མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟ་ལེ་རྒྱལ་ལགས། ཁྱེད་དང་ང་ཚོ་ནི་འདི་འདྲ་རེད།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཀ་ཡེ་ཟེར་ནས་ཚང་མས་ཁྱོད་བསྟོད་པ་བྱེད་ཀོ་གི
ཁ་ནས་ཡོང་ཚུལ་ཁོག་ནས་ཤོར་སོང་ཟིག
ག་ནས་བལྟས་ཡང་ཁྱེད་ནི་ཟ་ལེ་ཞིག
ང་དང་འདྲ་བའི་ཁྱིམ་གཞིས་བྲལ་བའི་ས་མཐའ་ཚང་གི་མགྲོན་པོ་རེད

ཅ་ནེ་འཁུར་ནས་དབུས་ལམ་སྟོར་ནས་བལ་ཡུལ་ཏུ་སླེབས
ཆ་རྒྱུས་མེད་པའི་ཡུལ་ལྗོངས་དེ་ནས་མི་ཡུལ་གསར་བ་དང་བོ་རིག
ཇ་དང་རྩམ་པ་རིན་མེད་སྤྱིན་པའི་བོད་ཀྱི་སྣེ་ལེན་ཁང་དུ
ཉ་ཉོག་མང་བོ་ཁ་ནས་གང་ཡང་བཤད་པ་ཨེ་དྲན་གི

ཏ་ལེན་འཁུར་བའི་རྒད་པོ་དེ་ཡང་སེམས་ནས་མ་བརྗེད་པར
ཐ་ཤུལ་སྤྱོད་པ་ཟེར་ནས་སྡང་བས་ལམ་ལ་རྡ་ས་ནས
ད་བྲེལ་མེད་པར་འབད་པ་བྱས་པའི་འབྲས་པུ་ལ
ན་སོ་རྒས་ཀྱང་ཕྱི་རྒྱལ་བུ་མོ་ཞིག་གི་སྐྱ་ཡ་ཉན་སོང་ཟིག་མོ

པ་མགོ་གསར་འབྱོར་ཟེར་ནས་ཚིག་ངན་དེ་ཚོ་ཡང་ཡང་ཐོས་དུས
ཕ་ཡུལ་ཕ་མ་དྲན་ནས་མིག་ཆུ་ཤོར་གྲབས་བྱས་པ་བདེན་ན་ཡང་
བ་གླང་ལྷ་རུ་བཀུར་བའི་རྒྱ་གར་གནས་ཚང་དྲིན་ཆེན་གྱི་ས་ཐོག་ནས
མ་ཤི་སྔོན་ལ་རང་དབང་ཁམས་ཀྱི་ས་ཆ་གཞན་ལ་ཁྱེད་རང་སླེབས

ཙ་གེ་ཙི་གེ་སེམས་སུ་མ་འཛིན་མི་ཟེར་བ་ནི་འདི་འདྲ་རེད
ཚ་གེ་ཚུག་གེ་མ་བྱེད་ཕྱི་རྒྱལ་མང་ས་ནས་མྱིག་ག་སྟོན་ན
ཛ་དྲག་ཆེ་བས་དུས་ཚོད་སྐབས་སུ་བོད་མིས་བོད་དོན་བསྒྲགས་པ་ནི
ཝ་ཝུར་ཆེ་ཡང་བོད་པ་ཡིན་པ་བརྗེད་མེད་པའི་རྟགས་ཤིག་ལོས་ཡིན

ཞ་ཞོར་དུས་ཚོད་གང་ཡོད་ས་ནས
ཟ་ལེ་རྒྱལ་ཁྱོད་རང་གི་རིགས་ཀྱི་རི་གྲོང་དུ
འ་འུར་མང་བོ་བཤད་རྒྱུ་དགའ་བ་སྣང་བ་ཡངས་མོ་དང་
ཡ་ཆུང་གངས་དཀར་སེམས་ན་རང་མི་རྩིས་འདངས་ཆེ་བས་རྟགས་རེད

ར་ལུ་ཅན་གྱི་ཤུལ་འཛིན་མིན་ན་ཡང་
ལ་རྒྱ་ཅན་གྱིས་ཕོ་གསར་མ་ཡིན་རང་
ཤ་ཁྲག་བོད་དུ་གཏོགས་པའི་མི་བུ་ཟ་ལེ་ཁྱོད
ས་ཕྱོགས་གང་དུ་བསྡད་ཀྱང་རང་རིགས་ཡིད་ན་འདུག

ཧ་ཧ་ཧ དེ་འདྲ་ཨེ་རེད་སྤུན་གྲོགས་ཟ་ལེ་ལགས
ཨ་མ་་་ ཨ་མ་་་ འདི་ཟོ་ཅི་ཟེར་ནས་འཚར་འདོག་མ་སྟོན་རོགས

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 8

  1. sha tak ri sim says:
    ལོ་ 17 སྔོན།

    ཨ་རོགས་དུག་སྤྲང་ལགས། དགོང་ནུབ་ཚ་བསྐོལ་ནི་ཡིན་མིན་མི་ཤེས་ར། རྒད་མོའི་ནུབ་རིམ་བྱས་ནས་མ་ཁོམ་པ་ཡིན་རྒྱུ་རེད། ཧཧཧ

    ཀུན་གྱིས་སེམས་སུ་བོད་འདི་ཡོད།
    ཁ་བ་ཅན་གྱི་སྤྱི་འབངས་ཚོ།
    གར་བསྡོད་ས་ནས་མི་བརྗེད་པར།
    ངེད་ཅག་སྐྱིད་སྡུག་འདི་རུ་འབྲི།

    ཅ་ཅོ་མང་བོའི་བར་གསེང་དུ།
    ཆ་རྒྱུས་མེད་པའི་ཁོར་ཡུག་ནས།
    ཇ་ཆང་འཐུང་རྒྱུར་བོས་པ་དེ།
    ཉེ་སར་བཅར་ནས་ཡོང་གི་ཡོད།

    ཏ་ལེན་འཁུར་ནས་མི་ཡོང་བར།
    ཐ་མག་རྐང་གཅིག་མེ་སྤར་ནས།
    ད་དུང་རིམ་གྱིས་བགྲོ་གླེང་བྱེད།
    ན་ནིང་དོ་ཚིགས་གཉིས་ཀ་གླེང་།

    པན་ཆེན་བླ་མས་གཟི་བྱིན་དང་།
    ཕ་མེས་ཡང་མེས་བཀའ་དྲིན་ལ།
    བན་ཕྲུག་ཡིན་དུས་བོད་ཡིག་སྤྱངས།
    མ་གྱུར་སེམས་ཅན་ཡིད་ལ་བསྒོམ།

    ཙན་དན་མེ་ལ་ཤོར་ཉིན་ནས།
    ཚ་བའི་ཡུལ་གྱི་མགོན་པོ་མཆོག
    ཛ་དྲག་ཆེ་བའི་དུས་སྐབས་སུ།
    ཝ་ལེར་ཡིད་ལ་འཆར་ནས་ཡོང་།

    ཞ་སྨྱུག་སྐྱུར་ནས་ལྕགས་སྨྱུག་བཟུང་།
    ཟ་ཞོར་འཐུང་ཞོར་བོད་ཡིག་བྲིས།
    འུ་ཅག་བོད་མིས་བདེན་དོན་ཏུ།
    ཡ་རབས་ལུགས་ལ་བརྩེ་ཞེན་ཆགས།

    རལ་བ་ཅན་གྱི་གདོང་རྒྱུད་དེ།
    ལར་ཞེན་ཅན་གྱི་སྤུན་གྲོགས་ཁྱོད།
    ཤ་དང་བརྩེ་བའི་དངས་མ་འདི།
    ས་མཐའི་གྲུ་ནས་གློད་ཀླད་བྲིས།

    ཧན་ཚང་མི་རིགས་སྟོབས་ཆེ་ཡང་།
    ཨ་མའི་བུ་ལ་སྙིང་ཡོད་ན།
    ཧན་ལ་སྐྲག་དགོས་གཏན་མེད་པས།
    ཨ་རོགས་སེམས་སུ་བཟུང་ནས་བསྡོད།

    Reply
  2. sophel says:
    ལོ་ 17 སྔོན།

    ཨ་རོ་མྱི་རྡང་ང་རྒན་མོ་ནུབ་ཚ་ཟིག་བསྐོལ་གི་སོང་ཤུལ་ནས་ཁྱོས་ངའི་བཤད་འཕྲོ་ཚང་མ་བཤད་ལེས་ཚར་སོང་ཟིག་མོས་། ཡིན་ར་ད་རུང་བཤད་ཀྱི་ཡིན་།

    ཝང་ལིས་ཞོན་གྱི་དགེ་སྐྱོན་བཤད་།
    ཛ་དྲག་བོད་ཀྱི་གནས་སྟེང་གླེང་།
    ཚ་བའི་ཡུད་ནས་ཚིག་སོས་བཤད་།
    ཙ་རིའི་ཡུལ་ལྗོངས་བསིལ་རབ་གླེང་།

    ཡ་མཚན་བཤད་རྒྱུ་མི་རྙེད་རུང་།
    འ་ཁོ་གཉིས་གའི་ཆང་ཟིག་འཐུང་།
    ཟ་རྒྱུ་དགའ་ཟིག་མེད་ན་ར་།
    ཞ་ལྷམ་འཕུད་ལ་ལྷོད་ལྷོད་ཡུད་།

    ས་ཐོག་འདི་ན་ཡོད་ཐོག་ལ་།
    ཤ་ཟ་ཆང་འཐུང་ཡུས་ནས་དགའ་།
    ལ་མགོའི་ཉི་མའི་མ་ལོག་གོང་།
    རང་ལ་འགྱོད་པ་མེད་ནི་ཡུད་།

    ཨ་མའི་བྱིན་པའི་ཕུང་པོ་འདི་།
    ཨམ་ཕྲུག་ང་ལ་མཚོན་རྒྱུ་ན་།
    ཧ་ཡང་མདུང་གི་རྣོ་མེད་ལ་།
    ཧ་ལམ་འདི་འདྲའི་ངང་ནས་ཟད་།

    Reply
  3. sha tak ri sim says:
    ལོ་ 17 སྔོན།

    ཝ་མ་ཝོལ་ལ་ལམ་ནས་ཐུག
    ཛ་དྲག་ཆེ་བ་མིན་ན་ཡང་།
    ཚ་བའི་ལུང་གི་དུག་སྤྲང་ལགས།
    ཙ་རིའི་ཡུལ་ནས་ནམ་ཡོང་ཡིན།

    ཡ་རབས་གོམ་གཤིས་ཡོད་པ་དང་།
    འ་འུར་གཏམ་ལ་མི་གཡེང་བས།
    ཟ་ཧོར་དམག་གིས་མ་གསད་ཀྱང་།
    ཞ་སེར་བསྟན་པའི་ཞབས་འདྲེན་མིན།

    ས་མཐའི་ཡུལ་གྱི་དགའ་སྐྱོའི་ཁྲོད།
    ཤ་ཁྲག་གཅིག་པའི་སྤུན་ཟླ་ཁྱོས།
    ལ་ལུང་མང་བོའི་ཕ་རོལ་ནས།
    རེ་བས་འབོད་པ་བདག་གིས་ཐོས།

    ཨ་མདོའི་ཡུལ་སྐད་བཤད་ཐེངས་རེ།
    ཧ་ཧ་ཟེར་ནས་འཕྱ་མཁན་མང་།
    ཨ་མའི་བུ་ལོ་ཁྱེད་རང་གིས།
    ཧང་ཧང་ཟེར་ནས་མ་ཉེས་བསྟོད།

    Reply
  4. sophel says:
    ལོ་ 17 སྔོན།

    ང་ཡི་དྲ་གྲོགས་ཤ་ཁྲག་ཁྱོད་།
    ག་དུས་ཡིན་ན་སྔོན་ལཐོན་།
    ཁ་སྐད་འདྲེས་མའི་ཀ་ཕྲེང་འདི་།
    ཀ་ར་བུ་རམ་འདྲ་ཟིག་རེད་།

    ཉ་ལྟེས་སྤྲིད་ནས་མི་བ་རུང་།
    ཇ་རེ་ཆུ་རེ་འཐུང་ཞོར་ར་།
    ཆ་ལེ་ཆོ་ལེ་ཀློག་གི་ཡོད་།
    ཅ་དག་བྲིས་འདུག་སྲ་ལ་བྱོས་།

    ནད་མེད་ཚེ་ཐག་རིང་རྒྱུ་བོ་།
    ད་ལྟ་ས་ཆ་གང་ན་ཡོད་།
    ཐག་ཉེ་ཟིག་ན་ཡོད་དང་ན་།
    ཏ་ལེན་ཁུར་ཉུག་གི་ཤོག་།

    མ་ཟིག་ཧྲོ་སའི་ཁྱིམ་ངན་ཞིག་།
    བར་སྐབས་འདི་ཡ་ཡོད་དང་ཐ་།
    ཕ་སྐད་བཤད་ལ་ལབ་ཟིག་རྒྱག་།
    པ་ཅོས་ཤ་གི་སྟོན་མོ་ཡུད་།

    Reply
  5. sha tak ri sim says:
    ལོ་ 17 སྔོན།

    ཆུ་ཐིགས་སྔོན་མོ་ལགས། དེ་རིང་དབྱིན་ཡིག་གིས་བཟང་གི་ཟེར་ནས་བྲིས་དེ་བཞག་འདུག ཁྱེད་རང་འགྲོ་སའི་དྲ་ཁང་དུ་བོད་ཡིག་མེད་སོང་བ་རེད་དམ། ཡང་ན། བོད་ཡིག་གི་དྲ་ཚིགས་ཀྱི་མཐུན་རྐྱེན་མེད་ས་ཞིག་ན་བཞུགས་ཡོད་ལགས། རྗེས་ཕྱོགས་གཏན་ནས་འདི་རུ་དབྱིན་ཡིག་མ་འབྲི་རོགས།

    Reply
  6. sha tak ri sim says:
    ལོ་ 17 སྔོན།

    ཀ་ཡེ་སྙིང་གི་གྲོགས་པོ་ལྷ་ཆབ་ལགས
    ཁ་སེམས་གཏིང་ནས་འབུད་པའི་སེམས་གཏམ་འདི་དག
    ག་ས་གར་ཏུ་འཁྱམ་བཞིན་པའི་གྲོགས་མིང་བ
    ངས་རྟག་ཏུ་སེམས་ལ་དམ་པོར་གཉར་ངེས་ཡིན
    ཅ་ཅོའི་རི་གྲོང་འདི་ནས་བསྡད་ཡུན་རིང་
    ཆ་རྒྱུས་མེད་ཀྱང་བོད་རིགས་གཅིག་པ་ཚོར
    ཇ་བཀང་ལྡུད་རྒྱུ་མ་བྱུང་རང་
    ཉ་ཉོག་དངོས་ནས་བདག་གིས་བཤད་རྩིས་མེད

    Reply
  7. lhachapjinpa says:
    ལོ་ 17 སྔོན།

    ཀ་བཤད་ཤར་མར་འབྲི་བའི།།
    ཁ་ལས་རླུང་རྟ་ཅན་པོ།།
    ག་ས་ག་ལ་ཐོན་ནས།།
    ང་གཉིས་ཐུག་ནོ་སྐྱིད་པ།།
    ཅ་ཅོའི་སྐད་ཆ་མང་བོ།།
    ཆ་མེད་མི་ལ་བཤད་ན།།
    ཇ་ཁ་ཆང་ཁ་བཞིན་དུ།།
    ཉ་ཉོག་མང་གི་མ་འཇུག།

    Reply
  8. mekor says:
    ལོ་ 17 སྔོན།

    good

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese