མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཛངས་མའི་དབུ་རྒྱན་བསྟན་འཛིན་ཆོས་འཛོམས་ལ་ཐོབ།

བོད་ཀྱི་དུས་བབ།
༢༠༠༩/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

༢༠༠༩ ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་དེ་ངྷ་ས་ནས་ཡིན་པ་བུ་མོ་བསྟན་འཛིན་ཆོས་འཛོམས་ལགས་ལ་ཐོབ་ཡོད་ལ། ཁོ་མོས་བཤད་རྒྱུར་བོད་ཀྱི་མཛངས་མ་འགྲན་བསྡུར་ཟེར་དུས་མཛེས་མ་འགྲན་བསྡུར་དང་མི་འདྲ་བར། བོད་ཀྱི་མཛངས་མ་ཡིན་ན་ཕྱིའི་མཛེས་པ་གཅིག་པུས་འདང་གིན་ཡོད་པ་མ་རེད། ནང་སེམས་ཀྱི་མཛེས་པ་ཞིག་དགོས་པ་རེད་ལ། ད་དུང་གཞན་པའི་ཡོན་ཏན་སྣ་ག་མང་པོ་ཞིག་ཚང་དགོས་པ་རེད་ཟེར།

 

དེ་དགོང་བོད་གཞུང་ཟློས་གར་ཁང་དུ་མི་ཚོགས་ཀྱིས་ཡོངས་སུ་ཁེངས་ཤིང༌། ལྟད་མོ་བ་རྣམས་ཀྱི་ཚོད་དཔག་ལྟར་ན་དེ་དགོང་གི་འདུ་འཛོམས་འདི་ནི་བོད་གཞུང་ཟློས་གར་ཁང་དུ་ད་བར་དུ་འཛོམས་པའི་མི་ཚོགས་རྒྱ་ཆེ་ཤོས་དེ་ཡིན་པར་བཤད་ལ། ཚོད་དཔག་གི་གྲངས་འབོར་ནི་མི་གྲངས་སྟོང་ཕྲག་ ༦ ལྷག་ཡིན་པར་འདོད། འདི་ལྟའི་མི་ཚོགས་འདུ་འཛོམས་ཁྲོད་དུ་ ༢༠༠༩ ལོའི་བོད་ཀྱི་མཛངས་མའི་འགྲན་ཞུགས་པ་རྣམས་ཀྱིས་མཐའ་མཇུག་གི་འགྲན་བསྡུར་གསུམ་སྟེ། དེང་རབས་དཔེ་གསར་གྱི་གྱོན་ཆས་དང་བོད་མིའི་སྲོལ་རྒྱུན་གྱི་གོན་ཆས། དེ་བཞིན་བོད་ཀྱི་མཛངས་མའི་འགྲན་ཞུགས་པ་རྣམས་ཀྱིས་དཔྱད་འདེམས་པ་དག་གི་དྲི་བར་ལན་འདེབས་བཅས་སྣ་གསུམ་འགྲན་རྗེས་ ༢༠༠༩ ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་དེ་ངྷ་ས་ནས་ཡིན་པའི་བུ་མོ་བསྟན་འཛིན་ཆོས་འཛོམས་ལགས་སུ་ཐོབ་ཡོད་པ་རེད།

 

བློ་བཟང་དབང་རྒྱལ་ལགས་ཀྱིས་བོད་ཀྱི་མཛངས་མའི་འགྲན་བསྡུར་གྱི་མཐའ་མའི་འགྲན་ཐེངས་གསུམ་དབུ་འཛུགས་མ་བྱས་གོང་དུ། འགྲན་བསྡུར་འདི་ནི་བོད་མི་རྣམས་རྒྱལ་སྤྱིའི་སྡིངས་ཆར་བསླེབས་ནས་ལོ་ ༥༠ དང༌། བཙན་བྱོལ་དུ་འབྱོར་ནས་ལོ་ ༥༠ འགོར་བའི་དུས་སྐབས་ཤིག་ལ་འཁེལ་སྟབས། འདི་ནི་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་ལས་འགུལ་ཞིག་ཡིན་ཅེས་བཤད་བྱུང་ལ། བོད་ཀྱི་མཛངས་མའི་ལས་འགུལ་གོ་སྒྲིག་པའི་ངོས་ནས་དེ་དགོང་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་གཞི་ཡང་ཁྱབ་བསྒྲགས་བྱས་ཡོད་ལ། ཁོང་ལྟར་ན་ཤེས་ཡོན་འདབ་གཤོག་གཉིས་ལྡན་དང་མི་གཞི་ལེགས་པ། མཐོང་ཐོས་ཀྱི་རྒྱ་ཆེ་བ་བཅས་ལ་བརྟེན་བཀའ་བློན་ཁྲི་པའི་འོས་གཞིར་ཧར་ཝར་ཌི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་བློ་བཟང་སེང་གེ་འོས་ལ། བོད་ཀྱི་མཛངས་མའི་ལས་འགུལ་གོ་སྒྲིག་བྱེད་མཁན་གྱི་ངོས་ནས་ཁོང་ལ་འོས་ཤོག་འཕེན་རྒྱུ་ཡིན་ཅེས་ཡོངས་ཁྱབ་ཏུ་བསྒྲགས། དེ་བཞིན་ད་ལྟའི་བཀའ་ཁྲི་ལས་ཐོགས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་བསྐྱར་དུ་བཀའ་ཁྲིར་འདེམ་སྲོལ་མེད་ལུགས་དང༌། བོད་རིགས་གཞོན་སྐྱེས་ཚོའི་འཕྲོད་བསྟེན་ལ་བདག་པོ་རྒྱག་དགོས་ཚུལ་བཅས་དོན་ཚན་གསུམ་གྱི་སྟེང་གཏམ་བཤད་གནང་བྱུང༌།

 

དེ་དགོང་གི་མཛངས་མའི་འགྲན་བསྡུར་གྱི་མཐའ་མའི་ལས་རིམ་ཁྲོད་དུ་ས་གནས་བོད་མིའི་གཞས་པ་དང་གཞས་མ། དེ་བཞིན་རྒྱ་གར་ཡུལ་མིའི་ཟློས་གར་སོགས་གཞས་སྣ་འཁྲབ་སྟོན་ཡང་འདུག བུ་མོ་བསྟན་འཛིན་ཆོས་འཛོམས་ལགས་ལ་བོད་ཀྱི་མཛངས་མའི་དབུ་རྒྱན་དང་ཧིན་སྒོར་འབུམ་གཅིག་ཐོབ་ཡོད་ལ། མཛངས་མའི་དབུ་རྒྱན་ཕུད། འགྲན་རྩོད་ཨང་དང་པོ་ནི་རྡོ་རྗེ་གླིང་ནས་ཡིན་པའི་ངག་དབང་ཆོས་དབྱངས་ལགས་ལ་ཐོབ་ཅིང་ཧིན་སྒོར་ཁྲི་ ༥ ཡི་གཟཻངས་རྟགས། ཨང་གཉིས་པ་རྡེར་ལྡུན་ནས་ཡིན་པ་བུ་མོ་སྒྲོལ་དཀར་ཡིན་པ་དང༌། ༢༥༠༠༠ ཐོབ་ལ། ངོ་སོའི་གཟེངས་རྟགས་ཆེད་སྦིར་ནས་ཡིན་པའི་བུ་མོ་ཡེ་ཤེས་ལྷ་མོ་ལགས་ལ་བྱ་དགའ་ཧིན་སྒོར་ ༥༠༠༠ བཅས་ཐོབ་ཡོད་པ་རེད།

 

འགྲན་བསྡུར་དངོས་གཞི་མཇུག་སྒྲིལ་མ་ཐག གསར་འགོད་པ་ཚོས་གསར་དུ་བདམས་ཐོན་བྱུང་མ་ཐག་པའི་བུ་མོ་བསྟན་འཛིན་ཆོས་འཛོམས་ལགས་སུ། ཐེངས་འདིའི་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་པར་ཚོར་བ་ཅི་འདྲ་ཡོད་པ་དང། མ་འོངས་པར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལས་དོན་ཅི་ཞིག་བསྒྲུབ་འདོད་ཡོད་པ། དེ་བཞིན་གོ་སྐབས་འདི་བརྒྱུད་དེ་བོད་ཀྱི་བུ་མོ་ཚོར་རེ་འདུན་འདྲ་འདོན་རྒྱུ་ཡོད་མེད་སོགས་དྲིས་པར་ཁོ་མོས། ང་ལ་བོད་ཀྱི་མཛངས་མ་ཐོབ་སོང་བས་སེམས་པ་དགའ་བོ་ཞེ་དྲག་འདུག ངས་འགྲན་བསྡུར་འདིའི་ཆེད་དུ་དཀའ་ལས་ཞེ་དྲག་བརྒྱབས་པ་ཡིན་ལ། དཀའ་ལས་བརྒྱབས་པར་གྲུབ་འབྲས་ཀྱང་ཐོབ་སོང། བོད་ཀྱི་མཛངས་མ་འགྲན་བསྡུར་ཟེར་དུས་མཛེས་མ་འགྲན་བསྡུར་དང་མི་འདྲ། བོད་ཀྱི་མཛངས་མ་ཡིན་ན་ཕྱིའི་མཛེས་པ་གཅིག་པུས་འདང་གིན་ཡོད་པ་མ་རེད། ནང་སེམས་ཀྱི་མཛེས་པ་ཞིག་དགོས་པ་རེད་ལ། ད་དུང་གཞན་པའི་ཡོན་ཏན་སྣ་མང་པོ་ཞིག་ཚང་དགོས་པ་རེད། ཅེས་དང་།  

 

ཡང་ཁོ་མོས་དམིགས་ཡུལ་དང་རེ་འདུན་བརྗོད་དོན། ཐེངས་འདིར་ང་ལ་བོད་ཀྱི་མཛངས་མའི་དབུ་རྒྱན་ཐོབ་པ་རེད། མིང་འདིའི་འོག་ནས་བོད་རྒྱལ་ཁབ་ལ་ཕན་ཐོགས་པའི་བྱ་བ་ཞིག་བསྒྲུབ་ཨེ་ཐུབ་ལ་འབད་བརྩོན་བྱ་རྒྱུ་ཡིན། ང་རང་མ་འོངས་པར་འཛམ་གླིང་མཛངས་མ་འགྲན་བསྡུར་ལ་ཞུགས་རྒྱུའི་དམིགས་ཡུལ་བཟུང་ཡོད། དེ་ང་རང་སྒེར་གྱི་ཆེད་མ་རེད། སྟིངས་ཆ་དེ་འདྲ་ཞིག་གི་གོ་སྐབས་རག་པ་ཡིན་ན། བོད་རྒྱལ་ཁབ་དང་བོད་མི་རིགས་ལ་ཕན་གྱིན་ཡོད། ང་རང་གིས་བོད་པའི་བུ་མོ་ཚོར་འབོད་སྐུལ་ཞུ་རྒྱུ་ནི། བོད་པའི་བུ་མོ་ཚོ་ངོ་ཚ་སྨིན་པོ་ཞེ་དྲག་རེད། ང་ཚོས་ངོ་ཚ་སྨིན་པོ་བྱས་སྡད་ན་གོ་སྐབས་ཡོད་ཚད་ཤོར་འགྲོ་བ་རེད། སོ་སོ་རྒས་པའི་སྐབས་སུ་འགྱོད་པ་ཞིག་ལས་ཅི་ཡང་ལྷག་མེད། གོ་སྐབས་རག་དུས་དམ་འཛིན་བྱས་ཏེ། སོ་སོར་ཤེས་ཡོན་དང་འཇོན་ཐང། ལག་རྩལ་གང་ཞིག་ཡོད་ན་སྟོན་དགོས་པ་རེད། དེ་ལྟར་བྱས་ན་ང་རང་བཞིན་བྱ་དགའ་ཐོབ་པའི་རེ་བ་ཡོད། ཅེས་བརྗོད་བྱུང་།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༤ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢༡ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢༣ སྔོན་ལ།

མཆན། 36

  1. འཁྱམས་པོ། says:
    ལོ་ 16 སྔོན།

    ཡ་ད་ཡིན་ན་ཚང་མས་ཀློག་ཚར་པ་འདྲ། ཧ་་་་་ ངས་ཚོད་དཔག་དེ་ནོར་མི་འདུག་ག ཡག་པོ་འདུག་མཛེས་མ་ཡིན་ན་མཛངས་མ་ཡིན་ན་གང་ལྟར་དབུ་རྒྱན་ཐོབ་མཁན་བསྟན་འཛིན་ལ་རྟེན་འབྲེལ་ཞུ། བོད་དོན་ལ་མཛངས་མིན་རྗེས་ནས་བལྟ་རྒྱུ་ལས་ད་ལྟ་ཚོད་དཔག་ཐུབ་པ་ཞིག་མ་རེད།
    ལྷག་པར་དུ་བློ་བཟང་དབང་རྒྱལ་ལ་རྗེས་སུ་ཡིད་རིང་དང་ཐུགས་རྗེ་ཆེ་ཞུ། ངས་བསམ་ན་འདི་ལྟར་སྤྱི་ཚོགས་ལ་ཁ་ཕྱོཊ་ནས་ཞབས་འདེགས་ཀྱི་བྱ་པ་སྣེ་གཅིག་སྒྲུབ་ཐུབ་མཁན་ཡོད་ན་ཡག་པོ་འདུག་བསམ་གྱིན་འདུག
    གོང་དུ་འགའ་རེས་ཁོའི་ལྟོ་རྒྱབ་གྱི་ཆེད་དུ་ཡིན་ཚུལ་ཤོད་ཀྱིན་འདུག་དེ་ནི་མི་དེ་ཚོའི་བསམ་བློའི་འཇུག་སྒོ་དོག་སོང་པའི་ནོར་འཕྲུལ་རེད་བསམ་གྱིན་འདུག

    Reply
  2. རྟ་བདུན་དབང་བོ། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་ཞབས་བྲོ་འདི་ལ་གཟིགས་རོགས་ཞུ། འདིའི་ཞབས་བྲོ་འཁྲབ་མཁན་མཛེས་མ་འདི་ནི་འཛམ་གླིང་མཛེས་མའི་འགྲན་སྡུར་ལ་ཞུགས་སུ་རུང་བ་ཞིག་རེད་འདུག་སྙམ། དྲ་གྲོགས་ཚོས་གཟིགས་ན་ག་འདྲ་འདུག །
    http://www.youtube.com/watch?v=hNPVksuDaSw

    Reply
  3. རི་བོང། says:
    ལོ་ 16 སྔོན།

    མཛངས་མ་མ་རེད་གླེན་མ་རེད། །
    གླེན་རྟགས་གར་སྟེགས་སྟེང་ནས་བསྟན། །
    འདུ་ཚོགས་འུར་སྒྲ་ཆིལ་ལེ་བཏང་། །
    དགའ་ཉེ་སྐྱོ་བ་ལྷོག་སེ་བཏང། །

    Reply
  4. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    ཁོ་རེ་རྟ་བདུན་པ། ངའི་བལྟས་ན་ཁྱེད་ཀྱིས་ཚོད་དཔག་དེ་འགྲིག་གི རྒྱུ་མཚན་ང་དུས་བབ་དྲ་ཚིགས་འདིར་ག་དུས་འཛུལ་ན་ཐོག་མར་མཛེས་མ་སྟེ་བུད་མེད་ཀྱི་སྐོར་ལ་དོ་སྣང་བྱེད་གྱིན་ཡོད། ངའི་ཡང་ཁྱོད་འདོད་ཆགས་མེད་པའི་ན་གཞོན་ཞིག་མིན་པར་ངེས་འཛིན་བྱེད་གྱིན་ཡོད་འདི་ཨེ་འགྲིག་གི་གཅིག་གསུང་དང་།

    Reply
  5. རྟ་བདུན་དབང་བོ། says:
    ལོ་ 16 སྔོན།

    ཨ་རིག་གླེན་རྒན་ལགས་ད་ཐེངས་ཁྱོད་ཀྱིས་སྙན་མོ་ཞིག་བྲིས་འདུག བོད་ཀྱི་མཛེས་མའི་གདོང་དེ་གློག་སྙན་ཁ་ཤས་ནང་གི་འདྲེ་དང་གཤིན་པོ་ཁྲབ་མཁན་འདྲ་བོ་འདུག་གསུངས་པ་དེ་དངོས་གནས་བདེན་པ་འདྲ་བོ་འདུག ཕྱིན་ཆད་འདི་བཞིན་རྒྱུ་མཚན་བདེན་པ་རེ་བྲིས་ན་དགེ་མཚན་ཤིན་ཏུ་ཆེའོ། གཞན་ཡང་ཁྱོད་ཀྱིས་བོད་ཀྱི་མཛེས་མར་རྒྱབ་སྐྱོར་ཤུགས་དྲག་བྱེད་ཚུལ་ལ་ལྟོས་ན་།
    ཁྱོད་འདོད་ཆགས་ཅན་གྱི་མི་རྒན་ཞིག་ལོས་ཡིན་སྙམ། ད་ཀུ་རེ་ཡིན་ད།
    དགོངས་པ་མ་འཚོམས་རོགས། །

    Reply
  6. དུང་མཚོ་སྐྱིད། says:
    ལོ་ 16 སྔོན།

    བོད་ཀྱི་མཛངས་མའི་མིང་ཅན་བསྟན་འཛིན་ཆོས་འཛོམས་ལ་བཀྲ་ཤིས་བདེ་ལེགས་ཞུ།
    རྗེས་སུ་བག་ཡོད་ཚུལ་མཐུན་དང་ཨ་མ་བཟང་པོ་ཞིག་འོང་བའི་སྨོན་ཞུ།

    Reply
  7. རྭ་ལོ། says:
    ལོ་ 16 སྔོན།

    བོད་ལ་མཛངས་མ་ ༧ ཡོད། དེ་དག་གི་ཕལ་ཆེ་བ་གང་དུ་ཡོད་མེད་མ་ཤེས། ཡིན་ཡང་། གཅིག་གིས་ལྡི་ལིར་ཚོང་ཁང་ཞིག་བཟུང་འདུག མཛངས་མ་ཚེ་རིང་སྐྱིད་ཀྱིས་ཉིན་ཤས་སྔོན་གསར་འགོད་ཀྱི་ལས་ཀ་བཞག་ནས་བུད་མེད་ལྷན་ཚོགས་སུ་འཛུལ་སོང་། ཁ་སང་གི་མཛངས་མ་གསར་པ་བསྟན་འཛིན་ཆོས་འཛོམས་ཀྱིས་མོ་རང་གསར་འགོད་པ་ཞིག་བྱ་འདོད་འདུག་ཅེས་ཁ་ཉིན་དགོང་མོ་མཛེས་མའི་དབུ་རྒྱན་རག་ཁར་བརྗོད་སོང་ཟེར། བུ་མོ་མཛེས་མ་ཚོ་གསར་འགོད་ཀྱི་ལས་ལ་ཞུགས་ན་ཧ་ཅང་ཡག་པོ་རེད། ཆབ་སྲིད་པ་ཚོའི་ཁ་ནང་ནས་གང་དགོས་དགོས་ལོན་གི་རེད། དེའི་ཁར་བུད་མེད་ཚོ་སྐྱེས་པ་ལས་ཅུང་སེམས་གཉོམ་པོ་ཡིན་སྟབས། གསར་འགྱུར་གྱི་ནང་ལ་ཆག་སྒོ་ཆེན་པོ་སློང་གི་མ་རེད། དེང་སྐབས་ BBC དང་ CNN དང་། རྒྱ་གར་གྱི་ NDTV སོགས་ཀྱི་ནང་དུ་གསར་འགོད་པ་ཕེལ་ཆེ་བ་བུད་མེད་རེད། ཨ་མའི་བུ་མོ་ཚོ། ཁྱེད་ཚོ་གསར་འགོད་ཀྱི་ལས་ལ་ཞུགས་ཐུབ་ན་རྒྱབ་སྐྱོར་ཆེན་པོ་ཡོད།

    Reply
  8. ཨརྱ། says:
    ལོ་ 16 སྔོན།

    བསྟན་འཛིན་ཆོས་འཛོམས་ལ་མཛེས་མའི་དབུ་རྒྱན་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་དྲན་སྐུལ་ཞིག་བྱེད་རྒྱུར། ཁྱེད་ཀྱིས་གསར་འགོད་པ་ཚོར་༼ང་ལ་བོད་ཀྱི་མཛངས་མ་ཐོབ་སོང་བས་སེམས་པ་དགའ་བོ་ཞེ་དྲག་འདུག ངས་འགྲན་བསྡུར་འདིའི་ཆེད་དུ་དཀའ་ལས་ཞེ་དྲག་བརྒྱབས་པ་ཡིན་ལ། དཀའ་ལས་བརྒྱབས་པར་གྲུབ་འབྲས་ཀྱང་ཐོབ་སོང། བོད་ཀྱི་མཛངས་མ་འགྲན་བསྡུར་ཟེར་དུས་མཛེས་མ་འགྲན་བསྡུར་དང་མི་འདྲ། བོད་ཀྱི་མཛངས་མ་ཡིན་ན་ཕྱིའི་མཛེས་པ་གཅིག་པུས་འདང་གིན་ཡོད་པ་མ་རེད། ནང་སེམས་ཀྱི་མཛེས་པ་ཞིག་དགོས་པ་རེད་ལ། ད་དུང་གཞན་པའི་ཡོན་ཏན་སྣ་མང་པོ་ཞིག་ཚང་དགོས་པ་རེད༽ཅེས་བཤད་པ་ལྟར་ཕྱི་ནང་གི་ཡོན་ཏན་སྣ་མང་ཞིག་འཛོམས་ཡོད་པའི་རེ་བ་ཡོད་།ཡང་ཁྱོད་ཀྱིས༼ཐེངས་འདིར་ང་ལ་བོད་ཀྱི་མཛངས་མའི་དབུ་རྒྱན་ཐོབ་པ་རེད། མིང་འདིའི་འོག་ནས་བོད་རྒྱལ་ཁབ་ལ་ཕན་ཐོགས་པའི་བྱ་བ་ཞིག་བསྒྲུབ་ཨེ་ཐུབ་ལ་འབད་བརྩོན་བྱ་རྒྱུ་ཡིན། ༽ཞེས་བཤད་པ་འདི་ནི་ཁྱེད་མ་བཟང་གི་བུ་མོ་ཞིག་ཡིན་ན་དུས་ནམ་དང་ཡུལ་གང་ཡིནའང་གཏན་ནས་མ་བརྗེད་རོགས་ཞུ་རྒྱུ་དང་རྗེས་ནས་བལྟས་སྡོད་རྒྱུ་ཡིན་པས་དགོངས་འཇགས་ཞུ།།

    Reply
  9. སྦྲ་དཔལ་ལྡན། says:
    ལོ་ 16 སྔོན།

    miss དང་mouse ཧ་གོ་གི་མེད། གང་ལྟར་ང་རང་གི་ཆུ་གྲང་མོ་ཅིག་དང་བྱ་ཤ་སྡེར་མ་གང་ཟ་ཐུབ་སོང་། དེང་སང་མཛེས་མ་བསྟན་འཛིན་ཆོས་སྒྲོན་དང་སྦྲ་དཔལ་སྨྱོན་པ་གཉིས་ལ་རླུང་རྟ་རྒྱུགས་འདུག ཨ་ལ་ཀུ་རེ་ཡིན། མཛེས་མ་བསྟན་འཛིན་ཆོས་འཛོམས་ལ་བཀྲ་ཤིས་བདེ་ལེགས་དང་སྐུ་ཞབས་བློ་བཟང་དབང་རྒྱལ་ལ་དམིགས་བསལ་གྱི་ཐུགས་རྗེ་བླ་མེད་ཞུ་མ་གཏོགས་འུ་ཚོའི་བུ་མོ་དེ་ཚོ་འགུལ་ས་ཞིག་དངོས་ནས་མི་འདུག་གི

    Reply
  10. ལྷོ་མཐའི་ཕུག་རོན། says:
    ལོ་ 16 སྔོན།

    གང་ལྟར་མཛེས་མ་དང་མཛངས་མ་ཡིན་ཡིན་སུས་ཁ་ཚོད་གཅོད་དཀའ་མོད། བུ་མོ་བསྟན་འཛིན་ཆོས་འཛོམས་ལ་གོ་སྐབས་དེར་རག་པ་བཀྲ་ཤིས་བདེ་ལེགས་ཡོད། ད་དུང་མོའི་བཤད་ན་མོ་རང་མཛེས་མ་མིན་ཚུལ་དང་མཛངས་མ་ཡིན་ཚུལ་བཤད་འདུག་པས། བདག་ལ་མཚན་ན་མཛངས་མ་ཞིག་གི་མཚན་བྱང་ལེན་པར་དེ་འདྲ་ལས་སླ་བོ་ཞིག་གཏན་ནས་མ་རེད་འདོད་ཀི ངས་བལྟས་ན་མཛངས་མའི་མཚན་ཉིད་ཤེས་མཁན་དང་མཛངས་མ་ཞེས་པ་ཅི་ཞིག་ལ་ཟེར་གི་ཡོད་མེདཤེས་ཀྱི་ཡོད་ས་མ་རེད་འདོད་ཀི ཨེ་རེད་དྲ་གྲོགས་ཚོ།

    Reply
  11. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    miss Tibet བོད་ཀྱི་བུ་མོར་འཇུག་པ་བདེན་ཀྱང་སྐབས་དོན་བོད་ཀྱི་མཛེས་མར་གོ་དགོས།
    བུ་མོ་བསྟན་ཆོས་ཀྱི་གདོང་ལ་བྱུག་རྫས་མང་སྐྱོན་མི་འདུག་གློག་བརྙན་འགའི་ནང་གི་འདྲེ་དང་གཤིན་པོ་འཁྲབ་མཁན་མིང་གྲགས་ཅན་རྣམས་འདྲ་བས་དགེ་ལས་སྐྱོན་མ་མཆིས།
    དོན་མེད་སྐྱོན་མ་འཚོལ་རྟ་བདུན་པ་ཁོ་རེ།

    Reply
  12. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ག་རེ་ཡིན་ན་ཡིན། ད་ནི་དྲ་གྲོགས་མང་བོ་ཞིག་གིས་གསུང་ཚར་རོགས་བར་དུ་སྒུག་པ་ཡིན། ད་ནི་ཚང་མས་གསུང་ཚར་བ་འདྲ། ད་ངས་ཡང་བསྐྱར་ཉེ་སྔོན་གྱི་སྐད་ཆ་དེ་དག་སླར་ཡང་གཅིག་ཞུ་ཆོག་པ་ཞུ། བོད་ཀྱི་མཛེས་མ། བོད་ཀྱི་བུ་མོ། གང་ཡིན་ན་ཡིན། དེ་འདྲ་ཞིག་གི་མིང་ཐོབ་པ་ལ་མ་མཐའི་ཆ་རྐྱེན་གསུམ་ཚང་དགོས་ཀྱི་ཡོད། དང་པོ་བོད་སྐད་སྤུས་དག་བཤད་ཐུབ་པ། གཉིས་པ་བོད་ཡིག་ཤེས་པ། གསུམ་པ་བོད་དོན་ལ་སེམས་གཏིང་ནས་འགན་འཁུར་མཁན་ཞིག་བཅས་བྱུང་ན། ད་གཟོད་བོད་ཀྱི་བུ་མོ་དང་བོད་ཀྱི་མཛེས་མའི་ཐོབ་སྐལ་ཡིན། དེ་མིན་ན་ནི་གང་ཡིན་ཡང་བོད་ཀྱི་མཛེས་མ་ཟེར་བའི་མིང་བརྗིད་་པོ་དེ་དང་བོད་ཀྱི་བུ་མོ་ཟེར་བའི་གོ་མིང་དེ་གཏན་ནས་ཐོབ་མི་འོས་པ་ཞིག་རེད།

    Reply
  13. རྟ་བདུན་དབང་བོ། says:
    ལོ་ 16 སྔོན།

    ངས་འདི་ཀར་སྐད་ཆ་མདོར་བསྡུས་ཤིག་ཞུ་འདོད་བྱུང་། ངས་བུ་མོ་བསྟན་འཛིན་ཆོས་འཛོམས་རྣམ་པ་ཡོད་མེད་གླེང་གི་མིན། ཡིན་ནའང་མོའི་གདོང་ལ་ཚོས་བྱུག་མང་དྲག་མི་འདུག་གམ། ལྷག་པར་དུ་མོའི་མིག་ལ་ཚོས་མང་དྲག་འདུག་སྙམ། ཡིན་ནའང་འདི་ནི་ང་གཅིག་བུས་མཐོང་སྣང་ཡིན་ནམ་མི་ཚང་མས་འདི་ལྟར་མཐོང་གིན་འདུག དྲ་གྲོགས་ཚོས་ལྟོས་ན་ག་འདྲ་འདུག་བསམ་འཆར་ཁོད་རོགས་ཞུ།

    Reply
  14. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    བདེ་འབྱུང་གི་མཆན་གཉིས་ནི་ནང་དོན་གྱི་ཆ་ནས་འོས་འཚམ་མི་འདུག་སྟབས་བསུབས་པ་ཡིན། བདེ་འབྱུང་ལགས། རྗེས་ཕྱོགས་ཡུལ་ལུང་ལ་ལྟོས་པའི་སྐྱོན་བརྗོད་རིགས་མཆན་གྱི་ནང་མ་འགོད་རོགས་ཞེས་རེ་སྐུལ་ནན་ཆེར་ཞུ།

    Reply
  15. དགེ་འདུན་རབ་གསལ། says:
    ལོ་ 16 སྔོན།

    “Miss Tibet” ཞེས་པ་དེ་ནི་བོད་ཀྱི་བུ་མོ་ཞེས་པ་རེད་དྲན། མཛེས་མ་དང་མཛངས་མ་གང་སྤྱད་ཀྱང་། རིམ་གྱིས་དོན་ལ་འབྱར་འགྲོ་གི་རེད། སྐད་གཞན་དུ་ཡང་དེ་ལྟར་འགྱུར་བ་རེད་དྲན། དཔེ་མཚོན་སྟབས་བདེ་ཤོས་ཤིག་ནི། mouse/ཙི་ཙི་ཟེར་བ་འདི་རེད། མིང་ཚིག་འདི་གློག་ཀླད་མ་ཐོན་གོང་གི་མིང་ཚིག་རེད། ད་ཆ་འདི་ལ་གོ་བ་གཉིས་པ་གློག་ཀླད་ཀྱི་ཆ་དེ་ལ་མི་གོ་མཁན་ཉུང་བ་རེད། དེ་འདྲ་རེད། ཚིག་ལ་མ་རྩོད་དོན་ལ་རྩོད། ཀུ་ཅི།

    Reply
  16. ཞི་བ་པ་ཀུན་ཁྱབ་དཔལ་བཟང་། says:
    ལོ་ 16 སྔོན།

    སློབ་གྲོགས་བསྟན་འཛིན་ཆོས་འཛོམས་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ། གཤིས་བཟང་གི་བུ་མོ་ལགས། ཁྱེདརང༢༠༠༩ ཡི་བོད་ཀྱི་མཛེས་མ་རེད་ལ་མཛངས་མ་ཡང་རེད། ལོ་འདིའི་མཛངས་མའི་དབུ་རྒྱན་ཐོབ་པ་ནི་ཁྱོད་རང་གི་འཇོན་ཐང་རེད་ལ། བོད་ཀྱི་བུད་མེད་ཚོའི་ལ་རྒྱ་ཡང་རེད། ཁ་སང་རྒན་ཚེ་བརྟན་གཡུ་སྒྲོན་ལགས་ཀྱིས་ཁྱོད་རང་མཉོམ་ཉུང་དྲགས་འདུག་ཅེས་སེམས་ཁྲལ་གནང་བཞིན་འདུག་ཀྱང་དེ་རིང་སྐུ་ཉིད་ཀྱིས་ཁོང་ལ་་སྤོབ་པ་སྦྱིན་ཡོད་ངེས། རེད། སྐུ་ཉིད་དེ་རིང་ནས་མདུན་དུ་སྐྱོད་དགོས། ཁྱོད་རང་ད་ལྟ་ཤེས་རིག་གི་ལམ་དུ་ཡོད་པས། མ་འོངས་པར་བོད་ཀྱི་བུད་མེད་ཚོའི་དཔེ་སྟོན་ཅན་ཞིག་བྱེད་དགོས།

    Reply
  17. ཆུ་སྐྱེས་སྒྲོལ་མ། says:
    ལོ་ 16 སྔོན།

    ར་ལོ་ལགས། མཛངས་མས་གནོད་ཀྱིས་ཞུ་རྒྱུ་མ་བྱུང༌། ཐ་སྙད་བཏགས་སྟངས་ཀྱི་ཆ་ནས་རན་པོ་མི་འདུག་སྙམ་པ་ཡིན། ཁྱེད་ལ་གནོད་མེད་པ་ཤོག

    Reply
  18. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    ངས་གཏན་ནས་བཀྲ་ཤིས་བདེ་ལེགས་ཞུས་ན་མི་འདོོད། འདིས་བོད་ཀྱི་འདས་མ་འོངས་ད་ལྟ་གསུམ་གྱི་བྱ་བཞག་གང་ལའང་ཕན་པ་ཞིག་མི་ཡོངས་ཐག་ཆོད་ཡིན།

    Reply
  19. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    བོད་ཀྱི་མཛངས་མ་བསྟན་འཛིན་ཆོས་འཛོམས་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  20. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    བསྟན་འཛིན་ཆོས་འཛོམས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
    དངོས་གནས་བདམས་ཡ་ནོར་མི་འདུག

    Reply
  21. རྟ་བདུན་དབང་བོ། says:
    ལོ་ 16 སྔོན།

    བསྟན་འཛིན་ཆོས་འཛོམས་ལ་མཛེས་མའི་དབུ་རྒྱན་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ། ལོ་རྗེས་མ་ནས་མཛེས་མ་བརྒྱ་ཕྲག་ཁ་ཤས་འཛོམས་རྒྱུ་རེ་བ་ཡོད། མཛེས་ལྡན་དུ་གྲགས་པ་ཚང་མས་སེམས་ཤུགས་བསྐྱེད་དེ་འགྲན་སྡུར་ལ་ཞུགས་རྒྱུ་ཅིས་ཀྱང་གལ་ཆེན་པོ་འདུག དུས་རབས་ཉེར་གཅིག་དུས་སྐབས་བཟང་བོ་འདིར། གཟུགས་དང་རྣམ་དཔྱོད་ལེགས་པའི་ལུས་ཕྲ་རྣམས། རང་གཞན་ཀུན་ལ་སྨན་ཕྱིར་འགྲན་སྡུར་ལ། ཅིས་ཀྱང་སྤོབས་པ་བསྐྱེད་དེ་ཞུགས་པར་འཚལ། །

    Reply
  22. རྭ་ལོ། says:
    ལོ་ 16 སྔོན།

    དེ་དགོང་མཛངས་མ་བསྟན་འཛིན་ཆོས་འཛོམས་མཉམ་དུ་ནུབ་ཚ་ (དགོང་མོའི་ཞལ་ལག་) བཞེས་མཁན་སུ་ཡིན་མིན་ཨེ་ཤེས། ཁ་ཉིན་བློ་དབང་གིས་རྒྱན་ཤོག་ཅིག་བཏོག་གིན་པའི་ཁྲོད་རྒྱན་ཤོག་ཐོབ་མཁན་དེས་དེ་དགོང་མཛངས་མ་མཉམ་དུ་ནུབ་ཚ་འཐུང་ཆོག་ཟེར། ང་ལ་ནི་ཐོབ་མ་སོང་། རྭ་ལོའི་ལས་འདི་ད་་་

    Reply
  23. འཇིག་ལྟ། says:
    ལོ་ 16 སྔོན།

    དེང་སང་དངོས་གནས་རྡ་རམ་ས་ལ་ལ་རྒྱ་མིའི་སོ་པ་སླེབས་ཡོད་ས་རེད།

    ག་ས་ག་ལ་འཛིངས་རེ་བྱས་ཤག་ལབ་ཀྱི་འདུག།

    ངས་བལྟས་ན་རྒྱ་ནག་གི་བཙན་བྱོལ་ནང་དཀྲུགས་རྒྱུའི་སྲིད་བྱུས་ཤིག་སྤེལ་གྱི་ཡོད་པ་འདྲ། ལྷག་པར་་གཞིས་ཆགས་ཁག་ཏུ་ཡང་སྤེལ་གྱི་ཡོད་ཚོད་འདུག

    Reply
  24. འཇིག་ལྟ། says:
    ལོ་ 16 སྔོན།

    ཨང་བཞི་པ་ལས་མ་རགས་དོན།

    Reply
  25. འཇིག་ལྟ། says:
    ལོ་ 16 སྔོན།

    གྲོགས་པོ་ཚོ།

    བུ་མོ་ཡེ་ཤེས་ལྷ་མོ་ལ་རྣམ་པ་དང་གཟུགས་པོ་གཉིས་ཆར་ཡག་པོ་དེ་འདྲ་འདུག་ཀྱང་། ཨང་བཞི་པ་ལ་མ་རགས་པ་ག་རེས་བྱས་པ་ཡིན་ནམ།

    བསྟན་འཛིན་ཆོས་འཛོམས་ཀྱི་གདོང་ནི་ཞེ་སྣང་ཚ་པོ་འདུག།

    Reply
  26. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    མཛངས་མ་བསྟན་འཛིན་ཆོས་འཛོམས་ནི་བོད་ལ་དགའ་པའི་སྨོན་ལམ་འདེབས། བོད་ལ་ཕན་པའི་སྨོན་ལམ་འདེབས།
    བོད་ཡིག་ཤེས་པའི་སྨོན་ལམ་འདེབས།
    བོད་སྐད་གཙང་མ་ཤོད་པའི་སྨོན་ལམ་འདེབས། ད་དུང་མ་འོངས་རིགས་རིག་འཛིན་པའི་བོད་ཕྲུག་རྣལ་མ་ཞིག་གི་ཨ་མ་ཆགས་པའི་སྨོན་ལམ་འདེབས།

    Reply
  27. རྭ་ལོ། says:
    ལོ་ 16 སྔོན།

    མཛངས་མ་ཞེས་བཏགས་ན་ཅི་ཞིག་ལ་གནོད་འགྲོ་གི་འདུག གཞུང་ལུགས་ནས་བཤད་པའི་མཛངས་མ་ཚད་ལྡན་ཞིག་དགོས་དུས་ས་སྟེང་འདིར་མཛངས་མ་ཞེས་པའི་ཐ་སྙད་འདིའི་གོ་དོན་གྱི་ཐོག་ནས་ལངས་ཐུབ་མཁན་ཞིག་འབྱོན་ཐག་རྒྱུ་རེད། རྨི་ལམ་དུའང་དེ་འདྲ་ཞིག་རྨི་ཤེས་ཀྱི་མི་འདུག

    མཛངས་མ་བསྟན་འཛིན་ཆོས་འཛོམས་ལགས། ཁྱོད་དེ་རིང་ནས་བཟུང་བོད་ཀྱི་མཛངས་མ་ཡིན། མཛངས་མ་བདུན་གྲས་ཀྱི་གཅིག་ཡིན། ད་ངུང་མཛངས་མ་ཁྲི་ཕྲག་འབྱུང་བའི་གྲས་ཀྱི་སྔ་མའི་རིགས་ཡིན། བློ་བདེ་བོའི་ངང་མཚན་གནས་དེར་གཅེས་ཉར་བྱོས། ཇོ་ཇོ་ཁྱོད་ཀྱི་རྒྱབ་རྩར་ལངས་ནས་བསྡད་ཡོད།

    Reply
  28. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    མཛངས་མ་བསྟན་འཛིན་ཆོས་སྐྱིད་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  29. ཆུ་སྐྱེས་སྒྲོལ་མ། says:
    ལོ་ 16 སྔོན།

    མཛེས་མ་བསྟན་འཛིན་ཆོས་འཛོམས་ལགས་ལ་བཀྲ་ཤིས་བདེ་ལེགས་ཡོད།

    ངས་མཛངས་མ་ཞེས་པའི་ཚིག་དེ་བེད་སྤྱོད་འདོད་མེད། རྒྱུ་མཚན་ནི་ད་ཕན་གྱི་བོད་ལོ་རྒྱུས་ནང་ཆོས་ཕྱོགས་ལ་མཁས་པའི་མཛངས་མ་བྱུང་མྱོང་ཡོད་པ་འདྲ། འོན་ཀྱང་ཆོས་སྲིད་གཉིས་ལྡན་གྱི་མཛངས་མ་ཞིག་དཀའ་བར་བསམ། སྐུ་ཉིད་ནས་མཛེས་མའི་དབུ་རྒྱན་བླངས་རྗེས་ནམ་་མཁར་འཇའ་ལྟར་མི་ཡལ་བར་བོད་དང་བོད་དོན་བསམ་པར་སྨོན། མ་འོང་པའི་མཛེས་མ་ཚོར་དཔེ་སྟོན་འོས་པའི་དོན་གྱི་མཛེས་མ་ཞིག་གནང་རོགས།

    Reply
  30. ཆུ་སྐྱེས་སྒྲོལ་མ། says:
    ལོ་ 16 སྔོན།

    མཛངས་མ། ལ་བཅོས།

    Reply
  31. ཆུ་སྐྱེས་སྒྲོལ་མ། says:
    ལོ་ 16 སྔོན།

    མཛེས་མ་བསྟན་འཛིན་ཆོས་འཛོམས་ལགས་ལ་བཀྲ་ཤིས་བདེ་ལེགས།
    ངས་མཛངས་མ་ཞེས་པའི་ཚིག་དེ་བེད་སྤྱོད་འདོད་མེད། རྒྱུ་མཚན་ནི་ད་ཕན་གྱི་བོད་ལོ་རྒྱུས་ནང་ཆོས་ཕྱོགས་ལ་མཁས་པའི་མཛངས་མ་བྱུང་མྱོང་ཡོད་པ་འདྲ། འོན་ཀྱང་ཆོས་སྲིད་གཉིས་ལྡན་གྱི་མཛངས་ཤིག་དཀའ་བར་བསམ།
    སྐུ་ཉིད་ཀྱིས་མཛེས་མའི་དབུ་རྒྱན་བླངས་ནས་ནམ་མཁར་འཇའ་ལྟར་མི་ཡལ་བར་བོད་དང་བོད་དོན་དང་བསམ་པ་དང༌། མ་འོང་པའི་མཛེས་མ་ཚོར་དཔེ་སྟོན་འོས་པའི་དོན་གྱི་མཛེས་མ་ཞིག་བྱེད་རོགས།

    Reply
  32. བདེ་འབྱུང་ says:
    ལོ་ 16 སྔོན།

    བསྟན་འཛིན་ཆོས་འཛོམས་ལ་བཀྲིས་བདེ་ལེགས་ཡོད། བློ་དབང་ལགས་ལ་རྒྱབ་སྐྱོབ་ཡོད། ཡིན་ནའང་མཛངས་མའི་སྡིངས་ཆ་བེད་སྤྱད་ནས་སྲིད་དོན་བསྒྱུབས་ན་ཡག་པོ་མི་འདུག

    Reply
  33. རྭ་ལོ། says:
    ལོ་ 16 སྔོན།

    ང་རྭ་ལོས་བཤད་པ་བདེན་འདུག་ག ད་ལོའི་བུ་མོ་ཚོའི་ནང་དུ་བུ་མོ་འདི་ལས་ལྷག་ཅིག་མི་འདུག

    བློ་བཟང་དབང་རྒྱལ་དང་ཀླུ་མཁར་བྱམས། བསྟན་འཛིན་བརྩོན་འགྲུས་གསུམ་ནི་ང་ཚོ་ངྷ་སའི་དམིགས་བསལ་གྱི་མི་སྣ་གསུམ་ཡིན། འདི་གསུམ་གྱི་ངོ་སོ་ཡར་ལ་བསྟོད། ཁོང་ཚོ་ཕྱི་རྒྱལ་ལ་ཡོང་ན་འདུག་གི་མ་འཇུག ཕྱིར་ངྷ་སར་མངགས་རོགས། ཁོང་ཚོ་མེད་ན་བོད་དོན་གྱི་དོན་དག་ཆེན་པོ་གསུམ་གྱི་མགོ་ཡལ་བ་རེད།

    Reply
  34. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    བོད་ཀྱི་མཛངས་མ་བསྟན་འཛིན་ཆོས་འཛོམ་ལགས།
    ༢༠༠༩ ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་ཐོབ་པར་བཀྲ་ཤིས་བདེ་ལེགས། བོད་སྤྱི་པའི་དོན་ལ་ཕན་འབྲས་ཡོང་བའི་རེ་སྨོན་ཡོད།།

    Reply
  35. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    བོད་ཀྱི་མཛེས་མ་བསྟན་འཛིན་ཆོས་འཛོམ་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ། བློ་བཟང་དབང་རྒྱལ་ལགས་ལ་ཐུགས་རྗེ་ཆེ་རྒྱུན་སྐྱོང་གནང་རོགས་ཞུ་རྒྱུ་ཡིན། འོན་ཀྱང་འདི་ནི་བོད་ཀྱི་མཛེས་མའི་འགྲན་བསྡུར་ཞིག་ཡིན་པ་ལས་མཛངས་མའི་འགྲན་བསྡུར་གཏན་ནས་མིན་པ་ཤེས་དགོས། གང་ལྟར་འདི་ནི་ང་ཚོར་ཡོད་འོས་པ་ཙམ་མིན་པར་ཡོད་དགོས་པ་ཞིག་ཡིན་པས་བློ་བཟང་དབང་རྒྱལ་ལ་རྒྱབ་སྐྱོར་ཡོད།།

    Reply
  36. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས། བོད་ཀྱི་རིག་གཞུང་གི་སྟོང་ཆ་ཞིག་བསྐངས་དང་སྐོང་བཞིན་པའི་གངས་ཅན་བོད་ཀྱི་མཛངས་མ་དང་མཛེས་མ་དག་གི་བྱ་བ་ལམ་འགྲོ་ཡོང་བ་དང་སྐུ་ཚེ་རིང་བར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese