མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིར་ཕུལ་བ། ཧུན་སུར་མི་དམངས་ནས།

བོད་ཀྱི་དུས་བབ།
༢༠༠༩/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

དཔལ་ལྡན་༧མི་དབང་བཀའ་ཡི་མདུན་ན་འདོན་ཁྲི་བ་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གི་ཞབས་པད་དགེ་ལེགས་འདབ་སྟོང་བཞད་པའི་ཁྲིའི་དྲུང་དུ།

                            སྒོ་གསུམ་རབ་གུས་ཧུན་སུར་རབ་རྒྱས་གླིང་སེར་སྐྱ་མི་མང་སྤྱི་མགྲིན་ནས་གསོལ་བ་ཕུར་ཚུགས་སུ་འདེབས་སྙིང༌། དེ་ཡང་བགྲང་བྱ་གཉིས་ཙམ་གྱི་རྗེས་གང་ཉིད་བཀའ་ཁྲིའི་མཛད་འགན་ནས་འཁྱུར་རྒྱུ་ཡིན་ཡང༌།  བདག་ཅག་མི་མང་ནི་གང་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང༌། གངས་ཅན་བོད་ཀྱི་བསྟན་པ་ཆབ་སྲིད་ཐོག་མཛད་འཕྲིན་སྐྱོང་ཚུལ་ལ་བསམས་ན་བློས་ཐོངས་ཐབས་མི་འདུག་ལ། ལྷག་པར་བདག་ཅག་ཆབ་འབངས་རྣམས་ཀྱང་ཟུངས་ཟད་ཀྱི་ནད་པ་ལྟར། ཆབ་སྲིད་ཀྱི་དཀའ་རྙོག་འོག་གནས་ཡོད་སྟབས། སྐྱོབ་རོགས་སུ་སྐྱེས་བུ་ཁྱེད་ལྟ་བུ་༧གོང་ས་མཆོག་གི་ཕྱག་རོགས་མེད་དུ་མི་རུང་བར་འདུག་པས། སྐྱེས་མཆོག་གང་ཉིད་སླར་ཡང་བཀའ་ཁྲིར་འོས་འདེམས་དགོས་ལུགས་སྐོར། བདག་ཅག་ཧུན་སུར་རབ་རྒྱས་སེར་སྐྱ་མི་མང་སྤྱི་མགྲིན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་༧སྙན་ཞུ་ཞིག་འབུལ་ལམ་ཞུས་པའི་ངོ་བཤུས་བཀའ་ཤག་ཏུ་ཡང་འབུལ་ལམ་ཞུས་དོན་བཞིན། བདག་ཅག་མི་མང་གི་དགོས་འདུན་ལ་རྒྱལ་ཁ་ཐོབ་ན། བཀའ་ཁྲི་རིན་པོ་ཆེ་གང་ཉིད་སླར་ཡང་བཀའ་ཁྲི་སྐབས་བཅུ་བཞི་པའི་འོས་གཞིར་ཕེབས་བཞུགས་མཛད་གནང་ཐུགས་རྗེ་བཀྲིན་ཆེ་བ་ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལགས་ན། ཉི་མའི་འོད་ཟེར་ལ་སྲིན་བུ་མེ་ཁྱེར་ལྟར་བདག་ཅག་གིས་རྒྱས་བཤད་ཞུ་ག་ལ་དགོས་ཀྱང༌། མདོར་ན་གང་ཉིད་རང་གི་མཁན་པོའི་དྲུང་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དོན་ལ་གནས་ན། བྱང་ཆུབ་སེམས་པའི་སྤྱོད་པ་བསླབ་ཚུལ་༧རྒྱལ་བསྟན་ཆབ་སྲིད་ཀྱི་སྲི་ཞུ་འདི་ལས་ལྷག་པ་ཁྱེད་ཀྱིས་གཟིགས་སམ། མ་གཟིགས་ན་བདག་ཅག་གིས་རེ་བའི་མིག་འབུར་གཏད་ཅིང་ལག་གཉིས་ཐལ་མོ་སྦྱར་ཏེ་གདུང་ཤུགས་དྲག་པོས་གསོལ་བ་ཕུར་ཚུགས་འདེབས་པའི་གདུང་དབྱངས་འདི་འབྲས་མེད་དུ་མ་མཛད་པར། རེ་བའི་དོན་འབྲས་གཡུར་དུ་ཟ་བའི་སྐྱབས་འཇུག་ཐུགས་རྗེས་འཛིན་པ་མཁྱེན། མཁྱེན། ཅེས་གསོལ་བ་འདེབས་པ་ལགས། ཧུན་སུར་རབ་རྒྱས་གླིང་སེར་སྐྱ་མི་མང་སྤྱི་མགྲིན་ནས་ཕྱི་ལོ་ ༢༠༠༩ ཟླ་ ༦ ཚེས་ ༡༢ ལ་གུས་འདུད་ཀྱིས་བརྒྱན་ཏེ་ཕུལ།    །

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༣ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 16

  1. བེ་རི་བ། says:
    ལོ་ 17 སྔོན།

    ད་རེས་ང་ཚོས་བཀའ་ཁྲི་བུད་མེད་ཞིག་འདེམས་ཐུབ་ཡིན་ན་བོད་པའི་མི་སྐྱ་དེ་ཚོ་སྨྲ་རྒྱུ་བཤད་རྒྱུ་གང་ཡང་མེད་པ་ཆགས་ངེས་རེད། སོ་སོས་མི་འགྱོན་པར་ད་དུང་བླ་མ་དང་གྲྭ་པ་དེ་ཚོ་ཞེས་ཁ་ནས་ཐོན་པར་བལྟས་ན། ཁྱོད་རང་བློ་ཤིག་ཙམ་ཞིག་ལྡན་པའི་བློ་ལྡན་དེ་ཡིན་ས་རེད།
    ཧ་ཧ་ཀུ་རེ་ཡིན། དགོངས་པ་མ་ཚོམས་རོགས། ང་ནི་བུད་མེད་ཞིག་བཀའ་ཁྲིར་འདེམས་ངེས་ཡིན། དེས་ཆུང་ས་ནས་འཛམ་གླིང་སྟེང་དུ་བག་ཆགས་གསར་པ་ཞིག་དང་། དོ་སྣང་གསར་པ་ཞིག་སླེབས་ཐུབ་ངེས་རེད།

    Reply
  2. གཡུ་དྲུག་དཀར། says:
    ལོ་ 17 སྔོན།

    ཧུན་སུར་རབ་རྒྱས་གླིང་གི་མི་མང་ཚོའི་མིག་རྒྱང་དེ་འདྲའི་ཐུང་བ་ལ། ལེགས་ཉེས་མི་ཤེས་ན་སྨྲ་བ་ཉུང་རུ་བཏང་ན་མཛེས་སྙམ། བླུན་པོ་སྨྲ་བ་ཉུང་ངུ་བྱས་ན་མཛེས་ཞེས་པའི་ལེགས་བཤད་དེ་རབ་རྒྱས་གླིང་གི་རྩིག་ངོས་ཡོད་ཚད་ལ་སྦྱར་ཐུབ་ན་མ་འོངས་པར་༧གོང་ས་མཆོག་གི་ཐུགས་རེ་དང་མཐུན་པའི་བཀའ་བློན་ཞིག་རེག་པར་ཕན་ཐོག་ཆེན་པོ་ཡོང་ངེས།

    Reply
  3. བློ་བཟང་ལུང་རྟོགས། says:
    ལོ་ 17 སྔོན།

    ཟམ་གདོང་བླ་མ་ལ་སྐྱབས་སུ་མཆིའོ། འདི་ཧུན་སུར་གཞིས་ཆགས་དང་ཡི་གེ་འབྲི་མཁན་ཚོས་རིམ་གྲོ་ཡིན།
    འོན་ཀྱང་། ང་ཚོ་བོད་གཞུང་གི་བཅའ་ཁྲིམས་ནང་ཁོང་ལ་ཡང་བསྐྱར་བཀའ་ཁྲི་སྡོད་པའི་ཐོབ་ཐང་མེད་པས་ད་དུང་ལྐུགས་པ་ཨུ་ཚུགས་རྒྱག་དགོས་དོན་ཡོད་དམ།
    ཁྱེད་ཚོ་ཟམ་གདོང་བླ་མ་དད་གུས་ཡོད་མཁན་ཡིན་ན་ཁོང་ཉིད་ཀྱིས་ནམ་རྒྱུན་གསུང་བཞིན་པའི་ཁྲིམས་ཀྱི་དབང་བསྒྱུར་ཟེར་བ་དེའི་གོ་དོན་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེ་བར་བསམ།

    Reply
  4. ཟུར་མཁར་ says:
    ལོ་ 17 སྔོན།

    ཡི་གེ་འདི་འབྲི་མཁན་ཕལ་ཆེར་སྤྱི་ཟུར་ཐུབ་བསྟན་འོད་ཟེར་ཡིན་ལགས་ཡིན་ལེ་རེད་གོ

    Reply
  5. ཟུར་མཁར་ says:
    ལོ་ 17 སྔོན།

    བྱེད་སྟངས་འདིའི་རིགས་ནི་འགོ་མ་འཚོས་པའི་གཞི་མི་རེ་ཟུང་གིས་རྒྱུན་ལྡན་བྱེད་སྟངས་དང་སེམས་ཤུགས་མངོན་སྟངས་ཤིག་ཡིན་པ་རེད། འདིའི་རིགས་ད་དུང་ཆབ་སྲིད་འཁྲབ་སྟོན་ཞེས་པའི་ཆུ་ཚད་ལ་སླེབས་མེད་པ་རེད། མདོ་དོན་སྙིང་པོ་བྱིས་པའི་རྩེད་མོ་ལྟ་བུ་ཞིག་ལས་ནང་དོན་ནི་མི་འདུག

    Reply
  6. དབུས། says:
    ལོ་ 17 སྔོན།

    ཆབ་སྲིད་པ་རེ་ཟུང་གི་འཁྲབ་སྟོན་འོག་ཏུ་འགྲོ་བཞིན་མེད་ན་ཡག་པོ་འདུག

    Reply
  7. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    ད་འདིའི་སྐོར་ལ་མང་པོ་བཤད་མི་དགོས་འབྱུང་འགྱུར་གྱི་བཀའ་ཁྲི་ལ་ཟམ་གདོང་རིན་པོ་ཆེ་འདེམས་རྒྱུ་མིན་པ་ཐག་བཅད་ནི་ཡིན།

    Reply
  8. དབང་ལྡན་མཚོ་མོ། says:
    ལོ་ 17 སྔོན།

    ཧུན་སུར་རབ་རྒྱས་གླིང་གི་ཐུགས་འཁུར་གནང་བ་དེ་ཡག་པོ་རེད་དེ་ཡིན་ནའང་མི་རེ་ངོ་རེ་ནས་ཆབ་སྲིད་ཀྱིས་ཐོག་ལ་གནམ་དཔྱོད་ཀྱི་རྩད་ཐོན་པས་ལས་འགན་བཏང་དུ་་མ་བླང་པར་ལོ་ངོ་ལྔ་བཅུ་འགྲོ་ཟིན་པའི་པསམ་བློ་སྙང་བ་དང་ལམ་བསོལ་ངན་པ་དེ་དག་གི་༧གོང་ས་མཆོག་གི་སྐུ་ཚེ་འཕྲོད་ལྷག་ཏུ་བཏང་བ་མ་གཏོགས་དེང་གི་སྤྱི་ཚོགས་ལ་ཕེན་ཐོག་མེད་པ་གསལ་བོ་རེད། ད་བོད་མི་རྩམ་བཟན་རྣམས་ཀྱི་ད་ལྟའི་དུས་ཚོད་གསར་ལས་ལྷག་པར་འདི་ནང་ཉི་མ་ཆོལ་ཐབས་དང་ཙམ་གྱི་འགྲིག་གི་མེད་པ་དང་བོད་མི་གཞོན་སྐྱེས་ཤེས་ལྡན་པ་དེ་ཚོ་ལ་ཉམས་མྱོང་གི་གོ་སྐབས་ཞིག་ཐུབ་ན་དུས་ལ་བབ་ཡོད་རེད།

    Reply
  9. ཨརྱ། says:
    ལོ་ 17 སྔོན།

    འདིའི་ཐད་སྔར་རྒྱལ་ལོ་དོན་འགྲུབ་ཀྱིས་འདི་འདྲ་ཞིག་བཤད་པ་རེད་ང་ལ་མཚོན་ན་ནམ་ཡང་བོད་དོན་དོར་གི་མ་རེད་ལ་བོད་དོན་བསྒྲུབ་པ་ལ་བཀའ་ཁྲིའི་མིང་ཡོད་པ་ལས་མེད་པ་ཡག་གི་རེད། ཅེས་བཤད་མྱོང་བ་རེད། འདི་དངོས་གནས་ལྟ་བུ་རེད་ཅེས་བཤད་ཀྱང་ཆོག་པ་འདྲ། དེས་ན་ད་ཡང་ང་ཚོས་ཟམ་གདོང་ལ་ཨུ་ཚུགས་བྱེད་དགོས་དོན་མི་འདུག་ཁོ་ལ་ནུས་པ་ཞིག་ཡོོད་ན་བོད་ཀྱི་ཆེད་ལོས་འདོན། དེས་ཕྱིར་ང་ཚོའི་ནམ་ཡང་གང་ཟག་གཅིག་གི་ཆེད་དུ་བཅའ་ཁྲིམ་བཅོས་མི་འོས། ང་ཚོ་ལ་ད་དུང་མི་ནི་འདུག་བཀའ་ཁྲིའི་འོས་གཞིར་མི་བཅུ་དང་ཉི་ཤུ་བྱས་ཏེ་བསྟོན་ཡོང་གིན་འདུག

    Reply
  10. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    གངོས་གནས་་མི་མང་གིས་བསམ་ཚུལ་གནང་བ་ཡིན་ན་ཡག་པོ་རེད་ལ་རྩ་ཆེན་འང་རེད། འོན་ཏང་མི་གཅིག་ལ་བལྟས་ནས་ཁྲིམས་ལ་འགྱུར་བ་གཏོང་རྒྱུ་འདི་ལེགས་ལམ་ཞིག་མ་རེད། ད་ལྟ་བཙན་བྱོལ་བོད་མའི་ཁྲོད་ན་བླ་མ་ཟམ་གདོང་མ་གཏོགས་དངོས་གནས་བཀའ་ཁྲིའི་འགན་ཐེག་མཁན་ཞིག་མེད་པ་ཡིན་ན་འབྱུང་འགྱུར་ལོ་ལྔའི་ནང་ལ་བཀའ་ཁྲི་ཐེག་མཁན་གཞན་གཅིག་ཐོན་མི་ཐུབ་པ་ཚིགས་ཐག་བཅད་ཆོག་ལ་དེ་ལྟར་ཡིན་ན་རྒྱ་མིས་ཚོད་དཔག་དེ་ཏག་ཏག་ཐིག་པ་རེད། བོད་མི་རིགས་ཆགས་འཇིག་གི་དུས་ཚོད་འདི་ལྟ་བུ་ལ་བཀའ་ཁྲིའི་གོ་ས་དེ་སྦྱོང་བརྡར་བྱེད་ས་བྱེད་མི་འོས་ཀྱང་ཁ་དཔེར་་མི་སྡུག་ལ་ཐུག་ན།། ཕྱག་ཁྱི་ལ་འཚལ།།་་་ཟེར་ལྟར་ད་རེབ་གོ་ས་འདི་མི་གསར་བ་ཞིག་ལ་བྱིན་ནས་སྦྱོང་བརྡར་བྱེད་ན་ཡང་བྱེད་བཅུག་རྒྱུ་རེད།

    Reply
  11. དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    དངོས་གནས་དོན་མེད་ཅ་ཅོ་མང་སོང་།

    Reply
  12. གནས་ཚང་། says:
    ལོ་ 17 སྔོན།

    ཁང་གསར་རྡོ་རྗེ་ལགས་སུ་རྒྱབ་བསྐྱོར་ཡོད། ཏཱ་ལའི་བླ་མ་སྐུ་བཞུགས་ཐོག་བཀའ་ཁྲི་འདྲ་མིན་ཐོན་འོས་པ་དང་དེ་ལྟར་མི་མང་པོ་སྦྱོང་བརྡར་རེག་གི་རེད། དེ་གལ་ཆེན་མ་རེད་དམ།

    Reply
  13. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    དངོས་གནས་བསམ་བློ་ཡག་པོ་བཏང་ན། བླ་མ་གྲྭ་པས་ཆོས་སྲིད་གཉིས་ཀར་བྱུས་གཏོགས་མ་བྱས་ན་མི་སྐྱ་ཡིས་ཁག་པོ་རེད་མིན་འདུག་གམ།

    Reply
  14. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བོད་ལ་མི་རྫོགས་པ་ནི་ཡིན་རྒྱུ་མ་རེད། དངོས་ནས་ཐབས་སྐྱོ་བ་ལ།

    Reply
  15. བློ་ལྡན། says:
    ལོ་ 17 སྔོན།

    ཧོན་སུར་མི་མང་གི་འདི་འདྲའི་སྐད་ཆ་ཆོ་མེད་བོད་ཀྱི་ལོ་རྒྱུས་ནང་འཁྱེར་མ་ཡོང་རོགས། གང་ཟག་གི་ཆེད་དུ་རྩ་ཁྲིམས་འགྱུར་བ་གཏོང་མི་ཉན་པའི་གནད་དོན་དེ་ཤེས་པར་གྱུར་ཅིག ཟམ་གདོང་བ་མཁྱེན་རབ་ཡོད་ན་རྩ་དོན་བསྒྲུབ་ཕྱོགས་མང་བོ་ཡོད་པ་རེད། ད་དངོས་གནས་བླ་མ་དང་གྲྭ་བའི་རིགས་སྲིད་ཀྱི་ནང་ཁྲིད་མ་ཡོང་རོགས།

    Reply
  16. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    ནང་དོན་དང་མཇུག་ཏུ་ཕུལ་ཞེས་གསལ་བར་གཞིགས་ན། འདིའི་ཁ་བྱང་ལ་བཀའ་ཁྲིལ་ཕུལ་བ་ལྟ་བུར་བཅོས་འོས། དེ་བཞིན་གྲོས་ཚོགས་ལ་སྤྲིངས་པ་ཞེས་པ་དེ་ཡང་གྲོས་ཚོགས་ལ་ཕུལ་བ་ལྟ་བུར་བཅོས་འོས་སྙམ།

    ༡། ད་ལྟའི་བཀའ་ཁྲིས་ལོ་བཅུ་བཀའ་ཁྲི་གནང་ནས་ད་དུང་ལོ་ལྔ་བྱེད་དགོས་ཟེར་ན་རྒྱུ་མཚན་ལྡན་པར་མ་མཐོང་། མི་གཅིག་གིས་མང་མཐའ་བསྟུད་མར་ལོ་བཅུ་ལས་ལྷག་པ་བཀའ་ཁྲི་བྱས་མ་ཆོག་པ་བཟོས་པར་རྒྱུ་མཚན་མང་པོ་ཡོད།

    ༢། ད་ལྟའི་བཀའ་ཁྲིས་འདས་པའི་དུས་ཡུན་ནང་ཕྱག་ལས་གསར་པ་མང་པོ་གནང་ཡོད། ཕྱག་ལས་དེ་དག་ལ་གཞིགས་ན། ཕལ་མོ་ཆེ་ཐོག་མའི་ལོ་ལྔའི་ནང་གནང་བ་ཞིག་རེད། དེའི་རྗེས་ཀྱི་ལོ་ངོ་འདི་དག་རིང་ཕྱག་ལས་གསར་པ་འགོ་འཛུགས་གནང་བ་ཅང་མེད། དེའི་ཐོག་ནས་རྣམ་དཔྱོད་བཏོན་ཚར་བ་དང་། ད་འདོན་རྒྱུར་ལྷག་པ་ཅང་མེད་པ་དེ་མཚོོན་པ་རེད། ད་དུང་ལོ་ལྔ་ཕུལ་ན་འཕྲོ་བརླག་རེད།

    ༣། ༸གོང་ས་མཆོག་ཞལ་བཞུགས་དུས། ང་ཚོས་མི་ཟད་ཐེབས་པ་ལྟ་བུ་མ་བྱས་པར། མི་གཞན་ལ་བཀའ་ཁྲི་བྱེད་འཇུག་དགོས་པ་གལ་ཆེན་རེད། འདི་ལྟར་བྱས་ན་གཞི་ནས་མ་འོངས་པར་ང་ཚོས་རང་གི་གཞུང་འཛིན་སྐྱོང་བྱེད་ཐུབ་ཀྱི་རེད་མ་གཏོགས། ༸གོང་ས་མཆོག་བཞུགས་རིང་མི་གཞན་དང་ལྷག་པར་གཞོན་སྐྱེས་ཚོར་གོ་སྐབས་མ་སྤྲད་ཚེ། ལོ་ཉི་ཤུ་སུམ་ཅུའི་རྗེས་ལ་དཀའ་ངལ་ཆེན་པོ་ཆགས་ཀྱི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese