མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རླུང་ལངས་ནས་ཡོང་རྒྱུ་ཡོད་པ་མ་རེེད།

བོད་ཀྱི་དུས་བབ།
༢༠༠༩/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༢༥ ཉིན་༧གོང་ས་མཆོག་གིས་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ནང་དུ་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་སྐབས། རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོང་གཙོས་པའི་རྒྱ་རིགས་རྩོམ་པ་པོ་དང་ཤེས་ཡོན་པ་རྣམས་ལ་ང་ཚོས་རྣམ་འགྱུར་སྟོན་ཕྱོགས་ཐད་བཀའ་སློབ་ཐུང་ཐུང་ཞིག་གནང་ཡོད་པ་རེད།

༧གོང་ས་མཆོག་གིས་གསུངས་དོན། ཝང་ལི་ཞོང་ནི་ལོ་མང་རིང་བོད་པའི་ཐོག་དྲང་པོ་དྲང་བཞག་གིས་རྩོམ་ཡིག་མང་པོ་འབྲི་མཁན་ཞིག་རེད། ལོ་སྔོན་མའི་དོན་རྐྱེན་བྱུང་བ་ནས་ང་རང་རྒྱ་མིའི་མཁས་པ་དང་རྩོམ་པ་པོ་མང་པོར་ཐུག་འཕྲད་བྱུང་སོང། དེ་དག་དངོས་གནས་ཡག་པོ་རེད། ལོ་སྔོན་མའི་དོན་རྐྱེན་བྱུང་བ་ནས་རྒྱ་མིའི་ནང་བོད་དོན་ཐོག་རྩོམ་ཡིག་འབྲི་མྱོང་མཁན་ ༥༠༠ ལྷག་བྱུང་ཡོད་པ་རེད། དེ་དག་ཚང་མས་བོད་དོན་ལ་རྒྱབ་སྐྱོར་དང་བོད་པ་ལ་ཤ་ཚ་བྱས་པ་རེད། དེ་བཞིན་ང་ཚོར་རྒྱབ་སྐྱོར་བྱེད་མཁན་དེ་དག་བརྒྱུད་་རིམ་བཞིན་ང་ཚོའི་ནུས་པ་གསལ་ཡོང་གི་ཡོད་པ་རེད། དེ་བས། དངོས་གནས་རླུང་ལངས་བྱས་ནས་བསྡད་པ་ཡིན་ན། ཡོང་རྒྱུ་ཡོད་པ་མ་རེད། སོ་སོའི་ལྷག་བསམ་རྣམ་དག་བྱས་ཏེ། ང་ཚོས་དབུ་མའི་ལམ་ཞེས་བཤད་བསྡད་ཡོད་སྟབས། གཉིས་ཕན་གྱི་ཐོག་བསམ་བློ་གཏོང་རྒྱུ་ཞིག་སླེབས་འོང་གི་ཡོད་པ་རེད། ཅེས་གསུངས་ཡོད་པ་རེད།

ཟླ་འདིའི་ཚེས་ ༢༣ ཉིན་ཕེན་བོད་ཀྱི་ཕྱི་སྡོད་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག གངས་སྐྱིད་དུ་རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོང་གིས་བཙན་བྱོལ་ནང་གི་ཤེས་ཡོན་པ་དང་གསར་འགོད་པ་སོགས་དོ་སྣང་ཡོད་རིགས་རྣམས་ལྷན་དུ་དུས་ཚོད་གསུམ་རིང་བགྲོ་གླེང་གནང་ཡོད་པ་རེད། ཡིན་ཡང་བགྲོ་གླེང་མགོ་འཛུགས་མ་བྱས་པའི་གོང་དུ་བོད་ཀྱི་རྩོམ་པ་པའི་མཐུན་ཚོགས་ཀྱི་ཚོགས་མི་ལྔས་ཝང་ལི་ཞོང་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གདན་ཞུ་བྱས་པ་དང་། ཁོང་གི་རྩ་བའི་ལངས་ཕྱོགས་བཅས་ལ་ངོ་རྒོལ་བྱ་ཆེད། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་ནས་དགོངས་པ་ཞུས་ཡོད་པ་རེད།

བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་ཀུན་ཐར་དོན་གྲུབ་ཀྱིས་ཉིན་འདིའི་རྗེས་ཀྱི་གནས་ཚུལ་འགའ་ངོ་སྤྲོད་གནང་བ་ལྟར་ན། ཉིན་དེར་ཝང་ལི་ཞོང་གིས་ཐོག་མར་ཁོ་རང་ལ་ངོ་རྒོལ་བྱེད་ཀྱིན་པ་ཚོར་མེད་པར། བོད་རིགས་འདི་དག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཀྱིན་པར་མཐོང་འདུག ཡིན་ནའང་རྗེས་སུ་ཁོང་གིས་སྐད་ཆ་དྲིས་སྐབས་ཁྱོད་རང་ལ་ངོ་རྒོལ་བྱེད་ཀྱིན་འདུག་ཅེས་བཤད་པ་ཡིན་ཟེར་ལ། བགྲོ་གླེང་གྲུབ་མཚམས་སྨན་རྩིས་ཁང་རྒྱབ་ཕྱོགས་ཀྱི་ཤིང་ནགས་ནང་ཁོང་གཉིས་འཆམ་འཆམ་དུ་ཕྱིན་སྐབས་ཝང་ལི་ཤོང་གིས་ཁོ་རང་པེ་ཅིན་དུ་སྡོད་སྐབས་འོད་ཟེར་དང་ཁོང་གཉིས་ཀྱི་སུ་ཡིན་རུང་བོད་དོན་གྱི་ཐོག་ལ་རྩོམ་ཡིག་འབྲི་བཞིན་པར་བརྟེན། རང་རང་ས་ནས་བཙོན་ཁང་དུ་འགྲོ་བར་ག་དུས་ཡིན་ནའང་གྲ་སྒྲིག་ཨང་གསར་བྱས་ནས་ཡོད་ལ། ད་རེབ་ངྷ་སར་བསླེབས་སྐབས་སོ་སོའི་བློ་ཐག་ཉེ་ཤོས་ཀྱི་ཡུལ་ལ་བསླེབས་པ་ལྟར་སྣང་ཡང་། འདི་ལྟར་ངོ་རྒོལ་ཞིག་ཡོང་བ་སེམས་ལ་དྲན་མེད་ཚུལ་བརྗོད་འདུག གང་ལྟར་ཉིན་དེའི་གནས་ཚུལ་དེ་སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱིས་གོ་མ་ཐག དགོང་མོ་དེར་ཝང་ལི་ཞོང་ལ་སེམས་གསོ་བྱེད་པར་གངས་སྐྱིད་དུ་ཕེབས་ཡོད་འདུག དེ་བཞིན་༧བཀའ་ཁྲི་མཆོག་གིས་ཀྱང་ཁོང་གི་དྲུང་ཡིག་བརྒྱུད་ཝང་ལི་ཤོང་ལ་བློ་ཕམ་མ་གནང་ཞེས་ཁ་ཏ་གནང་དགོས་སྐོར་གསུངས་ཡོད་པ་རེད།

ཕྱི་ཚེས་ ༢༥ ཉིན་༧གོང་ས་མཆོག་གིས་བོད་ཁྱིམ་སློབ་གྲྭ་ནས་བོད་རིགས་གཞོན་སྐྱེས་ཚོར་བཀའ་སློབ་གནང་གྲུབ་རྗེས། ཝང་ལི་ཞོང་ཕོ་བྲང་དུ་བཀའ་འབོད་ཀྱིས་དུས་ཚོད་གཉིས་ལྷག་རིང་བཀའ་མོལ་དང་ཞོར་དུ་བློ་ཕམ་གནང་མི་རུང་བའི་སྐོར་ནན་ཏན་གྱིས་གསུངས་ཡོད་འདུག འདི་དག་ལ་བརྟེན། ཝང་ལི་ཞོང་ནི་རྗེས་སོར་བློ་བག་བདེ་བོར་གནས་ཡོད་འདུག་ཅེས་ཀྱང་ཟེར།

ཝང་ལི་ཞོང་ལ་ངོ་རྒོལ་གྱི་གནས་ཚུལ་ལྷག་པའི་སྐོར་ཁོང་གི་བཟའ་ཟླ་འོད་ཟེར་གྱིས་གོ་ཡོད་པ་མ་ཟད། ཀུན་ཐར་དོན་གྲུབ་དང་འོད་ཟེར་གཉིས་ཀྱིས་ཁ་པར་བརྒྱུད་གླེང་མོལ་བྱེད་སྐབས་འོད་ཟེར་གྱིས། ཝང་ལི་ཞོང་གིས་མི་ལོ་ ༣༠ ལྷག་གི་རིང་བོད་དོན་གླེང་ཞིང་། དུས་རྒྱུན་བོད་དོན་ཐོག་སེམས་ཁྲལ་བྱེད་ཀྱིན་ཡོད་པ་རེད། དེ་བས་ཐེངས་འདིར་ཁོ་རང་ངྷ་སར་འབྱོར་བ་ནི་སོ་སོའི་ཡུལ་ལ་འབྱོར་བ་དང་མཚུངས་ཀྱང་། དེ་རུ་ངོ་རྒོལ་བྱས་པ་དེ་ནི་བློ་ཡུལ་ལས་འདས་པ་ཞིག་རེད་ཅེས་བཤད་ཡོད་འདུག འོན་ཀྱང་། རྗེས་སོར་༧གོང་ས་མཆོག་གིས་ཝང་ལི་ཞོང་ལ་སེམས་གསོ་བྱས་རྗེས་ཝང་ལི་ཞོང་གི་༧གོང་ས་མཆོག་གི་བཀའ་དགོངས་དང་འབྲེལ་ནས་འོད་ཟེར་ལ་སེམས་གསོ་བྱས་སྟབས། དེང་སྐབས་ཁོང་གཉིས་ཀ་བློ་བདེ་བོའི་ངང་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།

བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ ༥ ད་ཐེངས་ཀྱི་ངོ་རྒོལ་སྐབས་ཚོགས་ཁོངས་ནས་དགོངས་པ་ཞུས་པའི་ཐད་མཐུན་ཚོགས་ངོས་ནས་ཐག་གཅོད་དང་ལྟ་སྟངས་གང་འདྲ་འཛིན་གྱི་ཡོད་མེད་ཐད་ཁོང་གིས། ཉིན་འདི་ཚོར་ཚོགས་གཙོ་ལྷ་མོ་སྐྱབས་དང་ངེད་གཉིས་མ་གཏོགས་རྒྱུན་ལས་ཡོད་པ་མ་རེད། དེ་བས་དམིགས་བསལ་ཐག་གཅོད་འདྲ་མེད། ཡིན་ཡང་། ཚོགས་ཁོངས་ནས་འདུག་གི་མིན་ལབ་ན་དེ་མི་སོ་སོའི་རང་དབང་དང་ཐོབ་ཐང་རེད། སྤྱིར་ངོ་རྒོལ་བྱས་པ་དེའང་། དམངས་གཙོའི་སྤྱི་ཚོགས་ཤིག་གི་ངོས་ནས་བཤད་ན་འགྲིག་གི་ཡོད་པ་རེད། སོ་སོའི་འདོད་པ་རེད། ཡིན་ཡང་། དམངས་གཙོའི་ལུང་པ་ལའང་ཁྲིམས་ཡོད་པ་རེད། སོ་སོའི་སྐད་ས་ལ་འགན་འཁུར་དགོས་པ་རེད། ཐེངས་འདིར་བློ་ཕམ་ཅུང་བྱུང་བ་ནི་ཁོ་ཚོའི་ངོ་རྒོལ་བྱེད་སྟངས་ཀྱི་རྣམ་འགྱུར་དེ་ཏོག་ཙམ་ཐལ་དྲགས་པ་འདྲ་ཞིག་མཐོང་བྱུང་། ཤེས་ཡོན་པ་ཡིན་ན་བྱ་སྤྱོད་གང་ཐད་ལ་བསམ་བློ་གཏོང་དགོས་པ་རེད་འདོད། དེ་མིན་སྤྱིར་བཏང་ངོ་རྒོལ་གྱི་ཡི་གེར་མིང་རྟགས་འགོད་མཁན་ལྔ་བྱུང་ནའང་། དངོས་སུ་དགོངས་པ་གསུམ་ལས་བྱུང་མ་སོང་། ཟེར།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 64

  1. ཨ་བུ་གངས་དཀར says:
    ལོ་ 16 སྔོན།

    མེ་སྟག་ནི་རང་རེད་བློ་རྒྱ་ཆུང་ཚུལ་ལ་སྟོས་དང་དྲ་ངོས་འདི་མཐོང་དུས་ལྔ་བཅུ་ང་བརྒྱད་དྲན་ཡོང་གི་ཡང་་རང་གི་བྶལ་མ་དང་དབོན་པོ་ལ་འཐབ་རྩོད་བྱེད་སྟང་ལསྟོས་

    Reply
  2. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    གནས་ཚང་ལགས། ཕྲན་པ་ལུས་ཁམས་ཅུང་མི་བདེ་བས་མང་པོ་འབྲི་ཐུབ་ས་མ་རེད། དཔེ་ཞིག་གི་ཐོག་ནས་བཤད་ཀྱི་ཡིན། དེས་གསལ་པོ་ཆགས་པའི་རེ་བ་ཡོད།

    ༡། སྣུམ་འཁོར་དཀར་པོ་ཞིག་ཡོད་རེད། དེ་ལམ་ཀ་པའི་ཐོག་སྣུམ་འཁོར་བདག་པོའི་བཀའ་ལྟར་དེའི་ཁ་ལོ་བས་བཏང་བ་རེད།
    ༢། གོང་གི་སྣུམ་འཁོར་དེ་རྐུན་མ་ཞིག་གིས་བརྐུས་ནས་ལམ་ཁ་པའི་ཐོག་བཏང་བ་རེད།

    སྣུམ་འཁོར་བཏང་བའི་བྱ་བ་གཅིག་ཡིན་ཀྱང་རྐུན་མ་དེ་ལ་ཉེས་པ་ཕོག་པར་མ་ཟད། ཐ་མ་བདག་པོ་ལ་དགོངས་སེལ་ཞུ་དགོས་བྱུང་བ་རེད། བདག་པོས་རང་གི་སྣུམ་འཁོར་བཏང་བའམ་གཏོང་དུ་བཅུག་པར་ཉེས་པ་གང་ཡང་ཕོག་མེད་ལ་ཕོག་དགོས་དོན་ཡང་མེད། དགོངས་སེལ་ཞེས་པ་ནི་དེ་བས་ཀྱང་ཞུ་ག་ལ་དགོས། གང་ཡིན་ཟེར་ན། སྐབས་འདིའི་སྣུམ་འཁོར་གང་དུ་གཏོང་མིན་དང་ནམ་གཏོང་མིན་གྱི་ཁྲིམས་དོན་དང་དངོས་དོན་གཉིས་ཀའི་དབང་ཆ་བདག་པོ་ལ་ཡོད་རེད། བདག་པོ་ལ་ཡོད་སྟངས་དེ་མང་མོས་ཐག་གཅོད་འོས་བསྡུའི་སྔོན་འགྲོའི་འོས་ཤོག་གི་གྲུབ་འབྲས་དང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་ཁག་ལ་གཟིགས།
    སྣུམ་འཁོར་བཏང་ཟིན་རྗེས་ཉེ་དུས་ཡང་བསྐྱར་དམིགས་བསལ་ཚོགས་ཆེན་ཐོག་ཁ་ལོ་པ་དང་སྣུམ་བླུག་མཁན། ལམ་བཟོ་མཁན་སོགས་ཚང་མས་མུ་མཐུད་ལམ་གང་དུ་ཇི་ལྟར་གཏོང་དགོས་མིན་དུས་ནས་དུས་སུ་བདག་པོས་དགོངས་བཞེས་ཀྱིས་གཏོང་རོགས་ཞེས་ཞུས་ཡོད་པ་རེད།

    ད་འདིས་ཁྱེད་ལ་གསལ་པོ་མ་ཆགས་ཀྱང་གཞན་དག་ལ་གསལ་པོ་ཆགས་པའི་རེ་བ་ཡོད།

    Reply
  3. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    དྲན་བསྐུལ་ཞིག
    གསར་ཁང་ཚད་ལྡན་ཞིག་གི་གསར་འགྱུར་བརྒྱུད་ལམ་ཡིན་ན་ཚགས་པར་དང་དྲ་ཐོགས་གསར་འགྱུར་གཉིས་ཀ་ཤོག་བུའི་སྟེང་ལ་དཔར་བསྐྲུན་བྱས་དང་མ་བྱས་བ་ཞིག་གི་ཁྱད་པར་མ་གཏོགས་རྩ་བའི་ལངས་ཕྱོགས་དེ་རྩོམ་སྒྲིག་པའི་སྟངས་འཛིན་འོག་ཏུ་ཡོད་དགོས་མོད། བཙན་བྱོལ་སྤྱི་ཚོགས་ནང་དུ་དམངས་གཙོ་དང་རང་དབང་ལ་ཁ་འཁྱེར་ནས་དྲ་ལམ་ཁག་ཏུ་མི་སྒེར་ལ་མཐོང་ཆུང་དམའ་འབེབ་དང་ཚོགས་པ་སྒྲིག་འཛུགས་ལ་ཁུང་ལུངས་མེད་པའི་སྒྲོ་འདོགས་དང་གླེང་རྙོག་བཟོ་མཁན་ཇེ་མང་དུ་འགྲོ་བཞིན་འདུག་ལ། གནས་ཚང་ཞེས་བ་འདི་དུས་བབ་དྲ་རྒྱ་སྒོ་འབྱེད་བྱས་ནས་ཡུན་རིང་མ་འགོར་བར་མཆན་འགོད་མཁན་གྱི་གྲས་སུ་སླེབས་འདུག་ཀྱང་། ཁོས་རང་ཉིད་སྒེར་གཉེར་ཟིན་བྲིས་ཅི་ཡང་མི་སྤེལ་བར་ངོ་ལ་འབག་གྱོན་ནས་མཆན་འདེབས་བཞིན་འདུག ཁོ་བོའི་མཆན་དག་ཀྱང་བརྗོད་གཞི་འདྲ་མིན་གྱི་ཐོག་ལ་མི་འགོད་པར་གཙོ་པོ་༧གོང་ས་མཆོག་དང་འབྲེལ་ཡོད་ཀྱི་ཟིན་བྲིས་ཁག་ལ་འཚང་ཁ་བརྒྱབས་འདུག ལོ་སྔོན་མར་མེ་འོད་ཞེས་བ་ཅིག་གིས་༧གོང་ས་མཆོག་སྐུ་རྐྱང་ལ་མ་ཕུད་ཅེས་བའི་རྩོམ་ཡིག་ཅིག་སྤེལ་བ་དེའི་རྗེས་ནས་ངས་གནས་ཚང་ཞེས་བའི་མི་འདིའི་མཆན་དག་ལ་གཟབ་ནན་གྱི་བལྟ་གིན་ཡོད། ཁོས་ཧ་གོ་མདོག་དང་མགོ་ཚོས་མདོག་གི་སྒོ་ནས་༧་གོང་ས་མཆོག་ལ་ཁྱད་གསོད་དང་མཐོང་ཆུང་གི་མཆན་བརྒྱ་ཕྲག་ཙམ་བཀོད་འདུག་པས། མི་འདི་སུ་ཡིན་དང་གར་ཡོད་ང་ཚོ་ལ་དགོས་གལ་ཅི་ཡང་མེད་མོད། མི་འདིས་ཁོ་ལ་ཁུང་སྐྱེལ་རྒྱུ་་དང་ར་སྤྲོད་རྒྱུ་རེ་ཡོད་མདོག་མདོག་འདྲ་བཤད་བཞིན་འདུག་པས། བཀུར་འོས་རྩོམ་སྒྲིག་པ་ཚོས་དྲ་ལམ་འདི་མི་འདི་འདྲའི་རིགས་ཀྱིས་ནང་དཀྲུགས་བྱེད་སའི་ལག་ཆ་རུ་མི་གཏོང་པར་འདི་འདྲའི་རིགས་ལ་་དག་ཐེར་ཡག་པོ་ཞིག་གནང་རོགས་ཞུ།

    Reply
  4. རི་བོང། says:
    ལོ་ 16 སྔོན།

    ཚེ་རིང་རྒྱལ་ལགས་ཀྱིས་བཤད་པ་བདེན་པ་རེད། ང་ཚོའི་སྤྱི་ཚོགས་འདིའི་ནང་མི་ཞིག་གི་བསམ་ཚུལ་རང་གི་བསམ་ཚུལ་དང་མ་མཐུན་ན་མི་དེ་ལ་གསང་ཉུལ་བ་དང་། བསྟན་དགྲ་སོགས་ཀྱི་མིང་ཆད་ངན་པ་བཟོ་ཐབས་ལ་འབད་ཀྱིན་པ་འདི་རིགས་ནི་ཧ་ཅང་གི་ཐབས་སྐྱོ་བོ་རེད། ཀུན་སློང་མ་དག་པའི་རང་རྟགས་བསྟན་པ་རེད། ང་ནི་ཁོང་ཚོའི་ངོ་རྒོལ་བྱས་བ་དེ་ཡག་པོ་མི་འདུག་ལབ་མཁན་གྱི་གྲོས་ཡིན། འོན་ཀྱང་ཁོང་ཚོའི་རྒྱབ་ལྗོངས་ན་རྒྱ་དམར་ཨེ་ཡོད་སྙམ་པའི་དོགས་པ་ཞིག་རྨི་ལམ་དུ་ཡང་སླེབས་མ་མྱོང་། མ་ཟད་སེམས་ཤུགས་དང་ལ་རྒྱ་ཞིག་གི་སྒུལ་ཤུགས་ཡིན་རྒྱུ་རེད་སྙམ།

    Reply
  5. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    ད་ཐེངས་ཁང་རྡོས་སྐད་ཆ་རིན་ཐང་ཅན་རྐྱང་བཞག་འདུག་ཐུགས་རྗེ་ཆེ། གཞན་དྲ་འབུ་འགའ་ཞིག་གིས་ཁ་ནས་ཐོན་ཚད་ལ་རྒྱ་དམར་དང་དོལ་རྒྱལ་བ་ལ་ངན་འབྲེལ་ཡོད་མདོག་ཡང་ན་ཞབས་འདྲེན་དང་ཐ་ཤལ་སོགས་ཚིག་ངན་རྐྱང་གཏོར་གྱིན་པ་འདི་ལ་གཟུར་གནས་དྲ་གྲོགས་རྣམས་ཀྱིས་ཡ་ལན་གྱིས་དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་ངན་པ་ངན་པའི་ལམ་དུ་རང་དགར་མངགས་རོགས་ཞུ། རྒྱ་ཝང་ལའི་ཞུང་ལ་དོགས་པ་ཡོད་ན་རྒྱུ་མཚན་བགྲེངས་དགོས་ལ་རྒྱ་རྒན་ཁོ་གསང་ཉུལ་བ་ཞིག་ཡིན་སྲིད་ལ་ཡིན་ནའང་ཧང་སང་རྒྱུ་ཅི་ཡོད།

    Reply
  6. ཚེ་རིང་། says:
    ལོ་ 16 སྔོན།

    དྲ་ངོས་སུ་བསམ་འཆར་འགོད་མཁན་ཞིག་གིས་་”ངོ་རྒོལ་བྱ་མཁན་མི་ལྔ་པོ་དེ་སུ་རེད། ཁོང་ཚོའི་རྒྱབ་ལྗོངས་ལ་རྒྱ་དམར་གཞུང་དེ་ཨ་འདུག་ཞིབ་འཇུག་གནན་པོ་བྱ་དགོས། དེ་མིན་དེ་ཚོས་གནས་ཚུལ་ག་རེའི་ཐད་ངོ་རྒོལ་བྱས་པ་རེད།”
    ཁྱེད་ལ་ལན་དུ་བརྗོད་འདོད་པ་ནི། ངོ་རྒོལ་བྱེད་མཁན་གྱི་མི་ལྔ་བོ་ནི། གཡང་མཁོ་རྒྱལ། ཚེ་རིང་རྒྱལ། གཟུངས་ཕྱུག་སྐྱིད། ལྷ་ཆབ་སྦྱིན་པ། འབྲོག་རུ་ཆོས་གྲགས་བཅས་ཡིན། ད་དུང་དྲིས་ལེན་མི་དགོས་པའི་དྲི་བ་ཞིག་ཁྱོད་ལ་འདོན་ཆོག་པ་ཞུ། ཁྱེད་རང་གིས་རྒྱ་ནག་གི་སྲིད་བྱུས་དང་བོང་ལུ་ཞོན་ལ་ཞིབ་འཇུག་དང་རྗེས་ལོན་ག་ཙམ་ཞིག་ཡོད་དམ།
    ང་ཚོས་བོང་ལུ་ཞོན་ཁོ་རང་གི་མདུན་ནས། མི་ཐམས་ཅད་ཀྱི་མཐོང་ས་རིག་ས་ནས། ཕྱི་གསལ་ནང་གསལ་གྱིས་ངོ་རྒོལ་བྱས་པ་ཡིན། ཁྱོས་ཞིབ་འཇུག་བྱེད་དགོས་ཞེས་མ་བཤད་ཀྱང་དེ་འབྲེལ་གྱི་ལས་འགན་ཡོད་མཁན་ཚོས་དེ་སྒྲུབ་གི་རེད། དེ་བཞིན་དུ་ཁྱོད་ཀྱིས་ཀྱང་གཞན་ལ་དོགས་སློང་གི་གཏམ་བརྗོད་སྤེལ་འདོད་ན་དོགས་སློང་བྱ་ཡུལ་གྱི་མི་དེ་ཚོའི་མདུན་ནས་ཕྱི་གསལ་ནང་གསལ་གྱི་ངོ་རྒོལ་བྱེད་ཆོག་ལ་དོགས་གཞི་ཨང་སྤེལ་ཆོག དེ་ལྟར་བྱེད་པའི་གདེང་སྤོབས་མེད་ན། ལྐོག་ལྐོག་སིལ་སིལ་གྱིས་འཆལ་གཏམ་གང་བྱུང་མ་གནང་རོགས།
    ངས་ཁྱོད་ལ་ཁྱོད་ནང་བཞིན་གྱིས་གཞི་མེད་ཚོད་བགམ་གྱི་སྐད་ཆ་བཤད་ཅིག་ཁྱོད་ལ་བཤད་མི་འདོད། ཡིན་ནའང་། ཁྱོད་ལའང་དོགས་སློང་དང་ཞིབ་འཇུག་བྱེད་ཆོག་པ་དེ་ཤེས་པར་གྱིས། གཞན་བསམ་ཚུལ་སྤེལ་མཁན་ཚང་མས་རང་གི་སྐད་ཆར་རང་གིས་འགན་བླངས་ཏེ་སྤེལ་རྒྱུ་རེ་བ་ཡིན། ཕྱོགས་བཞི་མཚམས་བརྒྱད་དོན་མེད་ལ་གླེང་གཞི་འདིའི་སྟེང་དྲིད་མ་ཡོང་རོགས།

    ཞེས་ཚེ་རིང་རྒྱལ་ནས།

    Reply
  7. གནས་ཚང་། says:
    ལོ་ 16 སྔོན།

    སྐུ་ངོ་ཁང་གསར་རྡོ་རྗེ་ལགས།
    ༡ མཁས་དབང་གྲོངས་རྗེས་ཀྱི་ཡི་གེ་དེ་བཀའ་ཤག་དང་གྲོས་ཚོགས་ལས་སྐུ་སྒེར་གྱི་མ་རེད་ལ། ངས་བརྩད་གཅོད་བྱེད་ཀྱིན་པ་སྐུ་སྒེར་གྱི་སྐོར་ཡིན། ཐུགས་རྗེ་ཆེ།
    ༢ འདིར་གྲོས་ཆོད་བཞག་དང་མ་བཞག་གི་ཁྱད་པར་ལྷག་ཡོད་པ་མ་རེད། གཅིག་ནས་གྲོས་ཆོད་འཇོག་མ་ཐུབ་པ་མ་གཏོགས་མ་བཞག་པ་མིན་པས། གྲོས་ཆོད་འདི་བཞིན་འཇོག་མ་ཐུབ་པའོ་རྗེས་ནས་མ་གཏོགས་བོད་མི་སུས་ཤེས་སམ། དེ་ཁྲིམས་འགལ་མ་ཡིན་ནམ།
    ༣ ལི་ཐང་ཨ་ཐར་ལགས་ཀྱིས་དགོངས་སེལ་ཞུས་ཟིན་ཞིང་། ད་ལྟ་མི་འདི་དག་གིས་སུ་ལ་དགོངས་སེལ་ཞུ་དགོས་སམ།

    Reply
  8. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    གནས་ཚང་ལགས། ཁྱེད་རང་གིས་ཁ་འབྱེད་ཐུབ་མ་སོང་ཟེར་བའི་དྲ་རྒྱ་དེ་བོད་གཞུང་གི་དྲ་རྒྱ་རེད། ངས་ད་ལྟ་རང་ཁ་ཕྱེ་བ་ཡིན། འབྱེད་ཐུབ་ཀི་འདུག གནས་ཚུལ་དབྱིན་ཡིག་ནང་ཡོད་པ་ཆ་ཚང་གཤམ་དུ་ལེབ་བཤུས་བྱས་ཡོད། ནང་དོན་ནི་ཉིད་ཀྱིས་མཁྱེན་ངེས་ལྟར་མཁས་དབང་ཟླ་བ་ནོར་བུ་འདས་གྲོངས་སོང་བར་བོད་གཞུང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མྱ་ངན་གནང་བ་དང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོའི་ཕྱག་བྲིས་གནང་བའི་སྐོར་རེད།

    Tibetans Mourn Passing Away of Prof. Dawa Norbu
    Saturday, 3 June 2006, 12:00 PM

    Dharamshala: The Central Tibetan Administration (CTA) and the Assembly of the Tibetan People’s Deputies (ATPD) expressed deep sadness on the demise of Prof. Dawa Norbu, one of the leading Tibetan intellectuals of Tibetan Diaspora.

    His demise is a great loss for the Tibetan people because of the fact that he has been a source of great inspiration for countless of exiled Tibetan students.

    In a condolence message to his wife, the ATPD expressed “the passing away of Prof. Dawa Norbu is great loss for the Tibetan community” and offered prayers for eternal peace of the departed soul.

    Prof. Dawa Norbu, an expert on Central Asian Politics and the leading voice on Tibetan affairs, was born in Tibet and educated at St. Stephen’s College, Delhi. He did his doctorate at the University of California, Berkeley. At the same time he taught at the University of San Francisco State University. He worked as an editor of the Tibetan Review, a monthly journal, from 1972 to 1976 and later worked as a professor of Central Asian studies at the Jawaharlal Nehru University, New Delhi.

    He was a legend in his own lifetime. He created so much awareness about Tibet and the Tibetan people through his acclaimed books like Red Star Over Tibet, Tibet: The Road Ahead, and China’s Tibet Policy.

    He has published several scholarly papers in such international journals as Asian Survey, China Quarterly, International Studies and Pacific Affairs. His latest book China’s Tibet Policy was published in 2001 and it is a major work of longstanding value.

    He received the Tibetan Youth Congress Literary Award in 1998.

    Prof. Dawa Norbu who died at the age of 58 is survived by his wife and two children. Prof.Dawa Norbu passed away on 28 May 2006.

    (www.tibet.net is the official website of the Central Tibetan Administration.)

    གཉིས་པ། ལི་ཐང་ཨ་ཐར་ཁོང་ཚོས་བོད་སྤྱིའི་འགན་དབང་ལྟ་ཅི། ཆུ་སྒང་ཚོགས་པས་ཀྱང་འགན་དཀྲི་མ་བྱས་པར་ལྐོག་ཏུ་བོད་སོག་ལས་ཁུངས་དང་མཉམ་དུ་བོད་སྤྱིའི་རྩ་དོན་དང་འབྲེལ་བའི་གྲོས་ཆོད་བཞག་པ་རེད། བཞག་ཟིན་རྗེས་༸གོང་ས་མཆོག་དང་བོད་གཞུང་ལ་སྙན་གསན་ཞུས་པ་རེད།

    ཉེ་ལམ་༸གོང་ས་མཆོག་གི་སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་ལ་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽ཞེས་པ་ཞིག་གནང་བ་དེ་ནི། གཅིག་ནས་བསམ་འཆར་རེད་མ་གཏོགས་ཨ་ཐར་གྱིས་བཞག་པ་ལྟ་བུའི་གྲོས་ཆོད་མ་རེད། གཉིས་ནས་བོད་མི་མང་གི་ཡིད་ཆེས་བློ་གཏད་ཞུ་ཡུལ་༸གོང་ས་མཆོག་དང་བཀའ་ཤག་གི་ཆོག་མཆན་ཡོད་པས་ཨ་ཐར་གྱིས་ཆོག་མཆན་མེད་པར་ལྐོག་ཏུ་བཞག་པ་དང་མི་འདྲ། གསུམ་པ། དེ་ལྟར་གནང་ཆོག་པའི་འགན་དབང་ཁྲིམས་ལྟར་ཡོད་པས། ཨ་ཐར་གྱིས་ཁྲིམས་འགལ་གྱིས་བཞག་པ་དང་མི་འདྲ་བ་རེད།

    Reply
  9. གནས་ཚང་། says:
    ལོ་ 16 སྔོན།

    ཁང་གསར་རྡོ་རྗེ་ལགས། བཀའ་དྲིན་ཆེ། ཡིན་ནའི། དྲ་རྒྱ་དེའི་སྒོ་འབྱེད་ཐུབ་མ་སོང་། འོ་ན། རང་གིས་གསུང་དང་ད་ག་རེ་གནང་དགོས་སམ། མགོ་འདོགས་ཡིག་ཆར་ལམ་འགྲོ་མ་བྱུང་བ་ཡིན་ན། སྔར་ལི་ཐང་ཨ་ཐར་སོགས་ཀྱང་དེ་ལས་འདའ་མེད་པས། དོན་དག་འདི་ཇི་ལྟར་འགྲེལ་འོས་སམ། དོན་དག་འདི་དག་གི་སྒང་ན་མཐོ་རིམ་དང་དམའ་རིམ་གྱི་ཁྱད་པར་ཡོད་དམ།

    Reply
  10. གནས་ཚང་། says:
    ལོ་ 16 སྔོན།

    སྙིང་རྗེ་ཨ་ལལ་རེད་པཱ། ཁོ་རང་ལ་ག་དུས་ཀྱང་འཚང་ཁ་ཚ་བོ་འདུག་དཱ། ཅི་ཡང་མགོ་མ་ཚོས་པ་ཡིན་ཤག་རེད། སྙིང་རྗེ་གསར་འབྱར་འདྲ་མིན་འགྲོ།

    Reply
  11. མ་དྲིས་བཤད ། says:
    ལོ་ 16 སྔོན།

    བྲེལ་འཚུབ་ངང་ནས་བྲིས་བས་ཚིག་སྦྱོར་མི་ལེགས་པས་དགོངས་དག་ཞུ།

    Reply
  12. མ་དྲིས་བཤད ། says:
    ལོ་ 16 སྔོན།

    དཔྱད་ཞིབ་ཟབ་མོ་མེད་པར་སེམས་ལ་གང་ཤར་དང་ཁའི་ནང་དུ་གང་ཡོངས་བཤད་ན་བོད་མི་རིགས་ཀྱི་མདུན་ལམ་འགག་ཉེན་ཆེ་བས་དྲ་གྲོགས་ཚོས་གང་གཟབ་གནང་རོགས་ཞེས་འབོལ་སྐུལ་དང་ཆབ་ཅིག་ཏུ་སྐུ་ཞབས་ཝང་ལིས་ཞུང་ངལ་བ་ཁྱད་བསད་ཀྱི་སྒོ་ནས་དྷརྨ་ཤྰལ་དུ་ཕེབས་པར་དགའ་བསུ་ཞུ །
    མ་གཞིར་བཙན་བྱོལ་བོད་གཞུང་དང་༧་གོང་ས་མཆོག་གི་ཅི་གསུང་དང་ལེན་བྱད་མི་མཁན་ཞིག་རྡ་སའི་ཁོར་ཡུག་ཏུ་བསྡད་རུང་ཕན་ལས་གནོད་ཆེ་ངེས་ཡིན་པས་ཐུགས་བསམ་བཞེས་དགོས་ངེས་བསམ། འོན་ཀྱང་ཁག་ཅིག་གིས་ཁོང་ཚོའི་རྒྱབ་ན་རྒྱ་ནག་གཞུང་ཡོད་མེད་བརྟག་དགོས་ཟེར་བ་དེ་ཧ་ཅང་ཐལ་དྲག་པའི་སྐྱོན་ཡོད་ཤས་ཆེ། འོ་ན་༧གོང་ས་མཆོག་དང་བོད་གཞུང་གི་ལངས་ཕྱོགས་དང་ལྟ་བ་མི་མཐུན་པའི་མི་ཚང་མ་རྒྱའི་གསང་ཉུལ་དུ་རྩིས་ན་གང་འདྲ་འདུག །
    ཝང་ལིས་ཀྱིས་རྒྱའི་ཁེ་ཕན་བཤད་དང་བཤད་ཞོར་དུ་བོད་ཀྱི་ཁེ་ཕན་ཡང་བཤད་ཀྱིན་འདུག ། ཁོང་རང་རྒྱའི་མི་རིགས་ཤིག་ཡིན་པས་སོ་སོའི་མི་རིགས་ཀྱི་ལྟ་བ་དང་ལངས་ཕྱོགས་དེ་ཙམ་ལོས་ཡོད།
    དེང་སྐབས་ང་ཚོས་བོད་རྒྱ་གཉིས་ཕན་གྱི་གྲུབ་པའི་དབུ་མའི་ལམ་དེ་ཅི་ལྟར་གསལ་བཤད་བྱེད །
    སྐུ་ཞབས་ཝང་གི་དམིགས་ཡུལ་གཙོ་བོ་དེ་༧་གོང་ས་མཆོག་སྐུ་བཞུགས་པའི་དུས་སྐབས་འདིར་བོད་རྒྱ་གཉིས་རྙོག་འཛིང་སེལ་ཐབས་དེ་ཡིན་པ་འདྲ་འདུག།

    Reply
  13. ཨ་ལལ says:
    ལོ་ 16 སྔོན།

    གནས་ཚང་ཁོ་ལ་དངོས་ནས་གནས་ཚང་གི་ཚ་བ་འཕྲོད་ཀྱི་མེད་པ་འདྲ།ཁོས་བཤད་པ་ཚང་མ་ཚ་འཁྲུལ་ལ་སོང་བའི་སྐད་ཆ་རེད།མྱུར་སྐྱོབ་སྨན་ཁང་འདྲ་ཡོད་ན་ད་བསྐྱེལ་རན་འདུག་དཱ།

    Reply
  14. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ངས་དགག་པ་རྒྱབ་པ་ལྟ་བུ་གང་ཡང་མིན། གནས་ཚུལ་གསལ་པོ་བཟོ་དགོས་པ་གཅིག་གཉིས་ཤིག་འདུག་དྲན།
    ༡། རྒྱ་ནག་གཞུང་ལ་བོད་གཞུང་གིས་གནང་བའི་བསམ་འཆར་དེ་རྒྱ་ནག་གཞུང་གིས་ཡོངས་སུ་རྡོག་རོལ་བཏང་བར་མ་ཟད། དེང་སྐབས་དེ་ལ་སྒོ་ཀུན་ནས་དགག་ལན་མི་ཐེབས་བཞིན་དུ་འདེབས་བཞིན་པ་འདི་ཁོ་ན་ལ་བསམས་ནའང། ཡིག་ཆ་འདི་གོ་སྒྲིག་གིས་རྒྱ་ནག་གཞུང་གི་ཅོག་ཙེའི་སྒང་ལ་འཇོག་མཁན་དེ་བོད་ཀྱི་རྩ་དོན་རྩོད་མཁན་ཞིག་ལས་རྒྱ་ནག་གི་སོ་པ་མིན་པ་ལོང་བས་བལྟས་ཀྱང་རྒྱལ་ཁམས་ཟེར་བ་དེ་རེད་སྙམ།

    ༢། མཁས་དབང་ཟླ་བ་ནོར་བུར་སྤྱི་ཚོགས་ནང་ནས་དཀའ་ངལ་སྤྲོད་སྐབས། བོད་ཀྱི་དབུ་ཁྲིད་༸གོང་ས་མཆོག་གིས་ཆེད་དུ་ཟླ་བ་ནོར་བུར་དག་འབུད་ཀྱི་བཀའ་སློབ་ལན་གཅིག་མ་ཡིན་པ་གནང་ཡོད་ལ། ཁོང་སྐུ་གཤེགས་སྐབས་བོད་གཞུང་གི་བཀའ་སྤྱི་གཉིས་ཀས་ཐུགས་གསོའི་ཕྱག་བྲིས་གནང་འདུག ཡིད་མ་ཆེས་ན། དྲ་ཐག་འདི་ལ་གཟིགས།
    http://www.tibet.net/en/index.php?id=1172&articletype=flashold&rmenuid=morenews
    ༸གོང་ས་མཆོག་གིས་དམིགས་བསལ་ཆེ་མཐོང་གི་ཟླ་བ་ནོར་བུར་བཀའ་བསྡུར་དྲི་བརྩད་གནང་བ་ཁག་དང་། བོད་གཞུང་ཕྱི་དྲིལ་སོགས་ཀྱིས་ཟླ་བ་ནོར་བུ་གདན་འདྲེན་ཞུས་ཏེ་གལ་ཆེའི་གནད་དོན་ཁག་མང་པོར་སློབ་སྟོན་ཞུས་པ་རྣམས་ང་ལྟ་བུས་གླེང་མ་དགོས།
    ངས་འདི་ཚོ་ཤེས་རྟོགས་ཡོད་པའི་ཆ་ནས་བཤད་དགོས་པའི་འགན་ཡོད་པ་མཐོང་ཞིང་། མཐོང་བ་ལྟར་བཤད་པ་ལས་སུ་གཅིག་ལ་དགག་པ་རྒྱག་གི་མེད།

    Reply
  15. ཨ་ལལ says:
    ལོ་ 16 སྔོན།

    གྲོགས་པོ་དུག་ལགས།ཁྱེད་ཀྱི་ཁ་སྤོབ་དང་ངར་ཤུགས་དེ་ལ་ང་ཧ་ཅང་དགའ།འོན་ཀྱང་ང་འདྲ་བ་མང་་པོ་ཞིག་ལ་རེ་བ་ཆེ་བ་ནི་ཀུན་ཐར་ཞེས་པ་དེ་རྒྱ་ཇི་ལྟར་ཡིན་པ་དང་།་དེས་སྐུ་སྒེར་ནས་རྐུ་གཡར་བྱས་པའི་ཡིག་ཆ་ཅི་ཞིག་བོང་ཞོན་ལ་བྱིན་པ་ཡིན་ནམ།ང་ཚོ་ཁྱེད་ཀྱི་གསུང་ལན་བྲོ་བ་བ་ཅན་དེ་ལ་རེ་སྒུག་ནས་བསྡད་ཡོད།

    Reply
  16. ཨ་ལལ says:
    ལོ་ 16 སྔོན།

    གྲོགས་པོ་དུག་ཚེར་ལགས།ཁྱེད་ཀྱི་དུག་ཚེར་དེས་ག་ས་ག་ལ་མ་གཙག་གནོངས།ལ་ལ་ཚ་ཡང་ལ་ལས་ཁྱེད་ཀྱི་ཚེར་མའི་སྣེ་མོ་གཅོག་སྲིད།

    Reply
  17. ཨ་ལལ says:
    ལོ་ 16 སྔོན།

    གྲོགས་པོ་དུག་ཚེར་ལགས།ཁྱེད་ཀྱི་དུག་ཚེར་དེས་ག་ས་ག་ལ་མ་གཙག་གནོངས།ལ་ལ་ཚ་ཡང་ལ་ལས་ཁྱེད་ཀྱི་ཚེར་མའི་སྣེ་མོ་གཅོག་སྲིད།

    Reply
  18. གནས་ཚང་། says:
    ལོ་ 16 སྔོན།

    ཨ་ལེ་རྩོམ་པ་པོ་མཐུན་ཚོགས་ཞེས་པ་འདིའི་ནང་དུ་རྩོམ་འབྲི་ཤེས་མཁན་ཚོགས་མི་ག་ཚད་ཅིག་ཡོད་དམ། གལ་སྲིད་ཤེས་མཁན་མེད་ན། ད་ག་རེ་གནང་དགོས་ཀྱི་འདུག་གམ། འདི་བརྗོད་གཞི་གལ་ཆེན་ཞིག་རེད། ནད་བཅོས་བྱེད་པར་རྩ་བ་བསྔོག་དགོས་ནི་བོད་རང་གི་སྲོལ་རྒྱུན་ཡིན།

    Reply
  19. ཨ་ལལ says:
    ལོ་ 16 སྔོན།

    གྲོགས་པོ་དུག་ཚེར་ལགས།ཁྱེད་ཀྱི་དུར་ཚེར་དེ་ག་ས་ག་ལ་མ་གཙག་གནོངས།ལ་ལ་ཚ་ཡང་ལ་ལ་མི་ཚ་བར་མ་ཟད་ད་དུང་ཚུར་དུག་གི་ཚེར་མའི་སྣེ་མོ་ཐམས་ཅད་གཅོག་སྲིད།

    Reply
  20. གནས་ཚང་། says:
    ལོ་ 16 སྔོན།

    དྲ་རྒྱ་དོ་དམ་པ་ལགས།

    མ་གཞི་ངས་བྲིས་པ་གཞི་ཡོད་ཤ་སྟག་ཡིན་ཞིང་། གོང་དུ་ངས་ལྷན་རྒྱས་ཕུལ་བའི་དྲི་བ་དེ་དག་གཞི་ཡོད་དྲི་བ་རང་ཡིན་པས། དྲིས་ལན་གནང་རྒྱུ་རང་ཚོའི་ལས་འགན་ཅིས་མིན་ནམ། སྒུག་ནས་སྡོད་ཀྱི་ཡིན་དཱ།

    Reply
  21. ཨ་ལལ says:
    ལོ་ 16 སྔོན།

    གྲོགས་པོ་ཟུར་མཁར་ལགས།ཁྱེད་ཀྱང་བློ་དཀྱེལ་ཡངས་པའི་སྐྱེ་བུ་ཞིག་ཡིན་པར་མངོན།ངས་རིགས་རུས་ཅི་ཞིག་ཡིན་མིན་ལ་ཆ་མི་འཇོག་གཞན་གྱིས་ཤེས་པར་བསམ་པའི་བློ་ཚབས་ཀྱང་ང་ལ་མེད།ངའི་གཤིས་ཀ་ངོ་མ་དེ་སྐོར་ལོག་ཅིག་ཡིན།

    Reply
  22. ཟུར་མཁར་ says:
    ལོ་ 16 སྔོན།

    བསམ་ཚུལ་གོང་མ་དེ་རུས་འཇམ་ཅན་ཞིག་གིས་བྲིས་པ་ཡིན་པ་འདྲ། བསམ་ཚུལ་གང་འཚམ་ཡག་པོ་འདུག མུ་མཐུད་ཀློག་བཞིན་ཡོད།

    Reply
  23. དྲ་རྒྱའི་དོ་དམ་པ། says:
    ལོ་ 16 སྔོན།

    གནས་ཚང་ལགས། དྲ་བདག་གིས་བསུབས་ཟིན་པའི་ཉིད་ཀྱི་བསམ་ཚུལ་དེ་དག་ནི་ཚད་ལས་བརྒལ་འདུག གཞི་མེད་ཀྱི་སྐྱོན་བརྗོད་རེད། སྤྱི་ཚོགས་ཀྱི་བདེ་འཇགས་དང་མི་རིགས་ཀྱི་མཐུན་སྒྲིལ། རྒྱལ་ཁབ་ཀྱི་རྩ་དོན་ཕྱོགས་གང་ཅིའི་ཐད་ནས་གནོད་གཞིའི་རིགས་ཡིན་སྟབས་བསུབས་པ་ཡིན། རྗེས་ཕྱོགས་གང་གཟབ་གཟབ་ཅིག་གནང་བའི་རེ་སྐུལ་ཞུ་བཞིན་ཡོད།

    Reply
  24. གནས་ཚང་། says:
    ལོ་ 16 སྔོན།

    སྐུ་ངོ་རྩོམ་སྒྲིག་པ་ལགས།

    གནས་ཚང་དང་ཐོག་ཁྱོད་ཀྱི་ཟིན་བྲིས་སུ་ཆོག་མཆན་ཞུ་རུ་ཡོང་ཡོད་ལ། ཉིད་ནས་ཀྱང་དགའ་བསུ་ཞུས་ཡོད། དེ་རེས༼སུ་གནས་ཚང་ཞུ་བ་ཞིག་གིས་མི་རན་པའི་མཆན་གཉིས་གསུམ་ཞིག་བཏབས་པ་ནི་དྲ་རྒྱའི་དོ་དམ་པའི་ངོས་ནས་བསུབས་ཚར། དེ་འདྲའི་རིགས་རྗེས་མའང་འགོད་མི་ཆོག་ལ། འགོད་དུའང་མི་འཇུག་ཅེས་པ་འདི་ཡིན། ༽འདི་ནི་ཅིའི་ཕྱིར༼སྐད་ཆ་ཟེར་བ་དེ་བཤད་སྟངས་དང་ཉན་སྟངས་ཀྱི་དབང་གིས་དོན་ངོ་མའི་གོ་བ་འགྱུར་འགྲོ་བ་དེ་འདྲ་ཡོད་པ་རེད། ༽མིན་ནམ། འདི་གཅིག་ཡིན།

    གཞན་དེ་དྲང་མོར་བཤད་ན། ༼བློ་མཐུན་གྱི་ཆོ་ལོ༽ཞེས་འབྲི་མ་ཆོག་པ་ཞིག་འདུག་གམ། སུ་ཞིག་ཆོ་ལོ་འདིའི་དབང་དུ་གྱུར་བཞིན་ཡོད་དམ། དེ་མིན་ན་མཁས་དབང་ཟླ་བ་ནོར་བུ་ལྟ་བུ་བོད་རང་གི་མཁས་པ་སྐུ་གཤེགས་སྐབས། མཐོ་རིམ་དབུ་ཁྲིད་སུ་ཞིག་གིས་དང་ལེན་དང་དོ་འཁུར་གནང་སོང་ངམ། འདི་དཔེ་མཚོན་ཡིན་ལ་རང་ལས་གཞན་དགའི་ཐ་ཤལ་གྱི་སྤྱོད་པ་ཅིས་མིན་ནམ། འདི་ལས་ཨ་གསར་གྱིས་བསྐུལ་བའི་ཉེན་ཁ་ཞིག་མཐོང་མི་ཡོང་ངམ། འདི་ལྟ་བུའི་གཞན་ལས་རང་མི་མཐོང་བའི་དབུ་ཁྲིད་དག་ལ་སུ་ཞིག་མུ་མཐུད་ནས་ཡིད་ཆེས་བྱེད་ཐུབ་བམ། ཉུང་མཐར་འདི་དག་བོད་ཀྱི་མི་རབས་གསར་བར་ངོས་ལེན་མེད་པ་གསལ་བོ་མ་ཡིན་ནམ།

    Reply
  25. དུག་ཚེར། says:
    ལོ་ 16 སྔོན།

    ཡང་ཅིག་བཤད་ན་ལ་ལས་མི་ལྔས་ངོ་རྒོལ་བྱེད་པའི་རྒྱུ་མཚན་ཡང་ཧ་གོ་མེད་པ་འདྲ།དེ་ཙམ་ཞིག་རྐྱང་ཧ་མ་གོ་ན་བསམ་ཚུལ་ཇི་ལྟར་འབྲི་ཐུབ་བམ།

    Reply
  26. དུག་ཚེར། says:
    ལོ་ 16 སྔོན།

    རྒྱ་མི་དེ་རྒྱ་དམར་གཞུང་གི་ཆབ་སྲིད་སློབ་སྟོན་པ་ཡིན་མིན་གྱི་དགག་སྒྲུབ་བྱས་ན་བཟང་གི་མ་གཏོགས། ང་ཚོས་གཅིག་གི་གཅིག་ལ་མི་གཞི་དམའ་འབེབས་བྱས་ན་གྲུབ་འབྲས་ཧ་ཅང་ཆུང་གི།ངའི་་བསམ་ཚུལ་བྱས་ན་མི་དེ་རྒྱ་དམར་གྱི་ཆབ་སྲིད་སློབ་སྟོན་པ་ཞིག་རེད་
    འདོད་ཁི།ཁོས་བྲིས་པའི་རྩོམ་སྒྲུང་དང་དཔྱད་རྩོམ་དག་ལ་ལྟས་ན་ཧ་གོ་ནི་རེད།

    Reply
  27. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ལུང་རིགས་ལགས་ཀྱིས་སྐད་ཆ་ཟེར་བ་དེར་བཤད་སྟངས་དང་ཉན་སྟངས་ཀྱི་དབང་གིས་དོན་ངོ་མའི་གོ་བ་འགྱུར་འགྲོ་བ་དེ་འདྲ་ཡོད་པ་རེད་ལབ་ཡིན་ཙང་།
    ལུང་རིགས་ལགས་ཀྱི་སྐད་ཆ་ངོ་མ་དེ་འདིར་བཀོད་ཡོད། (འདི་ལྟའི་བརྒྱུད་ལམ་ཞིག་བསྐྲུན་རྗེས་སླར་ཡང་དྲ་ཐོག་གི་མི་ཕྱིར་འབུད་བྱེད་པ་ནི་རང་ཉིད་ལ་མཚོན་ན་ནག་ཉེས་ཤིག་གམ། ཅི་ཞིག་བསད་པའི་ལག་དམར་གྱི་ཉེས་པ་ལྟ་བུ་ཞིག་ཚོར་ཡོང་གི་འདུག )
    གཞན། དྲ་གྲོགས་རྭ་རྒྱ་བློ་དབང་དང་ཁང་གསར་རྡོ་རྗེ་སོགས་ཀྱི་བསམ་ཚུལ་ཞུ་སྟངས་ལ་དགའ་བསུ་ཞུ།
    མུ་མཐུད་དུ། དཔྱད་ཞིབ་དང་ཞིབ་འཇུག་གི་བློ་སྔོན་དུ་་བཏང་ནས། འགན་ཁུར་རེ་བླངས་ནས་བསམ་ཚུལ་སྤེལ་རོགས།

    Reply
  28. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    ངས་ཀྱང་གཅིག་བཤད། དྲ་རྒྱ་ནི་སུས་ཀྱང་སྤྱོད་ཆོག་པ་ལོས་ཀྱང་ཡིན། འོན་ཀྱང་གུ་ཡངས་དང་རང་དབང་ཞེས་པ་དེ་ལ་མཚམས་ཚིགས་ཤིག་ཡོད་འོས་ལ། བསམ་འཆར་ཅི་བཤད་ཀྱང་མཇུག་འབྲས་ལ་ངེས་པར་བསམ་དགོས་པར་འདོད། ད་ལྟ་ང་ཚོས་རང་དབང་དང་སྒེར་ཚུགས་ཀྱི་ཆེད་དུ་༸གོང་ས་མཆོག་ལྟ་བུར་སྐྱོན་འཛུགས་བྱོས། རང་དབང་སྤྱོད། འོན་ཀྱང་དེས་མི་རིགས་འདི་ལ་ཅི་ཞིག་འབུལ་གྱི་ཡོད། ད་ལྟའི་ངེད་ཅག་གི་གནས་བབ་གང་འདྲ་ཡིན། ནུས་ཤུགས་ཅི་འདྲ་ཡིན། ཁ་གཏད་ཀྱི་སྟོབས་ཤུགས་གང་འདྲ་རེད། འདི་དག་ལ་ངེས་པར་དུ་གཟབ་དགོས་པར་འདོད། སྐད་ཆ་བཤད་ལུགས་དང་སྐད་ཆའི་མཇུག་འབྲས་ལ་དྲ་རྒྱ་དོ་དམ་པས་ངེས་པར་དུ་གཟབ་དགོས་པར་འདོད། ངས་བསམ་ན་རང་ཅག་ལ་ཁོག་རྒྱ་ཇི་ལྟར་ཆེ་ཡང་། མི་སྒེར་གྱི་རང་དབང་གང་ལྟར་དགའ་ཡང་། ད་ལྟའི་ཤེས་ཡོན་པ་ཚོ་ངེས་པར་དུ་བོད་གཞུང་དང་༸རྒྱལ་བ་རིན་པོ་ཆེའི་ཕྱོགས་སུ་ལངས་དགོས་པར་འདོད། གནས་སྟངས་གང་ལ་ཐུག་ཀྱང་གདམ་ང་མེད་པའི་སྒོ་ནས་དེ་ལྟར་བྱེད་དགོས་པར་འདོད། རེད་དམ།

    Reply
  29. Tenzin Norgyal says:
    ལོ་ 16 སྔོན།

    རྒྱ་རྒན་ལ་ངོ་རྒོད་བྱས་པ་དེ་ཧ་ལས་པ་མ་རེད། ཁོ་རང་ཁོག་རྒྱ་ཡངས་པའི་རྩོམ་པ་པོ་ཞིག་ཡིན་པས་དབང་དུ་བཏང་ན། བསམ་བློ་གཏོང་ཤེས་ཀྱིན་རེད། དེ་དོན་གལ་ཆེན་མ་རེད། དྲྭ་རྒྱའི་དོན་དམ་པས་གང་བསུབས་པ་དེ་དྲྭ་བདག་རང་གིས་དབང་ཚད་ཡིན་པས་བསུབ་ཆོག་པ་ཞིག་རེད། རྗེས་སུའང་དེ་འདྲའི་རིགས་དྲྭ་བདག་རང་ནས་ཐག་གཅོད་དགོས་པ་རེད། མང་གཙོ་ཟེར་བ་ལའང་ཚད་ཡོད་པ་དང༌། ང་ཚོའི་བོད་པ་ཁག་གིས་མཆན་འདེམས་སྟངས་དེ་མི་སུ་ཡིན་ཡང་བསུབ་སྲིད་པ་རེད། རྒྱལ་ཁབ་གང་ཡིན་ཡང་དེ་ལྟར་བྱེད་སྲིད་པ་རེད། དྲྭ་རྒྱ་ལ་འགན་དབང་དང་སྒྲིག་གཞི་ཡོད་རེད། བོད་པ་གླེན་པ་ཁག་ཅིག་གི་དེ་ཤེས་ཀྱིན་ཡོད་པ་མ་རེད། དྲྭ་བདག་ལགས་འདི་འདྲའི་གོ་སྐབས་ང་ཚོ་ལ་སྤྲད་པ་སྙིང་ནས་ཐུགས་རྗེ་ཆེ་ཞུ།

    Reply
  30. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    རིག་འབྱུང་དོན་བཀྲ་ལགས། ཉིད་ཀྱི་བསམ་ཚུལ་ལ་ཡི་རང་ཞུ་དགོས་ས་ཁག་ཅིག་འདུག འོན་ཀྱང་། སྐད་ཆ་ཟེར་བ་དེ་བཤད་སྟངས་དང་ཉན་སྟངས་ཀྱི་དབང་གིས་དོན་ངོ་མའི་གོ་བ་འགྱུར་འགྲོ་བ་དེ་འདྲ་ཡོད་པ་རེད། དཔེར་ན། ཉིད་ཀྱིས་ངའི་སྐད་ཆ་ཞིག་གོང་དུ་ལུང་དྲངས་པ་ལྟར་རེད། ལུང་དེ་ངའི་སྐད་ཆ་ངོ་མ་དེ་མ་རེད། དེ་ལ་ཁྱད་པར་ཞིག་འདུག་སྙམ། གཞན་པ་ཞིག་ནི། དྲ་རྒྱའི་སྟངས་འཛིན་གྱི་ཕྱོགས་ནས་རེད། གོང་གི་གནས་ཚུལ་འདིའི་རྗེས་སུ་གནས་ཚང་ཞུ་བ་ཞིག་གིས་མི་རན་པའི་མཆན་གཉིས་གསུམ་ཞིག་བཏབས་པ་ནི་དྲ་རྒྱའི་དོ་དམ་པའི་ངོས་ནས་བསུབས་ཚར། དེ་འདྲའི་རིགས་རྗེས་མའང་འགོད་མི་ཆོག་ལ། འགོད་དུའང་མི་འཇུག་ཅེས་པ་འདི་ཡིན། གཞན། དེང་གི་དྲ་རྒྱའི་རིག་གནས་འདིའི་སྤྱོད་སྒོ་ཅི་འདྲ་ཞིག་ཡིན་པ་སྐུ་ཉིད་ནས་མཁྱེན་གསལ་ལྟར་རེད།

    Reply
  31. འབྲོག་ཁྱི། says:
    ལོ་ 16 སྔོན།

    གཅིག་བྱས་ན་ཁག་མི་འདུག་ཁོང་ནི་མངས་གཙོ་དངོས་སུ་ལོངས་སྤྱོད་མྱོང་ཡོད་མ་རིད་དེ་གཅིག་བྱས་ན་ཁོང་ནི་དམངས་གཙོའི་ལྟ་གྲུབ་ལ་མཁྱེན་དཔྱོད་ཡངས་པའི་ཤེསཡོན་ཅན་ཞིག་ཡིན་ཙམ་ཁོང་ལ་ངོ་རྒོལ་བྱེད་མཁན་གྱི་མི་རེ་གཉིས་ཤིག་ཡོང་བ་ལ་སེམས་ཕམ་སོང་ཟེར་ན་སེམས་པ་སྐྱོ་དགོས་པ་ཤིག་མ་རིད་དམ། གལ་སྟེ་ཁོང་ལ་རྒྱ་བོད་གཉིས་ཀྱི་རྙོག་འཛིང་འདི་ཞོད་འཇགས་སུ་གཏོང་མིན་ལ་
    སེམས་ཁུལ་ཅན་ཞིག་ཡིན་ན་སྐད་ཆ་འདི་ཆོ་ཁོ་རང་མི་འདུག།

    Reply
  32. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    རྨོངས་འཆར་ཐུང་ཐུང་ཞིག་བསྐྱར་དུ་བཤད་ན་བསམ་བྱུང་།
    དྲ་གྲོགས་ཚོ། ༧གོང་ས་མཆོག་ལ་ཁ་གཏོང་རྒྱུ་འདི་ང་ཚོའི་ལས་ཀ་ཞིག་མ་རེད་སྙམ། དེ་ནས་མི་སྒེར་ལ་ཉེས་འཛུགས་བྱེད་སྟངས་འདི་ཡང་བོད་ཡིག་འབྲི་མཁན་ཚོའི་བྱེད་སྟངས་ཤིགཨེ་ཡིན་བསམ། གནད་དོན་འདི་དག་གི་ཐད་ནས་དུས་བབ་གསར་ཁང་གིས་ཀྱང་ཐོབ་ཐང་དང་རང་དབང་ཟེར་བ་གཅིག་པོར་བརྩི་བཀུར་མ་ཡིན་པར་དོ་དམ་བྱེད་དགོས་བར་མཐོང་ལ་དོ་དམ་བྱེད་ཕྱོགས་ཐད་ནས་ཧ་ཅང་རྗེས་ལུས་ཐེབས་འདུག་སྙམ། འོན་ཀྱང་། ལུང་རིགས་རྒྱལ་གྱིས་གསུངས་བ་བཞིན་དྲ་འབུའི་བསམ་ཚུལ་ནག་བསུབ་གཏོང་བ་དེ་མི་བསད་པའི་ཚད་དུ་སླེབས་ཀྱི་ཡོད་ན་ངེད་རང་སྒེར་ངོས་ནས་བསམ་ཚུལ་ཁ་སྣོན་མེད། དུབ་བབ་གསར་ཁང་གི་ཐོག་མའི་དམིགས་ཡུལ་དང་སྐབས་བབ་ཀྱི་འགན་འཁྲི་སོགས་ལ་དུས་ནས་དུས་སུ་བསམ་བློ་བཏང་སྟེ་ལག་ལེན་ལ་འཁྱོལ་བ་ཞིག་ཡོང་རྒྱུ་འདི་ཡང་གལ་ཆེ་སྙམ། གཙོ་བོ་སོ་སོས་བལྟོས།
    དེ་ནས་། དེ་རིང་འདིར་དྲ་གྲོགས་འགའ་ལ་རེ་སྐུལ་ཆུང་ཆུང་ཞིག་ཞུ་འདོད་བྱུང་།
    དྲ་གྲོགས་ཤ་ཁྲག་རུས་གསུམ་དང་ཐུབ་བསྟན། ཟུར་མཁར། བློ་བཟང་མཁྱེན་བརྩེ། མེ་སྟག ནོར་བཅས་ཀྱིས་བོད་རྒྱའི་གནད་དོན་ཐད་ཞིབ་འཇུག་གི་རྩོམ་ཐུང་ཞིག་འབྲི་རོགས་གནང་། ཞིབ་འཇུག་གི་རྩོམ་ཐུང་དེ་དྲ་ངོས་སུ་འཇོག་རོགས་གནང་། དེ་ནས་ང་ཚོས་ལྷོད་ལྷོད་བྱས་ནས་བགྲོ་གླེང་བྱེད། འདི་ངེད་རང་སྒེར་གྱི་རེ་བ་དང་སྐུལ་མ་ཡིན། ཞིབ་འཇུག་གི་རྩོམ་ཐུང་དེ་ཡག་པོ་ཞིག་མ་ཆགས་རུང་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ཁྲོད་གནད་དོན་ཇི་སྙེད་ཅིག་ལ་ངེས་རྟོགས་རྙེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དེ་ཙམ་ཞུ།

    Reply
  33. གནས་ཚང་། says:
    ལོ་ 16 སྔོན།

    གལ་སྲིད་འདིར་དངོས་སུ་སོ་བ་ཞིག་བརྩད་གཅོད་དགོས་ཀྱི་ཡོད་ན། ཐོག་མར་རྒྱ་གཞུང་ལ་མང་གཙོ་དང་བཅས་པ་དོར་ནས་མགོ་འབུལ་སྲོག་བྱས་པའི་ཡིག་ཆ་དེ་སོ་བའི་བྱེད་བབ་རེད་ལ། བྱེད་བབ་དེའང་དང་ལེན་མ་བྱེད་མ་འདོད་པར་བརྟེན་ནས་བྱེད་ཐབས་གཞན་ཞིག་བཀོལ་བཞིན་པའི་སྐབས་འདིར། སུ་ཞིག་བློ་མཐུན་གྱི་ཆོ་ལོར་རེ་ནས་བོད་འཚོང་གིན་ཡོད་དམ། སུ་ཞིག་གིས་དོགས་གཞི་ཡོད་པའི་རྒྱ་མི་ཞིག་གི་ཆེད་དུ་སྲོག་འཇོག་གིན་ཡོད་དམ།

    Reply
  34. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    གོང་གི་མཆན་ཁ་ཤས་བཀླགས་རྗེས་མགོ་རུལ་རྣ་བས་མ་ཚོར་བའི་ཁུལ་བྱས་ན་འགྲིག་ས་མ་རེད་དྲན་བྱུང་།
    ༸རྒྱལ་བ་རིན་པོ་ཆེའི་མཛད་པར་ལོག་མཐོང་དང་ངོ་རྒོལ་བྱེད་སྟངས་འདི་ཡག་པོ་མ་རེད། རྒྱུ་མཚན་རྣམ་དག་ཀྱང་མི་འདུག ཅོལ་ཆུང་གི་རྒྱུ་མཚན་འདི་ཙམ་ཞིག་གཞི་ལ་བཞག་སྟེ་བོད་ཀྱི་དབུ་ཁྲིད་ལ་ཁ་ལོག་ཚིག་ལོག་ཤོད་པའི་སྙིང་ཁམས་དེ་ཡོད་ན། མི་དེ་ཚོའི་སྦུག་རྩ་དང་བློ་རྒྱ་གང་འདྲ་ཞིག་ཡིན་མིན་ཟུར་བལྟས་ལེབ་མཐོང་རེད།
    ངས་འདིར་རྒྱུ་མཚན་ཁ་ཤས་བཤད་འདོད་བྱུང་།
    ༡། རྒྱ་གཞུང་གིས་བོད་མི་མང་པོ་བསད་པ་དངོས་ཡོད་རེད། དེ་ལ་བོད་གཞུང་གིས་ངོ་རྒོལ་བྱས་པ་རེད་ལ་བོད་མི་མང་གིས་ཀྱང་ངོ་རྒོལ་བྱས་པ་རེད། རྒྱལ་བ་རིན་པོ་ཆེས་ནི་དེའི་ཐད་གོ་སྐབས་ནམ་བྱུང་ལ་གསར་ལམ་ཁག་ཏུ་ཐུགས་འཚབ་ཡོད་པའི་གསུང་བཤད་གནང་དང་གནང་བཞིན་པ་རེད། གཞུང་མང་གཉིས་ཀས་འགན་ཡོད་ཧུའུ་ཅིང་ཐའོ་སོགས་ཕྱི་རྒྱལ་ཁག་ལ་ཡོང་སྐབས་ངོ་རྒོལ་བྱེད་བཞིན་པ་རེད། ཡིན་ན་ཡང་། བོད་མི་བསད་པའི་འགན་དེ་རྒྱ་རིགས་མི་མང་ཡོངས་རྫོགས་ཀྱི་མགོ་ལ་གཡོག་མི་འོས་པ་རེད་ལ། ཝང་ལི་ཞུང་གི་མགོ་ལ་དེ་བས་ཀྱང་གཡོག་མི་འོས་པ་རེད། གཡོགས་བསམས་ནའང་གཡོག་མི་ཐུབ་པ་ཞིག་རེད།
    ༢། རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གཉིས་སྐབས་འདིར་མགྲོན་བདག་དང་ཝང་ལི་ཞུང་མགྲོན་པོ་རེད། མགྲོན་པོར་བརྡབ་གསིག་བྱུང་དུས་མགྲོན་བདག་ལ་འགན་ཡོད་པ་དེ་རང་བཞིན་གྱི་གནས་སྟངས་ཤིག་རེད། དེར་བརྟེན་རྒྱལ་བ་རིན་པོ་ཆེ་མཆོག་དང་བཀའ་ཤག་གིས་ཝང་ལ་ཐུགས་གསོ་གནང་བ་ནི་སྤྱིར་བཏང་གི་མི་ཆོས་དང་མི་རིགས་ཀྱི་མཛའ་འབྲེལ་སོགས་ཕྱོགས་གང་ཐད་ནས་ཡོངས་སུ་ཡང་དག་པ་ཞིག་རེད།
    ༣། བོད་ནང་བོད་མི་མང་པོ་འཆི་འདས་བྱུང་སྐབས་༸གོང་ས་མཆོག་གིས་དམིགས་བསལ་ཐུགས་སྨོན་ལན་གཅིག་མ་ཡིན་པ་གནང་ཡོད་ལ། བོད་གཞུང་གིས་ཀྱང་ལོ་ལྟར་བོད་ནང་འདས་གྲོངས་སོང་བ་ཚོའི་ཆེད་དུ་སྨོན་ལམ་འཚོགས་བཞིན་པ་རེད། ལྷ་རྒྱལ་རིར་དཔའ་བོ་ཚོའི་ཆེད་དུ་མཆོད་རྟེན་ཡང་བཞེངས་ཡོད་པ་རེད། ༸གོང་ས་མཆོག་གིས་མཛད་པའི་བདེན་ཚིག་སྨོན་ལམ་གྱི་ནང་དུ་ཡང་།
    བསྟན་དང་དེ་འཛིན་བསྟན་སྲིད་རང་རིགས་སླད།།
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
    དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།། ཅེས་ཐུགས་སྨོན་དམིགས་བསལ་གྱིས་གནང་ཡོད། བོད་ནང་འདས་གྲོངས་སོང་བའི་ནང་མི་རེ་རེ་བཞིན་ལ་ཐུགས་གསོ་གནང་ཐབས་མེད་ལ་གནང་ན་ནང་མི་ཚོར་ཕན་ལས་གནོད་ཆེ་བའང་ཆགས་སྲིད། འོན་ཀྱང་རྒྱ་གར་ནང་སླེབས་པའི་སྲིད་བཙོན་ཟུར་པ་ཚོར་བོད་གཞུང་གིས་འཚོ་སྣོན་དང་སྨན་དོད་སོགས་གནང་སྟེ་དམིགས་བསལ་གཟིགས་སྐྱོང་གནང་གི་ཡོད་པ་དེ་ཚོ་མཁྱེན་དགོས།
    ༤། བོད་རྒྱ་གཉིས་ཁྱིམ་མཚེས་རེད། དེ་ནི་འདོད་རུང་མ་འདོད་རུང་འགྱུར་བ་གཏོང་ཐབས་གཏན་ནས་མེད་པའི་དོན་དངོས་ཤིག་རེད། ཁྱིམ་མཚེས་མི་རིགས་གཉིས་ཀྱི་མཛའ་འབྲེལ་ཡུན་གནས་ཡོང་དགོས་པ་དེ་བོད་རྒྱ་མི་རིགས་གཉིས་ཀའི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད། ལྷག་པར་དུ་དེང་སྐབས་རྒྱ་ནག་དམར་གཞུང་གིས་ཆེད་མངགས་མི་རིགས་དབར་འགལ་ཟླ་བཟོ་བ་དང་མི་རིགས་དབར་གོ་ལོག་གི་གནས་ཚུལ་སྤེལ་ཐབས་བྱེད་བཞིན་པའི་སྐབས་སུ། བོད་མི་ཚོས་རྒྱ་རིགས་རེ་རེ་བཞིན་ལ་ངོ་གཏུགས་ཏེ་བོད་ཀྱི་གནད་དོན་གྱི་གནད་ལུགས་ངོ་མ་ངོ་སྤྲོད་བྱེད་མ་ཐུབ་རུང་། ཡུན་རིང་བོད་དོན་གྱི་ཐད་དུ་ཚད་ངེས་ཅན་ཞིག་གི་ཐོག་ནས་དྲང་པོ་དྲང་བཞག་གི་སྐད་ཆ་བཤད་མཁན་དང་། ཕན་ཡོད་ཀྱི་རྩོམ་ཡིག་སྤེལ་མཁན། མི་རིགས་གཉིས་ཙམ་མ་ཟད། རྒྱལ་སྤྱིའི་གྲགས་ཅན་དུས་དེབ་ཁག་གིས་ཀྱང་ཆེ་མཐོང་ཆེན་པོ་ཞུ་ཡུལ་རྩོམ་པ་པོ་དང་ཉམས་ཞིབ་པ་ཝང་ལི་ཞུང་ཚུར་བཙན་བྱོལ་སྤྱི་ཚོགས་སུ་ཡོང་སྐབས། གོ་སྐབས་དམ་འཛིན་གྱིས་བོད་ཀྱི་གནད་དོན་བགྲོ་གླེང་དང་། བསམ་ཚུལ་བརྗེ་རེས་ངེས་པར་དུ་བྱེད་དགོས་པ་ཞིག་རེད་མ་གཏོགས། དོགས་འཆར་ཙམ་རྒྱུ་མཚན་དུ་བྱས་ཏེ་མདའ་དཀྲུག་ཕུ་དཀྲུག་བྱེད་མི་འོས་པ་རེད།
    སྐད་ཆའི་སྙིང་པོ། རྒྱ་རིགས་དཔྱོད་ལྡན་ཞིག་འདིར་ཡོང་བ་རྒྱུ་མཚན་དུ་བྱས་ཏེ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དང་བོད་གཞུང་བཀའ་ཤག་སོགས་ལ་གཞི་མེད་ཀྱི་སྐྱོན་བརྗོད་དང་། ལྟར་སྣང་གི་རྒྱུ་མཚན་ཁ་ཤས་བགྲང་སྟེ་ཁ་ངན་ཚིག་ངན་སྨྲ་བ་འདི་ཡག་པོ་མ་རེད་ཅེས་བརྗོད་འདོད་པ་ཡིན།

    Reply
  35. བཀྲ་ཤིས། says:
    ལོ་ 16 སྔོན།

    ད་དོན་དག་འདི་བཤད་དཀའ་བ་ཞིག་རེད་ཡ། ཝང་ལི་ཞུང་རྒྱ་ནག་གཞུང་གི་སོ་པ་རེད་ཅེས་ངོ་རྒོལ་བྱེད་མཁན་ཁོངས་སུའང་རྒྱ་ནག་གཞུང་གི་སོ་པ་དངོས་གནས་ཡོད་སྲིད་པ་རེད། དེ་ཚོས་རྒྱལ་ཞེན་པའི་དར་ཆ་འཕྱར་ནས་བོད་རྒྱ་མི་རིགས་གཉིས་དབར་འགལ་ཟླ་བཟོ་སྲིད་པ་རེད། དེར་བརྟེན་ངས་བལྟས་ན། གཟབ་དགོས་ས་དེ་རྒྱ་མི་ཝང་མ་རེད། བོད་པའི་རྒྱལ་ཞེན་པའི་དར་ཆ་འཁྱེར་མཁན་དེ་ཚོ་རེད།

    Reply
  36. མེ་ས྄ྟག says:
    ལོ་ 16 སྔོན།

    རི་བོང་ཆུང་ཆུང་ཞིག་གིས་མེ་ས྄ྟག་ལ་(ཁྱི་ཁ་ཚུམས་ཟེར་གི་འདུག)ངས་བསམ་ན་ཁྱོད་ཀྱི་ཁྱི་ཁ་དེ་བཙུམས་ན་འགྲིག་གི་ དེ་མིན་ངས་ཁྱོད་རང་བས྄ྲེག་པར་བྱ་ངེས། ངས་ཤེས་པ་ཁྱོད་ཀྱི་མི་ཤེས་པ་དང༌། ཁྱོད་ཀྱིས་འཇོན་པ་ངས་བྱེད་མི་ཐུབ་པ་ཡོད་ནི་རེད། དེ་བས་ར྄ྗེས་ཕྱོགས་བ྄ླུན་པོའི་དུང་ཞེན་གྱི་ལས་མ་བྱེད་རོགས།

    Reply
  37. འཇིག་ལྟ། says:
    ལོ་ 16 སྔོན།

    ངོ་རྒོལ་བྱ་མཁན་མི་ལྔ་པོ་དེ་སུ་རེད། ཁོང་ཚོའི་རྒྱབ་ལྗོངས་ལ་རྒྱ་དམར་གཞུང་དེ་ཨ་འདུག་ཞིབ་འཇུག་གནན་པོ་བྱ་དགོས། དེ་མིན་དེ་ཚོས་གནས་ཚུལ་ག་རེའི་ཐད་ངོ་རྒོལ་བྱས་པ་རེད།

    རྒྱ་མིས་བོད་ལ་སྡུག་པོ་བཏང་བ་དེ་ལ་ཡིན་ན། ངོ་རྒོལ་བྱ་ས་ནོར་བ་རེད། རྒྱ་མི་ཡིན་ཚད་ལོག་ལ་ངོ་རྒོལ་བྱས་ན། བྱས་ཚོད་ཡོ་མ་རེད་ལ། ཝང་ཁོ་ལ་བྱེད་དགོས་དོན་ཡང་ཡོད་མ་རེད།

    གཉིས་ནས་བོད་རྒྱའི་གནས་དོན་དེ་ཙི་ཙི་དང་ཞི་མིའི་གནས་དོན་ལྟ་བུ་རིགས་ཀྱི་འཐབ་འཛིང་མིན་པར་། རང་དབང་གྱི་འཐབ་རྩོད་ཡིན་པ་ཤེས་དགོས་ཀྱི་འདུག།

    ཡང་ན་མི་ལྔ་པོ་དེ་དག་ལ་བསམ་བློ་ལྷག་པོ་འདྲ་གཏོང་ཡག་ཡོད་ན་དགོངས་དག་ཞུ་གི་ཡིན།

    Reply
  38. དྲ་རྒྱའི་དོ་དམ་པ། says:
    ལོ་ 16 སྔོན།

    གནས་ཚང་ལགས། དགོངས་པ་མ་འཚོམ། དམངས་གཙོ་དང་རང་དབང་ནི་ལྟོས་མེད་ཅིག་ག་ལ་ཡིན། སྐུ་ཉིད་ལ་དགོངས་འཆར་ཡོད་ན་བཤད་ཆོག་གི་རེད། འོན་ཀྱང་། བོད་མིའི་ཆོས་སྲིད་ཀྱི་དབུ་ཁྲིད་རྣམ་པར་གཞི་མེད་ཀྱི་སྐྱོན་བརྗོད་དང་། མཚན་སྨད་བཏང་ན་འགྲིག་གི་མ་རེད། དྲ་རྒྱ་འདིའི་སྲིད་བྱུས་ལའང་འགལ་གྱིན་ཡོད་པ་རེད། དེ་བས། རྗེས་ཕྱོགས་དགོངས་འཆར་གསུང་དུས་འགན་ཡོད་པའི་ཐོག་ནས་སྤེལ་རོགས། སྐུ་མཁྱེན། ཐུགས་གཟབ་གནང་རོགས།

    Reply
  39. གནས་ཚང་། says:
    ལོ་ 16 སྔོན།

    རྒྱ་གཅིག་གིས་འདི་ལྟར་དཀྲུགས་སོང་།
    རྒྱ་དུང་ཕྱུར་བཅུ་བཞིར་ཅི་བྱེད།

    Reply
  40. རི་བོང། says:
    ལོ་ 16 སྔོན།

    ༸གོང་ས་མཆོག་དང་ཟམ་གདོང་བླ་མས་སེམས་གསོ་གནང་བ་ཤིན་ཏུ་བཟང་གི འདི་ནི་དུས་ཐོག་གི་ཆར་བ་ཞིག་དང་མཚུངས། འུ་ཚང་གིས་ཀྱང་དགྲ་གཉེན་གྱི་ཁྱད་པར་འབྱེད་ཤེས་ན་ཡག་གི་རེད། དྲིན་ཆེན་ལ་དྲིན་ལོག་མ་བྱས་ན་བཟང་གི་རེད།

    Reply
  41. རི་བོང། says:
    ལོ་ 16 སྔོན།

    མེ་ས་ྟགཁྱི་ཁ་ཚུམས་སྐྱག་ཕྲུག ༸གོང་ས་མཆོག་དང་ཟམ་གདོང་བླ་མའི་ལྷག་ཅིག་ཁྱོད་ཀྱིས་མི་ཤེས། ཁོང་གཉིས་ཀྱི་གསུང་དེ་ལ་ངས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། བྱེད་ཐུབ་ན་ང་ཚོར་ངོ་རྒོལ་བྱེད་ས་མང་གི་རེད་ཁོ་ལ་ངོ་རྒོལ་བྱས་པ་དེ་ངོ་མ་དྲིན་ལན་ལོག་མཇལ་རང་རེད། བོད་རིགས་བསམ་ཡོད་མང་པོ་ཞིག་ལ་དེ་ལྟར་བློ་ཕམ་བྱུང་ཡོད་པ་རེད།

    Reply
  42. ནོར། says:
    ལོ་ 16 སྔོན།

    ཡང་གཅིག་བཤད་ན། སྐུ་སྒེར་དང་བཀའ་ཤག་ནས་ད་བར་ཏུ་རྒྱ་དམར་གཞུང་གིས་དམར་གསོད་བྱས་པའི་ང་ཚོའི་སྤུན་ཟླ་དཔའ་བོ་དཔའ་མོ་ཚོའི་ནང་མི་ཅི་ཙམ་ལ་ཡོང་ཁྱབ་ཐུགས་གསོ་གནང་མྱོང་།

    ད་དུང་ཅུང་ཡ་མཚན་པ་ཞིག་ལ་། བོད་ཕྱི་སྡོད་རྩོམ་པ་པོ་དེ་དག་གིས་ཞི་བའི་སྒོ་ནས་ངོ་རྒོལ་གནང་དགོས་བའི་དོན་ཚན་ཁག་ཅིག་ཀློག་འདོན་བྱས་བ་ལ་། མི་ཁ་ཤས་ཀྱིས་ངོ་རྒོལ་བྱེད་སྟངས་ཀྱི་རྣམ་འགྱུར་དེ་ཏོག་ཙམ་ཐལ་དྲགས་སོང་ཟེར། སྐབས་དེར་ཀུན་ཐར་ཟེར་བས་ངོ་རྒོལ་གྱི་རྣམ་འགྱུར་དེ་བླུན་རྟགས་རེད་ཟེར། ཁོང་གི་བཤད་སྲོལ་ལ་བལྟས་ན། དམངས་གཙོ་ཟེར་བ་དེ་ཕལ་ཆེར་བླུན་རྒན་ཞིག་ཡིན་རྒྱུ་རེད།

    Reply
  43. མེ་ས྄ྟག says:
    ལོ་ 16 སྔོན།

    ར྄ྒྱ་ར྄ྒན་གཅིག་བ྄ློ་ཕམ་བྱུང་བར་༸གོང་ས་མཆོག་དང་ཟམ་གདོང་བ྄ླ་མ་གཉིས་ཀྱིས་གཙོས་བོད་མི་འགའ་རེས་བཟོད་ཞུས་དང་ཞུ་བཞིན་འདུག་ བོད་མི་ས་ཡ་དྲུག་ལ་བ྄ློ་ཕམ་མ་ཟད། ཡིད་ས྄ྐྱོ་བ། ཨ་ཆད་ཨུ་ཐུགས་ཏེ་རང་སྲོག་དོར་དང་འདོར་བཞིན་པར་སུ་ཞིག་གིས་བ྄ློ་ཕམ་དང་ས྄ྙིང་ར྄ྗེ་བྱེད། ས྄ྐད་ཆ་འདི་འདྲ་གོ་ཡོང་དུས། བོད་མི་རིགས་ཟེར་བ་ནི་དེང་ས྄ྐབས། ས་དང་ར྄ྡོ་ཡིས་ཀྱང་དོར་འདུག་ས྄ྙམ་པའི་ཚོར་བ་ས྄ྐྱེས་ཡོང་གི་ ༸གོང་ས་མཆོག་དང་ཟམ་གདོང་གིས་ཡང་བས྄ྐྱར་བོད་མི་རིགས་ལ་སེམས་གསོ་དང་བོད་ཀྱི་དངོས་ས྄ྐོར་ལ་གསལ་བཤད་ཅིག་གནང་རོགས་ཞུ། ར྄ྒྱུ་མཚན་ནི། ར྄ྒྱ་ར྄ྒན་འདི་ལ་སེམས་གསོ་བྱས་ཡོད་པས་སོ།་།འདི་ལ྄ྟར་གནང་ན་ང་དང་ང་འདྲ་མང་པོ་ཞིག་འགུ་མི་ཁེངས་ཀི

    Reply
  44. མེ་ས྄ྟག says:
    ལོ་ 16 སྔོན།

    ནོར་བཅོས། བཟོད་ཞུས་ བཟོད་གསོལ་ཞུས། དངོས་ས྄ྐོར། གནད་དོན་ས྄ྐོར།

    Reply
  45. ནོར། says:
    ལོ་ 16 སྔོན།

    ངོ་མ། ད་ཆར་ཤེས་མ་ཤེས་བ་ཚང་མས་༧གོང་ས་མཆོག་དང་བཀའ་ཤག སྐུ་སྒེར་སོགས་ཁ་ལ་ཁྱེར་ཏེ་དམངས་གཙོའི་སྤྱི་ཚོགས་ཤིག་ལ་ཨུ་ཚུགས་ཀྱིས་ལྡོག་འགྲེལ་རྒྱག་བཞིན་འདུག རྒྱ་རྒན་བོང་ལུ་ཞོན་ཡང་དམར་ཤོག་དབུ་ཁྲིད་ཝུན་ཇ་པོའོ་དང་ཧུའུ་ཅིན་ཐོའོ་སོགས་དང་འདྲ་བར་ངོ་རྒོལ་གྱི་རིགས་ཕྲན་བུ་ཙམ་ཡང་མིག་ནང་དུ་མི་ཤོང་བར་བལྟས་ན། ངོ་མ་དམར་ཤོག་གི་གཅེས་ཕྲུག་ལྷད་མེད་ཅིག་ཡིན་པ་འདྲ། རེད་ཡ། ངས་བོད་ཕྱི་སྡོད་རྩོམ་པ་པོའི་ཚོགས་མི་སྐོར་ཅིག་ལ་སྐད་ཆ་དྲིས་ཀྱང་། ཁོང་ཚོས་རྒྱ་བོང་ལུ་ཞོན་གདན་ཞུའི་སྐོར་ལ་གང་ཡང་མཁྱེན་རྟོག་མེད་ཟེར། ད་དུང་ཚོགས་མི་ཤིག་གིས་འདི་ལྟར་བརྗོད་སོང་། འདི་ཕལ་ཆེར་རྒྱ་ནག་དམར་ཤོག་སྒེར་འཛིན་རིང་ལུགས་དང་འབྲེལ་བ་ཡོད་དུས། བོད་ཕྱི་སྡོད་རྩོམ་པ་པོའི་མཐུན་ཚོགས་ནས་ཀྱང་སྒེར་གཅོད་བྱས་བ་ཡིན་རྒྱུ་རེད་ཟེར།

    Reply
  46. མེ་ས྄ྟག says:
    ལོ་ 16 སྔོན།

    ར྄ྒྱ་ར྄ྒན་གཅིག་བ྄ློ་ཕམ་བྱུང་བར་༸གོང་ས་མཆོག་དང་ཟམ་གདོང་བ྄ླ་མ་གཉིས་ཀྱིས་གཙོས་བོད་མི་འགའ་རེས་བཟོད་ཞུས་དང་ཞུ་བཞིན་འདུག་ བོད་མི་ས་ཡ་དྲུག་ལ་བ྄ློ་ཕམ་མ་ཟད། ཡིད་ས྄ྐྱོ་བ། ཨ་ཆད་ཨུ་ཐུགས་ཏེ་རང་སྲོག་དོར་དང་འདོར་བཞིན་པར་སུ་ཞིག་གིས་བ྄ློ་ཕམ་དང་ས྄ྙིང་ར྄ྗེ་བྱེད། ས྄ྐད་ཆ་འདི་འདྲ་གོ་ཡོང་དུས། བོད་མི་རིགས་ཟེར་བ་ནི་དེང་ས྄ྐབས། ས་དང་ར྄ྡོ་ཡིས་ཀྱང་དོར་འདུག་ས྄ྙམ་པའི་ཚོར་བ་ས྄ྐྱེས་ཡོང་གི་ ༸གོང་ས་མཆོག་དང་ཟམ་གདོང་གིས་ཡང་བས྄ྐྱར་བོད་མི་རིགས་ལ་སེམས་གསོ་དང་བོད་ཀྱི་དངོས་ས྄ྐོར་ལ་གསལ་བཤད་ཅིག་གནང་རོགས་ཞུ། ར྄ྒྱུ་མཚན་ནི། ར྄ྒྱ་ར྄ྒན་འདི་ལ་སེམས་གསོ་བྱས་ཡོད་པས་སོ།་།འདི་ལ྄ྟར་གནང་ན་ང་དང་ང་འདྲ་མང་པོ་ཞིག་འགུ་མི་ཁེངས་ཀི

    Reply
  47. བློ་བཟང་མཁྱེན་བརྩེ། says:
    ལོ་ 16 སྔོན།

    ར྄ྒྱལ་བ་རིན་པོ་ཆེའི་དཀྱེལ་ཡངས་ཀྱི་དགོངས་པ་དེ་ང་ཚོ་ལ་རན་གྱི་མི་འདུག
    ཐ་ན་ན་ནིང་གི་ར྄ྒྱས་བྱེད་ས྄ྟངས་དེ་ཚོར་ཡང་བཟོད་གྱིས་བས྄ྐྱལ་བ་རེད། ར྄ྒྱ་ར྄ྒན་ཝང་ལི་ཞུང་ལ་ངོ་ར྄ྒོལ་བྱས་ན་འོས་ཤིང་འཚམ་པ་ཞིག་རེད། ཀུན་ཐར་ཟེར་བ་ནི་མ་གཞི་ནས་མི་ངན་གཡོ་ར྄ྫུན་ཁྲམ་གསུམ་ལ་གོམས་ཤིང་བྱང་བ་ཞིག་མ་ཡིན་ནམ། ར྄ྩོམ་པ་པོའི་མཐུན་ཚོགས་དང་། བོད་ཀྱི་ཡིག་ས྄ྒྱུར་ཁང༌། གངས་ཏི་སེ་ཁོར་ཡུག་སྲུང་ས྄ྐྱོབ་ཟེར་བ་སོགས་ར྄ྒྱན་ར྄ྔན་ཧམ་ཟ་ཁང་གང་མང་ཞིག་བཙུགས་ར྄ྗེས། དེང་ས྄ྐབས་ལ྄ྟོས་དང༌། ཁང་པ་དང་མོ་ཊ། ད་དུང་དངུལ་ཁང་ན་ལ྄ྐོག་དངུལ་ཅི་ཙམ་ཡོད་པ་ཁོང་བཟའ་ཚོ་གཉིས་ལས་སུ་ཞིག་གིས་ཤེས་ཐུབ་བམ། ད་དུ་ང་ར྄ྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་བ྄ླ་མའི་ཚིག་དུམ་འགའ་རེ། ད་དུང་འོད་ཟེར་གྱི་ཚིག་འགའ་རེས་ང་ཚོར་གཉའ་གཅོག་བྱེད་བྱས་ནས། མི་ངན་ཁོ་ཡིན་ན།

    Reply
  48. ཟུར་མཁར་ says:
    ལོ་ 16 སྔོན།

    རྒྱ་འདི་ལ་ཁྲིམས་མཐུན་ཞི་བའི་ངོ་རྒོལ་བྱས་པ་ཙམ་གྱིས་བློ་ཕམ་བྱུང་ཡོད་ན། རྒྱས་བོད་རིགས་ས་ཡ་གཅིག་ལྷག་དུས་མིན་རྐྱེན་ལམ་དུ་བཏང་བར་ང་ཚོས་ག་རེ་བྱེད་དགོས་པ་རེད།
    ངོ་རྒོལ་བྱེད་མཁན་གྱི་ཚོགས་མི་དེ་ཚོས་རྒྱ་མི་དེ་ལ་ངོ་རྒོལ་བྱེད་བཞིན་ཡོད་ན་འགྲིག་ཀྱང་དེ་མིན་ལྷ་མོ་དང་ཀུན་ཐར་གཉིས་ཀྱི་བྱེད་སྟངས་བློ་ངོར་མ་བབས་པར་རླུང་རྒྱ་རིགས་དེའི་སྟེང་ལངས་ན་ནི་ནོར་འཁྲུལ་རེད་བསམ། ལྷ་མོ་དང་ཀུན་ཐུན་ཅན་གཉིས་ནས་ཀྱང་ལམ་སེང་གནས་ཚུལ་ཆུང་ཙག་དེའི་རིགས་སྐུ་སྒེར་དང་བཀའ་ཤག་ལ་སྙན་བསུན་བཟོས་པ་ནི་འོས་པ་ཞིག་མ་རེད།
    མ་གཞི་ནས་རྒྱ་རིགས་དེ་དག་ལ་རང་གཞུང་ཕྱི་འབྲེལ་རྒྱ་སྐད་སྡེ་ཚན་ཡོད་བཞིན་དུ་ཀུན་ཐར་ཅན་སོགས་ནས་བར་འཚང་རྒྱག་དོན་ཅི་ཡིན་ནམ།

    Reply
  49. ཐུབ་བསྟན་ says:
    ལོ་ 16 སྔོན།

    རྩོམ་པ་པོ་རུས་ཝང་ཅན་ལ་བློ་ཕན་བྱུང་པར་ཧ་ལས་དགོས་དོན་གང་ཡང་མེད་ལ། བོད་རིགས་གཞོན་སྐྱེས་ཚོས་ཞི་བའི་སྒོ་ནས་རྒྱ་རིགས་ཤིག་ལ་ངོ་རྒོལ་བྱས་པ་ནི་འོས་འགན་དང་ཐོབ་ཐང་ཡང་རེད། ཀུན་ཐར་ཅན་སོགས་ནས་ལས་རྒྱུ་མང་དྲགས་ན་ཡོང་རྒྱུ་དེ་ལས་མེད་པ་རེད། སྐུ་ཡིག་དང་བཀའ་ཤག་རྒྱབ་ལ་འཁུར་ནས་དེ་དག་གི་མཚན་བེད་སྤྱོད་བཏང་དྲགས་ན་ཉིན་མ་གཅིག་མགོན་ལ་ཡོང་རྒྱུ་ཡོད།

    Reply
  50. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ཡིད་སྐྱོ་བ་ཞིག་ལ་ཝང་ལུ་ཞོང་ནི་རྩོམ་པ་པོ་མིང་ཡོད་མཁན་ཞིག་དང་མང་གཙོའི་འགྲོ་ལུགས་ལ་རྒྱུས་མངའ་ཡོད་མཁན་ཞིག་གིས་རང་ཉིད་ལ་ངོ་རྒོལ་བྱེད་མཁན་གྱི་བསམ་བློ་མི་འདྲ་བའི་མི་ཞིག་བྱུང་བ་དེར་བློ་ཕམ་བྱུང་བ་དེ་ནི་དངོས་ནས་ཤེས་ཡོན་ཅན་ཞིག་དང་མི་རིགས་གཉིས་ཀྱི་བདེན་དོན་ལ་སེམས་འཁུར་ཡོད་ཟེར་མཁན་ཞིག་གི་ལྟ་སྟངས་ཤིག་མ་རེད་འདོད། གལ་ཏེ། ཁོ་རང་གིས་བྱ་བ་དེ་དག་ངོ་གསོ་ཞིག་གི་ཆེད་དུ་བྱེད་བཞིན་ཡོད་ན་ནི་ནོར་བ་རེད། གང་ཡིན་ཟེར་ན། ངོ་གསོ་ཁོ་ནའི་ཆེད་དུ་བྱེད་མཁན་གྱིས་མི་དེའི་རིགས་ཀྱི་ངོ་གསོའི་ཆེད་དུ་གང་ཡང་བྱེད་སྲིད་པ་རེད། གང་ལྟར། མི་ཡི་དཀར་ནག་གང་བྱེད་ཀྱི་ཡོད་མེད་དེ་ནི་དུས་ཚོད་ག་ལེར་ཡོང་ན་ཤེས་ངེས་ཤིག་ཡིན་པས། ཚང་མས་བསྟོད་བསྔགས་བྱེད་རྒྱུ་དེ་ཡང་༧གོང་ས་མཆོག་མགོ་རུ་བཞག་ནས་བརྫིག་བརྫིག་མ་བྱས་ན་ལེགས་པོ་རེད་སྙམ། ༧སྐུ་མདུན་གྱི་དགོངས་གཞི་ནི་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིན་ཡིན་དུས། ངེད་ཅག་གིས་ཁ་ནས་ཡོང་ཚད་ལ་༧སྐུ་མདུན་གྱིས་གསུང་གི་འདུག་ཟེར་ནས་གླེང་རྒྱུར་དེ་ཡང་བསམ་བློ་རེ་བཏང་ན་ལེགས་པོ་འདུག དེ་མིན་༧སྐུ་མདུན་ལ་ཡང་ནག་ཉེས་འགེལ་མཁན་བྱུང་མི་སྲིད་པ་མ་རེད། དཔེར་ན་དེང་སང་བོད་ནང་གི་གཞོན་སྐྱེས་རེ་ཟུང་གིས་ངོ་ལོག་སྙིང་སྟོབས་ཟེར་ནས་ཁ་ནང་དུ་ཡོང་ཚད་ཅིག་བཤད་ཀྱི་ཡོད་པ་དེ་ལྟར།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese