མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྙན་ངག་མི་ཤེས་ཀི

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

ངས་ ལོ་ངོ་བཅུ་གཉིས་ཙམ་གྱི་རིང་དུ་ཞར་ཞོར་ཏུ་རང་གིས་དགའ་ཕྱོགས་ལ་འབད་པ་ལྷོད་ མེད་བྱས་པ་ཡིན། དེ་ནི་ངས་སྙན་ངག་ཞིག་འབྲི་ཤེས་རྒྱུ་དེ་ཡིན། འོན་ཀྱང་། ལོ་ངོ་བཅུ་གཉིས་ནི་ཐུང་ཐུང་ཞིག་གཏན་ནས་མིན་ལ། ལོ་ངོ་བཅུ་གཉིས་རིང་གི་འཚོ་བ་ཡང་དེ་འདྲའི་ལས་སླ་བོ་ཞིག་འཁྱོལ་ཐབས་ཁག་པ་ཡིན། དམིགས་གསལ་གྱིས་ས་མཐའི་མི་ཞིག་གིས་རང་ཁ་རང་གསོ་བྱེད་དགོས་དུས། གཙོ་བོ་རང་གི་ཁ་དང་ལྟོ་འགྲོ་ས་ཞིག་འཚོལ་དགོས་ཀྱི་ཡོད་པ་རེད། དེ་རྙེད་རྗེས་གཞི་ནས་སྙན་ངག་འབྲི་བ་ལ་ཡང་རྨང་གཞི་ཡོད་སོང་བ་རེད་ཅེས་བཤད་ ཀྱང་མི་འགྲིག་པ་མེད། སྙན་ངག་ཀློག་རྒྱུར་དགའ་བ་ནས་སྙན་ངག་འབྲི་འདོད་ཀྱི་ཀུན་སློང་དེས་ང་རང་ནམ་ རྒྱུན་ཏུ་སེམས་པ་སྡུག་ལ་གཏད་པ་ཉུང་ཉུང་ཞིག་ག་ལ་ཡིན། དེ་ལྟར་རང་གིས་ལྷོ་མཐའི་འཚོ་བ་ནས་མགོ་བཙུགས་དེ་བྱང་གི་མྱི་རྐྱང་གི་འཚོ་བ་ སོགས་མང་བོ་ཞིག་རོལ་བའི་ཁྲོད་དུ་ཟ་ཞོར་འཐུང་ཞོར་ལ་སྙན་ངག་ཤོ་ལོ་ཀ་གཅིག་ཡིན་ ན་རེད། ཡིག་ཐོག་ལ་འབྲི་ཅི་ཐུབ་བྱས་པ་ཡིན། དེ་ལྟར་རང་གིས་རང་ལ་སྤོབས་པ་དང་སེམས་ཤུགས་བསྐྲུན་ནས་ལོ་ངོ་འདི་དག་བསྐྱལ་བ་ རེད། ཞོར་ནས་དམིགས་གསལ་གྱིས་སྙན་ངག་ཐད་དུ་མིང་གྲགས་ཆེ་བས་སྙན་ངག་པ་ཁ་ཤས་ལ་ཡང་ སེམས་བསམ་པའི་བློས་ཐུབ་ཀྱི་གྲོགས་པོ་ཆགས། དེ་དག་གིས་ཀྱང་ཁོང་ཅག་གིས་སྙན་ངག་མི་ཉུང་བ་ཞིག་ང་རང་ལ་སྤ་གསང་མེད་པར་ཚུར་ལ་ བསྟན། དེ་དུས་གཞི་ནས་རང་གིས་སྙན་ངག་ཞིག་འབྲི་ཤེས་ཀྱི་མེད་པས་ཚོར་བ་དེ་ཡང་གཅིག་ མིན་གཉིས་མིན་ཏུ་ཡིད་ལ་ཤར། དེ་ལྟར་ངས་རང་གི་སྙིང་ནས་བརྩེ་བའི་གྲོགས་པོ་སྙན་ངག་དག་གི་ས་ནས་སྙན་ངག་ནི་ མིའི་རིགས་ཀྱི་ཐུན་མོང་མ་ཡིན་པས་སེམས་གཤིས་ཤིག་ཡི་གེའི་གཟུགས་སུ་འབྲི་བཞིན་ པས་ཚོར་བ་ཞིག་རྙེད། ངས་ཀྱང་རང་གི་ཚོར་བ་གཞི་ལ་བཞག་ནས་མུ་མཐུད་དུ་སྙན་ངག་བརྒྱ་ཕྲག་ཁ་ཤས་ཤིག་ བྲིས་པ་ཡིན། འོན་ཀྱང་། དེ་དག་གི་ཁྲོད་ཀྱི་གཅིག་ལ་ཡང་སྙན་ངག་གི་ཉམས་འགྱུར་ཡོད་པ་ཞིག་གཏན་ནས་ངས་ རྙེད་མ་སོང་ལ། གྲོགས་པོ་དག་གིས་ཀྱང་ངས་བྲིས་པའི་སྙན་ངག་དེ་དག་ནི་རང་ཉིད་ལ་ཡར་རྒྱས་འགྲོ་ བྱེད་ཀྱི་རྒྱུ་ཆ་ཞིག་ཡིན་པར་སྐུལ་འདེད་ཡང་ཡང་བྱས་སོང་། དེ་དུས་གཞི་ནས་ངས་སྙན་ངག་འབྲི་ཤེས་ཀྱི་མེད་པ་རྟོགས་ལ། ངས་སྙན་ངག་ཡག་པོ་ཞིག་ཀློག་ཡང་ཤེས་ཀྱི་མེད་པ་ཤེས། དོན་དངོས་ཐོག་སྙན་ངག་ཟེར་བ་ནི་མཁའ་དབྱིངས་ཀྱི་སྐར་ཚོགས་ལྟ་བུ་ཞིག་ཡིན་རྒྱུ་ ན། མཚན་མོ་མ་གཏོགས་རིག་མི་ཐུབ་པས་ལོས་ཡིན། མི་མང་བོ་ཞིག་ལ་མཚན་མོ་ལ་སྐྲག་དོན་ཡང་དེ་ཡིན་ངེས། དེ་ལས་ཀྱང་མུན་ནག་ལ་སྐྲག་དོན་ཡང་དེ་ཡིན་རྒྱུ་རེད། གང་ལྟར། ངས་དུས་རྟག་ཏུ་མཚན་མོའི་མཁའ་དབྱིངས་ཀྱི་སྐར་ཚོགས་ལ་ཡང་ཡང་བལྟ་བཞིན་ཡོད། མཚམས་རེར་རང་ཉིད་གཅིག་བུས་ཆིག་ལབ་རྒྱག་ཞོར་ཏུ། ཧ་ཅང་ཐག་རིང་གི་ཡུལ་ན་ཡོད་པའི་སྐར་ཚོགས་ལ་བལྟས་དེ་ངུ་མྱོང་ཡོད་ལ་མཚན་མོའི་ ལྷིང་འཇག་ལ་འཕྲེང་ནས་སེམས་བསམ་པའི་ངེས་ཤེས་ཀྱང་རྙེད། རེད་དེ། གནམ་འོག་གཅིག་ན་ཡང་། སེམས་གཤིས་མི་གཅིག་པའི་མིའི་རིགས་ཀྱི་འཚོ་གནས་འདིའི་ཁྲོད་དུ་ལོ་ངོ་བཅུ་ གཉིས་འགོར་ཡང་། ད་དུང་ངས་སྙན་ངག་ལེགས་པོ་ཞིག་གཏན་ནས་འབྲི་ཤེས་མ་སོང་། གཅིག་བྱས་ན་མི་ཚེ་གང་བོར་་་་་

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 8

  1. sha tak ri sim says:
    ལོ་ 17 སྔོན།

    སྙིང་ནས་བརྩེ་བའི་གྲོགས་ཀྱི་རིགས་ཞེན་ཅན།།
    སེམས་ཀྱི་རང་དབང་མེད་པར་གཞུར་བ་ཡིས།།
    བྲིས་པའི་གཏམ་འདི་ཐོས་དུས་བདག་སེམས་སྤྲོ།།
    སྨོན་འདུན་དེ་ལྟར་གནང་བ་ཐུགས་རྗེ་ཆེ།།

    Reply
  2. free sopu says:
    ལོ་ 17 སྔོན།

    མི་རིགས་ཤ་ཞེན་ཆེ་བའི་སྤོབས་པ་ཅན།།
    མི་ལོ་བཅུ་གཉིས་སྦྱོང་པའི་བརྩོན་འགྲུས་ཅན།།
    མི་སེམས་གཏམ་གྱི་འགུག་པའི་ཞི་བདེ་ཅན།།
    མི་ཡུལ་ཀུན་ལ་མ་འོངས་གྲགས་པར་ཤོག།

    Reply
  3. sha tak ri sim says:
    ལོ་ 17 སྔོན།

    ལེགས་ཉེས་ལུང་དོར་གསུང་བས་ཚིགས་བཅད་གཉིས།།
    བདག་གིས་ཞིབ་དུ་ཀློག་བཞིན་དུག་སྤྲང་ལགས།།
    སེམས་པ་སེམས་པ་བསྡར་བས་བཞི་མདོ་ནས།།
    འུ་ཅག་ཡང་ཡང་འདུས་པའི་རེ་བ་ཡོད།།

    Reply
  4. sophel says:
    ལོ་ 17 སྔོན།

    ནོར་བཅོས།།
    སྲ་རབ་རྒྱན་རབ་བཤད་པའི་ངོ་བསྟོད་གཅིག་།

    Reply
  5. sophel says:
    ལོ་ 17 སྔོན།

    བ་རྒྱན་རསྲ་རབ་བཤད་པའི་ངོ་བསྟོད་གཅིག་།
    ངན་རབ་སྡུག་ཚུལ་གླེང་བའི་ཚིག་མཚོན་གཉིས་།
    ཤར་རྗེས་ནུབ་རྗེས་འབྲངས་བའི་ལན་མོ་གསུམ་།
    སྙན་ངག་ལྡུམ་རའི་ནང་གི་ལྡུམ་པུ་གསུམ་།

    རང་བྱུང་སེམས་ཀྱི་ཚོར་བའི་ཟུངས་ཁྲག་འདི་།
    དགའ་བའི་དུས་སུ་སྨྱུག་རྩེའི་འཛུམ་ཆུང་ཡིན་།
    སྐྱོ་བའི་དུས་སུ་སྨྱུག་རྩེའི་མིག་ཆུ་ཡིན་།
    འདི་ནི་ཀྱག་ཀྱོག་མང་བའི་སྙན་ངག་ལམ་།

    Reply
  6. sha tak ri sim says:
    ལོ་ 17 སྔོན།

    ལྷ་ཆབ་ལགས། ཉིད་ཀྱིས་གསུང་བ་དེར་ངས་ཡིད་དུ་འཛིན་ངེས་ཡིན། ཐུགས་རྗེ་ཆེ་སེམས་ཤུགས་ལ་འཕར་ནོན་བྱས་པ་དེར།

    བོད་ལ་དགའ་བུའི་བུ་ལགས། སྐུ་ཉིད་ཀྱིས་འདིར་བརྡ་ཞིག་བཞག་པ་ལྟར་ང་རང་ཁྱེད་ཚང་གི་ཁྱིམ་གཞིས་ནང་དུ་འཁོར་ངེས་ཡིན། ཐུགས་རྗེ་ཆེ་ཞུ་དགོས་ཀྱི་ཡོད་པ་མ་རེད། གང་ཡིན་ཟེར་ན་ངེད་ཅག་ཚང་མ་ལ་འགན་འཁུར་གཅིག་ལས་གཉིས་མེད་པ་ཐུགས་འཇག་འཚལ། དེ་ནི་རང་རིགས་བོད་ཀྱི་དོན་ཏུ་སྐད་ཆ་བཟང་ངན་གང་ཡིན་ཡང་བཤད་སྲིད་པ་ཡིན་དུས་གྲ་སྒྲིག་ཡོད་པ་གནང་རོགས་ཞུ།

    Reply
  7. lhakyab says:
    ལོ་ 17 སྔོན།

    ཁྱེད་ཉིད་གུས་ཀྱི་ཟིན་བྲིས་སུ་ཐོག་མར་ཕེབས་པར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་།
    ༼ཡི་གེ་རྣམས་བཅོས་ཟིན་༽

    Reply
  8. lhachapjinpa says:
    ལོ་ 17 སྔོན།

    ཀུན་མཁྱེན་ལྔ་བ་ཆེན་མོས།
    བརྩོན་འགྲུས་ཐང་ལྷོད་མེད་ན།།
    ཁ་ལ་ཡུག་གི་འདམ་ར།།
    འདག་པ་མཆུ་ལ་བཟུང་ནས།།
    བརྩིགས་པའི་ཚུལ་ལ་ལྟོས་དང༌།། ཞེས་གསུངས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese