མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཐའ་བཀར་རུ་བཀར་གཏོང་བར་བློ་ཕམ་ཆེ། ཟླ་བ།

བོད་ཀྱི་དུས་བབ།
༢༠༠༩/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp

སུད་སི་དང་ལེཀ་ཊེན་བོད་རིགས་མི་མང་གི་འཐུས་མིའི་དམིགས་བསལ་ཚོགས་འདུ་གཉིས་པའི་ནང་དགུ་བཅུ་གསུམ་གྱི་ཚོགས་མི་དྲུག་གི་ཐད་མང་མོས་གྲོས་ཆོད་ཟེར་བ་དེ་དག་བཀླགས་རྗེས་ངོ་མ་སེམས་སྐྱོ་དགོས་པ་ཞིག་བྱུང༌། བོད་པ་ནང་ཁུལ་ལ་གདུག་རྩུབ་དེ་ལྟར་བྱེད་ན་རྒྱ་གཞུང་ལ་བཤད་ག་ལ་དགོས།
སྔ་ལོའི་ནང་བོད་ཆོལ་ཁ་གསུམ་གྱི་བོད་མིས་རང་གི་མི་རིགས་ཆེད་ལུས་སྲོག་བློས་བཏང་གིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་སྲོག་ཤོར་བ་དང༌། ལུས་གཅོང་ཆགས་པ༌། གར་སོང་ཆ་མེད། བཙོན་དུ་ཚུད་པ། དེ་བཞིན་རྫ་གསེབ་ཤིང་ནགས་སུ་ཡིབ་དགོས་བྱུང་བ་བཅས་ནི་ཀུན་གྱིས་མཁྱེན་གསལ་རེད། དེར་མ་ཟད་རྒྱ་གཞུང་ནས་གསལ་བསྒྲགས་སྤེལ་ཏེ་དོགས་ཡོད་ཉེན་ཅན་དང༌། ཉེས་ཅན་པ་མི་ཚང་སུ་ཞིག་གིས་ཉར་ན་དེ་ལ་ཁྲིམས་ཐག་ནན་པོ་གཅོད་རྒྱུ་དང༌། དེ་བཞིན་དཔལ་འབྱོར་གྱི་ཆད་པ་གཅོད་རྒྱུ་ཡིན་ལུགས་ཀྱིས་བོད་མི་ཀུན་ལ་འཇིགས་བསྐུལ་དང༌། དྲག་རྩུབ་བྱས་པ་བཞིན། ད་ལན་སུད་སི་མི་མང་གི་འཐུས་མི་ཟེར་བ་དག་གིས་རྒྱ་མིའི་བྱེད་སྟངས་དེ་ནང་བཞིན་གསར་འགྱུར་བརྒྱུད་ལམ་ཁག་དང༌། གསར་ཤོག་སོགས་ལ་གསལ་བསྒྲགས་བཏང་བར་བློ་ཕམ་ཤིན་ཏུ་ཆེ་ལ། བྱེད་སྟངས་དེ་རིགས་རྒྱ་གཞུང་ལ་དགོས་ངེས་ཀྱི་བྱེད་སྟངས་ཤིག་ཀྱང་རེད། ཁྱེད་ཚོས་བོད་མི་དྲུག་པོ་དེར་དཀའ་ངལ་བཟོ་དགོས་བསམ་ཡང་དོན་དངོས་ཐོག་བྱེད་སྟངས་དེས་གཞིས་བྱེས་བོད་མིའི་སེམས་སུ་རྨ་ཁ་ཆེན་པོ་ཞིག་བཟོས་པ་རེད། སྤྱིར་བཙན་བྱོལ་བོད་གཞུང་གིས་འགྲོ་གྲོན་བཏང་སྟེ་བོད་པ་མང་པོ་ཞིག་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་བར་བཏང་ཡོད་པའི་ནང་མི་ཉུང་བ་ཞིག་ཕྱིར་ལོག་མ་བྱས་པར་མཐའ་ན་གཞུང་གི་འགྲོ་གྲོན་ཕྱིར་སློག་གི་མེད། དེ་བཞིན་གཞུང་ཞབས་མཛད་གཙོ་རྣམ་པའི་ནང་ཕྱི་རྒྱལ་ལ་རྐང་པ་གཅིག་མ་བཙུགས་པ་ཧ་ལམ་མི་འདུག་ལ། གཞུང་ཞབས་རྣམ་པའི་ནང་ཕྱི་རྒྱལ་ལ་འགྲོ་འདོད་མེད་པ་ཧ་ལམ་མི་འདུག དེ་ག་ནང་བཞིན་ཚོགས་པ་སྐྱིད་སྡུག་སོགས་ཀྱི་མི་སྣ་འགྲོ་མཁན་ག་ཚོད་ཙམ་ཡོད་དམ། ཨ་རི་སོགས་ཡུལ་གྲུ་ཁག་ལ་ཡོད་པའི་བོད་པ་ག་ཚོད་ཀྱིས་དེབ་ལྗང་ཁུའི་དངུལ་འབུལ་གྱི་ཡོད་དམ༌། དེ་ཚོར་ཁྲིམས་ཐག་ནན་པོ་གཅོད་རྒྱུ་དང༌། དེ་དག་ལ་མཐའ་བཀར་རི་བཀར་གཏོང་མཁན་སུ་ཞིག་བྱུང་སོང་། ཁྱེད་ཚོས་བསམ་བློ་ཐོངས་དང༌། ཡང་ན་སུད་སིར་ཡོད་པའི་བོད་མི་ཚོ་བོད་ཤོར་ནས་ད་བར་སུད་གཞུང་གིས་རང་འགུལ་ཐོག་ཁྱེད་ཚོ་ཁྲིམས་ཐོག་ནས་སྐྱབས་བཅོལ་ལ་བླངས་པ་ཤ་སྟག་རེད་དམ། ཁྱེད་ཚོའི་ནང་ད་བར་སུད་སིར་སླེབས་པ་ཚོ་ཁྲིམས་འགལ་ཐོག་ནས་ཡོང་མེད་པ་གསལ་བཤད་བྱེད་ཐུབ་བམ། ད་བར་ཕྱི་རྒྱལ་ལ་འགྲོ་མཁན་བོད་མི་ཁྲིམས་མཐུན་དང༌། ཁྲིམས་འགལ་གཉིས་ནས་གང་མང་བ་ཡོད་པ་ཞིབ་འཇུག་བྱེད་མྱོང་ངམ། ང་ཚོ་བོད་པ་གཅིག་གི་གནས་སྟངས་ཡག་ཏུ་ཕྱིན་ན་ང་ཚོའི་གཟི་བརྗིད་རེད། ཁྱེད་ཚོས་དགོངས་པ་བཞེས་མྱོང་ངམ། ངོ་མ་མི་ཚོས་བཤད་པ་བདེན་པ་རེད། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བོད་མི་ནང་ཁུལ་འཆམ་པོ་མེད་པ། ནང་ཁུལ་ཞེ་སྡང་དང༌། གསར་དུ་འབྱོར་བའི་བོད་མིར་མཐོང་ཆུང་བྱེད་པ་སོགས་སྐྱུག་བྲོ་བའི་ལས་སྟངས་དེ་དག་སུད་སི་ནང་གནས་སྡོད་བོད་མི་རེད་ཟེར་བ་ཅིས་མི་བདེན། ད་ལན་དགུ་བཅུ་གསུམ་གྱི་ཚོགས་མི་དྲུག་པོ་དེ་དག་ཕྱིར་ལོག་མ་བྱས་པ་དེས་སྤྱོད་ཚུལ་ངན་པ་ཞིག་བསྟན་པ་རེད། དེས་ཁྱེད་ཚོར་དཀའ་ངལ་ཞིག་བཟོས་ཡོད་པ་རེད། ཡིན་ནའང་ཁྱེད་ཚོས་བསམ་ཤེས་ཏིལ་འབྲུ་ཙམ་མེད་པར་སྤྱོད་ཚུལ་དེ་ལས་སྡུག་པ་ཞིག་འཁྱེར་ཏེ་ཁོང་ཚོར་མཐའ་བཀར་རི་བཀར་བྱེད་པར་གཞིས་བྱེས་བོད་མིའི་སེམས་ཁམས་ལ་རྨ་ཁ་བཟོས་པ་མ་ཟད། རྒྱ་གཞུང་ལ་དགོས་ངེས་ཀྱི་བྱ་བ་ཞིག་བསྒྲུབས་པ་རེད།
ད་དུང་ཤེས་དགོས་པ་ཞིག་ལ། དགུ་བཅུ་གསུམ་གྱི་ཚོགས་མི་དྲུག་ནས་སུད་སི་མི་མང་ལ་ཆེད་མངགས་སྤྱོད་པ་སློག་པ་དང༌། གནོད་པ་བསྐྱལ་འདོད་པ་ནི་རྩ་བ་ནས་མ་རེད། དེ་བཞིན་ཁོང་ཚོས་གནས་ཚུལ་ཛ་དྲག་ཡོང་གི་རེད་བསམ་པ་སེམས་པའི་ཡུལ་ལའང་ཡོད་པ་མ་རེད། ཁོང་ཚོའི་འཚོ་བའི་གནས་སྟངས་དང༌། སེམས་ཁམས་ཀྱི་སྡུག་བསྔལ་ལ་སུས་བསམ་ཤེས་ཐུབ་བམ། དཔེར་ན་ཚོགས་མི་དྲུག་ནས་བློ་བཟང་མཁས་གྲུབ་ལགས་འུ་ཐུག་སྟེ་ཕྱིར་ལོག་བྱ་རྒྱུ་བྱས་པ་རེད། ཡིན་ནའང་ཁོང་གི་གནས་སྟངས་ཤེས་ཀྱི་ཡོད་དམ། ཁོང་རང་ལ་མཚོན་ན་སྔོན་ལྷ་སར་བསྡད་སྐབས་ཚོང་པ་ཞིག་རེད། འཚོ་བའི་ཐད་དཀའ་ངལ་ཁྱད་བསད་བྱེད་ཐུབ་མཁན་གྱི་གཞོན་སྐྱེས་ཤིག་རེད། ཡིན་ནའང་ཁོང་རང་སྒེར་གྱི་འཚོ་བ་ཁོ་ནར་མ་གཟིགས་པར་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་གི་བཟའ་མི་བུ་ཕྲུག་དང༌། ཐ་ན་རང་སྲོག་ཀྱང་བློས་གཏོང་གིས་རང་བཙན་ཚོགས་པ་ཆེད་འཛུགས་ཀྱིས་རྩ་དོན་ཐད་ཕྱག་ལས་མི་ཉུང་བ་ཞིག་གནང་རྗེས་རྒྱ་གཞུང་གིས་ཤེས་རྟོགས་བྱུང་ནས་ཁོང་གི་རོགས་པ་ཁག་ཅིག་འཇུ་བཟུང་འོག་ཚུད་རྗེས་ཁོང་དང༌། ཚོགས་མི་གཉིས་བཅས་ཕྱི་ལོ་ ༡༩༩༣ ལོར་བཙན་བྱོལ་དུ་བྲོས་བྱོལ་ལ་ཡོང་དགོས་བྱུང་བ་རེད། དེ་ནས་བཟུང་ནང་ཡོད་ཀྱང་ལོག་ས་མེད་པ་དང༌། ནང་མི་བུ་ཕྲུག་ཡོད་ཀྱང་འཛོམས་ས་མེད་པའི་གནས་སྟངས་འོག་རང་ཁ་རང་གསོའི་འཚོ་བ་སྐྱོ་པོ་ཞིག་སྐྱེལ་བཞིན་ཡོད་པ་རེད། སྔ་ལོའི་ལྷ་སའི་ནང་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་ཁོང་གི་བུས་རང་སྲོག་བློས་གཏོང་གིས་ལས་འགུལ་སྣེ་འཁྲིད་བྱས་རྐྱེན་རྒྱ་གཞུང་གིས་མི་ལོ་ ༡༥ ཁྲིམས་ཐག་བཅད་དེ་བཙོན་འཇུག་བྱས་པ་མ་ཟད། དཔལ་འབྱོར་གྱི་ཆད་པ་ཡང་ཚད་ལས་བརྒལ་བ་བཅད་ཡོད་པ་རེད། ཁོང་དང་འདྲ་བའི་གནས་སྟངས་སྐྱོ་པོ་ཚོར་རོགས་པ་བྱེད་རྒྱུའི་ཚབ་ལ་ཕོག་ཐུག་དེ་འདྲ་གཏོང་དོན་ཅི། ཡར་མཐོ་སར་ངོ་དགའ་སྤྲེལ་ལད་དང༌། མར་དམའ་སར་ཐུབ་ཚོད་གཏོང་གང་ཐུབ་ནི་ངོ་མ་ཡིད་སྐྱོ་དགོས་པ་རང་རེད། ལྷག་པར་སུད་སི་ས་གནས་སུ་ཡོད་པའི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་མིང་ཅན་གྱིས་རང་ཉིད་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་གསར་འགྱུར་གཏོང་དགོས་དང་མི་དགོས་ཀྱི་ཞིབ་འཇུག་རྩ་བ་ནས་མེད་ཁར་ད་དུང་གསར་འགྱུར་ཤོད་སྐབས་དགུ་བཅུ་གསུམ་གྱི་ཚོགས་མི་ཚོས་རྐང་རྗེས་ལག་གསུག་དང༌། ས་གནས་མི་མང་ལ་གནོད་པ་བསྐྱལ་བ་རེད་སོགས་ཀྱི་ཚིག་རྩུབ་མང་དག་ཅིག་ས་གནས་མི་མང་ལ་ཞེན་ཁོག་ཡོད་ཚུལ་གྱིས་བཤད་པར་བློ་ཕམ་དང༌། མི་དེ་ལྟ་བུ་གསར་འགྱུར་འགོད་མཁན་དུ་འཇོག་ན་དངོས་ནས་རང་གཞན་ཕུང་བའི་རྒྱུ་རང་རེད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 8

  1. བདེ་འབྱུང་ says:
    ལོ་ 17 སྔོན།

    མཐའ་བཀར་རུ་བཀར་ངེས་པར་དུ་ཡང་གཏོང་དགོས་པ་ཞིག་རེད་ལ། བཏང་བར་དགའ་བསུ་ཡོད། སྔོན་མ་ཨ་མདོ་བླ་བྲང་སྐལ་བཟང་གིས་ཀྱང་དེ་ལྟར་བྱས་པ་རེད། དགུ་བཅུ་གསུམ་གྱིས་འགན་འཁུར་ནས་གསལ་བཤད་དགོས་པར་སྙམ།
    གསར་འགོད་པ་གསར་འབྱོར་ཕྱོགས་ནས་ལངས་ན་ཡག་པོ་མ་རེད། དྲ་གྲོགས་རྣམས་ཀྱིས་ཀྱང་སྐད་ཆ་དབུ་འཚོས་པོས་བགྲོ་གླེད་གནང་ན་བསམ། ཁྲིམས་འགལ་གྱི་ཕྱིར་སྡོད་བྱེད་པ་ལ་རིགས་མང་པོ་ཡོད་པ་རེད། ད་ཐེངས་ཀྱི་བྱེད་ཐབས་འདིས་བོད་སྤྱིའི་རྩ་དོན་ལ་གནོད་སྐྱེལ་ཡོད་པ་རེད།
    ད་སྔོན་ཆད་ནང་བཞིན་སྟག་སྣ་འཇིགས་མེད་བཟང་པོ་དང་། ཨ་ནེ་གཉིས་ལ་སོགས་པ་ནང་བཞིན་སུད་སི་མི་དམངས་ནས་རོགས་རམ་བྱེད་ཁག་པོ་རེད་བསམ།

    Reply
  2. ནོར། says:
    ལོ་ 17 སྔོན།

    ནོར་འཁྲུལ་ཚང་མར་འདུག
    ཡིན་ཡང་ཕྱོགས་ལྷུང་གི་གསར་འགོད་པ་དེའི་ནོར་འཁྲུལ་ཚབས་ཆེ་ཤོས་རེད།

    Reply
  3. རྭ་ལོ། says:
    ལོ་ 17 སྔོན།

    ངས་གཏམ་འདི་གོ་མ་ཐག་སུད་སི་བོད་རིགས་མི་དམངས་ལ་ངོ་རྒོལ་བྱས་ཡོད། སྐད་ཆ་སྡུག་ཅག་མང་པོ་ཞིག་གོ་མྱོང་མོད། གོ་ཚད་བྲིས་ན་གཏམ་འཆལ་དུ་འགྲོ་བར་དོགས་ནས་བྲིས་མེད། རྗེས་མ་གནས་སྟངས་ཇེ་སྡུག་ལ་ཕྱིན་ན་ངས་སྐད་ཆ་དེ་དག་རེ་རེ་བཞིན་གསལ་བོ་བཟོ་གི་ཡིན། བོད་མི་ཚོས་སུད་སི་བོད་རིགས་མི་དམངས་ཀྱི་མཚན་ཐོག་ལ་འབོད་སྐུལ་གྱི་ཡི་གེ་རེ་གཏོང་དགོས་པ་མིན་འགྲོ།

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ད་ནི་རྒྱ་མིས་བོད་ནང་གི་ཆབ་སྲིད་བཙོན་པ་དག་ལ་སྡང་། ཕྱི་ནས་འབྱོར་བ་ཡོད་མཁན་དག་གིས་རང་གི་ཁེ་ཕན་ཁོ་ན་ལ་དམིགས་ནས་གཅིག་ཕན་གཅིག་གྲོགས་ཟེར་བ་དང་བོད་སེམས་བོད་ཟེར་བའི་མིང་ཚིགས་ཤིག་སེམས་ནང་དུ་མེད་པ་མཐོང་དུས། དངོས་ནས་བོད་པ་འདི་བ་ཚང་ལ་ག་འདྲ་བྱུང་བ་ཡིན་ནམ་སྙམ་ཞོར་དུ་༧གོང་ས་མཆོག་གིས་གསུང་ཞིག་དྲན་སོང་། ཁྱེད་ཚོ་སྔོན་ལ་འབྱོར་བ་ཚོས་གསར་དུ་འབྱོར་བའི་བོད་མི་དག་ལ་རོགས་པ་བྱེད་དགོས་ཀྱི་ཡོད་པ་རེད། དེ་སེམས་ནས་མ་བརྗེད་ཅིག་གསུང་བའི་བཀའ་སློབ་དེ་ནི་བོད་མི་ཕྱི་རྒྱལ་རང་དབང་ཁམས་ན་ཡོད་མཁན་དེ་དག་གིས་ཡེ་ཤེས་ནོར་བུ་མཁྱེན་ནོ་ཟེར་ནས་ལག་ཟུང་སྙིང་ཁར་སྤྱར་བ་ཙམ་ལས་དོན་སྟོང་ཚིག་སྟོང་ཁོ་ན་ཡིན་པ་ར་སྤྲོད་བྱེད་ཀྱི་མི་འདུག་གམ།

    Reply
  5. རུ་དམ་ལུང་གི་བུ།། says:
    ལོ་ 17 སྔོན།

    ཨ་ཁ་ཁཁཁཁ། དེ་འདྲའི་ཐབས་སྐྱོ་བ་ལ་དངོས་གནས་དེ་འདྲ་གོ་ན་སེམས་པ་ན་གི
    ལེ་ལན་བརྡ་གི་མེད་ད། རང་རིགས་སྤུན་ཟླ་རྣམས་ཀྱིས།
    རང་རིགས་སྤུན་ལ་མ་སྡང་། ད་ལྟའི་གནས་བབས་གཟིགས་རོགས།
    ཚང་མ་སྐྱབས་བཅོལ་ཡིན་པས། སྐྱབས་བཅོས་སྐྱབས་བཅོལ་མ་སྡང་།
    དགྲ་བོས་སྡང་ན་ལས་རེད།
    དེ་ལྟར་བྱེད་མཁན་ལས་བྱེད་དབང་ཡོད་ཁྱེད་རྣམ་པས། ཁོང་ཚོ་ལ་འགལ་རྐྱེན་ངན་པ་མི་འཕྲད་པའི་འགན་ཁུར་དགོས་པ་མ་ཚད། ཚུར་ལོག་མཁན་མི་སྒེར་གྱི་གཞི་བྱེས་གཉིས་ཀྱི་དཀའ་ངལ་སེལ་བའི་ཐོབ་དང་དཔལ་འབྱོར་ཕུལ་དགོས། གུས་བཅས།

    Reply
  6. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    དགོངས་དག རྩོམ་འཇུག་དུས་དྲ་ཐག་ཡག་པོ་མེད་པར་བརྟེན་རྩོམ་ལུས་དྲ་ཐོག་ལ་འདོན་ཐུབ་མི་འདུག

    Reply
  7. ཡོན་བྷེ། says:
    ལོ་ 17 སྔོན།

    ཡིག་འབྲུ་གཅིག་ཀྱང་རིག་རྒྱུ་མེད་ནོ་ག་རེ་རེད།

    Reply
  8. རུ་དམ་ལུང་གི་བུ།། says:
    ལོ་ 17 སྔོན།

    ནང་དོན་མི་འདུག ག་རེ་བྱས་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese