མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ངོ་དྲུག་གི་རིང་དུ་གང་ཡང་ཐོས་མ་སོང་བས།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཁམས་གསུམ་འཁོར་བའི་ལྕི་ཐག་སྙི་མོ་འདིས།།
ཁྱེད་རང་དྲན་པའི་སྣང་བ་འགོག་མ་ཐུབ།།
དུས་ཀྱི་ལོ་ཟླ་རླུང་ནག་འཚུབ་མ་བཞིན།།
ངེས་མེད་ཡུག་པའི་གྲོང་གི་བུ་ལོ་ངས།།
རྒྱང་རིང་ཡུལ་ནས་སྤྲིངས་པའི་འཕྲིན་ཡིག་འདི།།
སྙིང་སྡུག་དགའ་མའི་མཐོང་ན་ལན་ཞིག་མཛོད།།
ཞལ་ངོ་མ་འཇལ་མི་ལོ་དྲུག་ཙམ་བྱིན།།
སྐད་ངག་མ་ཐོས་མི་ལོ་དྲུག་ཙམ་འགོར།།
མི་ལོ་དྲུག་གི་དུས་ནི་ཐུང་ཐུང་མིན།།
དུས་ཚོད་འགྲོ་བ་དཀའ་ཡང་མི་ཁོག་པར།།
རང་དབང་མེད་པའི་སེམས་ཀྱི་གཤིས་ལུགས་འདི།།
དྲན་པའི་འཕྲིན་དུ་སྤྲིངས་འདོད་ཆེ་ན་ཡང་།།
མི་ཁའི་ཚེར་མ་ནག་པོས་ན་ཟུག་གྱིས།།
ཁྱེད་ཉིད་བརླན་པར་སོང་ན་ཡ་རེ་ང་།།
དེ་ལྟར་བསམ་བཞིན་སྐུ་ཉིད་བདེ་ཐང་དང་།།
བསམ་དོན་འགྲུབ་ཞིང་རེ་སྐྱིད་རེ་སྡུག་གི།
འཚོ་བར་གོད་ཆག་མེད་པའི་སྨོན་ལམ་བཅས།།
རྒྱང་རིང་ཁྲེལ་མེད་བུ་ལོས་བྲིས་དེ་སྤྲིངས།།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 11

  1. sha tak ri sim says:
    ལོ་ 17 སྔོན།

    སྙིང་ནས་གཅེས་པའི་གཏམ་ལན་གྲོགས་ངར་གསུང་།།
    གསུང་བའི་ཚིགས་ཀྱི་རི་མོ་དཀར་པོ་འདི།།
    སྙི་བའི་མེ་ཏོག་གཅིག་གི་ཚབ་བྱས་དེ།།
    བདག་གི་སྙིང་ལ་དམ་པོར་འཛིན་ངེས་ཡིན།།

    Reply
  2. mekor says:
    ལོ་ 17 སྔོན།

    ཤ་ཁྲག་རུས་གསུམ་མ་བཙིར་ལོ་དྲུག་འགོར།།
    བཙིར་ནས་ཨག་སྐད་ཤོར་བ་དེ་རིང་ཡིན།།
    དེ་འདྲའི་སྐད་ངན་མ་ཤོར་ཨ་མའི་བུ།།
    མི་ཁའི་དུག་རླངས་ཕོག་ན་དེ་ལས་སྡུག།

    Reply
  3. sha tak ri sim says:
    ལོ་ 17 སྔོན།

    གླེན་པས་གླེན་བཤད་གནང་བ་ཐུགས་རྗེ་ཆེ་ལགས། རྒྱབ་སྐྱོར་འདི་འདྲ་གནང་བ་ཡིན་ན་མི་གཞན་དག་གིས་འདྲ་མིན་བཤད་རྒྱུར་མི་སྐྲག་ནོ་འདི་ཡང་ཁྱེད་ཀྱི་ཁ་སྐད་བཤད་སྟབས་ཡིན་ནི་ཨེ་རེད་ཀོ ཡ་ཡ་ ད་འདི་མོ་ཟིག་བྱོས་ཡ ཁོམ་པ་ཡོད་ན་ཇ་རེ་འཐུང་གི་ལོས་ཡོང་། འབྲི་མར་སེར་རོའི་འོ་ཇ་ཅ་ནེ་བཀང་གྲ་སྒྲིག་བྱོས་ནས་བཞོག ཡོང་གི་ཡིན།

    Reply
  4. tashi says:
    ལོ་ 17 སྔོན།

    ཤ་ཁྲག་ལགས། གླེན་པ་ངས་དྲང་མོར་བཤད་ན་ཡིག་ནོར་ལ་སྐྱོན་ཡོད་ནི་མ་རེད། ག་་ལེར་ཡ་རྒྱས་གཏོང་ཆོག་གི་རེད། བསེ་རུ་རྭ་གཅིག་གིས་ར་ལ་བཤད་གོ་ནི་རེད། ཁུ་རྒེ་ར་དག་ཆ་ལ་མི་ཧྲ། ཡིན་ནའང་ཚིག་སྦྱོར་ལ་ཧྲ། བརྗོད་བྱ་འདེམས་ཤེས་ནི་ཟིག་ཡིན།དེ་མ་གཏོགས་ཅང་ར་མེད་ཡ། ངས་ཁ་སྐད་འབྲི་རྒྱུ་དམ་བཅའ་བཞག་ཡོད།དེ་མིིན་ཁྱོད་བསྲེག་འདྲི་བསམ་ནས་བྲིས་པ་མིན་པ་ཐུགས་འཇགས་འཚལ། ཁོམ་པ་རེ་ཡོད་དུས་གླེན་བཤད་གླིང་དུ་ཇ་འཐུང་རུ་ཤོག ཕལ་ཁྱེར་ཁྱོད་དཱ་ཁོམ་ས་རེད།

    Reply
  5. sha tak ri sim says:
    ལོ་ 17 སྔོན།

    དགོངས་དག ཡིག་དྲུག་ཡི་དྲུག་ཟེར་ནས་བྲིས་ནོར་ཤོར་འདུག ད་དུང་ཡོད་ངེས་ཡིན།

    Reply
  6. sha tak ri sim says:
    ལོ་ 17 སྔོན།

    བསེ་རུ་ལགས། རྗེས་ཕྱོགས་ཀྱང་དུས་ཚོད་ཁོམ་ལོངས་རེ་བྱུང་ན་དག་བཅོས་རེ་གནང་རྒྱུར་སེམས་གཏིང་ནས་འབོད་སྐུལ་ཡོད། དངོས་ནས་དྲང་ནས་ཀྱི་ང་རང་ལ་ཕན་ཐོག་ཡོད་ཁོ་ཐག་རེད། འདི་ལྟར་ངས་ཀྱང་རང་གིས་གང་ནོར་བཞིན་ཡོད་པ་ཤེས་པར་འབད་བརྩོན་གང་ཐུབ་བྱེད་ཆོག
    སྤུན་གྲོགས་སུས་ཡིན་ཡང་འགྲིག འཛུབ་སྟོན་གང་ཐུབ་རེ་གནང་རྒྱུར་རེ་བ་དང་འབོད་སྐུལ་ཡོད།

    Reply
  7. sha tak ri sim says:
    ལོ་ 17 སྔོན།

    སྤུན་གྲོགས་དག་གིས་རང་རང་བསམ་ཚུལ་སྒྲོགས།།
    བུ་ངས་ཐོས་དང་མཐོང་བས་རྗེས་སུ་ལ།།
    ཡིད་ཀྱི་ཤེས་པ་དབང་མེད་ཡིད་འགུལ་ཐེབས།།
    ཟ་ལེ་རྒྱལ་ནས་སྙན་ཚིགས་ཤོ་ལོ་གཅིག།
    བསེ་རུ་ལགས་ཀྱིས་ལྷག་བསམ་ཟོལ་མེད་གཅིག།
    གཉའ་འབྲོང་ཐུ་བས་སྐུལ་བས་ཡི་དྲུག་དང་།།
    མདོ་ལའི་འཁྱམས་པོའི་སེམས་ཀྱི་འབོད་སྐུལ་སོགས།།
    བོད་མིང་ང་ཡིས་རྗེས་སུ་ཡི་རུང་དང་།།
    ཡང་ཡང་དྲ་ཐོག་འདི་ནས་ཐུག་འཕྲད་དང་།།
    མ་བཅོས་སེམས་ཀྱི་སྐད་ངག་གཉོམ་པོའི་ཁྲོད།།
    དྲི་མེད་དངས་པའི་གཏམ་དག་མི་ཆད་པར།།
    གཅིག་གིས་གཅིག་ལ་སྤྲིངས་པའི་ཕན་ཚུན་དུ།།
    བསམ་ཚུལ་ལྷུག་པོར་གནང་རྒྱུར་འབོད་སྐུལ་ཡོད།།

    Reply
  8. Kangpu says:
    ལོ་ 17 སྔོན།

    དགའ་སྐྱོའི་ཚོར་བ་ཕྱི་རུ་ཐོན།
    ནང་དུ་བཅུག་ན་སྡུག་གྱོང་ཡིན།
    ཡིག་དྲུག་འདོན་པའི་ཨུ་ཚུགས་དེ།
    བོད་པ་ཚང་གི་གླེན་རྟགས་ཡིན།

    Reply
  9. dongthe says:
    ལོ་ 17 སྔོན།

    ཚོགས་དྲུག་སྣང་བ་མེ་ཏོག་ཐང་ལ་ཤོར། ། ལོ་དྲུག་དཀའ་བ་སྤྱད་ནས་གཞས་ཤིག་བཏང་། ། རིགས་དྲུག་འཁོར་བའི་གནས་ལ་ཡིད་འབྱུང་ན། ། སེམས་ཀྱི་གཏིང་ནས་མ་ཎི་ཡིག་དྲུག་ཐོན། །

    Reply
  10. samkhar says:
    ལོ་ 17 སྔོན།

    དྲ་གྲོགས་ལགས་མ་མཇལ་ཡུན་རིང་འགོར་སོང་།
    དེ་རིང་འདིར་ཕྲན་གྱིས་སྐུ་ཉིད་ཀྱི་ཟིན་བྲིས་ཀློག་སྐབས་དག་སྡེབ་ནོར་བ་ཁག་ཅིག་ཟུར་འདོན་བྱས་ཏེ་ཕུལ་ཡོད་པས་དེ་དོན་ཡིད་འཇགས་ཡོད་པ་ཞུ།
    ཐིག་ཕྲེང་དང་པོ་སྐུ་ཉིད་དང་།
    ཐིག་ཕྲེང་གཉིས་པ་དེ་ཕྲན་གྱིས་བཅོས་པ་དེ་ཡིན།

    སྙིང་སྡུག་དགའ་མའི་མཐོང་ན་ལན་ཞིག་མཛོད།།
    སྙིང་སྡུག་དགའ་མས་མཐོང་ན་ལན་ཞིག་མཛོད།།

    ཞལ་ངོ་མ་འཇལ་མི་ལོ་དྲུག་ཙམ་བྱིན།།
    ཞལ་ངོ་མ་མཇལ་མི་ལོ་དྲུག་ཙམ་ཕྱིན།།

    མི་ཁའི་ཚེར་མ་ནག་པོས་ན་ཟུག་གྱིས།།
    མི་ཁའི་ཚེར་མ་ནག་པོའི་ན་ཟུག་གིས།།

    རྒྱང་རིང་ཁྲེལ་མེད་བུ་ལོས་བྲིས་དེ་སྤྲིངས།།
    རྒྱང་རིང་ཁྲེལ་མེད་བུ་ལོས་བྲིས་ཏེ་སྤྲིངས།།

    བོད་ཡིག་བེད་སྤྱོད་བྱེད་མཁན་གྱིྱི་ཁྲོད་ནས་ཕྲད་ནོར་ཉེན་ཆེ་ཤོས་གཉིས་ནི་བྱེད་
    སྒྲའི་ཕྲད་དང་འབྲེལ་སྒྲའི་ཕྲད་གཉིས་ཡིན་པར་ཁོ་བོས་མཐོང་བས། སྐུ་ཉིད་ཀྱི་ཚིགས་བཅད་སྙན་ངག་དེའི་ནང་དུ་ཡང་དེ་ལྟའི་ནོར་འཁྲུལ་བྱུང་འདུག་སྙམ།
    དཔེར་ན། གོང་དུ་བཅོས་པ་ལྟར།

    ནོར། བཅོས།

    དགའ་མའི། དགའ་མས།
    ནག་པོས།        ནག་པོའི།

    འདི་ནི་སྐུ་ཉིད་ལ་ཕན་དུ་རེ་བའི་ཀུན་སློང་གིས་བཅོས་པ་ལགས་པས་དེ་དོན་ཡིད་འཇགས་ཡོད་པ་ཞུ།

    Reply
  11. salygyal says:
    ལོ་ 17 སྔོན།

    གསུམ་གཉིས་དྲུག་གི་ལོ་ཟླ་རིང་མོ་ཞིག། ས་མཐའི་ཡུལ་ནས་ཤོར་བ་ཆུང་ཆུང་མིན།།
    མ་བཅོས་སེམས་ཀྱི་བརྩེ་བ་གྲངས་མེད་ཅིག། ས་མཐའི་ཡུལ་ནས་རུལ་བ་ཉུང་ཉུང་མིན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese