ཚེ་རིང་སྐྱིད།
༡ བོད་སྤྱི་ཚོགས་དང་མཛངས་མའི་ལས་འགུལ།
སྤྱི་ལོ་ ༢༠༠༢ ལོར་བོད་ཀྱི་མཛངས་མའི་འགྲན་བསྡུར་གྱི་ལས་འགུལ་ཐོག་མར་སྤེལ་སྐབས། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་མཛངས་མའི་འགྲན་བསྡུར་ཞེས་པ་ཞིག་གོ་སྒྲིག་བྱེད་བཞིན་པ་དེ་ནི་ཐད་ཀར་བོད་པའི་རིག་གཞུང་ལ་འགལ་ཡོད་སྟབས་ཧ་ཅང་བཀྲ་མི་ཤིས་པའི་ལས་ཀ་ཞིག་རེད་ཅེས་དང་། འདི་ལྟའི་ལས་འགུལ་གྱི་ཁ་ཕྱོགས་དེར་༧གོང་ས་མཆོག་གིས་ཀྱང་ཐུགས་དགྱེས་པོ་མི་གནང་བ་ངས་བརྗོད་ཐུབ་༼བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༢༡༡ ནང་དུ་གསལ༽ཅེས་གསར་འགྱུར་བརྒྱུད་ལམ་ཁག་ལ་གསུངས་ཡོད་པ་དང་། བོད་གཞུང་གི་འབངས་མི་ཞིག་ལ་མཚོན་ན་བཀའ་བློན་ཁྲི་པ་མཆོག་གི་གསུང་འདིར་འགལ་དགོས་པ་དང་། དེ་བཞིན་བཀའ་བློན་ཁྲི་པ་མཆོག་གི་གསུང་ལ་ལད་ཟློས་དང་ཡང་ན་ཡི་རངས་བྱེད་མཁན་གྱི་བོད་མི་དང་བོད་སྤྱི་ཚོགས་ཀྱི་ཁ་གཏད་དུ་ལངས་དགོས་པ་ནི་ཇི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་། ཡིན་ན་ཡང་གུས་མོས་བོད་ཀྱི་མཛངས་མའི་འགྲན་བསྡུར་ལ་ངོས་དང་ཟུར། གོང་དང་འོག་གང་ནས་བལྟས་ཀྱང་ལས་འགུལ་འདི་ཐད་ཀར་བོད་པའི་རིག་གཞུང་དང་འགལ་བའི་སྣང་བརྙན་ཞིག་གཏན་ནས་མཐོང་གི་མི་འདུག་ལ། བོད་ཀྱི་ཆོས་དང་རིག་གཞུང་ལ་འགལ་བའི་ལས་ཀ་བརྩམས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་ངོ་རྒོལ་ཡང་གཏན་ནས་བྱེད་ཀྱིན་མེད་པས། ངས་གོང་གི་བཀའ་ཁྲིའི་གསུངས་དེ་རྒྱུ་མཚན་གང་འདྲ་ཞིག་གི་འོག་ནས་གསུངས་པར་ངེས་ཤེས་རྙེད་ཐབས་མ་བྱུང་། ཡིན་ན་ཡང་བཀའ་ཁྲི་མཆོག་གིས་གསར་ལམ་ཁག་ལ་གསུངས་འདི་བསྒྲགས་པ་ནས་བོད་མི་རྒན་དར་གཞོན་གསུམ་གྱིས་བོད་ཀྱི་མཛངས་མ་ཟེར་ན་བོད་མི་རིགས་ཀྱི་དགྲ་ལྟ་བུའི་ངོས་འཛིན་དང་འཕྱ་སྨོད་བྱས་ཡོད་པའི་སྣང་ཚུལ་མངོན་ཡོད་ལ། མཛངས་མའི་མིང་ཐོབ་མཁན་གྱི་མི་སྒེར་དང་ནང་མི་སོགས་རྒྱབ་ལྗོངས་མང་པོ་ཞིག་ལ་ཡང་གནོད་པའི་གཏམ་འཆལ་གང་མང་སྤེལ་ཡོད་པ་རེད། དམིགས་བསལ་གྱིས་མཛངས་མའི་ལས་འགུལ་འདི་ལ་མགོ་བཀའ་ཁྲི་ནས་། གཞུང་ཞབས་དང་བོད་མི་རྒན་དར་གཞོན་གསུམ། ཐ་ན་ཁྲོམ་ལམ་དུ་ཐ་མག་ནག་པོ་འཐེན་མཁན་དང་ལྡི་ལིར་མཱ་ཅུང་ཀ་ཊི་ལི་རུ་ཚེ་གང་བོར་ཀེ་རམ་རྩེད་ནས་འདུག་མཁན་ལ་སོགས་པས་འཕྱ་སྨོད་དང་སྡུག་ར་སྣ་ཚོགས་སྐུལ་ཡོད། མཛངས་མའི་འགྲན་བསྡུར་ལ་མི་འདོད་པའི་རྣམ་འགྱུར་སྟོན་མཁན་དང་རྩོམ་ཡིག་སྤེལ་མཁན། བགྲོ་གླེང་བྱེད་མཁན། གླེང་སློང་བྱེད་མཁན་སོགས་ལ་བོད་མི་རིགས་ཀྱིས་ཐུན་མོང་གི་རྡོག་རྩ་གཅིག་ཏུ་སྒྲིལ་ནས་ཁ་གཏད་ཀྱི་ནུས་པ་གང་ཐུབ་བཏོན་ཡོད། ཡིན་ན་ཡང་ཐའེ་ཝན་གོང་མིན་ཏང་དང་འབྲེལ་འདྲིས་ཀྱིས་རང་གི་བུ་རབས་ཚ་རྒྱུད་ལ་རྒྱུ་ནོར་གྱི་ཁེ་བཟང་བླངས་རྗེས་ཕྱིར་བོད་སྤྱི་ཚོགས་སུ་ཡོང་ནས་ངར་ངར་རྫིག་རྫིག་བྱེད་མཁན་དང་། དེ་བཞིན་བོད་གཞུང་གི་སློབ་གྲྭ་ཁག་ཏུ་རིན་མེད་ཀྱི་སློབ་སྦྱོར་བྱེད་བྱེད་མཐར་དོལ་རྒྱལ་ཚོགས་པ་སོགས་སུ་ཞུགས་ཏེ་དྲིན་ཆེན་ལ་དྲིན་ལོག་བྱེད་མཁན། ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་རིས་ཀྱིས་ནང་ཁུལ་དབྱེན་དཀྲུག་མཁན། བླ་རྫུན་གྲྭ་རྫུན་འགས་བོད་པའི་མིང་ཁུར་ནས་ཕྱི་གླིང་མགོ་སེར་ཚོར་མགོ་བསྐོར་གཏོང་མཁན། ཁ་ཡག་ངོ་དགའི་འོག་ནས་སྐུ་སྒེར་ཡིག་ཚང་ནས་དངུལ་ལེན་པ་དང་གཞུང་དངོས་སྒེར་སྤྱོད་བྱེད་མཁན། རྒྱའི་དངུལ་གྱིས་བསླུས་པའི་ནང་རུལ་བ་སོགས་ལ་བོད་མི་སྤྱི་ཡོངས་ནས་མ་གྲོས་གཅིག་མཐུན་གྱིས་ངོ་ལོག་གི་བསམ་པས་འཕྱ་སྨོད་དང་དགྲ་བོར་ངོས་འཛིན་བྱེད་མྱོང་ངམ།
འདི་ལྟར་འུར་དང་འདྲོགས་ལ་དགའ་བའི་བོད་མིའི་སྤྱི་ཚོགས་ཀྱིས་གནའ་ནས་ད་བར་བོད་སྤྱི་ཚོགས་ཁྲོད་ཀྱི་རླབས་ཆེན་གྱི་སྐྱེས་བུ་མང་པོ་འུ་ཐུག་ཏུ་བཅུག་ཡོད་ལ། རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས།། གསར་བ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས།། ཞེས་རླབས་ཆེན་གྱི་སྐྱེས་བུ་ཞིག་གིས་སྡོམ་ཚིག་བཞག་པ་ལྟར་བོད་མི་རིགས་འདིས་གནའ་ནས་ད་བར་མི་རིགས་གཞན་གྱི་མིག་ལམ་དུ་འོད་ཀྱིས་སྦྲུམ་པའི་སྐྱེས་བུ་མང་པོ་ཞིག་ལ་འཆི་ལམ་ལ་སོགས་པའི་འུ་ཐུག་གི་ལམ་ཀ་གུ་དོག་པོར་འདེད་ཀྱིན་ཡོད་ན། བོད་མི་རིགས་འདིས་མཛངས་མའི་འགྲན་བསྡུར་ལྟ་བུའི་ལས་འགུལ་ལ་ནག་སུབ་དང་ངོ་ལོག་བྱེད་པར་དཀའ་ལས་ཡོད་མི་སྲིད།
སྤྱིར་བཤད་ན་མཛངས་མའི་ལས་འགུལ་ལྟ་བུའི་རིག་གནས་གསར་བ་མང་པོ་ཞིག་ནང་འདྲེན་བྱེད་པ་ནི་དུས་རབས་ཉེར་གཅིག་གི་ནང་དུ་འགོར་མེད་ཀྱང་སྔ་གཏན་ནས་མེད་ལ། དེ་དང་འབྲེལ་བའི་སྒྱུ་རྩལ་གྱི་རིག་ལམ་མང་པོ་ནས་འགྲན་བསྡུར་གྱི་རྣམ་པས་ལས་འགུལ་སྤེལ་བ་ནི་སྤྱི་ཚོགས་ཤིག་གི་སྤྱིའི་སྤུས་ཀ་མཐོར་འདེགས་གཏོང་བའི་ལམ་བུ་ཡག་ཤོས་ཤིག་ཡིན་མོད། ཡིན་ན་ཡང་རང་རེའི་བཙན་བྱོལ་སྤྱི་ཚོགས་སུ་དུས་ནམ་ཡང་མི་ཚང་མས་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་གཏོང་དགོས་ཟེར་ཞོར། ཆོས་དང་རིག་གཞུང་རྒྱུད་འཛིན་བྱེད་མཁན་ནི་ཉམ་ཆུང་རྒྱབ་རོགས་མེད་པའི་བོད་མི་འགའ་ཤས་ཡིན་པར་ངོས་འཛིན་གྱིས། མགོ་ནས་སྐད་ཆ་སྙིང་རྗེ་མོ་བཤད་མཁན་མང་པོ་ཞིག་གིས་རང་གི་བུ་རབས་ཚ་རྒྱུད་ནི་བོད་མི་ཕྱེད་ཀ་རུ་གཏོང་གི་ཡོད་པ་རེད། ཐ་ན་བོད་ཀྱི་གླུ་བ་གླུ་མ་གསོ་སྐྱོང་བྱེད་པ་ལྟ་བུའི་དུས་རབས་དང་མཐུན་པའི་གར་སྟེགས་གཅིག་ཀྱང་བསྐྲུན་ཐུབ་ཀྱིན་མེད་པ་དོན་ངོ་མ་གང་ལ་ཁག་དཀྲི་བྱ་དགོས་སམ། གཞིས་ལུས་བོད་མི་ནི་རྒྱ་ནག་གི་སྲིད་དབང་སྒེར་གཅོད་ཀྱི་འོག་ཏུ་ཡོད་ཀྱང་ས་གནས་སོ་སོས་རང་རང་གི་མི་རིགས་ཀྱི་སྐད་ཡིག་སོགས་ལ་སྲུང་སྐྱོབ་རྒྱ་ཆེར་གནང་ཡོད་པ་རེད་ལ། ལས་རིགས་གང་ཡིན་ཡང་དུས་རབས་དང་མཉམ་དུ་མཉམ་བསྐྱོད་བྱ་ཐུབ་ཀྱིན་ཡོད་ཀྱང་། བཙན་བྱོལ་སྤྱི་ཚོགས་ཀྱིས་ལྷ་ཀླུ་གཉན་སྐྱོང་གི་ཆོ་ག་དང་ཁ་གཡང་སྙན་མོ་ཞིག་གི་འོག་ནས་མི་ལོ་ ༥༠ འདས་སོང་བ་རེད། མི་ལོ་ ༥༠ རྗེས་སུ་བོད་སྐད་དང་བོད་ཀྱི་ཆོས་དང་རིག་གཞུང་ལ་རྒྱང་ཐག་རིང་བའི་བོད་མི་ཕྱེད་ཀ་ཡིན་པའི་མི་རབས་ཤིག་གསོ་སྐྱོང་གནང་ཡོད་པ་རེད་ལ། ད་དུང་རིག་གཞུང་དང་སྐད་ཡིག། མི་རིགས་ཀྱི་ཁ་གཡང་སྒྲོག་ནས་མི་ལོ་ག་ཚོད་ལ་སྣང་མེད་སྒྱུད་ལུག་གི་གོམས་སྲོལ་འདི་རྒྱུད་འཛིན་དང་དར་སྤེལ་གཏོང་ངམ།
༢ རྒྱལ་སྤྱིའི་སྤྱི་ཚོགས་དང་མཛངས་མའི་ལས་འགུལ།
བོད་ཀྱི་གསར་འགྱུར་རྒྱུད་ལམ་ཁག་ལས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བོད་ཀྱི་མཛངས་མ་ཞེས་པའི་ལས་འགུལ་འདིར་དོ་སྣང་ཤུགས་ཆེན་བྱེད་ཀྱིན་ཡོད་ལ། ཕྱི་རྒྱལ་གསར་འགོད་པ་ཚོས་ཐོག་མར་སྐད་ཆ་འདྲི་སྐབས། བཀའ་བློན་ཁྲི་པ་ཡིས་རྒྱུ་མཚན་གང་འདྲ་ཞིག་གི་འོག་ནས་ལས་འགུལ་འདིར་ངོ་རྒོལ་བྱས་པ་རེད་དམ་ཞེས་དྲི་བ་འདོན་གི་རེད། འདི་ལྟར་རིམ་བཞིན་འདས་པའི་ལོ་ངོ་འདི་དག་ནང་ལ་བོད་ཀྱི་མཛངས་མ་ཞེས་པའི་མིང་འདི་ཕྱི་རྒྱལ་གསར་ལམ་ཁག་ལ་མཐོང་རྒྱུ་མང་པོ་ཡོད་པ་ཞིག་ལ་གྱུར་ཡོད་པ་དང་། མཛངས་མའི་མིང་འདི་ཐོབ་མཁན་ཚོ་ས་ཆ་ཁུག་ཀྱོག་ཅིག་ལ་སོང་ཡང་ས་དེ་གའི་མི་རྣམས་ལ་བོད་དོན་སྐོར་ངོ་སྤྲོད་བྱ་ཐུབ་ཀྱིན་ཡོད། དེང་སྐབས་འཛམ་གླིང་སྟེང་མི་མང་པོ་ཞིག་ལ་ཆབ་སྲིད་ཟེར་ན་མགོ་རྙོག་པོ་རེད་ཟེར་གི་རེད་ལ། ཉན་འདོད་ཀྱང་བྱེད་ཀྱིན་མེད་ཀྱང་། བོད་ཀྱི་མཛངས་མ་ཞེས་པའི་མིང་འདི་རྒྱུད་ནས་རིག་རྩལ་དགོང་ཚོགས་ཤིག་འཚོགས་ཀྱང་གཞོན་སྐྱེས་མང་པོ་ཞིག་གི་དོ་སྣང་འདྲེན་ཐུབ་ཀྱིན་ཡོད་པ་ནི་དངོས་ཡོད་ཡིན་ལ། དོ་སྣང་འདི་དང་འབྲེལ་ནས་བོད་མི་རིགས་ཀྱི་གནས་སྟངས་ངོ་སྤྲོད་དང་རྒྱབ་སྐྱོར་འཚོལ་ཐུབ་ཀྱིན་ཡོད་པ་རེད། ཁོ་ཚོས་རང་བཞིན་གྱིས་བོད་ཀྱི་མཛངས་མ་ནི་འགན་ཆེན་པོ་ཅིག་ཡོད་པའི་མི་སྣ་ཞིག་ལ་ངོས་འཛིན་བྱེད་ཀྱིན་འདུག ཡིན་ན་ཡང་བོད་པའི་སྤྱི་ཚོགས་ཀྱིས་བོད་ཀྱི་མཛངས་མ་ཞེས་པའི་མིང་འདི་དང་འབྲེལ་བའི་བོད་མི་རིགས་ཀྱི་ལོ་རྒྱུས་ནང་གི་བུད་མེད་ཚོའི་གནས་སྟངས་ལ་བསམ་ཞིབ་མི་བྱེད་པར། བོད་ཀྱི་མཛངས་མའི་མིང་འདི་ཐོབ་མཁན་དང་ཡང་ན་ལས་འགུལ་འདི་ལ་འཛུལ་ཞུགས་བྱེད་མཁན་དེ་ཚོ་གར་སྟེགས་སྒང་གི་གར་པ་ལྟ་བུ་ལ་ངོས་འཛིན་གིན་འདུག མི་རིགས་གཞན་པ་དེ་ཚོས་ང་ཚོ་ལ་འགན་ཅིག་ཡོད་པ་དང་རྒྱལ་ཁབ་མེད་པ་ཅིག་ཡིན་པའི་ངོས་ནས་མི་རིགས་ཀྱི་འཐབ་རྩོད་དང་འབྲེལ་བའི་འགན་ཞིག་ཡོད་པར་བསམ་ཤེས་བྱེད་ཤེས་ཀྱང་བོད་པ་རང་ཉིད་ཀྱིས་དེ་འདྲའི་ངོས་འཛིན་གསལ་པོ་བྱེད་མ་ཐུབ་པའི་རྒྱུ་རྐྱེན་གང་ལ་ཐུག་གམ།
༣ མཛངས་མ་ཚོ་དང་མཛངས་མའི་ལས་འགུལ།
སྤྱི་ལོ་ ༢༠༠༣ དང་ སྤྱི་ལོ་ ༢༠༠༥ ལོར་མཚོན་ན་འགྲན་བསྡུར་ལ་ཞུགས་མཁན་གཅིག་རེ་ལས་བྱུང་མེད་མོད། ཡིན་ན་ཡང་ང་ལ་མཚོན་ན་བོད་རིགས་བུ་མོ་ཚང་མ་རང་གི་འགྲན་ཡ་ལ་ངོས་འཛིན་གྱིན་ཡོད། དང་ཐོག་ངས་ཀྱང་འགྲན་ཡ་མེད་པའི་འགྲན་བསྡུར་གྱི་རྣམ་པ་དེ་ལ་ངོས་ལེན་བྱེད་འདོད་མ་བྱུང་བར་ལོ་རྗེས་མར་སླར་ཡང་འཛུལ་ཞུགས་བྱེད་འདོད་ཡོད་པའི་རེ་བ་བཏོན་ཡང་དེ་ལྟར་འགྲུབ་མ་སོང་བར་ ༢༠༠༣ གྱི་བོད་ཀྱི་མཛངས་མ་ཞེས་པའི་མིང་དེ་ང་ལ་བདག་ཏུ་བཅུག་སོང༌། འོན་ཏེ་ཕྱོགས་གཅིག་ནས་བཤད་ན་ནུབ་གླིང་དུ་དར་ཏེ་ལོ་ངོ་བརྒྱ་ཕྲག་འགོར་ཡོད་པའི་རིག་གནས་རྙིང་བ་འདི་འདྲ་ཞིག་དུས་རབས་ ༢༡ གི་འཛམ་གླིང་ཤར་ཕྱོགས་ཀྱི་གྲངས་འབོར་ཧ་ཅང་ཉུང་བའི་མི་རིགས་འདིར་རིག་གནས་གསར་བའི་ཚུལ་གྱིས་དར་ཏེ་དེ་ལ་སྤྱི་ཚོགས་དང་གཞུང་ཕྱོགས་ནས་ངོས་ལེན་མེད་པའི་རྣམ་འགྱུར་སྟོན་བཞིན་པའི་སྐབས། ལོ་ན་ ༢༠ ལ་བུད་མ་ཐག་པའི་བུད་མེད་ཅིག་རྒྱབ་སྐྱོར་དང་ངོས་ལེན་ཅི་ཡང་མེད་པའི་སྒང་ནས་སྤོབས་པ་དང་རེ་སྙེགས་ཀྱིས་གར་སྟེགས་དེར་ལངས་ཐུབ་པ་བྱུང་བ་ནི་ངས་རང་གི་གཟི་བརྗིད་དང་ངོ་གནོངས་མི་དགོས་པའི་གདམས་ཀ་ཞིག་ཏུ་བསམ་གྱིན་ཡོད་ལ། འབྱུང་འགྱུར་བོད་རིགས་བུ་མོ་ཚོར་དུས་རབས་དང་མཐུན་པའི་གར་སྟེགས་ཤིག་བསྐྲུན་པར་རམ་འདེགས་བྱས་ཡོད་པར་སྤོབས་པ་སྐྱེས་ཀྱིན་ཡོད། དེར་མ་ཟད་སྤུས་ཀ་མི་བཟང་བ་ཡིན་ན་གྲངས་ཀ་མང་པོ་ཡོད་པས་མི་ཕན་པ་དང་མིང་སྐམ་པོ་ཅིག་འདོག་ས་ཡོད་པ་ཙམ་གྱིས་འགྲིག་གི་ཡོད་པ་མ་རེད་བསམ་གྱིན་ཡོད། ལྷག་པར་དུ་བཙན་བྱོལ་དང་ཕྱི་རྒྱལ་ཁག་ན་ཡོད་པའི་བོད་པའི་བུ་མོ་ཚང་མ་ངའི་འགྲན་ཡ་རེད་བསམ་གྱིན་ཡོད་ལ་ལས་འགུལ་དུ་ཐོ་གྲངས་བཀོད་མཁན་ ༡༠ ཡོད་ཀྱང་འགྲན་བསྡུར་དངོས་གཞིའི་ཁྲོད་སླེབས་མེད་པ་ནི་སྤོབས་པ་མེད་པ། ཁེར་ཚུགས་ཀྱི་བསམ་བློ་མེད་པ། ཕུགས་བསམ་མེད་པ། གཞན་བསྟེན་ལ་དགའ་བ། ངོ་ལོག་གི་འདུ་ཤེས་མེད་པ་སོགས་ལ་ངོས་འཛིན་གྱིན་ཡོད། བོད་པའི་བུ་མོ་ཚོ་ནི་ཆེས་བཏང་སྙོམས་རེད། མི་རིགས་ཀྱི་འགན་ཁྲིའི་འདུ་ཤེས་ཕར་ཞོག་ཐ་ན་རང་ཉིད་ལ་ཕུགས་འདུན་དང་རྨི་ལམ་མི་འདུག འདི་ལྟ་བུའི་སྤྱི་ཚོགས་ཤིག་དང་གནས་སྟངས་ཤིག་གི་འོག་ནས་བོད་ཀྱི་མཛངས་མའི་མིང་ཐོབ་མཁན་དང་ཡང་ན་འཛུལ་ཞུགས་བྱེད་མཁན་ཚང་མ་ནི་ངས་མ་མཐར་ཡང་རང་གི་ཕུགས་བསམ་མངོན་འགྱུར་ཡོང་བར་འབད་བརྩོན་གནང་མཁན་དང་རང་གིས་རང་ཉིད་ལ་འགན་བླངས་པར་ངོས་འཛིན་གྱིན་ཡོད། ལྷག་པར་དུ་༧གོང་ས་མཆོག་གིས་ཡང་དག་པའི་ཆབ་སྲིད་ཀྱི་ལྟ་གྲུབ་ལ་ངོས་འཛིན་པའི་འཚེ་བ་མེད་པའི་ལམ་ནས། བཙན་བྱོལ་གཞུང་མང་གཉིས་ཀྱིས་ནམ་དུས་ཁ་ལ་ཐོགས་པའི་བོད་དོན་དྲིལ་བསྒྲགས་སོགས་ཀྱི་ཐད་རང་ནུས་གང་ཡོད་འདོན་ཐུབ་པ་ནི་ང་ཚོ་ངོ་གནོངས་མི་དགོས་པའི་ལས་དོན་ཞིག་རེད། ཡིན་ན་ཡང་འདི་དང་མཉམ་དུ་མཛངས་མའི་མིང་ཐོབ་མཁན་ཚོར་འགན་ཆེན་པོ་ཡོད་ལ། འགན་འདིའི་ཆེད་དུ་རང་ཉིད་སྒེར་གྱི་མི་ཚེ་དང་ལྷིང་འཇགས་སོགས་བློས་གཏོང་བྱ་དགོས་པ་ལས། མིང་ཐོབ་པ་དང་མཉམ་དུ་གསར་འགྱུར་བརྒྱུད་ལམ་ཁག་ལ་སྐད་ཆ་རྫིག་པོ་རེ་བཤད་རྗེས་གྲགས་མེད་གོ་མེད་བྱ་མི་ཉན་ལ། ལྷག་པར་དུ་བོད་པའི་སྤྱི་ཚོགས་དང་རྒྱང་དུ་གྱེས་ཏེ་འགན་མེད་རིང་ལུགས་ཀྱི་འདུ་ཤེས་གཏན་ནས་འཛིན་མི་ཉན། བོད་ཀྱི་མཛངས་མ་ཞེས་པའི་མིང་འདི་ནི་ད་ལྟའི་ང་ཚོའི་མི་རིགས་ཀྱི་གནས་སྟངས་ལ་མཚོན་ན་འགན་ཆེན་པོ་ལེན་དགོས་པའི་མིང་ཞིག་ཡིན་ལ། འགན་ཆེན་པོ་དེ་ཁ་བཤད་ལ་ཡང་གཏན་ནས་བརྗེ་མི་ཉན་པར་དངོས་སུ་རང་རང་ལ་དཔག་པའི་ནུས་པ་དང་འཇོན་ཐང་དེ་དང་མཐུན་པའི་སྤྱི་ཚོགས་ཀྱི་བྱེད་སྒོ་ཁག་ལ་མཉམ་ཞུགས་གནང་དགོས་པ་དང་བོད་མི་དང་སྐྱིད་སྡུག་མཉམ་མྱོང་བྱ་ཐུབ་དགོས་པ་ལས། བྱ་དགའི་དངུལ་དང་མཉམ་དུ་མིང་ཡང་ཁུར་ནས་བོད་སྤྱི་ཚོགས་དང་ཁ་བྲལ་སོང་ན་དེ་ཡིས་ང་ཚོའི་ལས་འགུལ་འདི་དང་དེ་བཞིན་མི་རིགས་འདི་ལ་འགན་གང་ཡང་མ་བླངས་པའི་མཚོན་རྟགས་ཡིན། ང་རང་གི་ཤེས་གསལ་ཡིན་ན་མཛངས་མའི་མིང་ཐོབ་མཁན་ཚོ་བོད་ཀྱི་སྤྱི་ཚོགས་སུ་འཚོ་སྡོད་བྱ་རྒྱུར་ཤིན་ཏུ་སྐྲག་སྣང་སྐྱེས་ཀྱིན་འདུག་སྟེ། གཅིག་ནི་བཙན་བྱོལ་སྤྱི་ཚོགས་སུ་རང་ཉིད་ཀྱི་དགོས་མཁོ་དང་མཐུན་པའི་ལས་གནས་མེད་པ། གཉིས་ནི་བོད་སྤྱི་ཚོགས་ཀྱི་བཤད་ཡམས་ལ་གདོང་གཏད་རྒྱུའི་སྤོབས་པ་མེད་པས། མཛངས་མ་ཕལ་ཆེ་བ་རང་རང་གི་ཁྱིམ་དུ་མ་གཏོགས་བོད་ཀྱི་མཛངས་མའི་མིང་དེ་བེད་སྤྱོད་བྱ་ཐུབ་ཀྱིན་མེད་པའི་ཚོར་སྣང་བྱུང་།
གལ་ཏེ་མཛངས་མའི་མིང་ཐོབ་མཁན་ཚོས་རང་གི་སྤྱི་ཚོགས་དང་མི་མང་ལ་ཞབས་འདེགས་ཞུས་ཏེ་རང་ནུས་གང་ཡོད་ཀྱིས་མིག་དཔེ་ཞིག་སྟོན་ཐུབ་པ་དང་། གལ་ཏེ་མི་མང་གིས་བོད་ཀྱི་མཛངས་མ་ཞེས་པའི་ལས་འགུལ་འདི་ཡང་༧གོང་ས་མཆོག་གིས་བཏོན་པའི་འཚེ་མེད་ཞི་བའི་ལམ་སྟེ་ཆབ་སྲིད་ཀྱི་རིག་ལམ་འདི་དང་འགལ་མེད་པ་མ་ཟད། གར་སྟེགས་འདིའི་སྒང་དུ་ཤེས་འཇོན་ལྡན་པའི་བུ་མོ་ཞིག་སླེབས་ཐུབ་ན་མི་རིགས་ཀྱི་འཐབ་རྩོད་ལ་རམ་འདེབས་ཡོང་བར་བསམ་བློ་འཁོར་ཏེ། ལས་འགུལ་འདི་གཞུང་འབྲེལ་ལ་བསྒྱུར་བའམ་ཡང་ན་མི་སྒེར་སུ་ཡིན་ཡང་དཔལ་འབྱོར་སོགས་ཀྱི་རོགས་རམ་གནང་ཚེ། ལས་འགུལ་ཁྲོད་དུ་ཞུགས་མཁན་གྱི་བུ་མོ་ཇེ་མང་དང་སྤུས་ཀ་ཇེ་བཟང་ལ་འགྲོ་ངེས་པར་འདོད་ཀྱང་། བོད་ནི་མ་གཞི་ནས་དཀོན་མཆོག་གསུམ་མ་གཏོགས་གང་ཡང་ཁས་མི་ལེན་མཁན་ཞིག་ཡིན་པས་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་འགྱུར་བ་ཞིག་ཡོང་རྒྱུ་ནི་ཤིན་ཏུ་ཁག་ཨང་། བཙན་བྱོལ་སྤྱི་ཚོགས་ཀྱི་གནོན་ཤུགས་སོགས་ཀྱིས་ཤེས་འཇོན་ཡོན་ཏན་ལྡན་པའི་བུ་མོ་མང་པོ་ཞིག་ལས་འགུལ་འདིར་འཛུལ་ཞུགས་བྱ་བར་ཐེ་ཚོམ་དང་འཇིགས་སྣང་ཡོང་གི་ཡོད་པས། ལོ་རེ་རེ་བཞིན་བོད་མི་ཚོའི་འདོད་བློ་ཁེངས་པའི་བུ་མོ་ཞིག་འདེམས་རྒྱུ་མེད་པར་ཆགས་ཀྱིན་ཡོད། འདི་ནི་འདེམས་ཐོན་བྱུང་བའི་བུད་མེད་ཚོའི་སྐྱོན་མ་ཡིན་པར་སྤྱི་ཚོགས་ཀྱིས་ལས་འགུལ་འདི་ལ་བཟུང་བའི་ལྟ་སྟངས་ལས་བྱུང་བ་རེད། ཡིན་ན་ཡང་བོད་ཀྱི་མཛངས་མ་ཞེས་པའི་མིང་འདི་ཐོབ་མཁན་ཚོར་འགན་གང་འདྲ་ཞིག་ཡོད་པ་བུ་མོ་རང་ཉིད་ཀྱིས་གསལ་བོ་ཧ་གོ་དགོས་ལ། ཧ་གོ་བ་བཞིན་དུ་བོད་མི་རིགས་དང་བདེ་སྡུག་མཉམ་ཁུར་ཡང་གནང་དགོས་པར་འདོད།
ཨ་རིག་གླེན་རྒན་ལགས། ཁྱོེད་ཀྱིས་བཤད་པ་ལ་རྒྱུ་མཚན་གང་ཡང་ཡོད་པ་མ་རེད། ཕྲན་ལ་བལྟས་རྒྱ་ཆེར་མེད་ན་ཡང་། གླེན་རྒན་ཁྱོད་ལ་དེ་བས་མེད་པ་ངས་ཞུ་ག་ལ་དགོས། ཁྱོད་ལ་ཡོན་ཏན་མེད་པ་དེ་ཁ་སྐྱེངས་དགོས་པ་མི་འདུག ཡིན་ནའང་ཁྱོད་ཀྱི་གཡོ་སྒྱུ་ཕྲམ་པ་དེ་ནམ་ཡང་ཚར་གཅོད་དགོས་པའི་གནས་སུ་མཆིས། ངེད་གཉིས་རྩོད་པ་འདིར་རྒྱལ་ཕམ་གང་ཡང་ཡོད་པ་མ་རེད། འོན་ཀྱང་སུས་འཁྱོགས་བཤད་དང་ཧམ་རྫུན་བྱས་ཡོད་ན་དེ་ནི་ཕམ་པ་རེད། གལ་སྲིད་ཁྱོད་ཀྱིས་ད་དུང་མ་མཐུད་ནས་རྩོད་པ་བྱེད་འདོད་ན་ཁྱོད་ཀྱིས་ལོ་ཁ་ཤས་ཤིག་ལ་བོད་ཀྱི་ཆོས་དང་རིག་གཞུང་ལ་བརྩོན་པ་ངེས་པར་དུ་བྱེད་དགོས་འདུག དེ་མིན་ཁྱོད་ལ་ཡོན་ཏན་གྱིས་འདང་ངེས་མེད་པ་གསལ་བོ་རེད། ད་ང་རང་ཕྱི་རོལ་དུ་འགྲོ་དགོས་འདུག །
བདེ་མོ་བྱོས་རྟ་བདུན་པ། དོན་ཚན་གཞན་ནས་མཇལ་ཆོག་། ཁ་དྲོ་བཀྲ་ཤིས་ལོ།།
ཁོ་རེ་གྲོགས་རྟ་བདུན་པ། ཁྱེད་ངོ་མ་ཤེས་རྒྱ་མེད་ཀྱང་ཨུ་ཚུགས་དང་ཧམ་པ་ཅན་གཅིག་རེད། ཡང་ན་མཁྲེགས་འཛིན་གང་ལྟར་ངའི་ཁྱེད་མི་ཐུབ་ལ་ཁྱེད་དང་མི་རྩོད༼ མཁས་པ་བརྒྱའི་ང་མི་ཐུབ་ཀྱང་།། གླུན་པོ་གཅིག་ངའི་མི་ཐུབ།། ཞེས་དང༼ མྱི་རྒན་རྒས་རྒས་རྡུང་རྒས་ཡིན།། ཤིང་རྡུང་པོ་རྒས་ན་བཅོས་རྒྱུ་མེད་༽ངོ་མ་རེད་ཁཽད་རྒྱལ་སོང་མུ་མཐུད་ནས་ཆོས་ལ་འགྲེལ་ལོག་རྒྱོབ་ཡོད་ཚད་ཆོས་དང་འགལ་བར་བསྒྲོགས་མང་པོ་ཞིག་ལོག་ལམ་དུ་ཁྲིད་བོད་ཀྱི་བུད་མེདམཚོའི་ཀུན་སློང་ལ་ཉེས་འཛུགས་གྱིས་ཁྱེད་ཀྱི་བསམ་དོན་འགྲུབ་སྲིད།
ཨ་ཧ་ཧ། ད་དེ་འདྲ་རེད། མི་དགེ་བཅུའི་ནང་ནས་ལོག་ལྟ་ནི་ལྕི་ཤོས་རེད། ལོག་ལྟ་ཅན་ལ་ནམ་ཡང་གཉེན་པོ་ཡོད་པ་མ་རེད། རེ་ཞིག་བཏང་སྙོམས་སུ་བཞག་ན་ལེགས། ལོག་འགྲེལ་བཤད་མཁན་ཚང་མ་ཁྱོད་རང་རེད། ཆོས་ནས་བཤད་པ་ཇི་མ་ཇི་བཞིན་ང་ཚོའི་སྙིགས་དུས་ཀྱི་སྐྱེ་བོ་ཚོས་ནམ་ཡང་བྱེད་ཐུབ་རྒྱུ་མ་རེད། རྒྱུ་མཚན་དེའི་ཕྱིར་མཛེས་མའི་འགྲན་སྡུར་དེ་ཆོས་དང་འགལ་མི་འགལ་བཤད་ན་སྙིང་བོས་དབེན། དེ་ལས་གཞན་ཆོས་དང་འགལ་བ་མང་བོ་ཞིག་ང་ཚོའི་སྤྱི་ཚོགས་ཁྲོད་དུ་བྱུང་དང་འབྱུང་བཞིན་པ་རེད། ངས་གོང་ནས་བྲིས་པ་དེ་ཚོ་ཚེ་སྐྱིད་ཀྱིས་བཤད་པར་ཞིབ་ཆ་བྱས་པ་ཡིན། ཕྲན་ཡང་ནང་ཆོས་ལ་བལྟས་རྒྱ་ཆེར་མེད་ན་ཡང་། ཁྱོད་ཀྱིས་བཤད་སྟངས་ལ་བལྟས་ན་ཁྱོད་ལ་ནང་ཆོས་ཀྱི་དྲི་མ་ཙམ་ཡང་མེད་པ་ངས་མཐོང་ཐུབ། འོན་ཀྱང་ཞིབ་ཏུ་བསམ་བློ་བཏངས་ན་དེང་དུས་ཀྱི་བོད་མི་གཞོན་སྐྱེ་མང་བོ་ཞིག་གིས་སྐྱེ་བ་སྔ་ཕྱི་ལའང་ཐེ་ཚོམ་ཡོད་པ་སྨོས་ཅི་དགོས། སྐྱེ་བ་སྔ་ཕྱི་མེད་ན་། ས་དང་ལམ་ཡང་མེད་པར་ཁྱབ། དེ་མེད་ན་རྣམ་མཁྱེན་ཡང་མེད་དགོས། རྒྱུ་མཚན་དེ་དག་མང་བོ་ཞིག་ལ་བརྟེན་ནས་ང་ཚོ་བོད་མི་ཚང་མ་ནང་བ་ཡིན་པར་འདོད་ཀྱང་དོན་དངོས་ཧ་ཅང་ཉུང་ཉུང་རེད། དེར་མ་ཟད་བོད་མི་བརྒྱ་ཆ་བདུན་ཅུ་ནས་བརྒྱད་ཅུས་སྐྱབས་འགྲོ་མཚན་ཉིད་ཚང་བ་ཞིག་ཤེས་ཀྱི་ཡོད་པ་མ་རེད་སྙམ། དེ་ཡིན་དུས་ང་ཚོ་བོད་མི་ཚང་མ་ནང་བ་ཡིན་མིན་ཡང་ཐེ་ཚོམ་གྱི་གནས་སུ་གྱུར། དེའི་ཕྱིར་མཛེས་མའི་འགྲན་སྡུར་དེ་ནང་ཆོས་ལ་འགལ་དང་མི་འགལ་རྩོད་དགོས་ཡོད་པ་མ་རེད། ཆོས་ནས་བཤད་པ་ཇི་མ་ཇི་བཞིན་འགྲོ་ན་མགྲན་སྡུར་དེ་འགལ་བ་ཡིན་པ་མངོན་གྱུར་རེད། འོན་ཀྱང་གཞན་ལ་གནོད་པ་མེད་པའི་སྒོ་ནས་རང་གཞན་སུ་ལ་ཁེ་ཕན་ཡོད་ན་ག་རེ་ཡིན་ཀྱང་སྒྲུབ་རུང་བ་ཞིག་རེདསྙམ། །
སྐུ་མཁྱེན་འདི་དག་འགྲེལ་ལོག་མིན་ན་ཅི་རེད། དམན་པའི་ས་བཟུང་། གང་བྱུང་གི་འཚོ་བ་རོལ། སྤྱོད་པ་གཙང་བ། ད་དུང་ང་རྒྱལ་གྱི་སྤྱོད་པའི་ཆ་འདྲེས། དགོངས་དག་འདི་ཚང་མ་འགྲེལ་ལོག་རྐྱང་རེད་ངོ་མ་ཡིན་སྐུ་མཁྱེན་ཆོས་མི་ཤེས་ན་ཤེས་མདོག་མ་བྱེད་ཆོས་མི་ཤེས་ནི་མང་པོ་ཡོད་རེད་དེ་ལ་ཁྱོད་ངོ་གནོང་དགོས་པ་མ་རེད་གལ་མི་ཤེས་ཟེར་མི་ཐུབ་ཀྱང་ཤེས་མདོག་མ་བྱས་བར་བཏང་སྙོམས་སུ་བཞག་ཆོག་གི་རེད། ལྷག་པར་་་ང་རྒྱལ་གྱི་སྤྱོད་པའི་ཆ་ཤས་ཤིག་རེད་་་ཟེར་བ་འདི་བུད་མེད་ཚོའི་བསམ་བློར་ཉེས་འཛུགས་ཀྱི་ཧམ་བཤད་ཚོད་མེད་ཅིག་རེད། མདོར་བསྡུས་ན་མཛེས་མ་འགྲན་བསྡུར་གྱི་ལས་འགུལ་འདི་ཆོས་དང་འགལ་བར་ནམ་ཡང་སྒྲུབ་མི་ཐུབ་པས་དོན་མེད་ངལ་བ་མ་བྱེད་ལོ།
ངས་ཁྱེད་རང་མི་གཅིག་གིས་མིང་ཐོ་ཁ་ཤས་བཟོས་འདུག་ཟེར་བའི་རྒྱུ་མཚན་ནི། མི་གཅིག་ལ་དུང་དཀར་བོ་སེར་བོར་སྣང་སྲིད་ནའང་མི་ཁ་ཤས་ཤིག་ལ་དུས་གཅིག་ཏུ་དུང་དཀར་བོ་སེར་བོར་སྣང་རྒྱུ་མ་རེད། གོང་ས་མཆོག་གིས་གསུངས་པ་དེ་ངས་ཇི་མ་ཇི་བཞིན་དེར་བཀོད་ཡོད། དེའི་མ་ཚད་རིང་སྐྱིད་ཀྱིས་ཀྱང་འགྲེལ་བཤད་དེ་བཞིན་བྱས་འདུག ཡག་པོ་ཅིག་ལྟོས་དང་དུང་དཀར་བོ་སེར་པོར་སྣང་རྒྱུ་མ་རེད།
ཨ་རིག་གླེན་རྒན་ལགས། ཁྱོད་ཀྱིས་བཤད་པ་ཚང་མ་རྫུན་མིན་ན་བཟང་གི ཡིན་ནའང་ང་རང་ངོས་ནས་མཛེས་མའི་འགྲན་སྡུར་ལ་དགག་པ་གཏན་ནས་བྱས་མེད། མི་བདེན་ན་ངས་བྲིས་པ་ཚང་མ་ཡག་པོ་ཅིག་ཀློག་དང་དེ་ནས་གཟོད་ཁྱོད་ཀྱི་ངའི་གཤིས་ཀ་དེ་རྟོགས་ཐུབ། མ་གཞི་ཕ་རོལ་བ་ཞིག་དགག་པ་ལ་དང་བོ་ཡག་པོ་ཅིག་ཀློག་ནས་གཏམ་རེ་བཤད་ན་ངོ་མཚར་ཆེ་བ་རེད། གལ་ཏེ་ངས་བཤད་པ་རྫུན་ཡིན་ན་ཁྱོད་ཀྱི་འཕྱ་མོད་བྱེད་རུང་བ་ཞིག་ཡིན། གོང་ནས་བཤད་པ་དེ་ངས་འགྲེལ་བཤད་ལོག་པ་མ་རེད་ཁྱོད་གྱིས་མ་རྟོགས་པ་རེད། ངས་ད་ལོ་བོད་ཀྱི་མཛངས་མ་ཞེ་བ་དང་ཚེ་རིང་སྐྱིད་ཀྱིས་བྲིས་པ་གཉིས་ལ་མཆན་ཁ་ཤས་ཤིག་བཏབས་ཡོད་པས་དེ་ལ་གཟིགས་ན་གསལ་བོ་ཤེས་ཐུབ། ངས་བལྟས་ནས་ཁྱོད་རང་ཡང་ཕྱི་གླིང་ཞིག་ན་ཡོད་པ་འདྲ། ཁྱོད་ཀྱི་བཞུགས་གནས་གང་དུ་ཡོད་གསུངས་རོགས་ཞུ། །
གྲོགས་རྟ་བདུན་པ་ཁམས་བཟང་ངམ། ཨ་རིག་གླེན་རྒན་འདི་ན་ཡོད་ངོ་མ་བཤད་ན་གྲོགས་བདེ་མིང་ཅན་དང་ཨ་དགེ་མཐོང་གཉིས་ངོ་མི་ཤེས། གཅིག་བྱས་ན་ཁོང་གཉིས་མི་གཅིག་ཡིན་སྲིད། གང་ལྟར་དེ་ང་དང་འབྲེལ་མེད་པས་གླེང་དོན་མི་འདུག སྐབས་དོན་ཁྱོད་ཀྱི་གློག་ཀླད་ཡར་རྒྱས་གཏོང་ཆེད་གཞན་གྱིས་གསུང་ལ་འབྲེལ་ལོག་ དགག་རྒྱག་ སྡིག་དམོད་ མཚང་འདོགས་སོགས་བྱེད་པ་འདི་ཐབས་མཆོག་མིན་པ་ཤེས་པར་བྱས་སྟེ་ལམ་གཞན་ཞིག་བསྟེན་ན་བཟང་། ཁྱེད་ཀྱི་ཤེས་དགོས་པ་ཞིག་ལ་བོད་ཀྱི་མཛེས་མ་འགྲན་བསྡུར་འདིས་བོད་མི་རིགས་ལ་མ་ཕན་ན་མི་གནོད་པ་དེའོ།།
གཡོ་སྒྱུ་ཕྲམ་གསུམ་འཛོམས་པའི་ལྟས་ངན་འདིའི་རིགས་ལ་འདི་ལྟར་སྨོས་ནས་ཚར་མ་བཅད་ན། ཁྲེལ་དང་ངོ་ཚ་གང་ཡང་མེད་པའི་མི་འདིའི་ཁོང་གི་སྐྱོན་ངོས་འཛིན་ཐུབ་ཀྱི་མ་རེད། ངས་སྔོན་ནས་བཤད་ཚར་ཡོད་ལ། བདེ་འབྱུང་དང་། ཨ་རིག་དགེ་མཐོང་། ཨ་རིག་གླེན་རྒན་ཚོ་མི་གཅིག་གིས་མིང་ཐོ་ཁ་ཤས་བེད་སྤྱོད་བཏངས་ནས་གཅིག་གིས་གཅིག་ལ་རྒྱབ་སྐྱོར་གྱི་མཆན་བཀོད་ཀྱིན་འདུག དེ་འདྲའི་ངོ་ཚ་མེད་པ་ལ། དེ་མིན་མི་གསུམ་པོ་འདི་གཅིག་པ་གཅིག་མཚུང་གི་བླུན་པོ་ཡིན་པའི་ཁར་གཡོ་སྒྱུ་ཅན་ཡིན་སྲིད་ཀྱི་མ་རེད། ཨ་ཁ་ཁ། འདི་འདྲའི་ཐབས་སྐྱོ་བ་ལ། ཡིན་ནའང་ང་ལ་གློག་ཀླད་ལ་བྱང་ཆ་འགྲོ་དགོས་ཡོད་སྟབས་དགག་ལན་འབྲི་རྒྱུ་གོ་སྐབས་བྱུང་། ཁ་བྲོ་བཀྲ་ཤིས། སྐད་ཆ་དྲང་བོར་སྨོས་ནས་མིང་ཐོ་མང་བོ་བེད་སྤྱོད་མ་བཏངས་ན་དགའ་བསུ་ཡོད།
བཀུར་བར་འོས་པའི་རྟ་བདུན་དབང་བོ་ལགས། ཤེས་ཡོན་ཅན་ཞིག་ཡིན་ན་ཚིག་རྩུབ་དེ་རིགས་མ་སྨོས་ན་ཡག་པོ་འདུག གུས་པར་མཚོན་ན་ད་བར་དུ་གཡོ་རྒྱུ་ཕྲམ་གསུམ་ཞིག་མི་སུ་ལའང་བཤད་མ་མྱོང་ལ། དྲ་རྒྱའི་ནང་དུའང་རང་གི་བསམ་ཚུལ་རིགས་དྲང་པོར་ཞུས་མཁན་ཞིག་ཡིན་པ་ལས། ཐོ་མིང་ཁ་ཤས་བེད་སྤྱོད་བཏང་བའི་གནས་ཚུལ་ཡང་མེད། དགོངས་འགལ་མེད་པ་ཞུ།
བཀུར་བར་འོས་པའི་རྟ་བདུན་དབང་བོ་ལགས། ཤེས་ཡོན་ཅན་ཞིག་ཡིན་ན་ཚིག་རྩུབ་དེ་རིགས་མ་སྨོས་ན་ཡག་པོ་འདུག གུས་པར་མཚོན་ན་ད་བར་དུ་གཡོ་རྒྱུ་ཕྲམ་གསུམ་ཞིག་མི་སུ་ལའང་བཤད་མ་མྱོང་ལ། དྲ་རྒྱའི་ནང་དུའང་རང་གི་བསམ་ཚུལ་རིགས་དྲང་པོར་ཞུས་མཁན་ཞིག་ཡིན་པ་ལས། ཐོ་མིང་ཁ་ཤས་བེད་སྤྱོད་བཏང་བའི་གནས་ཚུལ་ཡང་མེད། དགོངས་འགལ་མེད་པ་ཞུ།
བཀུར་བར་འོས་པའི་རྟ་བདུན་དབང་བོ་ལགས། ཤེས་ཡོན་ཅན་ཞིག་ཡིན་ན་ཚིག་རྩུབ་དེ་རིགས་མ་སྨོས་ན་ཡག་པོ་འདུག གུས་པར་མཚོན་ན་ད་བར་དུ་གཡོ་རྒྱུ་ཕྲམ་གསུམ་ཞིག་མི་སུ་ལའང་བཤད་མ་མྱོང་ལ། དྲ་རྒྱའི་ནང་དུའང་རང་གི་བསམ་ཚུལ་རིགས་དྲང་པོར་ཞུས་མཁན་ཞིག་ཡིན་པ་ལས། ཐོ་མིང་ཁ་ཤས་བེད་སྤྱོད་བཏང་བའི་གནས་ཚུལ་ཡང་མེད། དགོངས་འགལ་མེད་པ་ཞུ།
ཁྱོད་རང་བླུན་པོ་ཞིག་ཏུ་མ་ཟད་། གཡོ་སྒྱུ་ཕྲམ་གསུམ་འཛོམས་པའི་མི་ངན་ཆེས་ཐབས་རྡུགས་ཅིག་ཡིན་སྟབས་ངས་དེ་ལྟར་སྨོས་པ་ཡིན། ཚེ་རིང་སྐྱིད་ཀྱིས་བྲིས་པ་དེ་ཡག་པོ་ཞིག་ཀློག་ན་མོས་གསལ་བོ་བཤད་འདུག་པར་མ་ཟད། ཚིག་སྦྱོར་དང་གང་ཅི་ཐད་ནས་ལེགས་པར་འདུག་པས་དེ་ལ་མིག་དཔེ་གྱིས་ན་ལེགས་པར་མངོན། དེ་མིན་ཁྱོད་ཀྱིས་བྲིས་པ་རྣམས་ཚིག་དོན་གང་གིས་ཐད་ནས་ལྟ་སྲོལ་མེད་པས་ངོ་ཚ་བའི་གནས་སུ་མཆིས་སོ། །
མི་གནོང་ཅན་འཕར།། རྟ་རྒྱབ་ཅན་རྒོད།། གྲོགས་རྟ་བདུན་པ་ལགས་དགོངས་པ་མ་འཚོམ་ཁྱེད་ལ་རྒྱལ་ཁ་དགོས་པ་ཤེས་ཀྱང་བདེན་པ་རྒྱབ་བསྐྱུར་བྱེད་འདོད་མེད། ཁྱོད་ཀྱིས་འགྱུར་དག་མིན་བཤད་ན་ངའི་སྲོག་ལའང་ཉེན་ཁ་ཡོངས་ཉེན་འདུག་པས་མཚམས་འཇོག་བྱ། དོན་ཆེ་ཆུང་གང་ཞིག་ཡིན་ཡང་རང་ལ་མོས་པ་མེད་ཕྱིན་༧ གོང་ས་ཆེན་པོ་ཁ་ལ་ཁྱེར་ཏེ་ནག་ཉེས་སུ་བསྒྱུར་ཅི་ཐུབ་བྱེད་པ་འདི་ཕྱི་སྡོད་བོད་པ་ཡོངས་ལ་ཁྱབ་པའི་ནད་ཡམས་ཞིག་རེད། དཔེར་ན་མཛེས་མའི་འགྲན་བསྡུར་ལྟ་བུ།
ནོར་བཅོས་ དབྱུག་པ། ལྔ་བའི།
གོ་བ་མེད་པའི་གླང་རྒན་ལ་རྒྱལ་བོའི་བཀའ་ལས་དབྱུགས་པ་བཙན་ཟེར་བ་ཅིས་མ་བདེན། བླུན་པོ་ཁྱོད་ལྟ་བུ་ཞིག་ལ་འགྲེལ་བཤད་རྒྱག་པ་ལས་འགྲམ་ལྕག་ཚ་ཐག་ཆོད་ཅིག་གཞུ་ན་ལེགས་ཤོས་རེད་འདུག དེ་མིན་ཁྱོད་ཀྱིས་ངས་བཏབས་པའི་མཆན་ཆ་ཚང་ཡག་པོ་ཞིག་ཀློག་དང་རྫུན་ཟེར་བ་ཞིག་གཏན་ནས་བྲིས་མེད། ད་ཁྱོད་ཀྱི་སྙིང་ཀར་གཏོར་ཟོར་ཞིག་བརྡབ་སྟེ་སྔ་བའི་ལམ་དུ་བརྫང་ན་འོས་ཤིང་འཚམས་པ་ཞིག་རེད་འདུག །
གྲོགས་རྟ་བདུན་ལ་བཀྲིས་བདེ་ལེགས་ཡོད་ ཟླ༦་ཚེས་༡ ལ་རྟ་བདུན་དབང་པོ་ཚེས་༤ ལ་རྫུན་གྱི་དབང་པོ་ཡག་ཕོ་རེད་ཡར་རྒྱས་རེད། ཁྱོད་ཀྱིས་བོད་ཡིག་ཤེས་ཀྱང་དབྱིན་ཡིག་མ་མཁྱེན་པ་ཡིན་ནམ་དབྱིན་ཡིག་ཤེས་ཀྱང་བོད་ཡིག་མ་མཁྱེན་པ་ཡིན་གཉིས་ག་མིན་ན་ཁྱོད་ལ་འཁྱོགས་གཅིག་འདུག འདི་ལ་ལྟོས་དང་དོན་དངོས་ཤེས་ཐུབ་༼ i think these are not very important. if more people wanted that go head. ངའི་འདི་དག་ཧ་ཅིང་གལ་ཆེན་ཞིག་ཏུ་བསམ་གྱིན་མེད། གལ་ཏེ་མི་མང་པོ་འདི་ལ་མོས་པ་ཡོད་ན་མདུན་སྤྱོད་བྱ་འོས ༽ གྲོགས་རྟ་བདུན་པའི་ཆད་ལྷག་ཁ་སྐོང་་་་ཆད ཧ་ཅིང་གལ་ཆེན་་་མདུན་སྤྱོད་བྱ་འོས་་་ལྷག་མ་་་བོད་མི་ཚང་མ་། ཁྱེད་དང་ཟམ་གདོང་བླ་མ་གཉིས་མཁས་པ་ཡིན་མིན་གླེང་འདོད་མེད་ལ་གལ་སྲིད་ཁྱེད་གཉིས་མཁས་པ་མ་རེད་ཟེར་མཁན་འདྲ་མཐོང་ཁྱེད་ལ་འབྲེལ་གཏུགས་བྱེད་ཆོག་པས་ཐུགས་བདེ་བར་བཞུགས།
གང་ལྟར་གཡོན་ཐལ་ཅན་གྱིས་ཤུགས་རྐྱེན་ཐེབས་མི་ཉན། འདི་ལ་གཟབ་དགོས་ལོ།
ར
ཁ་དྲོ་
ངའི་མིང་ཐོ་ལ་སྔོན་མར་རྟ་བདུན་རྒྱལ་བོ་ཟེར་གྱི་ཡོད་། ཡིན་ནའང་སྤྱི་ཟླ་དྲུག་པའི་ཚེས་གཅིག་ཉིན་རྟ་བདུན་དབང་བོ་ལ་རྗེས་པ་ཡིན། རྒྱུ་མཚན་ནི་ང་རང་མིང་ལ་ཉི་མ་ཟེར་གྱི་ཡོད་ཕྱིར་ཡིན་ནོ། དྲ་གྲོགས་ཚོར་དགོངས་འགལ་གང་ཡང་མེད་པར་ཞུ། །
བོད་ཀྱི་དུས་བབས་འདིའི་ནང་དུ་མི་ཁག་ཅིག་ལ་མིང་ཐོ་ཁ་ཤས་ཤིག་འདུག་སྙམ། མིང་ཐོ་ཁ་ཤས་བེད་སྤྱོད་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད་པས་འདིའི་རིགས་ནི་གཡོ་སྒྱུ་ཕྲམ་གསུམ་འཛོམས་པའི་ཐབས་སྡུག་ཚོ་ཡིན་སྟབས་དུས་ནམ་ཡང་མཐར་སྐྲོད་དགོས་པའི་ཡུལ་དུ་གྱུར། བདེ་འབྱུང་ཟེར་བ་དང་། ཨ་རིག་དགེ་མཐོང་། ཨ་རིག་གླེན་རྒན་ཟེར་བ་འདི་རྣམས་ཀྱིས་བཤད་སྟངས་ལ་དཔག་ན་མི་གཅིག་ཡིན་པར་སེམས། གལ་ཏེ་མིན་ན་དགོངས་འགལ་མེད་པར་ཞུ། ༏
ཨ་ཁ་ཁ། ཁྱོད་རང་གིས་གོང་ས་མཆོག་གིས་གསུངས་པའི་དོན་དག་རྣམས་ལེགས་པོ་ཞིག་མ་གཏོགས་པ་རེད། གོང་ས་མཆོག་ལྟ་བུ་མཁས་པའི་དབང་བོ་ཞིག་གིས་འདི་ལྟར་གསུངས་པ་ཏེ་ཁོང་ནས་རྒྱབ་སྐྱོར་མེད་པའི་རྟགས་མཚན་རེད། གོང་ས་མཆོག་གིས་དམངས་གཙོ་གཙང་མ་ཞིག་གི་ལམ་ཁར་བསྐྱོད་རྒྱུ་ཐུགས་དགོངས་ཡོད་པ་རེད། དེའི་ཕྱིར་འདི་ལས་ལྷག་ཅིག་གསུངས་ན་དམངས་གཙོ་དང་འགལ་གྱིས་རེད། གོང་ས་མཆོག་གིས་གསུངས་དོན་ནི། ངས་བལྟས་ན་མཛེས་མའི་འགྲན་སྡུར་དེ་གལ་ཆེན་ཞིག་ཏུ་མཐོང་གྱིན་མི་འདུག ཡིན་ནའང་བོད་མི་ཚང་མ་འདོད་པ་ཡོད་ན་ནི་དེར་ཟད་ལ། དེ་མིན་འགྲན་སྡུར་དེ་ཕོ་མོ་གཉིས་ཀར་དགོས་པ་རེད་བསམ་གྱི་འདུག ག་རེ་བྱས་ནས་བུད་མེད་གཅིག་པོར་འགྲན་སྡུར་དེ་དགོས་པ་རེད་ཅེས་གསུངས་འདུག དབྱིན་ཡིག་ཐོག (H.H. The Dalai lam’s speech for Miss Tibetan. I think these are not very important sort of, If more people wanted that go head. At main time some people have two view. Miss Tibetan so I think should not be just only female , male also. Mr Tibetan more handsome then I think more equal otherwise this just Miss Tibetan only from female side. Why??? Hahahaha.) I copied this from Dalai lam’s speech and I did not fully understand some of them but I did not missing meanings or point. གོང་ས་མཆོག་གིས་འདི་ལས་ལྷག་ཅིག་གསུངས་ན་དམངས་གཙོ་དང་འགལ་གྱི་ཡོད་པའི་ཕྱིར་འདི་ལྟ་བུ་ཞིག་གསུང་བ་རེད། མཆོག་ནས་མཁྱེན་རོགས་མཛོད། གཞན་ཡང་ཟམ་སྡོང་རིན་པོ་ཆེ་བཟང་རུང་ངན་རུང་ཐེངས་གཉིས་ལ་བཀའ་བློན་དུ་ཐོབ་པ་རེད། དེའི་མ་ཚད་ཁོང་ནི་མཁས་པའི་དབང་བོ་ཞིག་ཡིན་པ་ངས་བརྗོད་ཐུབ། ད་རེ་འདིས་ཆོག་པར་བྱ། །
རིགས་གཅིག་གིས་ཅི་བཤད་ཀྱིན་ཡོད་པ་ཧ་མི་གོ་ཐལ། བཤད་བཤད་ནས་བརྗོད་བྱ་བརླག་ཐལ། བོད་སྐད་མ་ཤེས་ན་མཛངས་མ་མེད་སུ་བཤད་གི་འདུག བོད་ཀྱི་ལོ་རྒྱུས་དང་རིག་གཞུང་མ་ཤེས་ན་ད་གཟོད་གནོངས་རེད་གོ
གྲོགས་རྟ་བདུན་དབང་པོ་ལགས་དེ་རིང་ཁྱེད་ཀྱི་མིང་རྫུན་གྱི་དབང་པོ་རུ་བསྒྱུར་ན་འཐད་དམ། ཁྱོད་བོད་དབྱིན་གཉི་གར་རང་རྐྱ་ཕེར་ན་ཡག་པོ་རེད། ཤེས་བཞིན་ལོག་འགྲེལ་བྱེད་མཁན་རྫུན་རྐྱལ་ཟེར། ༧ གོང་ས་མཆོག་གིས་་ངའི་འདི་ཧ་ཅིང་གལ་ཆེན་ཞིག་ཏུ་འདོད་ཀྱིན་མེད། གལ་ཏེ་མི་མང་པོ་ཞིག་འདི་ལ་མོས་པ་ཡོད་ཚེ་མདུན་སྤྱོད་བྱ་འོས། མོའི་ཕྱོགས་ཙམ་མིན་པར་ཕོ་ལ་ཡང་འགྲན་སྡུར་གྱི་ལས་འགུལ་འདི་སྤེལ་དང་ཕོ་ཉམས་དོད་པོ་དེ་འདྲ་ཡོངས་སྲིད་ཧ་ཧ་ཧ་་་་ཞེས་གསུངས་འདུག
གཟིགས་དང་༧གོང་ས་མཆོག་ལས་འགུལ་འདི་ལ་ཐུགས་མི་དགྱེས་པ་གང་དུ་གསལ་ཟམ་གདོང་བླ་མའི་རྨི་ལམ་གྱི་རྗེས་སུ་མ་རྒྱུག་ལོ།།