི་མཛངས་མ་དང་ལྷན་དུ་ཞལ་ལག་ཐུན་གཅིག་གོ་སྒྲིག་ཞུ་རྒྱུ་ཡིན་འདུག

 

སྒྲོལ་དཀར། རྡེ་ར་རྡུན་ནས་ཡིན་ཞིང་ད་ལྟ་རང་ལོ་ ༢༤ ཡིན། གློག་ཀླད་མཉེན་ཆས་དང་འཕྲུལ་ལས་བ། མོ་རང་གི་དགའ་ཕྱོགས་དཔེ་དེབ་ཀློག་རྒྱུ་དང་རྩོམ་ཡིག་འབྲི་བ། འགྲུལ་བཞུད་བཅས་ཡིན་འདུག གསར་འགོད་པས་ཁོ་མོར། བོད་ཀྱི་མཛངས་མ་འགྲན་བསྡུར་ནང་ཞུགས་རྒྱུའི་ཐོག་མའི་ཀུན་སློང་ཇི་ལྟར་འཁོར་ཚུལ་དྲིས་པའི་ལན་དུ་ཁོ་མོས། བོད་ཀྱི་མཛངས་མ་འགྲན་བསྡུར་དེ་བློ་བཟང་དབང་རྒྱལ་ཀྱིས་གསར་འཛུགས་གནང་བ་རེད། ང་རང་གི་བསམ་པར་ལས་དོན་དེ་ཧ་ཅང་ཡག་པོ་ཞིག་རེད་སྙམ་ཡོད། དམིགས་བསལ་གྱིས་བོད་པའི་བུ་མོ་ཚོར་གལ་ཆེན་པོ་རེད། རྒྱ་གར་ནང་གི་བོད་པ་སྐྱབས་བཅོལ་བ་ཚོ་ཕྱི་རྒྱལ་དག་དང་བསྡུར་བ་ཡིན་ན་རྗེས་ལུས་ཆེན་པོ་ཐེབས་ཡོད། སྔོན་མ་ནས་བོད་དོན་ཐོག་ལ་ལས་ཀ་ཞིག་བྱ་དགོས་སྙམ་ཡོད་ལ། གོ་སྐབས་འདི་འདྲ་ཞིག་རག་མ་ཐག་འཛུལ་ཞུགས་བྱས་པ་ཡིན། དེ་རིང་གསར་འགྱུར་བརྒྱུད་ལམ་མང་པོ་ཞིག་གི་མདུན་དུ་སླེབས་སྐབས། དངོས་སུ་ལག་ལེན་བསྟར་རྒྱུའི་དུས་ལ་སླེབས་པ་རེད་དྲན་གྱིན་འདུག གལ་སྲིད་ང་ལ་བོད་ཀྱི་མཛངས་མ་ཐོབ་པ་ཡིན་ན། སྐྱབས་བཅོལ་བོད་པའི་སྤྱི་ཚོགས་ནང་གི་དབང་བོ་སྐྱོན་ཅན་དག་ལ་རོགས་རམ་བྱ་འདོད་ཡོད་ཟེར།

 

ངག་དབང་ཆོས་དབྱངས། ད་ལྟ་རང་ལོ་ ༡༨ དང་རྡོ་རྗེ་གླིང་གི་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་ཡིན་ཞིང༌། མོ་རང་གི་དགའ་ཕྱོགས་ལག་རྩེད་སྤོ་ལོ་ཡིན། གསར་འགོད་པས་ཁོ་མོར། བློ་བཟང་དབང་རྒྱལ་གྱི་བོད་ཀྱི་མཛངས་མ་འགྲན་བསྡུར་ཐད་ལྟ་སྟངས་གང་འདྲ་ཡོད་པ་དང༌། ཁྱེད་ལ་ཐེངས་འདིར་ཨང་དང་པོ་ཐོབ་རྒྱུར་གདེང་ཚོད་ཡོད་དམ། ཞེས་དྲིས་པའི་ལན་དུ་ཁོ་མོས། ང་ཚོའི་བོད་པའི་སྤྱི་ཚོགས་ནང་བློ་བཟང་དབང་རྒྱལ་ལྟ་བུ་དགོས་ཀྱིན་འདུག གང་ཡིན་ཟེར་ན། བོད་པའི་བུ་མོ་ཚོ་འདི་འདྲའི་བྱ་འགུལ་ནང་ཞུགས་འདོད་ཡོད་ཀྱང༌། སྤྱི་ཚོགས་དང་ཁོར་ཡུག་གི་དབང་གིས་སྤོབས་པས་འདང་གིན་ཡོད་པ་མ་རེད། དེང་རབས་ཀྱི་གྱོན་ཆས་འདྲ་མིན་གྱོན་ཏེ། གཟུགས་པོ་ངོམ་རྒྱུར་འཚེར་གྱིན་ཡོད་པ་རེད། ང་ཚོར་རྒྱལ་ཁབ་མེད་ཀྱང་བོད་ཀྱི་མཛངས་མ་འགྲན་བསྡུར་ཟེར་བ་ཞིག་ཡོད་པ་འདི་ཧ་ཅང་གལ་ཆེན་པོ་རེད། ཐེངས་འདིར་ང་རང་ལ་བོད་ཀྱི་མཛངས་མ་ཐོབ་རྒྱུར་གདེང་ཚོད་གང་ཡང་མེད་མོད། རྒྱལ་སྤྱིའི་སྡིངས་ཆར་བོད་པའི་བུད་མེད་ཟེར་བ་ཞིག་ཡོད་པ་སྟོན་ཆེད་དང༌། འཛམ་གླིང་རྒྱལ་ཁབ་གཞན་གྱི་བུད་མེད་དག་དང་དཔུང་བ་མཉམ་གཤིབ་བྱ་ཆེད་ལས་འགུལ་འདིའི་ནང་འཛུལ་ཞུགས་བྱས་པ་ཡིན་ཟེར།

 

བསྟན་འཛིན་ཆོས་འཛོམས། ངྷ་རམ་ས་ལ་ནས་ཡིན་ཞིང་ད་ལྟ་རང་ལོ་ ༢༠ དང་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་མ་ཡིན། མོ་རང་གི་དགའ་ཕྱོགས་རྩེད་རིགས་དང་ཞབས་བྲོ། རོལ་དབྱངས་བཅས་ཡིན། གསར་འགོད་པས་ཁོ་མོར། ༢༠༠༩ ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་ནང་ཞུགས་རྒྱུའི་སྤོབས་པ་ཇི་ལྟར་སྐྱེས་པ་ཡིན། ཞེས་དྲིས་པའི་ལན་དུ་ཁོ་མོས། ང་རང་ཆུང་ངུའི་དུས་ནས་སི་ཇཱ་སློབ་གྲྭའི་སློབ་མ་ཡིན། སི་ཇཱ་སློབ་གྲྭ་ནས་ང་ལ་ཤེས་ཡོན་ཡག་པོ་རག་སོང༌། ད་ལྟ་ང་ལ་ཡོན་ཏན་གང་ཡོད་པ་དེ་སི་ཇཱ་སློབ་གྲྭའི་བཀའ་དྲིན་ཡིན། ཐེངས་འདིར་བོད་ཀྱི་མཛངས་མ་འགྲན་བསྡུར་ནང་ཞུགས་དོན་གཙོ་བོ། ང་དང་ང་ལྟ་བུའི་བོད་པའི་བུ་མོ་གཞོན་སྐྱེས་མང་པོ་ཞིག་གིས་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་ལྟད་མོར་བལྟ་རྒྱུ་ཙམ་ལས། སོ་སོ་འདི་ལྟ་བུའི་འགྲན་བསྡུར་ནང་ཞུགས་ཐུབ་ཀྱིན་ཡོད་པ་མ་རེད། སྡིངས་ཆའི་སྟེང་གི་འཁྲབ་སྟོན་ལ། ང་ཚོས་འོག་གི་མི་དམངས་དང་མཉམ་དུ་ལག་པ་བརྡབ་ནས་བསྡད་པ་ཡིན་ན། སོ་སོས་གང་ཡང་མ་འཇོན་པ་རེད། ང་རང་གི་རེ་བར་ངོ་ཚ་ནས་འདུག་རྒྱུ་མ་ཡིན་པར། གོ་སྐབས་རག་ན་སོ་སོ་དངོས་སུ་འཛུལ་ཞུགས་བྱས་ཏེ། འཛམ་གླིང་རྒྱལ་ཁབ་གཞན་གྱི་བུད་མེད་ཚོ་དང་དཔུང་པ་མཉམ་གཤིབ་ཀྱིས་བསྐྱོད་དགོས་ཟེར།

 

ཡེ་ཤེས་ལྷ་མོ། སྦིར་གཞིས་ཆགས་ནས་ཡིན་ཞིང་ད་ལྟ་རང་ལོ་ ༢༤ ཡིན། ད་ལྟ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྨན་ཞབས་མའི་ལས་ཀ་བྱེད་ཀྱིན་ཡོད། མོ་རང་གི་དགའ་ཕྱོགས་ཞབས་བྲོ་འཁྲབ་རྒྱུ་དང་དཔེ་དེབ་ཀློག་རྒྱུ་ཡིན། གསར་འགོད་པས་ཁོ་མོར། གལ་སྲིད་ཁྱེད་ལ་བོད་ཀྱི་མཛངས་མ་ཐོབ་པ་ཡིན་ན། བོད་དོན་ལ་ཕན་པའི་ལས་ཀ་གང་འདྲ་ཞིག་བྱ་ཐུབ་པ་རེད་དྲན་ཡོད། ཅེས་དྲིས་པའི་ལན་དུ་ཁོ་མོས། སྤྱིར་ཐེངས་འདིར་ང་ལ་བོད་ཀྱི་མཛངས་མ་ཐོབ་པའི་གདེང་ཚོད་གང་ཡང་མེད། འགྲན་བསྡུར་གང་འདྲ་ཞིག་ཡིན་རུང༌། ཐོབ་པ་དང་ཤོར་བ་རྒྱུན་ལྡན་ལྟ་བུ་རེད། ང་ལ་བོད་ཀྱི་མཛངས་མ་ཐོབ་མ་ཐོབ་ལ་ཁྱད་པར་མེད། སོ་སོས་སོ་སོའི་ངོ་ཚབ་བྱས་ཏེ་འགྲན་བསྡུར་འདིའི་ནང་ཞུགས་ཐུབ་པ་ཙམ་གྱིས་དགའ་བོ་བྱུང༌། ཐེངས་གཅིག་ལ་གོ་སྐབས་རག་པ་དེ་བེད་སྦྱོད་གཏོང་ཐུབ་ཡོད་སྟབས། མ་འོངས་པར་འགྱོད་པ་མེད་པ་ཞིག་ཆགས་ཡོད། གལ་སྲིད་ང་རང་ལ་བོད་ཀྱི་མཛངས་མ་ཐོབ་པ་ཡིན་ན། ཆུང་ས་ནས་བཤད་ན། སློབ་སྦྱོང་མུ་མཐུད་བྱ་རྒྱུ་ཡིན་ལ། བོད་དོན་ཐོག་ལ་ལས་ཀ་བྱ་རྒྱུ་དང་བོད་པའི་རྩ་དོན་ཐད་སྐད་ཆ་བཤད་རྒྱུའི་གོ་སྐབས་རག་སོང་བ་རེད་ཟེར།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༩ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 60

  1. long man says:
    ལོ་ 16 སྔོན།

    ᩏᨋ᫙ᩏᨋᫀᨋ᪠᫕ᨑᨋ᪢ᨋ᪱ᨕᨋ᫞ᨋ᩶ᨵ᫕ᨋ᪍ᨕᨋ᫗ᨕ᩶ᨋ᩶ᨓ᫕ᨑᨋ᪜ᨑ᫙ᨋ᪢ᨕᨋ᫗ᨑ᪄ᨋ᫄᩶ᨋᩏᨋ᫞ᨋ᪱᫇ᨓ᫥ᨋ᪱ᨋ᪱ᩲᨕᩏᨋᨵᨑᨋ᫕᩹ᨵᨋ ᫗ᨑ᪄ᨋ᪄᫥ᨋ᩶ᨋ᫙ᨓᨋᩏ᫥ᨋ᫳ᨋ᫞ᨵ᫥ᨋ᫕ᩜᨑᨵ᫥ᨋ᪱ᨓ᩶ᨋᨮᨕ᫥ᨋ᫕᩶᪱᫥ᨋ᪍ᨋ᫞ᨋᩚᨋ᫕ᩜᨕᨵᨋ᪣ᨓ᩶ᨋ᨜ᨑᨋ᫗ᨑ᪄ᨋ

    Reply
  2. འཇིག་ལྟ། says:
    ལོ་ 16 སྔོན།

    ངས་བྱས་ན་ཡེ་ཤེས་ལྷ་མོ་ལ་ཐོབ་ས་རེད། འོན་ཀྱང་མོ་རང་ལོ་ཆེ་མདོག་ཁ་པོ་འདུག།
    རྣམ་པའི་ཐོག་ནས་བཤད་ན་ཆོས་འཛོམས་མོ་རང་རེད་ཤག།
    མ་གཞི་ངག་དབང་ཆོས་དབྱངས་དེ་ཡང་བོད་གདོང་ཡག་པོ་འཁྱེར་རྒྱུ་འདུག་པས་ལབ་མ་ཤེས་པ་ཞིག་རེད།

    ཕྱི་རྒྱལ་བ་དེ་ཚོ་སྒྲོལ་དཀར་འདྲ་པོ་དེ་ཚོར་དགའ་པོ་བྱས་ཀྱི་རེད་དཱ།

    ཧ་ཧ་། མཐའ་དོན་བློ་བཟང་དབང་རྒྱལ་ལ་དྲི་རྒྱུ་རེད།

    Reply
  3. སྐལ་ནོར། says:
    ལོ་ 16 སྔོན།

    མི་ཤེས་ཡ། ད་ཁྱེད་ཚོས་མང་དྲག་ཡ་ཅིག་བཤད་འདུག ཁ་ཤས་ཀྱིས་མཛངས་མ་རེད་ཟེར། ཁ་ཤས་ཀྱིས་མཛེས་མ་རེད་ཟེར། ཁ་ཤས་ཀྱིས་ཡག་པོ་འདུག་ཟེར། ཁ་ཤས་ཀྱིས་ཡག་པོ་མི་འདུག་ཟེར། ངས་ནི་གང་ལ་ཉན་དགོས་པ་ཡང་ཤེས་ཀྱི་མི་འདུག ངས་བསམ་འཆར་ཚིག་གཅིག་འབུལ་ན་མཛེས་མ་དང་མཛངས་མ་གང་ཡིན་རུང་། རེབ་གོང་ཨ་ལགས་འཇིགས་མེད་དང་། མགོ་ལོག་ཨ་ཕ་དམ་ཆོས་དཔལ་བཟང་གཉིས་ལ་འདེམ་དུ་བཅུག་ན་དེའི་དགའ་གཅིག་ཀྱང་ཡོད་རྒྱུ་མ་རེད་འདོད་ཀི གང་ཡིན་ཟེར་ན་བུ་མོ་ཞིག་གི་ཐོག་ལ་ཐོན་དུས་དགའ་ཞེན་དང་། ཉམས་མྱོང་། ལྷག་བསམ། སེམས་ཤུགས། གཏོང་ཕོད། བརྩོན་འགྲུས། ཨུ་ཚུགས། སྡུག་རུས། ངོ་དགའ། སྤྲེལ་ལད། འཛུམ་མདངས། བཟོད་སྲན་སོགས་གང་ལ་ཐུག་ཀྱང་ཁོང་གཉིས་ལ་འགྲན་མཁན་དཀའ་ནི་རེད་ཡ།

    Reply
  4. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    བོད་ཀྱི་དུས་བབ་དྲ་ཐོག་ཏུ་བོད་ཀྱི་མཛངས་མའི་ལས་འགུལ་འདི་ལ་རྒྱབ་སྐྱོར་ཡོད་མེད་ཀྱི་བསམ་ཤོག་ཅིག་བསྡུ་གིན་ཡོད་སྟབས། དྲ་གྲོགས་ཚོས་སོ་སོ་དང་ཉེ་འཁོར་གྱི་གྲོགས་པོ་གྲོགས་མོ་ཚོས་བསམ་ཤོག་འདིའི་ནང་ཆ་ཤས་ལེན་པར་སྐུལ་མ་གནང་རོགས། ལྷག་པར་དུ། རང་རང་གི་ཉེ་འཁོར་དུ་ཡོད་པའི་བུད་མེད་དང་བུ་མོ་རྣམས་ཀྱི་བསམ་ཚུལ་སླེབས་ཐབས་ལ་རོགས་རམ་གནང་རོགས།

    Reply
  5. ཨྱེ་བུ། says:
    ལོ་ 16 སྔོན།

    ཉིས་སྟོང་དགུ་ལོའི་བོད་ཀྱི་མཛངས་མ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ།།

    Reply
  6. ཨྱེ་བུ། says:
    ལོ་ 16 སྔོན།

    ཉིས་སྟོང་དགུ་ལོའི་མཛངས་མ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ།།

    Reply
  7. ཨྱེ་བུ། says:
    ལོ་ 16 སྔོན།

    ཉིས་སྟོང་དགུ་ལོའི་བོད་ཀྱི་མཛངས་མ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ།
    བོད་མི་རིགས་ཆེ་ས་ཆུང་ས་ནས་དུས་རབས་ཀྱི་རྗེས་རྙེག་ཅི་ཐུབ་བྱ་རྒྱུ་དེ་གལ་ཆེན་པོ་ཞིག་དང་ལམ་ཁའང་གསར་པ་ཞིག་རེད། གང་ལྟར་འཇིག་རྟེན་འདིར་རང་དོན་མི་བསམ་པའི་མིའི་རིགས་བྱུང་དཀའ་ན་ཡང་། བདེ་དོན་དང་གཞན་དོན་ཡང་ལས་སླ་བོ་ཞིག་མ་རེད།
    འོན་ཀྱང་གཞུང་དོན་འདི་ང་ཚོའི་བོད་མི་རིགས་མཚོན་ན་དེ་བས་གལ་ཆེ་བ་མ་ཟད་སེམས་ནས་མི་བརྗེད་པ་བྱེད་རྒྱུ་དེ་དོན་དག་གཅིག་རེད། འོན་ཀྱང་ངས་འདི་ནས་བུ་མོ་བཞི་བོའི་ནང་གི་མཛེས་མ་དང་རྣམ་པ་སུ་ལ་ཡོད་མེད་བལྟ་མི་ཤེས། ངས་དེའི་ཆེད་ལས་ཀྱི་ལས་ཀ་ལས་མྱོང་མེད། དེང་སྐབས་མི་གཅིག་གི་བསམ་ཚུལ་ལ་རྒྱལ་ཁ་མེད་པ་གསལ་བོ་རེད། འོན་ཀྱང་ངས་འདི་ནས་ཞུ་རྒྱུ་ཞིག་ལ་ན་ནིང་གི་བོད་མཛངས་སྐབས་སུ་ཟློས་གར་ཁང་ནས་གཞོན་སྐྱེས་ཁག་གཅིག་གིས་ཆང་རག་འཐུང་ནས་ཤེལ་དམ་སོགས་ཀྱིས་རྡོ་བཞུས་ནས་མཛད་སྒོ་ཡག་པོ་གཅིག་སྤེལ་ཐུབ་མེད་པའི་གནས་ཚུལ་ཡང་བདེན་རྫུན་གཉིས་ཀྱི་སྐད་ཆ་གཞིག་གོ་སོང་། འདི་འདྲ་རྩ་བ་ཉིད་ནས་ལས་རྒྱུ་ཡོད་མ་རེད། ང་ཚོ་ལ་མཚོན་ན་སྐྱབས་བཅོལ་འཚོ་བའི་ནང་གི་དམིགས་བསལ་འཛམ་གླིང་མི་རིགས་ཀྱིས་ང་ཚོ་ལ་བལྟས་བསྡད་ཡོད་རེད། ང་ཚོས་དོན་དག་ཆུང་ཆུང་གི་གནད་དོན་ཞིག་གིས་ནང་ཁུལ་ལ་དགྲ་འཛིན་བྱས་ན་ནང་ཁུལ་ལ་གནོད་པ་མ་ཟད་ཕྱིའི་མི་རིགས་ལ་ཇི་ལྟར་ངོ་སྤྲོད་བྱ།
    རྡོ་རྩ་གཅིག་སྒྲིལ་གྱི་བསམ་བློ་དེ་ནམ་ཡང་ལྷོད་མི་ཉན། དམ་འཛིན་བྱ་དགོས་པ་ངོ་མ་རེད། ངས་འདི་ནས་བསླབ་བྱ་འདྲ་བོ་རྐྱང་རྐྱང་བཤད་ན་ཀློག་མཁན་རྣམས་པར་དགོངས་འགལ་མེད་པ་ཞུ་རྒྱུ། ནོར་འཁྲུལ་རེ་ཡོད་ན་ལམ་སྟོན་གནང་རོགས་ཞུ།།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ཡིག་ནོར་ཡིག་ནོར་ཡིག་ནོར་ མཛངས་མ མཛངས་མ་ མཛངས་མ མཛེས་མ་མཛེས་མ་མཛེས་མ ཨ་ཤུ་རེ་གོ བོད་ནང་དུ་གཞིས་ལུས་མི་མང་གིས་གླུ་དབྱངས་ཤིག་བླངས་ཀྱང་སྐྱབས་མགོན་དྲན་གླུ་དང་བོད་མིའི་སྐྱིད་སྡུག་རེད་འདུག

    Reply
  9. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    དྲ་གྲོགས་ཆུ་ཐིགས་སྔོན་མོའི་བསམ་ཚུལ་ལ་འཐད་གི་མཛེམ་མ་དང་མཛངས་མའི་ཡག་བཙོག་སྐྱུར་ཞིང་ང་ཚོས་རང་གི་ཟིན་བྲིས་ཀྱི་དག་ཆར་བཟབ་པར་གལ། མ་གཞི་གུས་པ་ཡིག་ནོར་གྱི་བདག་པོ་ཞིག་ཡིན་པས་དཀའ་ངལ་འདུག་ད

    Reply
  10. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ངས་དྲ་གྲོགས་ཚོས་བསམ་འཆར་བྲིས་པར་བལྟས་དུས་་ངོ་མ་སེམས་སྐྱོ་བ་ཞིག་རེད། གང་ཡིན་ཟེར་ན་དྲ་ཚིགས་འདིར་ཕེབས་མཁན་ཚོ་བོད་ཀྱི་རིག་གཞུང་ལ་དོ་སྣང་ཅན་དང་སྦྱང་འབྲས་ཡོད་པ་རྐྱང་རྐྱང་ཡིན་རྒྱུ་རེད་བསམ་ཡོད། ཡིན་ནའང་བསམ་འཆར་ནང་ཡིག་ནོར་ཧ་ཅང་མང་པོ་ཤོར་འདུག་པས་དངོས་གནས་ཡིད་སྐྱོ་བ་རེད།

    Reply
  11. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    གང་ལྟར་མི་གཅིག་ལ་ཁེ་ཕན་རག་ན་འགྲིག་གི་ཡོད་པ་རེད། བློ་བཟང་དབང་རྒྱལ་ལ་མཛངས་མ་ཞིག་སྤྱད་རྒྱུའི་ཁེ་ཕན་དང། མཛངས་མ་དེར་སྒོར་མོ་འགའ་ཤས་ཀྱི་ཁེ་ཕན་ཡོད་པས།་ ཕན་ཚུན་གཉིས་ལ་གྱོང་མེད་པས་ང་ཚོས་དེའི་སྐོར་ལ་རྩོད་པ་བྱེད་མི་དགོས། མཛངས་མའི་དབུ་རྒྱན་དེ་ན་ཆུང་དང་རྨོ་མོ་གང་ལ་ཐོབ་ཀྱང་མཛངས་མ་རེད། ད་དུང་བོད་སྐད་དང་བོད་ཡིག་མ་ཤེས་ཀྱང་མཛངས་མ་རེད། འུར་མ་རྒྱགས་མཛངས་མ་ཚོ་དཀྲོགས་ཡོང། མཛངས་མ་ཚོ་འདྲོག་སོང་བློ་དབང་གི་ཁ་ལ་རྡོ་ཞིག་གཞུས་པ་དང་འདྲ་བས་འུར་མ་རྒྱག་རོགས

    Reply
  12. ཨརྱ། says:
    ལོ་ 16 སྔོན།

    ངོ་མ་འདི་ལ་འཛངས་མའི་འགྲན་བསྡུར་ལས་མཛེས་མའི་འགྲན་བསྡུར་ཞེས་བརྗོད་ན་འོས་པ་རེད། སྤྱིར་དེ་གཉིས་གང་ཡིན་ཡང་དགོས་ངེས་རེད།

    Reply
  13. མིག་གསུམ་པ། says:
    ལོ་ 16 སྔོན།

    མཛངས་མའི་དབུ་རྒྱན་སུ་ལ་ཐོབ་མིན་ད་དུང་སེམས་སུ་ནག་ཐོམ་ཐོམ།།
    མཛེས་མ་འགྲན་སའི་་སྟེགས་བུ་ཡིན་ན་བུ་མོ་བསྟན་ཆོས་རེ་བ་འདུག
    ཨ་མ་སྒྲོལ་དཀར་ཡེ་ཤེས་ལྷ་མོ་འདི་རུ་ཡོང་བ་ངལ་བའི་རྒྱུ།།
    ངག་ཆོས་འགྲན་ཡུལ་བསྟན་ཆོས་ཡིན་པས་ལྟ་མོ་དེ་ཙམ་གདའ་བར་སྣང་།།

    Reply
  14. རྟ་བདུན་དབང་བོ། says:
    ལོ་ 16 སྔོན།

    བུ་མོ་བཞི་བོ་འདིའི་རྣམ་པ་ཧ་ཅང་ལེགས་པོ་འདུག ད་ཡིན་ན་སུ་ཞིག་ལ་ཐོབ་རྒྱུ་སྒུག་ན་བསྡད་ཡོད།

    Reply
  15. jamyangdakpa says:
    ལོ་ 16 སྔོན།

    read

    Reply
  16. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ཨ་མ་སྒྲོལ་དཀར་ངལ་གསོ་བྱོས་ཤིག་ཐོབ་རྒྱུ་མིན་ནོ་ལུང་བསྟན་ཡིན།།
    ངག་དབང་ཆོས་དབྱངས་ཕྱིར་འཐེན་ཇུས་མིན་ཕམ་ཁ་མིན་ད་འགྲོ་ས་མེད།།
    ཡེ་ཤེས་ལྷ་མོར་ལྟས་པ་ཙམ་གྱིས་འདོད་ཆགས་ཆེ་བས་རེ་བ་མེད།།
    བསྟན་འཛིན་ཆོས་སྐྱིད་ཁོ་མོ་རང་གིས་བར་ཆད་ལམ་སེལ་འདོན་ན་བཟང་།།

    Reply
  17. ཁྱུང་ཚང་། says:
    ལོ་ 16 སྔོན།

    དོན་གྱི་མཛངས་མའི་འགྲན་བསྡུར་ཞིག་ཡིན་མིན་མི་ཤེས་མོད། མིང་དང་སྒོར་མོའི་འགྲན་བསྡུར་འདིའི་ཁྲོད་རྩོལ་བ་མེད་པའི་རྔན་པ་དེ་བུ་མོ་ཡེ་ཤེས་ལྷ་མོ་ལ་ཐོབ་རྒྱུའི་བཟོ་ལྟ་བུ་ཞིག་འདུག གང་ལ་ཟེར་ན་གཟུགས་དང་རྣམ་པ། རྣམ་འགྱུར་གྱི་བབ་ལ་བལྟས་ནའང་ཅུང་ཟད་སྔོན་དཔག་བྱེད་ཐུབ། དེ་མིན་གྱི་གཞན་བསྟན་འཛིན་ཆོས་འཛོམས་འགྲིག་ཡོད་ཀྱང་གཟུགས་པོས་རྒྱ་ཆ་མར་བཅག་མི་ཡོང་ངང་སྙམ། གཞན་གཉིས་ཀྱིས་དཀའ་ལས་མ་བརྒྱབ་ན་ལེགས་པར་མཐོང། གང་ལྟར་ད་ལོའི་འགྲན་བསྡུར་འདིའི་ཁྲོད་སུ་ཞིག་ལ་རྒྱལ་ཁ་ཐོབ་ན་དེ་ངས་ཆུང་མར་ལེན་ཐག་ཆོད་ཡིན།

    Reply
  18. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    མཛངས་མ་དང་མཛེས་མའི་རྐུབ་དང་གདོང་པ་ལ་ལྟོས་ནས་བསྡད་བའི་དུས་ཚོད་ཅིག་བརྟན་མ་རེད་བསམ།ཉི་མ་རེ་རེ་ལ་ང་ཚོའི་སྤུན་ཟླ་ཚོའི་ཟུངས་ཁྲག་གི་རྒྱུ་བ་ཇེ་བསྐམས་ནས་ཇེ་བསྐམས་རེདལ་དབུགས་ཀྱི་རྒྱུ་བ་ཇེ་འཐུང་ནས་ཇེ་འཐུང་རེད།

    Reply
  19. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    གང་ལྟར་ད་ཐེངས་འདིའི་ནང་ན་མཛངས་མ་ཚེ་རིང་སྐྱིད་ཀྱི་དོ་ཟླ་ཡོང་མཁན་གཅིག་ཀྱང་མི་འདུག དྲ་གྲོགས་ཚོས་ཡིད་མ་ཆེས་ན་མཆོད་མེ་དྲ་ཁང་དུ་ཕྱིན་ལ། མཛེམ་མ་སྙན་ངག་པ་ཚེ་རིང་སྐྱིད་ཀྱི་འདྲ་པར་བདམས་བཀོད་ལ་ཅིག་གཟིགས་དང་།

    Reply
  20. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    མཛངས་མ་མཛེས་མ་གང་ཡིན་ན་ཡང་རང་རང་གི་ཁྱད་ཆོས་ངེས་པར་དུ་ཚང་དགོས་པ་རེད།ལྷག་པར་དུ་བོད་ཀྱི་མཛངས་མ་ཡིན་ན་བོད་ཀྱི་ཐུན་མོང་མ་ཡིན་པའི་ཤེས་ཡོན་གྱི་ཆུ་ཚད་ཧ་ཅང་གི་མཐོ་བོ་མེད་ན་ཡང་དེའི་མིང་གཞི་ངེས་པར་དུ་དགོས་པ་རེད་ཡིན་ན་ཡང་ཁོ་ཚོས་རང་གི་མིང་་དག་མོ་ཞིག་ཀྱང་འབྲི་མི་ཤེས་རེད།སྒོར་མོ་རྐྱང་རྐྱང་ལ་འདོད་རྔམ་ཆེ་བའི་བོད་ཀྱི་བུད་དམན་དེ་དག་ལ་བོད་ཀྱི་རིག་གཞུང་ལ་ཤ་ཚ་མེད་པ་མ་ཟད་དོ་སྣང་ཡང་རྩ་ནས་མེད་པ་རེད་འདི་འདྲའི་བོད་ཀྱི་མཛངས་མ་ཞིག་གི་ང་ཚོ་ལ་ཅི་ཞིག་བྱེད་དཔལ་འབྱོར་ཆུ་ཟོས་སུ་བཏང་བ་ཁོ་ན་རེད་་མ་གཏོགས་ཕན་ཐོགས་ཅུང་ཙམ་ཡང་མི་འདུག་་་་བོད་ཀྱི་མཛེས་མ་ཡིན་ན་ཡང་འགྲིག་གི་འདུག་ལ་དེ་ཡང་མ་རེད་མཛེས་ཆོས་ཀྱིས་ཀྱང་སྟོང་པ་སྟོང་རྐྱང་རེད།འདོད་རྔམ་དང་ཆགས་སྲེད་ཀྱིས་བྲན་གཡོག་ཁོ་ན་ལས་བརྩམ་པའི་བྱ་བཞག་འདི་ལ་དོན་སྙིང་གཅིག་ཀྱང་མི་འདུག་་་་དེ་ལས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་གི་འགྲན་བསྡུར་ཞིག་བྱེད་ཐུབ་ན་་་དབུགས་ཀྱི་རྒྱུ་བ་ཆད་ལ་ཉེ་བའི་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་གི་གསོན་ཤུགས་ལ་དངོོས་གནས་ཕན་ཐོགས་རླབས་ཆེན་ཡོད་པ་རེད་ལ་དོན་སྙིང་ཡང་ཆེན་པོ་རེད།གཞི་ལུས་ཚོའི་དཀའ་སྡུག་གི་འོག་ནས་མནར་གཅོད་མྱང་དང་མྱོང་བཞིན་པའི་སྐབས་འདི་འདྲ་ཞིག་ལ་གར་སྟེགས་སྟེང་དུ་མཛེས་ཉམས་དང་དགའ་ཉམས་ཡིན་མདོག་མདོག་བྱས་བ་ལ་དངོས་གནས་ངོ་ཚ་དགོས་པ་ཞིག་རེད།ན་ནིང་དང་ད་ལོ་ང་ཚོ་ལ་མྱ་ངན་ཆེན་པོ་ཞིག་ཡོད་པ་བརྗེད་མི་ཉན་པ་ཤེས་དགོས་པ་རེད།དེ་བས་ལོ་ངོ་འདི་གཉིས་རིང་ལ་ལོ་གསར་གྱི་མཚོན་པའི་གཞས་སྣ་འཁྲབ་སྟོན་སོགས་གཞུང་གི་བྱེད་སྒོ་ཁག་ཀྱང་གནས་སྐབས་མཚམ་འཇོག་བྱས་ཡོད་པ་རེད་དངོས་གནས་མི་ཀླེན་མེད་ཞིག་མིན་ན་དེ་དག་བློ་ཡིད་དུ་འཁོར་དགོས་པ་ཤིག་རེད་་་་ད་དུ་འདོད་སྲེད་ཀྱི་རྦ་རླབས་འཕྱར་བའི་དབྱིན་ཇིའི་རྐུབ་རྡེག་མཁན་ཁ་ཤས་ཤིག་གི་ད་དུང་རྒྱབ་སྐྱོར་གྱི་སྐད་ཆ་བཤད་ཀྱིན་འདུག་་ཁྱོད་ཚོ་ངོ་མི་ཚ་ན་ང་ངོ་ཚ་ཀི

    Reply
  21. བཙན་པོ། says:
    ལོ་ 16 སྔོན།

    གོང་གི་མཆན་འདེབས་མཁན་ཚོ་ཁྱེད་ཚོས་འུར་མ་བརྒྱགས། སྤྱིར་བཤད་ན་འཛངས་མ་འགྲན་བསྡུར་ཟེར་བ་འདི་གླད་པ་ལྗང་ཁུའི་སྲོལ་རྒྱུན་རྙིང་ཀོག་ཅིག་རེད། སྔོན་མ་རྒྱལ་པོ་དང་སྐུ་དྲག་ཚོས་བུད་མེད་མཛེས་མ་ཚོ་རྩེད་སྐྱེད་བྱེད་པའི་ལུགས་སྲོལ་ངན་པ་ཞིག་རེད། དེ་ཕྱིར་འཛམ་གླིང་ཐོག་གིས་མི་མང་པོ་ཞིག་གིས་དེ་ལ་ངོ་རྒོལ་བྱེད་ཀི་ཡོད་ནི་རེད། ལྷག་པར་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་ཚོས་ངོ་རྒཽལ་བྱེད་ཀི་ནི་རེད།
    བློ་བཟང་དབང་རྒྱལ་གྱིས་འཛངས་མ་འགྲན་ནས་སྤྱིན་བདག་བཙལ་ཀི་ཡོད་པ་རེད། བུད་མེད་ཁ་ཤས་དེ་ལ་འཛུལ་ཞུགས་བྱེད་ཀིན་ཡོད་ནི་ཕྱི་རྒྱལ་ལ་ཐར་ཆེད་རེད། དེ་ནི་འཛངས་མ་འགྲན་བསྡུར་མ་རེད། ཕྱི་རྒྱལ་ལ་འགྲོ་བའི་འགྲན་སྡུར་རེད། བློ་དབང་གིས་ཁ་གསལ་བོ་བྱས་ནས་འཛངས་མ་སུ་ལ་ཐོབ་ན་དེ་ཕྱི་རྒྱལ་ལ་འགྲོ་ཐུབ་ནི་རེད་ལབ་ན་འཛུལ་ཞུགས་བྱེད་མཁན་མང་བ་ཡོང་སྲིད་པ་རེད།བོད་ཀྱི་འཛངས་བོད་སྐད་དག་མ་བཤད་མི་ཤེས་བ་ཞིག་ཡོད་བགྱི་མ་རེད།

    Reply
  22. གངས་ཕྲུག says:
    ལོ་ 16 སྔོན།

    ཡེ་ལྷ་་སྒྲོལ་དཀར་རྒན་མོའི་ཞལ་རས་འཛིན།།
    རྡོར་གླིང་ངག་ཆོས་བྱད་བཞིན་དཀྱུས་ཞེང་ཆེ།།
    མཚར་སྡུག་ཡིད་འོང་དཀར་དམར་ཆ་སྙོམས་པས།།
    མཛེས་མའི་ཅོད་པན་བསྟན་ཆོས་ཁོ་ནར་འོས།།

    Reply
  23. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    ལས་འགུལ་འདི་བོད་ཀྱི་ངོ་ཚ་ཁྲེལ་ཡོད་ཀྱི་ལུགས་སྲོལ་དང་མི་མཐུན་པ་ཞིག་རེད།དེར་མ་ཟད་བུ་མོ་འདི་ཚོའི་་མིག་ལ་སྤྲང་མས་དུག་སོང་བ་འདྲ།

    Reply
  24. སྒྲོལ་མ། says:
    ལོ་ 16 སྔོན།

    བོད་ཀྱི་མཛངས་མ་འགྲན་བསྡུར་ཡིན་ནམ། ཡང་ན་མཛེས་མ་འགྲན་བསྡུར་ཡིན། བྱ་འགུལ་འདི་༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་དགོངས་པ་དང་མཐུན་པ་ཞིག་ཡིན་ནམ། ཡང་ན་འགལ་བ་ཞིག་ཡིན། བྱ་འགུལ་འདིས་བོད་མི་རིགས་ཀྱི་ལས་དབང་ལ་ཕན་གྱིན་ཡོད་དམ། ཡང་ན་གནོན་གྱིན་ཡོད། བདག་ལ་རྒྱུས་མངའ་གང་ཡང་མེད་མོད། ༼ ད་ལོ་བོད་ཀྱི་མཛངས་མའི་དབུ་རྒྱན་རྩོད་མཁན་བཞི་འདུག ༽ ཅེས་བའི་གསར་འགྱུར་འདི། ཆུ་ཚོད་ཉེར་བཞིའི་རིང་ཀློག་གྲངས་ཆིག་སྟོང་ལས་བརྒལ་བ་འདི་གུས་མོའི་སྤོབས་པ་ཡིན།

    Reply
  25. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    གང་ལྟར་ག་གེ་མོ་ཞིག་གི་རླུང་ཡར་ལ་རྒྱུགས་
    གང་ལྟར་ཅིག་མ་ལུང་ཐུང་ཞིག་གིས་ཁ་ལས་མར་ལ་རྒུད་
    གང་ལྟར་ཅིག་ཅིག་བློ་དབང་མཉམ་དུ་ཉལ་
    གང་ལྟར་ལས་ངན་མ་ཞིག་ཐོབ་ཤོར་གྱི་འཁྲེང་སེམས་ཁུར་ནས་ཡུ་ལ་ལོག།

    Reply
  26. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    གང་ལྟར་འདིའི་ནང་ན་ཚེ་རིང་སྐྱིད་ཀྱི་དོ་ཟླ་ཡོང་མཁན་གཅིག་ཀྱང་མེད་གི

    Reply
  27. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ལེགས་ལམ་ད་དེ་སྔོན་སོང་མྱོང་ཡོད་ནི་མ་རེད་ད། ད་ཡིན་ན། རྫ་ཡིག་སྨུག་གི་ལུང་བ་ན།། ཤྭ་རྒས་པའི་ཤ་མིན་མེད་པས་ན།། ཟས་དེ་ཡིས་མི་ཆོག་རང་ཆོག་རེད།། ད་ཐབ་ཀ་སྒྲིགས་དང་ཤ་བཙོ་ཡ།།

    Reply
  28. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    མཛངས་མ་མིན་མཛེས་མ་ནི་དེ་བས་ཀྱང་མིན་བུ་མོ་བཞི་འདི་ད་ལ྄ྟ་རང། བ྄ློ་བཟང་དབང་ར྄ྒྱལ་གྱིས་ཁྲིད་དེ་གངས་ས྄ྐྱིད་ལ་གཟིགས་མོར་ཕེབས་འདུག་ གངས་ས྄ྐྱིད་བུ་མོ་ཚོར་མིག་རིག་རིག་གིས་ལ྄ྟ་བཞིན། “དེ་འདྲ་ད་ང་རང་ཡང་ཉན་ས་རེད། “ཟེར་མཁན་གང་མང་མང་རེད་འདུག་ ང་ཚོའི་ལས་ཁུངས་ནང་གི་བུ་མོ་དེའང་ངའི་མཐོང་ས྄ྣང་ལ་ཁོ་ཚོ་བཞི་ལས་ཅུང་མཛེས་པ་མེད་དམ་ས྄ྙམ། གཟུགས་པོ་ར྄ྣམ་པ་གཉིས་ཀ་ལ྄ྡན་པས་ང་ཚོས་ཁོ་མོར་ཁྱོད་རང་འགྲན་བས྄ྡུར་ལ་སོང་ན་ཏན་ཏན་ཐོབ་ཀི་རེད་ཟེར་མཁན་མང་པོ་འདུག་

    Reply
  29. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    དྲང་མོར་བཤད་ན། འདི་ལ་མཛངས་མ་ཟེར་ན་མི་འགྲིག་གི་ མཛེས་མ་འགྲན་བསྡུར་ཟེར་ན་མ་གཏོགས། མཛངས་མ་ལ་མཛངས་མའི་ཡོན་ཏན་ཞིག་དགོས་པ་རེད། མཛངས་མ་ཟེར་བ་དེ་འདི་འདྲའི་རིགས་ཡོང་ན་དོན་དམ་པའི་མཛངས་མ་དག་ག་བར་འཇོག དེའི་དོན་ནི་མཁས་པ་ཞེས་པ་དང་འདྲ་བས། འདི་དག་ལ་དེ་ལྟ་བུའི་མིང་ཞིག་ཐོབ་མིན་དྲ་གྲོགས་ཚོས་དཔྱད་བསྡུར་གྱིས་ཐག་གཅོད་པར་བྱ།

    Reply
  30. ཁྲག says:
    ལོ་ 16 སྔོན།

    ཨ་ཤུ་རེ་གོ རྡ་སྟེང་བུ་ཁྱིམ་སློབ་གྲྭའི་དགེ་རྒན་གསལ་སྒྲོན་ཡོང་མེད་ཀ ངས་མེ་ཏོག་ཁེར་མོ་ཡོང་ཡོད་རྒྱུ་ན་འདི་ཚོ་འདྲ་མོ་སྒོང་ང་སྟེར་ནི་རེད།

    Reply
  31. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    རྒྱུན་ལུགས་ལྔ་ལྡན་མཛངས་མའི་ཁྱད་ཆོས་ཤིག་མེད་ཀྱང་།།
    གདོང་ལ་རྩམ་སྐྱ་བྱུགས་པས་མཛེས་མ་ལ་འཁྲུལ་བས།།
    བསིལ་ལྗོངས་ར་བའི་དོན་ལ་ཕན་པ་ཞིག་མེད་ཀྱང་།།
    འདོད་ལྡན་སྐྱེ་བོའི་སེམས་ལ་གནོད་པ་རང་མེད་འདུག།

    Reply
  32. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    རྒྱུན་ལུགས་ལྔ་ལྡན་མཛངས་མའི་ཁྱད་ཆོས་ཤིག་མེད་ཀྱང་།།
    གདོང་ལ་རྩམ་སྐྱ་བྱུགས་པས་མཛེས་མ་ལ་འཁྲུལ་བས།།
    བསིལ་ལྗོངས་ར་བའི་དོན་ལ་ཕན་པ་ཞིག་མེད་ཀྱང་།།
    འདོད་ལྡན་སྐྱེ་བོའི་སེམས་ལ་གནོད་པ་རང་མེད་འདུག།

    Reply
  33. མིག་གསུམ་པ། says:
    ལོ་ 16 སྔོན།

    2009ལོའི་མཛངས་མ་དང་ལྷན་དུ་ཞལ་ལག་ཐུན་གཅིག་རོལ་ན་ཅི་ཞིག་ཐོབ་པ་རེད། ཨོ་རེད་་་་་་་་་་བདེ་བ་ཅན་ལ་བུད་འགྲོ་བ་ཨེ་རེད།

    Reply
  34. མིག་གསུམ་པ། says:
    ལོ་ 16 སྔོན།

    ད་ལོར་མཛངས་མ་རྣམས་པས་སེམས་ཤུགས་མ་ཆགས་པར་ཕེབས་པ་ཡག་པོ་འདུག

    Reply
  35. ཚུལ་ཁྲིམས་མཐར་ཕྱིན། says:
    ལོ་ 16 སྔོན།

    ཨོ་མཚར་བོ།   བུ་ཁོག་གི་ཕ་ཡུལ་ནས་བུ་མོ་ལོ་ཉི་ཤུ་ལ་སླེབས་དུས་རྨོ་རྨོ་ཟེར་གྱི་ཡོད་པ་འདྲ།  འདི་སོ་གོ་མ་མྱོང་བའི་གསར་འགྱུར་ཞིག་རེད།

    Reply
  36. བུ་ཁོག་ says:
    ལོ་ 16 སྔོན།

    བོད་ཀྱི་མཛངས་མ་ཞེས་པ་ཐོས་དུས་ང་དགའ་པོ་ཡང་འདུག་ལ་སྡིང་ཆའི་སྒང་གི་རྨོ་རྨོ་དག་མཐོང་དུས་ང་སྐྱོ་པོ་ཡང་འདུག་ ཨོ་་་་ཨོ་་་།

    Reply
  37. bukhok says:
    ལོ་ 16 སྔོན།

    བུ་མོ་ངག་དབང་ཆོས་དབྱངས་རྣམཔ་དང་རྣམ་འགྱུར་ཞུ་དགོས་ཡག་མི་འདུག་་་་ ངས་བྱས་ན་་མོ་རང་ཨང་དང་པོ་རེད་ཤག་།

    Reply
  38. འཁྱམས་པོ། says:
    ལོ་ 16 སྔོན།

    འོ་ཡ་་་་རེད་ བསྟན་འཛིན་ཆོས་འཛོམས་ལ་ཐོབ་རྒྱུ་ཡིན་པ་འདྲ། རྣམ་པ་དང་བསམ་བློ་གང་ལ་བལྟས་ན་ཁོ་མོ་ཡིན་པ་འདྲ།
    ཡཡ་་་ གང་ལྟར་རྟེན་འབྲེལ་ཞུ་ ཡག་པོ་འདུག དགའ་བསུ་ཡོད།
    བློ་དབང་ལ་བཀའ་དྲིན་ཆེ་ཞུ་རྒྱུ་བྱུང་ ལོ་ལྟར་འདི་བཞིན་དཀའ་པ་སྤྱད་པ་དེ་ཧ་ལས་པ་རེད།

    Reply
  39. རུ་དམ་ལུང་གི་བུ།། says:
    ལོ་ 16 སྔོན།

    གང་ལྟར་ཡང་སུ་ལ་ཐོབ་ན་འགྲིགས། འགྲན་བསྡུར་འདི་ལ་ཕེབས་ཡག་པོ་རེད། གངས་ལྗོངས་ལ་ཞབས་ཞུ་ཞུ་འདོད་ཀྱི་བསམ་པ་དེ་མ་བོར་བ་གྱིས་ཤིག བཀྲ་ཤིས་བདེ་ལེགས།

    Reply
  40. གངས་ཕྲུག says:
    ལོ་ 16 སྔོན།

    འོ་་་་་་་ང་ཚོ་རྡ་སའི་བུ་མོ་དེ་སྔའི་བྱུང་རབས་གཏམ་རྒྱུད་གཙང་མ་ཡོད་ན་རྣམ་པ་ལ་སྐད་ཆ་མིན་འདུག ཕོ་བརྒྱ་སེམས་པ་ཤོར་ཞིང་མོ་བརྒྱ་སྙིང་རླུང་ལྡང་དགོས་པ་རང་རེད། ནང་གི་ཤེས་རིག་ཡོནྟ་དང་སྤྱི་ཚོགས་ཀྱི་ཉམས་མྱོང་ཡང་ལོ་ལ་དཔག་པའི་ཡག་པོ་ཡོད་པར་ཤོག ཁོ་རེ་་་་བློ་བཟང་དབང་རྒྱལ་་་་བུ་མོ་འདི་ལ་ལག་པ་འཆང་མི་ཆོག ཁྱོད་ལ་ཡིད་ཆེས་ཞེ་དྲག་མེད་དཱ།

    Reply
  41. སོག་མེ་རི། says:
    ལོ་ 16 སྔོན།

    ང་ཡང་མོ་ཆས་སྤྲད་ནི་འགྲནསྡུར་ལ་འགྲོ་གི་ཡིན་ ཨང་དང་པོ ཡ་ཡ།

    Reply
  42. མེ་སྒྱོགས་རྒྱ་མཚོ། says:
    ལོ་ 16 སྔོན།

    ད་ལོའི་མཛངས་མའི་འགྲན་བསྡུར་ནང་དུ་མར་སྤགས་བརྫིས་སྟངས་ཀྱི་རྩལ་དང་རྣམ་པ། གཙང་ལོད་དང་མགྱོགས་ལོད་། ཞིམ་ལོད་དང་བཅུད་ཆེ་ལོད་བསྡུར་རྒྱུ་ཡོད་པ་ཞིག་བཟོ་ན་ཡག་པོ་ཡོད་ས་རེད་བསམ་གྱི་འདུག

    Reply
  43. ཡོན་བྷེ། says:
    ལོ་ 16 སྔོན།

    ཟ་ལེ་རྒྱལ་ལགས་ལ་མིག་མེད་པ་འདྲ།

    Reply
  44. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    བོད་ཀྱི་མཛངས་མའི་དབུ་རྒྱན་བསྟན་འཛིན་ཆོས་འཛོམས་ལགས་ཀྱི་རེད།།

    Reply
  45. ཟ་ལེ་རྒྱལ། says:
    ལོ་ 16 སྔོན།

    ཚང་མ་ལ་སོ་མེད་པ་འདྲ།

    Reply
  46. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    གཟུགས་སྒྲོལ་དཀར་ཡག་གི ཞལ་བསྟན་འཛིན་ཆོས་འཛོམས་ཡག་གི ༼ ངས་ངྷ་ས་ནས་ཁོ་མོ་ཐེངས་མང་མཐོང་མྱོང་ལ། སེམས་ཀྱང་དགའ་རབ་ཅིག་ཤོང་མྱོང་། ༽ སློབ་སྦྱོང་དང་ཀུན་སྤྱོད། གཞས་ཞབས་བྲོ་སོགས་ལ་གཞན་གཉིས་མཁས་པར་ཤོག

    Reply
  47. གངས་ཕྲུག says:
    ལོ་ 16 སྔོན།

    རྭ་ལོ་ལགས། བསྟན་འཛིན་ཆོས་འཛོམས་ཀྱི་ཡག་ཅིག་མེད་གི། ཡག་པོ་མིན་རབས་དྲངས་རྒྱུ་ཡོད་ན་དྲངས་རོགས། དེ་མིན་ཁྱེད་རང་གི་བཤད་པ་དེ་སྤྱི་མ་སྦོམ་ཞིག་རེད། རྗེས་མ་སླར་ཡང་སྡོན་མ་བཞིན་མཱནཇུ་ཊི་ལའི་སྨད་ཚོང་མར་མཛེས་མའི་ཅོད་པན་རག་པ་རེད་ཟེར་བ་ལྟ་བུ་ཞིག་ཆགས་ན་ཡག་པོ་མེད་པས་ད་ལྟ་ནས་ཐེར་འདོན་བྱས་ན་ཕྱིས་དྲགས་ཡོད་མ་རེད།

    Reply
  48. དཀོན་མཆོག says:
    ལོ་ 16 སྔོན།

    བསྟན་འཛིན་ཆོས་འཛོམས་ལགས་དང་ཡེ་ཤེས་ལྷ་མོ་གཉིས་གང་རུང་ཞིག་ལ་ཐོབ་ས་རེད། གང་ཡིན་ཟེར་ན། དེ་རཱ་ལྡུན་གྱི་ཨ་མ་སྒྲོལ་དཀར་ལགས་ནི་རྨོ་བོ་ཆགས་ཟིན། ཐོབ་མི་སྲིད་པ་རེད། རྡོ་རྗེ་གླིང་གི་ངག་དབང་ཆོས་དབྱངས་ཞེས་པ་ནི་བོད་པ་གཙང་གཙང་མ་རེད་ལ་བོད་སྐད་ནི་དེ་བས་ཀྱང་མི་ཤེས།

    Reply
  49. ཚེ་རིང་སྐྱིད། says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ་ད་ལོ་བུ་མོ་བཞི་བྱུང་བར་ཡར་རྒྱས་ཀྱི་རྣམ་པ་འདུག་ལ་མུ་མཐུད་ནས་ལེགས་ལམ་ལ་འགྲོ་བའི་རེ་བ་ཡོད།

    Reply
  50. རྭ་ལོ། says:
    ལོ་ 16 སྔོན།

    བསྟན་འཛིན་ཆོས་འཛོམས་ཀྱི་ཡག་ཅིག་མེད་གི།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese