མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་ཕྲུག་གཉིས་ཕྱིར་འབུད།

བོད་ཀྱི་དུས་བབ།
༢༠༠༩/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཀན་ལྷོ་བོད་ཡིག་སློབ་འབྲིང་གི་སློབ་ཕྲུག་གཉིས་རྒྱ་ནག་གཞུང་གིས་སློབ་གྲྭ་ནས་ཕྱིར་འབུད་བྱས་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཟླ་ ༦ པའི་ཚེས་ ༡༩ ཉིན་རྒྱ་གཞུང་གིས་ཀན་ལྷོ་བོད་རིགས་སློབ་འབྲིང་གི་སློབ་ཕྲུག་གཉིས་ལ་འདིའི་ཕྱི་ཟླ་ ༤ པའི་ཚེས་ ༢༤ ཉིན་གྱི་ངོ་རྒོལ་ནང་ཞུགས་མཁན་ཡིན་པར་བསྙད་ནས་ཕྱིར་འབུད་བྱས་འདུག

སློབ་ཕྲུག་དེ་གཉིས་ནི་རང་ལོ་ ༢༡ ལ་སོན་པའི་སྒྲོལ་མ་བཀྲ་ཤིས་དང་རང་ལོ་ ༢༢ ལ་སོན་པའི་སྒྲོལ་མ་འབུམ་གཉིས་རེད། ཁོང་གཉིས་ཀ་བསང་ཆུ་རྫོང་བསང་ཁོག་གྲོང་བརྡལ་ནས་འཇུས་ཡོད་འདུག

ལོ་འདིའི་ཕྱི་ཟླ་ ༤ པའི་ཚེས་ ༢༤ ཉིན་ཀན་ལྷོ་བོད་རིགས་སློབ་འབྲིང་གི་སློབ་མ་རྣམས་ཀྱིས་བསང་ཆུ་རྫོང་གི་ཁྲོམ་ནས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་ལ། གནས་ཚུལ་གྱི་ཡོང་ཁུངས་ཤིག་ནས་གོང་གསལ་ཚོགས་པ་འདིར་ངོ་སྤྲོད་བྱས་པ་ལྟར་ན། སྐབས་དེའི་ངོ་རྒོལ་ནི་བོད་རིགས་སློབ་ཕྲུག་ཚོར་མཐོ་རིམ་སློབ་གྲྭའི་ནང་ཟུར་བཅད་ཀྱི་རྐུབ་སྟེགས་ཡོད་པ་དེ་རྒྱ་རིགས་སློབ་ཕྲུག་ལ་སྤྲད་པའི་རྐྱེན་གྱིས་བྱུང་བ་རེད་ཟེར།

ཁོང་ཚོའི་ངོ་རྒོལ་གྱི་རྒྱུ་རྐྱེན་གཙོ་བོ་གཞན་ཞིག་ནི། ཡེ་རྡོར་ཟེར་བ་ཞིག་གིས་ཀན་ལྷོའི་ཉིན་རེའི་གསར་ཤོག་སྟེང་༧གོང་ས་མཆོག་ལ་གཞི་མེད་སྐྱོན་བརྗོད་བྱས་པར་བརྟེན་ནས་བྱུང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༦ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༦ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༩ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

མཆན། 10

  1. ཚ་རོང་ཡེ་བསམ། says:
    ལོ་ 17 སྔོན།

    ཁྱེད་བོད་རིགས་སློབ་ཕྲུག་ཅིག་ཡིན་ན་མནར་གཅོད་དེ་འདྲ་ཞིག་ཁུར་ནུས་སམ། མ་ནུས་ན་ཇི་ལྟར་བྱེད་དགོས་སམ། བསམ་གཞིགས་ཕྲག་ཏུ་བབས་པའི་ལས་འགན་ཞིག་རེད་སྙམ།་

    Reply
  2. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    ཀན་ལྷོ་ཁུལ་བོད་རིགས་སློབ་འབྲིང་དང་བསང་ཆུ་རྫོང་བོད་རིགས་སློབ་འབྲིང་གཉིས་རྦད་དེ་ཁ་ཁ་རེད། ད་ཐེངས་ཀྱི་སློབ་ཕྲུག་འདི་གཉིས་བསང་ཁོག་ནས་བཟུང་བ་དང་བསང་ཆུ་རྫོང་ཐོག་ནས་ངོ་རྒོལ་བྱེད་མཁན་ཡིན་ན། དེ་ཀན་ལྷོ་བོད་རིགས་སློབ་འབྲིང་རྩ་བ་ནས་མ་རེད་ཞུ་རྒྱུ་ཡིན། འདི་དྲ་བ་དོ་དམ་པ་ནོར་བ་མིན་པར་འགྲོ་བ་མིའི་ཐོབ་ཐང་ནོར་བ་ཡིན་ངེས་སྙམ་ལ། རྗེས་ཕྱོགས་འདིའི་རིགས་ལ་གཟབ་གཟབ་དང་ཞིབ་འཇུག་ནན་མོ་མ་བྱས་ཚེ། གསར་འགྱུར་རྫུན་མ་དང་གནས་ཚུལ་རྫུན་མ་ཆགས་ཏེ་རྒྱལ་སྤྱིའི་བརྒྱུད་ལམ་སོགས་སུ་མཐོང་ཆག་རྒྱུའི་ཉེན་ཁ་འདུག་ཞུ་རྒྱུ་ཡིན། Ș

    Reply
  3. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    རྒྱ་གཞུང་གིས་བྱེད་སྟངས་དེ་ནི་ཐུབ་ཚོད་རང་ཡིན་པ་ལས་གོ་བ་གཞན་གང་ཡང་ལེན་རྒྱུ་མེད།
    ཁ་དཔེར་་་མུ་གེའི་སྟེང་ལ་ཟླ་ལྷག།། ཟེར་བ་ལྟར་བོད་མི་རེ་ཟུང་གིས་ཀྱང་གོ་སྐབས་དམ་འཛིན་གྱི་རང་གཞུང་དང་དབུ་ཁྲིད་རྣམས་ལ་ཐུབ་ཚོད་གཏོང་གི་འདུག
    གྲོགས་གནས་ཚང་ལགས་ཁྱེད་རང་མཐོ་རིམ་དབུ་ཁྲིད་ལ་སུ་དང་གང་ལ་དོགས་པ་ཡོད་ཁ་གསལ་རོགས། གནས་ཚང་ཞེས་པ་འདི་ཁྱོད་ཀྱིས་མིང་དངོས་མིན་པས་སྐྲག་མི་དགོས་ཨ་ཕོ་ང་ཁྱེད་ཀྱི་རྒྱབ་རྩར་ལང་ཡོད

    Reply
  4. གནས་ཚང་། says:
    ལོ་ 17 སྔོན།

    དེང་སྐབས་རྒྱ་ནག་ལ་ངོ་ཚ་རྒྱུ་ཕར་ཞོག་དྲིན་ཆེན་དུ་རློམ་བཞིན་པས། སྐད་འབོད་ཙམ་དང་ཁ་རླངས་ཙམ་གྱིས་ཕན་ག་རེ་ཐོགས་ཀྱི་ཡོད་དམ། དེ་ལས་ཀྱང་ཉེན་ཁ་ཚ་ཤོས་ནི་བོད་གཞུང་གི་མཐོ་རིམ་སྐུ་ངོ་ཁ་ཤས་རྒྱ་མིས་ཉོས་ཟིན་པ་འདྲ་བོ་འདུག་པས། བོད་ལ་རེ་བ་ཡོད་དམ། དཀའ་ལས་རྒྱག་དགོས་དོན་འདུག་གམ། རང་གཞན་གཉིས་ཀར་དཀའ་ལས་གཏད་པ་ལས་སྔ་སེ་ནས་ཁ་གསལ་ན་མི་འགྲིག་གམ།

    Reply
  5. བདེ་བ་ཅན། says:
    ལོ་ 17 སྔོན།

    གནས་ཚང་ལགས་ནས་གསུངས་པ་ལྟར། བཙན་བྱོལ་བོད་གཞུང་ནས་སློབ་ཕྲུག་འདི་རིགས་ལ་ཐད་ཀར་རོགས་པ་བྱ་ཐུབ་རྒྱུ་ཟེར་བ་དེ་ད་ལྟའི་ཆར་གནས་སྟངས་ཀྱི་ཆ་ནས་ཧ་ཅང་དཀའ་ལས་ཁག་ཙམ་རེད། ཡིན་ནའང་ང་ཚོས་ཐུན་མོང་ནས་ཐོག་ནས་གྲུབ་ཐུབ་པ་འདི་གདུང་སེམས་མཉམ་སྐྱེད་མཚོན་ཆེད་མི་རེ་ངོ་རེས་ལས་འགན་བླངས་ཏེ་བོད་དོན་གསལ་བཤད་བྱ་རྒྱུ་དེ་རེད་བསམ་གྱི་འདུག བཙན་བྱོལ་བོད་གཞུང་ངོས་ནས་ཀྱང་ཏན་ཏན་གནས་སྟངས་དེ་དག་སྐབས་མཚམས་སོ་སོར་འབྲེལ་ཡོད་ཁག་ལ་གསལ་བཤད་ཆ་ཚང་གནང་རྒྱུར་བཀོད་མངགས་གནང་དགོས་ཀྱི་རེད་བསམ་གྱི་འདུག

    Reply
  6. བདེ་བ་ཅན། says:
    ལོ་ 17 སྔོན།

    གོང་གསལ་སློབ་ཕྲུག་དེ་གཉིས་ཕུདུ་པའི་གནས་ཚུལ་དེ་གཅིག་པུ་ཨེ་ཡིན། ཏན་ཏན་ལས་བྱེད་དགེ་རྒན་ལའང་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ལྟར་རྒྱུ་མ་ཕུ་འདེད་ལྟར་བྱས་ཏེ་བསུན་གཙེར་བཟོ་སྲིད། དེ་ནི་རྒྱ་ནག་གཞུང་ངོ་ཚ་དགོས་པ་དང་ཐབས་སྐྱོ་བའི་བྱེད་སྟངས་ཤིག་རེད། སློབ་ཕྲུག་གཉིས་པོའི་ཕུགས་ཀྱི་མདུན་ལམ་ལ་གནོད་སྐྱོན་ཐེབས་ཡོད་ཀྱང་། ཁོང་གཉིས་ཏན་ཏན་ན་ཚོད་ཆུང་ཆུང་ཞིག་མིན་སྟབས་སོ་སོ་རང་ཉིད་ལའང་ཐོག་མ་ནས་བསམ་་ཚུལ་ཞིག་ཡོད་སྲིད་པས་ང་ཚོའི་ཁོང་ཚོའི་ཐོག་མའི་སྐུལ་སློང་དང་དམིགས་ཡུལ་བཟང་པོ་བཟུང་ཡོད་སྟབས་ཏན་ཏན་བར་་ཆར་ཆེན་པོ་མི་ཡོང་བ་དང་། མ་འོངས་པའི་ལམ་བུའི་སྟེང་དཀའ་ངལ་ ཆེན་པོ་མི་འཕྲད་པའི་སྨོན་ལམ་འདེབས་རྒྱུ་དེ་རེད། ཡིན་ནའང་བོད་ནང་ལུས་སྲོག་ལོངས་སྤྱོད་དངོས་སུ་བློས་གཏོང་བྱ་མཁན་ཚོར་ཉམས་པ་མེད་པའི་སྙིང་སྟོབས་ཤིག་ཡོད་པས་ཁོང་ཚོས་ཏན་ཏན་དཀའ་ངལ་གང་ཞིག་བྱུང་ཡང་གདོང་ལེན་གནང་་གི་རེད། ཡིད་ཆེས་ཡོད་ལ་རེ་བ་འང་ཡོད། མཆོག་གསུམ་བྱིན་མཐུས་ཁྱེད་གཉིས་གཙོས་བོད་ཆོལ་གསུམ་དུ་གནས་པའི་རྒྱལ་གཅེས་དཔའ་བོ་དཔའ་བོ་རྣམས་ལ་བར་ཆད་ཀྱི་གཡའ་ཕྲ་མོ་ཙམ་ཡང་མེད་པར་མ་ཡོང་བའི་སྨོན་ལམ་ཞུ།།

    Reply
  7. གནས་ཚང་། says:
    ལོ་ 17 སྔོན།

    བཙན་བྱོལ་བོད་གཞུང་གིས་སློབ་ཕྲུག་འདི་རིགས་ལ་རོགས་པ་ག་ཚད་རྒྱག་ཐུབ་ཀྱི་ཡོད་དམ།

    Reply
  8. དངུལ་བརྒྱུད་ཡེ་བསམ། says:
    ལོ་ 17 སྔོན།

    ཕྲན་སློབ་ཕྲུག་ཅིག་ཡིན་པས་ཆ་ནས་འདི་ལྟ་བུ་བོད་མི་སློབ་ཕྲུག་ཅིག་ལ་ཁུར་དུ་མི་ནུས་པའི་མནར་བཅོས་དེ་ནི་ངའི་སེམས་སུ་ཇི་ལྟར་བཟོད་ཐུབ་མོད། འོན་ཏེ་རྣམ་དཔྱོད་དང་ཤེས་རིག་གི་གྲོགས་སུ་བསྟེན་ཏེ་ཅི་ནས་ཀྱང་ཤ་ཁྲག་གཅིག་གི་སྤུན་སློབ་རྣམས་ཤེས་རིག་གི་ར་བ་གཅིག་ནང་ཡོན་ཏན་གྱི་བྲོ་བ་མཉམ་དུ་རོལ་ཐུབ་པའི་ཉྀན་མོ་མྱུར་དུ་འཆར་ཐུབ་པའི་འབད་པ་ཧུར་ཐག་བྱེད་ཀྱིན་ཡིན།

    Reply
  9. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དུས་ལྟར་ཏུ་ཀློག་པ་ཡིན། ཡིན་ཡང་། སྡུག་སྨྲེ་རེ་འདོན་རྒྱུ་ལས་ཀློག་མཁན་ཞིག་བྱས་དེ་འབུད་སོང་བ་ཡིན། འོན་ཀྱང་། དུས་བབ་ཁྱེད་ཚང་གི་གཙོ་འགན་པའི་བསམ་ཚུལ་དེ་མཐོང་ནས་ལན་འདི་ཙམ་ཞིག་བཞག་པ་ཡིན། ཕྱོགས་གཅིག་ནས་དོན་སྣང་མེད་སོང་བ་ནི་མ་རེད་སྙམ། གནས་ཚུལ་འདིའི་རིགས་ངེད་ཅག་གི་གོ་དགོས་པ་ལས། ངེད་ཅག་གི་བསམ་ཚུལ་འབྲི་མིན་དེ་ནི་གཙོ་བོ་མ་རེད་སྙམ། གང་ཡིན་ཟེར་ནས་ངེད་ཅག་གིས་བསམ་ཚུལ་དེ་ནི་འབྱོར་དགོས་ས་དེར་འབྱོར་གྱི་ཡོད་པ་མ་རེད། བྱེས་ཀྱི་གནས་ཚུལ་ཞིག་ཡིན་ན་བསམ་ཚུལ་བྲིས་ཀྱང་གནས་ཚུལ་འབྱོར་དགོས་ས་དེར་འབྱོར་གྱི་ཡོད་སྟབས་ལོས་ཡིན་འདོད་ལགས། དེ་འདྲ་ཞིག་སྙམ་སོང་། ང་རང་གིས་དེ་ལྟར་བསམ་པ་འདི་ནས་ཞུས་པ་ཡིན།

    Reply
  10. རྭ་རྒྱ་བློ་དབང་། says:
    ལོ་ 17 སྔོན།

    བཀླགས་ཟིན་ཀྱང་། དམིགས་བསལ་གྱི་བསམ་འཆར་འབུལ་རྒྱ་གང་ཡང་མི་འདུག སེམས་ལ་དྲན་འོང་བ་ནི་ཐུབ་ཚོད་ཅེས་པ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese