མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་ཞི་མོལ་ལས་དོན་ཚོཊ་འདུ་ཐེངས་ ༡༩ བ་འཚོཊ་ཡོད།

བོད་ཀྱི་དུས་བབ།
༢༠༠༩/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༡༩ བ་དེ་ཟླ་འདིའི་ཚེས་ ༡༦ ནས་ ༡༧ བར་གྱི་ཉིན་གཉིས་རིང་བཞུགས་སྒར་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་འཚོགས་ཡོད་པ་དང༌། ཐེངས་འདིའི་ཚོགས་ཞུགས་པའི་གྲས་སུ་དམིགས་བསལ་སྐུ་ཚབ་རྣམ་གཉིས་དང༌། རྒྱ་གར་ནང་གི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམ་པ་ཡིན་འདུག ཚོགས་འདུའི་སྟེང༌། སྔར་ལོའི་སྤྱི་ཟླ་ ༡༡ ནང་རྒྱ་གཞུང་ལ་སྤྲད་པའི་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽ཞེས་པའི་ཡིག་ཆ་དེར་རྒྱ་གཞུང་གིས་གོ་བ་ཞིབ་ཚགས་མ་ལོན་པ་དང༌། ཆེད་དུ་ལོག་འགྲེལ་བརྒྱབས་པ་ཁག་ལ་གསལ་བཤད་དང་འགྲེལ་བརྗོད་ཁ་གསལ་བཟོས་ཡོད་འདུག

 

དེ་རིང་སྔ་དྲོ་འདི་གའི་གསར་འགོད་པས་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང༌། བོད་རྒྱ་འབྲེལ་མོལ་སྐུ་ཚབ་རྣམ་གཉིས་ཀྱི་ཕྱག་རོགས། བོད་གཞུང་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཚོགས་ཐེངས་ ༡༩ བའི་སྐོར་བཅར་འདྲི་ཞུས་པར་ཁོང་གིས་གསུངས་དོན། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་དེ་ཚེས་ ༡༦ ནས་ ༡༧ བར་ཉིན་གཉིས་རིང་བཀའ་ཤག་ཏུ་འཚོགས་ཏེ། ཁ་སང་ཕྱི་དྲོ་གྲོལ་བ་རེད། ཐེངས་འདིར་བཀའ་བློན་ཁྲི་པ་དབུས་པའི་རྒྱ་གར་ནང་གི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་དང༌། འབྲེལ་མོལ་ལས་དོན་ཚོགས་ཆུང་གི་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་སྐལ་བཟང་རྒྱལ་མཚན་གཉིས་བཅས་ཞུགས་ཡོད། གཞན་གསར་བ་ཡོད་པ་མ་རེད།

 

ཚོགས་འདུའི་དམིགས་ཡུལ་གང་ཡིན་ཟེར་ན། རྒྱ་ནག་གི་མགོ་ཁྲིད་ཚོས་དགོས་འདུན་བཏོན་པ་ལྟར། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང༌། མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་གཞི་རྩར་བཟུང་ཐོག སྔར་ལོའི་སྤྱི་ཟླ་ ༡༡ ནང་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་༼བོད་རིགས་ཡོངས་ལ་མིང་དོན་མཆུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽ཞེས་པའི་ཡིག་ཆ་ཞིག་རྒྱ་གཞུང་ལ་སྤྲད་པ་དེ་ལ། རྒྱ་གཞུང་ཕྱོགས་ནས་བསམ་འཆར་ཡོངས་ཁྲིམས་འགལ་རེད་ཟེར་བ་དང༌། བསམ་འཆར་གྱི་ནང་དོན་དངོས་མ་རྟོགས་པར། མངོན་པར་མི་གསལ་བའི་རང་བཙན་དང་ཕྱེད་རང་བཙན། རྣམ་པ་བསྒྱུར་བའི་རང་བཙན་རེད་ཟེར་གྱིན་ཡོད་སྟབས། ཐེངས་འདིར་ཞི་མོལ་ལས་དོན་ཚོགས་ཆུང་གིས་རྒྱ་གཞུང་གི་དོགས་པ་རྣམ་རྟོག་སེལ་ཆེད། བསྐྱར་དུ་འགྲེལ་བརྗོད་ཅིག་བྱ་དགོས་པ་གལ་ཆེན་པོར་གཟིགས་ཏེ། ཐེངས་འདིར་ཉིན་གཉིས་རིང་ཁ་གསལ་བོས་ཐོག་ནས་འགྲེལ་བརྗོད་བཟོས་ཡོད་པ་རེད།  ཅེས་གསུངས་བྱུང༌།

 

ཡང་ཁོང་ལ་ད་བར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཐེངས་ ༡༩ ཙམ་འཚོགས་ཡོད་པ་རེད། དེ་དག་སྐུ་ཚབ་རྣམ་པ་རྒྱ་ནག་ལ་མ་ཕེབས་སྔོན་དང༌། རྒྱ་ནག་ནས་ཕྱིར་འཁོར་མཚམས་བཅས་ལ་ཚོགས་ཀྱིན་ཡོད་སྟབས། ཐེངས་འདིར་བོད་པའི་སྐུ་ཚབ་རྒྱ་ནག་ལ་ཕེབས་རྒྱུའི་གྲ་སྒྲིག་ཡོད་མེད་དང༌། ཡིག་ཆ་གཉིས་པ་དེ་བརྒྱུད་ལམ་གང་འདྲ་ཞིག་གི་ཐོག་ནས་རྒྱ་ནག་ལ་སྤྲོད་འཆར་ཡོད་ཚུལ་དྲིས་པར་ཁོང་གིས། བོད་པའི་སྐུ་ཚབ་རྒྱ་ནག་ལ་ཕེབས་མིན་སྐོར་ལ་ཐེངས་འདིར་གྲ་སྒྲིག་གང་ཡང་ཡོད་པ་མ་རེད་ལ། ཡིག་ཆ་གཉིས་པ་རྒྱ་ནག་ལ་སྤྲོད་ཕྱོགས་ལའང་ཐག་གཅོད་གང་ཡང་ཡོད་པ་མ་རེད། ང་ཚོ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ལས་དོན་གང་རེད་ཟེར་ན། སྐུ་ཚབ་རྣམ་པར་ཕྱག་རོགས་ཞུ་རྒྱུ་དང༌། ཡིག་ཆ་བཟོ་རྒྱུ། ཡིག་ཆར་ཉམས་ཞིབ་བྱ་རྒྱུ་བཅས་རེད། ཐེངས་འདིར་ཞི་མོལ་ལས་དོན་ཚོགས་ཆུང་གིས་འགྲེལ་བརྗོད་ཀྱི་ཟིན་བྲིས་བཟོས་ཤིང༌། དེ་ལ་བགྲོ་གླེང་གོ་བསྡུར་ཞིབ་མོ་གནང་མཐར་སྣོན་འབྲི་བྱེད་པ་དང༌། ཞིབ་ཚགས་སུ་གཏོང་བ་བཅས་བྱས་ཏེ་བཀའ་ཤག་ལ་ཕུལ་ཡོད་པ་རེད། བཀའ་ཤག་གིས་རྒྱབ་གཉེར་རག་པ་ཡིན་ན། ༧རྒྱལ་བ་རིན་པོ་ཆེར་སྙན་གསན་ཞུས་ཏེ། མཐའ་མའི་ཐག་གཅོད་དེ་༧རྒྱལ་བ་རིན་པོ་ཆེས་གནང་དགོས་པ་ཞིག་རེད། ཅེས་གསུངས་བྱུང༌།

 

གསར་འགོད་པས་ཁོང་ལ་ད་ལོའི་ཟླ་ ༤ ཚེས་ ༡༩ ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནས་རྒྱ་ནག་ལ་ཡིག་ཆ་གཉིས་པ་ཞིག་སྤྲོད་འཆར་ཡོད་སྐོར་གསུངས་ཡོད་པ་དང༌། ཉེ་འཆར་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་ཕྱི་རྒྱལ་གྱི་གསར་འགོད་པ་དག་ལ། ཏཱ་ལའི་བླ་མའི་ཕྱོགས་ནས་༼བོད་མི་ལྷན་རྒྱས་ཡོངས་ཀྱི་ཆེས་མཐོའི་རང་སྐྱོང་བརྗེད་ཐོ་༽ཟེར་བ་དེ་གྲོས་མོལ་གྱི་སྔོན་འགྲོ་དང་རྨང་གཞིར་བྱས་ན། དེར་གྲོས་མོལ་བྱེད་འདོད་པའི་ལྷག་བསམ་རྣམ་དག་ཅིག་ཡོད་དམ། ཞེས་བརྗོད་ཡོད་པའི་ཐད་ལྟ་སྟངས་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། ང་ཚོའི་ལས་དོན་ཚང་མ་ཕྱི་གསལ་ནང་གསལ་རེད། བཀའ་བློན་ཁྲི་པས་ཨ་རི་ནས་འགྲེལ་བརྗོད་ཀྱི་ཡིག་ཆ་གཉིས་པ་ཞིག་བཟོ་རྒྱུ་ཡིན་སྐོར་གསུངས་པ་ལྟར། ཐེངས་འདིར་ཡིག་ཆ་གཉིས་པ་དེ་བཟོས་གྲུབ་པ་རེད། རྒྱ་ནག་གཞུང་ཕྱོགས་ནས་སྔར་ལོའི་འབྲེལ་མོལ་ཐེངས་བརྒྱད་པའི་རྗེས་ནས་ཕྱི་རྒྱལ་ཁག་ཏུ། ང་ཚོའི་ཡིག་ཆ་དེར་འཁྱོག་བཤད་བྱེད་སྟངས་དང༌། རྣམ་འགྱུར་སྟོན་སྟངས་གཅིག་པ་རེད། ཉེ་བའི་ཆར་ཡང་དེ་ལས་ལྷག་པ་དང༌། ཡང་ན་རྣམ་པ་འགྱུར་བ་དེ་འདྲ་གང་ཡང་མཐོང་གི་མེད། ཅེས་གསུངས་སོང༌།

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 7

  1. pasang says:
    ལོ་ 17 སྔོན།

    ཨ་ཁ་ཁ་་་་་་ད་གང་དྲག

    Reply
  2. དགུ་ཚིགས་སྐྱ་མོ། says:
    ལོ་ 17 སྔོན།

    བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཅིག་སྟོང་པ་ག་དུས་འཚོག་རྒྱུ་རེད།

    Reply
  3. ཟུར་མཁར་ says:
    ལོ་ 17 སྔོན།

    རྒྱ་གཞུང་གིས་བརྗེད་ཐོ་ཞེས་པ་དེའི་ནང་དོན་མ་གོ་པ་ད་ཀྱང་ཨེ་ཡིན། ཉ་གེ་ཉོག་གེ་ལས་ཀ་རྐྱང་བྱས་ནས་དུས་ཚོད་བསྐྱལ་གྱི་བསྡད་ནས་གང་ཡོང་། ཆབ་སྲིད་ཀྱི་གོ་རྟོགས་ཞེས་པ་ད་དངོས་གནས་སྐྱོ་ཐལ། ཨ་ཁ་ཁ་་་་་་ད་གང་དྲག

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཕར་ལ་འགྲེལ་བཤད་དང་གནས་ལུགས་ཅི་ཙམ་བཤད་ཀྱང་གོ་རྒྱུ་མེད་པའི་སྲིད་གཞུང་ངན་པའི་མགོ་ཁྲིད་དེ་དག་གིས་བློ་ཁ་བཀང་བ་ཞིག་ངེད་ཅག་གིས་གཞུང་འཛིན་མི་སྣས་ཀྱང་བྱེད་མི་ཐུབ་ལ། དེ་ལྟར་བྱས་པ་ཡིན་ན་མི་རིགས་ཤིག་གིས་ནག་ཉེས་ལ་མི་ཆགས་པས་ངེས་པ་གཏན་ནས་མེད། ཡིན་ཡང་། ཚུར་ཕྱོགས་ལ་དགོས་པའི་ལན་དེ་ཡང་དཔོན་ངན་དེ་དག་གིས་ད་ལྟའི་འཆར་ངོས་ལེན་བྱེད་རྒྱུ་ཁག་པོ་རེད། འོན་ཀྱང་། ངེད་ཅག་གིས་བོད་ནང་གི་བོད་མིའི་ཚེ་སྲོག་གི་བདེན་འཇག་ལ་ཐོག་མར་ཁོང་ཚོས་གཏོར་བཤིག་གཏོང་མི་ཆོག་པས་བསམ་ཚུལ་རེ་བཀོད་ཡོད་དམ། དེ་ལྟར་བཀོད་རྒྱུ་དེ་ནི་དངོས་ནས་གལ་ཆེན་ནང་གི་དོན་ཆེན་རེད། དམིགས་གསལ་གྱིས་བོད་ཀྱི་ལས་དབང་ཆེད་དུ་སྐད་འབོད་བྱེད་མཁན་དག་ལ་ཉེས་བརྡུང་དང་བཙོན་འཇུག་བྱེད་མི་རུང་བས་བརྡ་ཐོ་ཞིག་ཀྱང་སྤྲོད་དགོས་ཀྱི་འདུག གལ་ཏེ། ནམ་ཞིག་དེ་དག་མཚམས་མ་བཞག་པར་འདི་ལྟར་སོང་བ་ཡིན་ན། རྗེས་ཕྱོགས་དོན་དག་འདིས་མཇུག་འབྲས་འཁུར་མཁན་དེ་དག་ནི་མི་རབས་རྗེས་མ་དག་ཡིན་པ་ངོ་འཕྲོད་དགོས་ཀྱི་འདུག

    Reply
  5. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    ངས་བལྟས་ན། རྒྱ་ནག་གཞུང་གིས་བརྗེད་ཐོ་འདི་ལག་ཏུ་བླངས་ཏེ་ང་ཚོས་བསམ་གཞིགས་བྱེད་ཀྱི་ཡིན་འདྲ་བོ་ཞིག་བཤད་ཡོད་ཚེ། བོད་པ་ཚོར་བཤད་རྒྱུ་ཅང་ལྷགས་མེད།

    ཁོང་ཚོས་བརྗེད་ཐོ་འདི་ཆ་ཚང་རྡོག་རོལ་དུ་བཏང་བ་ནི་ཁོང་ཚོའི་ནོར་འཁྲུལ་དང་ང་ཚོའི་རྒྱལ་ཁ་ཞིག་རེད།

    མ་འོངས་པར་ཞིབ་འཇུག་བྱེད་མཁན་ཚོས། ད་ལྟའི་རྒྱ་གཞུང་གིས་བརྗེད་ཐོ་འདི་རྡོག་རོལ་དུ་བཏང་བར་མཆིལ་མ་འཕེན་ངེས་རེད། རྒྱུ་མཚན་འདིོའི་ནང་བྲིས་པ་རྣམས་བོད་རྒྱ་ཁོངས་སུ་གནས་རྒྱུའི་རྩ་དོན་དང་མཐུན་པ་དང། བོད་རང་སྐྱོང་བྱེད་རྒྱུའི་རྩ་དོན་དང་མཐུན་པ། རྒྱ་ནག་གི་རྩ་ཁྲིམས་དང་ཁྲིམས་ལུགས་ཁག་དང་མཐུན་པ་བཅས་ཡིན་པས་རེད།

    གསལ་བཤད་ཡིག་ཆ་དེ་སྐད་ཡིག་ཁ་ཤས་ཀྱི་ནང་དུས་གཅིག་ཏུ་འདོན་པར་ཞུའོ།།

    Reply
  6. གནས་ཚང་། says:
    ལོ་ 17 སྔོན།

    བརྗེད་ཐོ་དེ་བཞིན་བོད་གོང་ཆག་བྱེད་དུ་གྱུར་ཡོད་པར་མ་ཟད། མ་འོངས་པར་བོད་དེ་རྒྱ་ནག་ལས་འབྲལ་ཐུབ་མེད་པའི་སྒྲུབ་བྱེད་དུའང་གྱུར་ཡོད་པས། ཟམ་གདོང་རིན་པོ་ཆེ་ནས་འགན་ཆ་ཚང་ཁུར་དགོས་ཀྱི་མེད་དམ།

    Reply
  7. དགྲ་འདུལ། says:
    ལོ་ 17 སྔོན།

    ང་ཚོ་ཁ་སྟབས་ཞན་དུས་ཤིག་ལ་འདི་ལས་ལྷག་ཅིག་ཁག་པོ་རེད། རིན་པོ་ཆེ་ལ་ལས་དོན་འདི་དག་གི་ཐད་ནས་རྒྱབ་སྐྱོར་ངེས་པར་དུ་བྱ་དགོས། སྔོན་མ་ནས་སོ་སོའི་ཕྱོགས་ནས་མ་ལན་མ་འགྱོད་པ་ཞིག་གནང་གི་ཡིན་གསུངས་པ་ལྟར། རྒྱ་ནག་གིས་ཅི་བཤད་ལ་མ་ལྟོས་པར་རང་ཕྱོགས་ནས་ག་ཚོད་ཐུབ་ཐུབ་ཅིག་བཤད་ནས་གསལ་བོ་བཟོ་དགོས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese