མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧རྒྱལ་བ་སྐུ་ཕྲེང་བཅོ་ལྔ་བ་བུད་མེད་ཅིག་བྱོན་སྲིད་པ་རེད།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ མི་འདི་ཚོ་ལ་གོ་བ་མེད་པས་ཡིན་ནམ། ༧གོང་ས་མཆོག་གིས་ཐུགས་ཕམ་བཞིན་ཡོད་སྟབས། བཀའ་སློབ་འདི་འདྲ་གསུང་བ་ཡིན་ནམ། གང་ལྟར། ངས་སླར་ཡང་༧གོང་ས་མཆོག་གིས་བཀའ་སློབ་དེ་དྲན་འོང་། ང་ཡོད་དུས་སུ་ག་རེ་འདྲི་རྒྱུ་ཡོད་ན་ཐད་ཀར་དྲིས་ན་འགྲིག་གི་རེད། ངས་གང་ཤེས་པ་དེ་བཤད་རྒྱུ་ནི་ང་རང་གིས་ལས་འགན་རེད། མཚམས་རེར་ང་རང་སེམས་པ་སྐྱོ་ཡི་འདུག ངའི་བསམ་བློ་ཤེས་དགོས་མཁན་དེ་ནི་བོད་མི་ཟེར་ན་འགྲིག་གི་རེད། ངའི་བསམ་བློ་ཤེས་མི་དགོས་མཁན་ཟེར་ན་འདྲ་དེ་ནི་ཕྱི་རྒྱལ་བ་དེ་ཚོ་རེད། ནམ་ཉིན་མ་ཞིག་ལ་ང་མེད་པ་ཆགས་དུས་༧རྒྱལ་བ་རིན་པོ་ཆེའི་བསམ་བློ་གང་ཡིན་ནམ་ སྙམ་ནས་བཙལ་དགོས་བྱུང་ན་ཕྱི་རྒྱལ་བ་དེ་ཚོས་བྲིས་པའི་དེབ་ནང་དུ་བསྔོག་རྒྱུ་ ལས་བོད་པ་རང་གི་སྐད་ཡིག་ནང་དུ་ཡོད་རྒྱུ་མ་རེད་ཟེར་ནས་གསུང་དོན་ཡང་འདི་ འདྲའི་གནད་འགག་སྐབས་སུ་བཀའ་སློབ་རེ་གསུང་བ་དེ་ལ་བོད་པ་རང་གི་མི་ཡིས་༧རྒྱལ་ བ་རིན་པོ་ཆེ་ཚང་ལ་ཁྱེད་ཚང་གིས་འདི་ལྟར་གསུང་བ་རྒྱུ་མཚན་གང་ལ་དམིགས་པ་དང་ གནད་འགག་གང་ལ་གཟིགས་ཡོད་མེད། ཡང་ན་བོད་མི་མང་གིས་༧རྒྱལ་བ་སྐུ་ཕྲེང་གཞུག་མ་ཚོ་ཡང་སྤྲུལ་གཉིས་ལ་དངོས་འཛིན་ བྱེད་རྒྱུར་འདོད་མོས་ཡོད་མེད་ཀྱི་ཐད་དུ་༧རྒྱལ་བ་རིན་པོ་ཆེ་ཁོང་ཚང་ལ་གཟིགས་ སྣང་གང་འདྲ་ཡོད་མེད་སོགས་དྲི་བ་མང་བོ་ཞིག་འབྲི་རྒྱུ་ལྷག་ཡོད་པ་རེད། ད་ནི་བོད་ཀྱི་ཉི་མ་ནུབ་རིར་ཐག་ཉེ་བས་བོད་མི་མང་གིས་༧ཁོང་གིས་བོད་ལ་བཅིངས་ པའི་ཐུགས་སྣང་དངོས་དེ་ཤེས་རྒྱུ་མ་རེད་འདོད་ནས་སེམས་འཚབ་ཡོང་གི་འདུག ཐ་ན་༧ཁོང་གིས་འདི་འདྲ་ཞིག་ཀྱང་གསུང་མྱོང་ཡོད། ཡང་སྤྲུལ་བསྐོར་ལ་གསུང་དོན་དགོས་པ་རྒྱུ་མཚན་ཡོད་ན་བུད་མེད་ཀྱི་གཟུགས་སུ་ཡང་ ཡོང་སྲིད་པ་རེད། གལ་ཏེ་བུད་མེད་ཀྱི་གཟུགས་སུ་ཡོང་བ་ཡིན་ན་བུད་མེད་མཛེས་མ་ཞིག་ཡོང་ན་ཡག་པོ་ འདུག་གསུང་ཞོར་ཏུ་༧ཁོང་གིས་བུད་མེད་མཛེས་མའི་ཁྱད་ཆོས་ཀྱང་ཉུང་ཙམ་གསུང་། སྤུན་གྲོགས་ཚོ་༧རྒྱལ་བ་སྐུ་ཕྲེང་བཅོ་ལྔ་བ་བུད་མེད་ཅིག་བྱུང་ན་འདོད་དམ། ཡང་ན། ཁོང་གིས་གནང་བའི་བཀའ་སློབ་ཀྱི་གནད་འགག་དག་ལ་ངེད་ཅག་གིས་བོད་པ་ཚང་གི་གནད་ ཡོད་མི་སྣ་དག་གིས་བཀའ་འདྲི་གསལ་བ་ཞིག་བྱས་དེ་ཚང་མ་བོད་ཀྱི་ཡིག་མཛོད་དུ་གཉར་ བར་རྩོམ་ན་རེད་དམ།

ཨོ་རེད་ལགས། ད་དུང་འདས་ལོར་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཤེས་ཡོན་འཐུས་ཤོར་བསྐོར་ལ་སེམས་ འཚབ་ཡོད་རབས་གསུང་མ་ཐག མང་བོ་ཞིག་གིས་འུར་ཞིག་བརྒྱབ་པ་ལས་དེའི་ཐད་དུ་ལག་ལེན་དང་ཡང་ན་དེའི་བསྐོར་ གྱི་ཁོང་ལ་བཀའ་འདྲི་དང་ཐུགས་ཕམ་བྱུང་སའི་གནད་འགག་དེ་དག་ལ་ཡང་བཀའ་འདྲི་འཕོད་ མཁན་མི་སུ་ཡང་བྱུང་མ་སོང་བ་དེ་དག་༧ཁོང་ལ་དད་པ་དག་སྣང་དང་ཡིད་ཆེས་བྱེད་ལུགས་ དངོས་དེ་ཡིན་མིན་ནི་འུ་ཅག་གི་བསམ་བློ་ཞིབ་མི་ཞིག་གཏོང་རན་ལ་སླེབས་འདུག

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༥ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༥ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༩ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 9

  1. jamyang says:
    ལོ་ 17 སྔོན།

    ང་ཙོའི་གསར་འགོད་པ་ཚོའི་ནང་དུ་༧གོང་ས་མཆོག་གི་མདུན་དུ་ཁ་པར་བཞག་སྟེ་བཀའ་འདྲི་འབུལ་ཕོད་མཁན་ཞིག་ཡོད་དམ་། ད་སྔ་ངས་དེ་འདྲ་ཞིག་མཐོང་མ་མྱོང་། ༢༠༠༧ལོར་བོད་ཕྲུག་ཁྱིམ་སྡེར་ནང་ཆོས་ངོ་སྤྲོད་གནང་སྐབས་སློབ་ཕྲུག་དག་གིས་དྲི་བ་རེ་ཕུལ་ཡང་གནད་འགག་ཅན་གྱི་དྲི་བ་ཆེར་སླེབས་མ་སོང་། ངས་༼བོད་མི་དག་གིས་མ་ཤེས་པའི་༧མགོན་པོ་གང་གི་དགོངས་འཆར་གང་ཡོད་དམ་༽ཞེས་པའི་དྲི་བ་འབུལ་འདོད་བྱས་ཀྱང་རང་ལ་གོ་སྐབས་མེད་ལ་གཞན་ལ་སྐུར་སའང་ཡག་པོ་ཞིག་མ་རྙེད་པས་དེ་མུར་རང་སེམས་སུ་ལྷག་སོང་། དེ་དྲན་ན་ང་ལ་ད་དུང་འགྱོད་པ་འདུག གྲོགས་པོ་ཚོ་ང་ཚོས་ནམ་ཞིག་ཏུ་༧གོང་ས་མཆོག་ལ་རང་གི་གང་འདོད་པའི་དོགས་གཞི་དེ་འབུལ་ཐུབ་་་་་་་་་་་་་་་་་་་་་་་་

    Reply
  2. sha tak ri sim says:
    ལོ་ 17 སྔོན།

    སྤུན་གྲོགས་ཚོ་ཁྱེད་ཅག་གིས་འདི་འདྲ་ཞིག་༧ཁོང་གིས་གསུང་མྱོང་བ་དེ་གོ་མྱོང་ཐོས་མྱོང་མེད་པ་འདྲ། གལ་ཏེ་བོད་མི་མང་ལ་༧རྒྱལ་བ་སྐུ་ཕྲེང་བཅོ་ལྔ་ཞིག་དགོས་མིན་དང་༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་བའི་ཕྱག་ལས་གང་ཞིག་འགྲུབ་མེད་པ་ཡིན་ན་དེའི་གཞུག་སྐྱོང་མཁན་ཞིག་ཡོང་ངེས་ཡིན་ལ། གལ་ཏེ། སྐུ་ཕྲེང་བཅུ་བཞི་བ་ཕྱི་རྒྱལ་ནས་འདས་པ་ཡིན་ན། ཡང་སྤྲུལ་དེ་ཡང་རང་དབང་གི་ལུང་བ་གང་ཞིག་ནས་འཁྲུངས་པ་ལས་རྒྱ་ནག་གི་བཙན་འོག་ནས་མི་འཁྲུངས་པ་ཐག་གཅོད་པ་རེད་ཅེས་གསུང་བ་དེ་གོ་ཐོས་ཤིག་བྱུང་མྱོང་མཁན་དྲ་གྲོགས་དག་གི་ནང་དུ་ཡོད་དམ། བདག་གིས་སྔོན་ཆད་སྐུ་མདུན་གྱིས་ཡང་སྲིད་བསྐོར་གྱི་བཀའ་སློབ་ཞིག་གནང་སྐབས་ཤིག་ལ་དེ་འདྲ་གསུང་བ་ཞིག་དྲན་གྱི་འདུག་ལགས།

    ལྷག་པར་ཏུ་མི་ཁ་ཤས་ཀྱི་སྐུ་ཕྲེང་བཅོ་ལྔ་བ་ཞིག་ལ་རེ་བ་རྒྱག་གི་མེད་རབས་ཟེར། དེ་ནི་མི་བུ་སྒེར་བ་ཞིག་གིས་རང་གི་ལྟ་ཚུལ་ཞིག་ལས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་མི་སྣ་རླབས་ཆེན་ཞིག་གི་རང་གི་ཤུལ་བཞག་སྐྱོང་མཁན་དེ་ནི་ཆེས་རླབས་ཆེན་གྱི་མི་སྣ་ཞིག་ཡོང་མིན་དེ་ནི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ལས་དབང་དང་དད་པ་དག་སྣང་ཞིག་ལ་ཡང་འབྲེལ་ཡོད་དུས། དེ་འདྲའི་ལས་སླ་བོ་ཞིག་འདོར་ཐུབ་པ་ཞིག་ཆགས་ཀྱི་མེད་པ་རེད།

    Reply
  3. Kangpu says:
    ལོ་ 17 སྔོན།

    ཕོ་མོ་གང་ཡིན་རུང་ཆོག་ཀྱང་ཕལ་ཆེར་སྐུ་ཕྲེང་བཅོ་ལྔ་བ་ཟེར་བ་ཞིག་འཁྲུང་རྒྱུ་ཡོད་པར་ཐེ་ཚོམ་ཡིན་མོད། ང་ཚོའི་བོད་མི་རིགས་ཚོས་གཅིག་ལས་མང་བའང་འདེམས་སྲིད། འདི་ནི་ངས་ལོ་རྒྱུས་རང་བཞིན་དང་ལུགས་སྲོལ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ད་དུང་བོད་པའི་༧རྒྱལ་བ་རིན་པོ་ཆེ་དང་རྒྱ་མིའི་༧རྒྱལ་བ་རིན་པོ་ཆེའང་ཡོང་སྲིད།

    Reply
  4. durkbey says:
    ལོ་ 17 སྔོན།

    ངས་རྒྱལ་དབང་སྐུ་ཕྲེང་འདི་བ་ལས།་གཞན་སྐུ་ཕྲེང་ཞིག་ལ་རེ་བ་རྒྱག་གི་མེད།

    Reply
  5. mekor says:
    ལོ་ 17 སྔོན།

    གྲོགས་པོ་ལགས་་་བཀའ་སློབ་ཚང་མ་བོད་བསྒྱུར་བྱ་རྒྱུ་ཕར་ཞོགས། ཞབས་འདྲེན་མ་ཞུས་ན་འགྲིག་གི་ཟེར་དགོས་པ་རེད། སྐུའི་ཉེ་གམ་ལ་བསྡད་ནས་ཞབས་འདྲེན་ཞུ་བཞིན་ཡོད་པ་གོ་སོང་ངམ། ཉེ་ཆར་རྣམ་གྲྭ་དང་སྐུ་སྒེར་དབར་ནས་གྲྭ་བ་ཞིག་གིས་བུ་མོ་ཞིག་ལ་ལོག་སྤྱོད་བྱས་པ་སྐུ་སྲུང་ཚོས་མཐོང་ཐོས་བྱུང་བ་དེང་སང་སྐུ་སྒེར་གྱི་ཉེ་འཁོར་ལ་བཅར་ན་གོ་རྒྱུ་ཡོད་ཡ། འོ་་་དེ་གཞན་ལ་བཤད་མི་ཉན་ས་རེད། ཁོ་ཚོས་ཧ་ཅང་གསང་པ་བྱས་འདུག ཁ་བཙུམ་རོགས

    Reply
  6. Dorje, Kangsar says:
    ལོ་ 17 སྔོན།

    བཀའ་འདྲི་ཞུ་བ་དང་བཀའ་རྩོམ་ཕབ་སྒྱུར་དང་པར་སྐྲུན་སོགས་ཀྱི་ཐད་འཐུས་ཤོར་འབྱུང་བཞིན་པ་འདིའི་གནད་འགག་གང་ལ་ཐུག་མིན་འཚོལ་དགོས་པ་གལ་ཆེ།

    དབུས་གཙང་དུ་༼མི་གཉིས་ཀྱི་དབར་ནས་རྫ་ཆག་༽ཅེས་པའི་གཏམ་དཔེ་ཞིག་ཡོད། དེའི་གོ་དོན་ནི། གཅིག་གི་སེམས་ནང་གཞན་ཞིག་གིས་བྱེད་ཀྱི་རེད་སྙམ་ནས་ལས་ཀ་འཐུས་ཤོར་འགྲོ་བར་ཟེར།
    ཡ་གིའི་གཙུག་ལག་ཁང་གི་མདུན་དེར་སྐུ་སྒེར་ཡིག་ཚང་ཞེས་མིང་གྲགས་ཅན་ཞིག་ཡོད། མ་གིའི་གཤོངས་ས་དེར་མཛད་རྣམ་རྩོམ་སྒྲིག་སྡེ་ཚན་ཟེར་བ་ཞིག་བཙུགས་ཡོད། ཕ་གིའི་ས་རཱ་ལ་ཡང་གསུང་རྩོམ་ཡིན་ན་བཀའ་ཆོས་ཡིན་གཅིག་ཕྱོགས་སྒྲིག་སྡེ་ཚན་ཟེར་བ་ཞིག་བཙུགས་ཡོད། དཔེ་མཛོད་དང་གྲྭ་སའི་མཁས་པ་མཉམ་སྦྲེལ་གྱིས་ཏཱ་ལའི་བླ་མའི་བཀའ་རྩོམ་ཕྱོགས་བསྒྲིགས་ཅིག་ཅིག་གཉིས་གཉིས་ཟེར་བ་ཞིག་ཀྱང་འདུག རྣམ་རྒྱལ་གྲྭ་ཚང་ནང་ལའང་གསུང་ཆོས་ཁག་ཕབ་མཁན་སྡེ་ཚན་འདྲ་བོ་ཞིག་འདུག དེ་ཚོའི་བར་ནས་ད་བར་མཛད་རྣམ་འདོན་ཐུབ་མེད་ལ་བཀའ་རྩོམ་ཁག་ཀྱང་བསྒྱུར་ཐུབ་མེད། ཐ་ན་གོང་ས་མཆོག་གི་རང་རྣམ་ཡང་ལྡི་ལི་བོད་ཁང་གིས་བསྒྱུར་བ་རེད། དེར་བརྟེན་ལག་མང་གི་བར་ནས་རྫ་ཆག་བཞིན་ཡོད་པ་འདྲ།

    སྐུ་སྒེར་ཡིག་ཚང་གི་དཔལ་འབྱོར་མཐུན་རྐྱེན་དང་དབང་ཆའི་ཚད་ལ་དཔག་ན། ༸གོང་ས་མཆོག་གི་གསུང་རྩོམ་ཁག་བོད་ཡིག་ཏུ་བསྒྱུར་བ་དང་། བཀའ་འདྲི་དོགས་གཅོད་ཞུ་དགོས་ཁག་ཞུ་མི་ཐུབ་པ་མེད་ཀྱང་གནས་སྟངས་ད་ལྟའི་འདི་འདྲ་ཞིག་ལ་ལྷུང་འདུག

    Reply
  7. ajamyang says:
    ལོ་ 17 སྔོན།

    རྒན་རབས་པ་ལགས།་ཁྱེད་ཀྱི་བཤད་པ་བདེན་པ་རེད།་ངོས་མས་ང་སྤྱི་ཚོགས་ནང་དུ་༧གོང་ས་མཆོག་གི་བཀའ་་གསུང་ལ་སེམས་སྟེང་མས་དོ་སྣང་བྱས་མཁན་ཉུང་ཉུང་རེད།སྐྱབས་སུ་མཆི་་་་སྐྱབས་སུ་མཆི་ཟེར་ནས་ལག་ལེན་ལ་སྟེར་མཁན་དཀོན་པོ་རེད།ལྷག་པར་དུ་དགོན་པ་ཁག་ནས་འདྲ་ཆགས་བོ་རྐྱང་རྐྱང་གིས་དུས་ཚོད་གཏོང་གིན་འདུག་་་་འདི་དག་མཐོང་ཚེ་སྙིང་རླུང་བསྟོད་ལ་འཚང་གི་འདུག་་་ཁ་གྲགས་འདོད་ན་ཡང་གྲགས་པའི་རང་དབང་མེད་པ་རེད་

    Reply
  8. ajamyang says:
    ལོ་ 17 སྔོན།

    རྒན་རབས་པ་ལགས།་ཁྱེད་ཀྱི་བཤད་པ་བདེན་པ་རེད།་ངོས་མས་ང་སྤྱི་ཚོགས་ནང་དུ་༧གོང་ས་མཆོག་གི་བཀའ་་གསུང་ལ་སེམས་སྟེང་མས་དོ་སྣང་བྱས་མཁན་ཉུང་ཉུང་རེད།སྐྱབས་སུ་མཆི་་་་སྐྱབས་སུ་མཆི་ཟེར་ནས་ལག་ལེན་ལ་སྟེར་མཁན་དཀོན་པོ་རེད།ལྷག་པར་དུ་དགོན་པ་ཁག་ནས་འདྲ་ཆགས་བོ་རྐྱང་རྐྱང་གིས་དུས་ཚོད་གཏོང་གིན་འདུག་་་་འདི་དག་མཐོང་ཚེ་སྙིང་རླུང་བསྟོད་ལ་འཚང་གི་འདུག་་་ཁ་གྲགས་འདོད་ན་ཡང་གྲགས་པའི་རང་དབང་མེད་པ་རེད་

    Reply
  9. free sopu says:
    ལོ་ 17 སྔོན།

    བཀླགས་ཟིན། བསམ་བློ་འཁོར་ཆོག་པ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese