མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷམ་ཀོག་ལ་ཕུལ་བ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༦/༢༤
Share on FacebookShare on TwitterShare on EmailShare on Whatsapp

ལྷམ་ཀོག་ལགས་ཀྱིས་རྩོམ་ཡིག་རྒྱུག་ཁྱི་ཚོ་ཟེར་བ་བཀླགས་རྗེས་ཐོལ་བྱུང་དུ་བྲིས།

ཉིད་ ཀྱིས་གཟོད་ནས་རྒྱུག་ཁྱི་གླེང་བ་ལས་རྒྱུག་ཁྱི་གང་འདྲ་ཡིན་མིན་གྱི་གསལ་བཤད་ བྱེད་ཐུབ་ཀྱི་མེད་པ་འདྲ། གང་ལྟར། བོད་རིགས་ཤིག་ཡིན་དུས་བོད་སེམས་དང་བོད་ཞེན་བྱེད་སྟངས་ལ་དགེ་སྡུག་ལེགས་ཉེས་ ཤེས་ན་ད་གཟོད་མཁས་པར་བཀུར་ཆོག་པ་ནས་གནའ་ནས་ད་བར་ཏུ་བརྒྱུད་པའི་ལམ་ཕྲན་ཞིག་ ཡིན་དུས། འདི་ལ་སུས་ཀྱང་འགྱུར་བ་གཏོང་མི་ཐུབ་ལ་གཏོང་དགོས་བྱུང་ན་ཡང་དེ་ནི་དངོས་ཡོད་ དང་འཚོ་བའི་དགོས་འཁོ་དང་ཐག་ཉེ་དགོས་པ་ཞིག་ཡིན་དུས། དེ་དག་དང་རྒྱབ་བརྒལ་བྱེད་མཁན་ནི་ཆོས་ལུགས་ཡོད་མེད་ལ་མ་བལྟས་པར་དེ་ལ་མི་མང་ གིས་ངོ་རྒོལ་བྱེད་པ་ནི་ཆོས་ཉིད་རེད། ངན་པ་ངན་ཚུལ་མ་གླེང་ན་བཟང་བོ་བཟང་དོན་མི་འགྲུབ་པ་སྐུ་ཉིད་ཀྱིས་མཁྱེན་གསལ་ རེད། འདི་ནི་ཕྱོགས་ཞེན་གྱི་སྐད་ཆ་ཞིག་གཏན་ནས་མིན། ང་རང་གི་ངོས་ནས་བཤད་ན་ངས་བོད་པ་ཞིག་གིས་རང་ཉིད་ཆུང་དུས་ནས་འཚར་ལོངས་བྱུང་ སའི་དག་ཞིང་གི་རིག་གཞུང་དེ་ལ་དོན་མེད་དུ་སྡུག་དམོད་བྱེད་པ་ནི་སྨྱོན་པ་མིན་ ན་དེ་ལྟར་བྱེད་མི་སྲིད་པ་ལྟ་བུ་ཞིག་རེད། ལྷག་པར་ཏུ་ཤེས་ཡོན་པ་ཞིག་གིས་དེ་ལྟར་བྱེད་ག་ལ་སྲིད། དགེ་མདུན་ཆོས་འཕེལ་གྱིས་ཀྱང་འདོད་བསྟན་འབྲི་དུས་ཀྱང་ཐོག་མར་རྒྱལ་བའི་དབང་ བོ་སྟོན་པ་ཐུགས་རྗེ་ཅན་ལ་མཆོད་བརྗོད་བྱས་པ་དེ་ཙམ་གྱིས་ཅི་ཞིག་མཚོན་གྱི་ཡོད་ མེད་གསལ་བཤད་བྱས་ཡོད་པ་མ་རེད་དམ། ལྷམ་ཀོག་ལགས། ཉིད་རང་དངོས་ནས་མི་བསམ་ཡོད་ཅིག་གིས་འདི་ལྟར་རྒྱུག་ཁྱི་ཟེར་བ་འདི་ལ་དཔྱད་པ་ བྱེད་ཞོར་ཏུ་སྐད་ཆ་འདི་འདྲ་གསུང་ན་མི་མང་བོ་ཞིག་གོ་ལོག་བརྡ་ལོག་གི་ལམ་ཁར་ འཁྲིད་མི་སྲིད་པ་མིན་ན་ཐུགས་འཇག་འཚལ། ང་རང་ནི་མི་ལ་འགྲན་སློང་རྒྱུར་དགའ་མཁན་ཞིག་གཏན་ནས་མིན་ཡང་། ཉིད་རང་ལྟ་བུ་ཤེས་ལྡན་གྱི་བོད་བསྡོད་ཤེས་ཡོན་པ་དེ་དག་གིས་སྐད་ཆ་བཤད་སྟངས་ལ་ འདི་ལྟར་ལོ་རེ་ནས་འགྱུར་བ་སོང་བ་དེ་ཡང་བཟང་ཕྱོགས་ནས་མ་ཡིན་པར་ལྷོད་ཕྱོགས་ ནས་འགྲོ་བཞིན་ཡོད་པ་མཐོང་ནས་སེམས་པ་སྐྱོ་ཞོར་ཏུ་ཞུ་བས་ཚུལ་ཏུ་བྲིས་པ་ཐུགས་ སེམས་འོད་དཀར་གྱི་་ཞིང་སར་སྨིན་པར་ཤོག

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 6

  1. sha tak ri sim says:
    ལོ་ 17 སྔོན།

    ཆུ་ཐིགས་སྔོན་མོ་ལགས་བསམ་ཚུལ་གནང་བ་དེར་ཐུགས་རྗེ་ཆེ་ལགས། རང་གིས་ཐུབ་ཚོད་ཀྱིས་ལས་གསེང་གི་དུས་ཚོད་གཅིག་ཡིན་ཡང་འཕྲོ་བརླག་ཏུ་མ་འགྲོ་བ་ལྟ་བུ་བྱེད་ཀྱི་ཡོད།

    གཉའ་འབྲོང་ཐུ་བུ་ལགས། ཉིད་ཀྱིས་གསུང་བ་དེ་འདྲ་ཞིག་ང་རང་ཡིན་མིན་ངས་ཀྱང་གསལ་བོ་ཞིག་ལན་རྒྱག་ཐུབ་ཀྱི་མི་འདུག ཡིན་ཡང་། དེང་སང་རང་ངོ་ཙམ་ཡང་མི་ཆོད་མཁན་མི་རེ་ཟུང་གིས་སྐད་ཆ་བརྫིག་པོ་ཁོག་སྟོང་དེ་འདྲ་༧རྒྱལ་བའི་དབང་བོ་མཆོག་གིས་མཚན་ཐོག་ལ་བསྐོར་ན་དངོས་ནས་སེམས་པ་སྐྱིད་པོ་མི་འདུག་ལ། མི་དེའི་རིགས་ཀྱི་དོན་དངོས་ལ་འཁྱོག་བརྗོད་བྱས་པ་དེ་དག་རིག་ན་འདོད་ཀྱི་མི་འདུག་ལགས།

    Reply
  2. dongthe says:
    ལོ་ 17 སྔོན།

    ཤ་ཁྲག་རུས་གསུམ་ལགས། མ་གཞི་ཁྱེད་རང་མི་དད་པ་ཅན་ཞིག་ཡིན་ས་རེད། དེའི་སྟབས་སེམས་ཅུང་ཟད་མ་བདེ་བ་ཡིན་རྒྱུ་རེད། དེ་ཞེ་དྲག་གནད་འགག་ཅིག་མ་རེད། ངའི་ལྟ་ཚུལ་ཡིན་ན་དེ་ཡང་ཕལ་ཆེར་ཡར་རྒྱས་ཀྱི་རྣམ་པ་ཙམ་རེད། སྔོན་ཆད་བོད་ནང་ལོ་བདུན་རྩོམ་པ་བོ་སྐུ་ཞབས་ཧན་རིག་ཧེར་བོད་དུ་ཡོད་དུས་སུ་ནང་ཆོས་ལུགས་ལ་དོགས་པ་བྱེད་མཁན་བོད་མི་གཅིག་ཀྱང་མི་འདུག་ཟེར།

    Reply
  3. mekor says:
    ལོ་ 17 སྔོན།

    གྲོགས་མྱུར་མགྱོགས་ཅན། བདེ་བོ། སྤྱིར་བཏང་མི་ལ་ལ་ཞིག་ལ་ལམ་སེང་ལན་སྤྲད་དེ་དོ་སྣང་ཡོད་མདོག་བྱས་ན་གཞན་ཐུབ་ཀྱི་འདུག་བསམ་ནས་ཇེ་སྡུག་ཏུ་གཏོང་གི་རེད། ཡིན་ནའང་བཟང་ངན་གྱི་དབྱེ་བ་འབྱེད་རྒྱུ་དེ་ཧ་ཅང་གལ་ཆེན་རེད། གང་ལྟར་ཉིད་ཀྱི་བསམ་ཚུལ་འདི་ལ་བསྔགས་བརྗོད་ཡོད། མུ་མཐུད་མཉམ་དུ་བཞུད་རོགས

    Reply
  4. sha tak ri sim says:
    ལོ་ 17 སྔོན།

    སྤོབས་པ་མཐའ་ཡས་ལགས། ངས་རང་རིགས་སྤུན་ཟླ་དེ་དག་གིས་ཁྲོད་དུ་རྒྱ་ནག་གི་རྒྱུག་ཁྱི་བྱེད་མཁན་ཡོད་པར་དོགས་པ་བྱེད་ཀྱི་མེད། ཡིན་ཡང་། དེང་སང་བོད་ནང་གི་ཤེས་ཡོན་པ་ཡིན་ཟེར་མཁན་རེ་ཟུང་གིས་སྙིང་སྟོབས་དང་གཏོར་བཤུག གསར་གཏོད་དང་མདུན་མཆོང་སོགས་ཀྱིས་མིང་ཚིག་འདྲ་མིན་འོག་ཏུ་སྐད་ཆ་ཁ་ཤས་དངོས་ནས་བློ་ཡུལ་ལས་འདས་པ་བཤད་ཀྱི་འདུག་པ་དེར་བསམ་གཞིགས་བྱེད་དགོས་པར་འབོད་སྐུལ་ཙམ་ཞུས་པ་ལས་ང་རང་ལ་དམིགས་ཡུལ་ངན་པ་དང་སྤུན་གྲོགས་དག་ལ་ཚིག་ངན་བཤད་འདོད་དེ་འདྲའི་ཀུན་སློང་རྩ་ནས་མེད་ལགས།

    མདོ་ལའི་འཁྱམས་པོ་ལགས། བཟང་ངན་གྱི་དབྱེ་བ་དེ་དག་ནི་མི་རང་རང་གི་དུས་རྒྱུན་གྱི་འགྲོ་འདུག་སྤྱོད་གསུམ་ལས་རྟོགས་ངེས་ཡིན་པ་རེད། ལྷག་པར་ཏུ་འུ་ཅག་གིས་འདི་ན་གླེང་བཞིན་པ་ནི་ཕན་ཚུན་ལ་བསམ་ཚུལ་གྲོས་མོལ་དང་འབོད་སྐུལ་བྱས་པ་ལས་ངན་སྨྲས་དང་འགྲན་རྩོད་སོགས་ཀྱིས་བསམ་བློ་གང་ཡང་མིན་པ་ཉིད་ཀྱིས་ཐུགས་འཇག་འཚལ། རྩོམ་ཡིག་འདི་ངས་ཐོག་མ་ཧི་གཟུགས་ནང་དུ་བྲིས་པ་ཞིག་ཡིན་ལ་དེ་ནས་ལྷམ་ཀོག་ཁོ་རང་གིས་ཀྱང་ལན་ཐུང་ངུ་ཞིག་གནང་སོང་།

    Reply
  5. Kangpu says:
    ལོ་ 17 སྔོན།

    བོད་རིགས་གང་འདྲ་ཞིག་གིས་བརྩམས་ཆོས་གང་འདྲ་ཞིོག་སྤེལ་སྐབས། དེ་ལ་མི་རང་ཉིད་ཀྱི་ཚོར་སེམས་དང་མཐོང་ཐོས་མྱོང་གསུམ་ཡིན་པས་མཐའ་གཅིག་ཏུ་རྒྱབ་འགལ་བྱེད་རུང༌། ཡོད་ཚད་ཚང་མ་རྒྱ་དམར་གྱིས་བྱས་པར་ཁ་གཡར་དེ་བས་ཀྱང་མི་རུང༌། སྤྱིར་བོད་ནང་གི་རྩོམ་པ་པོ་ཚོ་ནི་ཆས་ཐབས་སྡུག་གི་ཁོར་ཡུག་འོག་ཏུ་ལྷོང་ཡོད་པ་དེས་སྲིན་བཙུར་གྱི་ཚོར་སྣང་གིས་སེམས་ཁམས་ཀྱང་མི་བདེ་བར་གྱུར་ཡོད། དུས་མཚུངས་བཙན་བྱོལ་ལ་རེ་བ་བཅིངས་བ་དེ་ཡང་དོན་ཐོག་ཏུ་མ་སོང་སོགས་ཀྱི་རྐྱེན་བྱས་པས་གནས་སྐབས་འུ་ཐུག་ཐབས་ཟད་ཀྱི་ཚོར་བ་ཕྱི་རུ་བཏོན་པར་འདོད། ད་ལྟའི་དུས་བབས་ཀྱི་ཟིན་བྲིས་སུ་གཅིག་རྗེས་གཉིས་མཐུད་ཀྱིས་ཞོག་དུང་དང་ཞོག་ལྗང༌། ལྷམ་ཀོག་སོགས་ཀྱི་རྩོམ་ཡིག་ལ་སྐྱོན་བརྗོད་མང་པོ་ཞིག་བྱུང་བར་བློ་ཕམ་ཡོད། ང་ཚོས་མི་བརྒྱ་བརྒྱའི་གོ་ཆོད་དགོས་པ་ལས་གཅིག་བཟོ་མི་རུང་འདོད་གི།

    Reply
  6. Pobpathaye says:
    ལོ་ 17 སྔོན།

    ཨེ་ཤ་ཁྲག་རུས་གསུམ། ད་ང་ཚོའི་ན་གཞོན་ཚོའི་ཁྲོད་ནས་འདི་ལྟར་ཤོད་མཁན་ཁ་ཤས་རེ་བྱུང་ཡོད་པ་དེ་ཡག་རྟགས་ཤིག་མ་རེད། ང་ལ་དོག་པ་ཞིག་སླེབས་པ་དེ་ཉེ་སྔོན་རྒྱ་དམར་གཞུང་གིས་བོད་ཕྲུག་སློབ་ཐོན་པ་མང་པོ་ཞིག་ལ་ཉེ་རྟོག་པའི་ལས་སྤྲད་ཚུལ་ཞིག་འདུག མི་དེ་ཚོའི་གྲས་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese