མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་འཁོར་མཛད་སྒོ།

བོད་ཀྱི་དུས་བབ།
༢༠༠༩/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp
གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་བཙུགས་ནས་ལོ་འཁོར་གཉིས་ལོན་པའི་མཛད་སྒོའི་སྟེང་། འབྱུར་འགྱུར་བོད་ཀྱི་བཀའ་བློན་ཁྲི་བའི་འོས་མི་བརྒྱད་ཕྱིར་བསྒྲགས་གནང་ཡོད།
ཕྱི་ཚེས་ ༣༠ ཉིན་དབུས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་བཙུགས་ནས་ལོ་གཉིས་འགོར་བའི་ལོ་འཁོར་ཚོགས་ཆེན་དེ། སེར་བྱེས་ཡིད་དགའ་ཆོས་གླིང་ཚོགས་ཁང་དུ་བསྐོངས་འཚོགས་གནང་བ་དང་། ཉིན་དེར་འབྱུང་འགྱུར་བོད་ཀྱི་བཀའ་བློན་ཁྲི་བའི་འོས་མི་བརྒྱད་ཀྱི་མཚན་མིང་ཕྱིར་བསྒྲགས་གནང་ཡོད།
ཉིན་དེར་དབུས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་དཔལ་ལྡན་ལགས་ཀྱིས་གསུངས་དོན། དང་ཐོག་ང་ཚོས་ཚོགས་པ་འདི་འཛུགས་དགོས་པའི་དམིགས་ཡུལ་ལྟེ་བ་གཅིག་སྟེ། བོད་བསྟན་སྲིད་མི་རིགས་དང་བཅས་པ་ཆག་འཇིག་གི་དུས་ཚོད་འདི་འདྲ་ཞིག་ལ་སླེབས་སྐབས། ང་སློབ་གཉེར་བ་ཡིན་དང་ང་ཚོང་བ་ཡིན་ཟེར་བ་ལྟ་བུ་སོ་སོའི་ལས་དོན་ཐོག་ལ་ཤུགས་རྒྱག་རྒྱུ་མ་གཏོགས། རྒྱ་ནག་གིས་གཏིང་གནག་པའི་ཆབ་སྲིད་ཀྱི་སྲིད་ཇུས་བཏང་སྟེ། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྩ་བརླག་གཏོང་བཞིན་པར་དེ་ཙམ་གྱིས་ཚོར་སྣང་མེད་པའི་བཟོ་འདྲ་བོ་དང་ ༡༩༩༥ ལོ་དང་ ༡༩༩༦ ལོ་སོགས་ལོ་ངོ་ཁ་ཤས་རིང་ཕལ་ཆེར་ལས་འགུལ་ཟེར་བ་ཞིག་སྤེལ་ཀྱི་མེད་པ་ལྟ་བུ་བྱུང་བ་རེད། དེར་བརྟེན་ང་ཚོས་མུ་མཐུད་འདི་ལྟར་སོང་ན་རྩ་བ་ནས་འགྲིག་གི་མི་འདུག བོད་དོན་ཆེད་འཕག་འཚག་ཅིག་རྒྱག་དགོས་ཀྱི་འདུག་ཅེས་ཆོད་སེམས་དང་དམ་བཅའ་དེ་ལྟ་བུ་ཞིག་བཟུང་ནས་ལས་འགུལ་སྤེལ་སྐབས། ཚོགས་པ་ཞིག་མེད་ཚེ་དཔལ་འབྱོར་འདུ་འགོད་དང་ཕྱི་ཕྱོགས་སུ་འབྲེལ་ལམ་བྱེད་པ་སོགས་ལ་དཀའ་ངལ་ཡོང་གི་ཡོད་སྟབས། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཞེས་པའི་ཚོགས་པ་ཞིག་བཙུགས་པ་རེད། ཅེས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་འཛུགས་དགོས་པའི་ཐོག་མའི་དམིགས་འདུན་གསུངས་པ་དང་། ཡང་ཁོང་གིས་ཚོགས་པའི་ལངས་ཕྱོགས་སྐོར་ནས་གསུངས་དོན། ཚོགས་པ་འཛུགས་སྐབས་རིགས་ཁ་ཤས་ཀྱིས་དབུ་མའི་ལམ་གྱི་ཐོག་ཏུ་འགྲོ་དགོས་ཀྱི་འདུག་ཟེར་བ་དང་། ཡང་རེ་ཟུང་གིས་རང་བཙན་གཙང་མའི་ལས་འགུལ་མ་སྤེལ་ན་ཡོང་ཐབས་མི་འདུག་ཟེར་བ་ལྟ་བུའི་རིགས་གཉིས་ཀྱི་འགལ་ཟླ་ཞིག་བྱུང་ཡོང་དུས། གང་གི་ནང་དུ་འཛུལ་ནའང་མ་འགྲིག་པ་ལྟ་བུ་ཞིག་བྱུང་མྱོང་བ་རེད། གནས་ཚུལ་དེར་བརྟེན་ནས་ལྟ་གྲུབ་ལ་དབྱེ་བ་མེད་པར་བོད་མི་རིགས་དང་རིག་གཞུང་གི་དོན་དུ་འཐབ་རྩོད་བྱེད་ཐུབ་པ་ཞིག་བྱུང་ན་ཡག་པོ་ཡོང་ས་རེད་བསམ་ནས་རང་བཙན་གཙང་མ་དང་དབུ་མའི་ལམ་ཞེས་ལངས་ཕྱོགས་གཅིག་རང་གི་སྟེང་དུ་འགྲོ་རྒྱུ་མ་ཡིན་པར། དེ་གཉིས་ཀར་ཁྱབ་ཐུབ་པར་ལྟ་གྲུབ་ལ་དབྱེ་བ་མེད་པའི་ཐོག་ནས་བོད་དོན་འཐབ་རྩོད་བྱེད་པའི་ལངས་ཕྱོགས་བཟུང་བ་རེད་ཅེས་གསུངས་ཡོད།
གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་དབུ་བརྙེས་ཏེ་ལོ་འཁོར་གཉིས་ལས་ལོན་མེད་ནའང་། འདས་པའི་ལོ་གཉིས་ནང་ཚོགས་པ་འདིའི་དབུས་ས་གཉིས་ཀྱི་རྒྱུན་ལས་རྣམས་ཀྱིས་དཀའ་ངལ་ཁྱད་བསད་ཀྱིས་བོད་དོན་ཆེད་ས་གནས་གཞོན་ནུ་དང་བུད་མེད་མཉམ་དུ་ལས་འགུལ་མང་དག་ཅིག་སྤེལ་ཐོག སྤྱི་ཚོགས་ཞབས་ཕྱིའི་ལས་དོན་ཡང་གང་མང་ཞིག་སྤེལ་འདུག་ལ། ལྷག་པར་དུ་ས་གནས་ཉིན་སློབ་ཁག་གི་སློབ་ཕྲུག་ཚོར་དབྱང་གནང་གི་གུང་སེང་དང་བསྟུན་ནས་བོད་ཀྱི་སྐད་ཡིག་སུམ་རྟགས་དག་གསུམ་དང་། ནང་ཆོས་ངོ་སྤྲོད་སོགས་ཀྱི་ལས་འགུལ་ཁག་ཅིག་ཀྱང་སླེལ་གྱིན་ཡོད་འདུག
ཐེངས་འདིའི་ཚོགས་འདུའི་སྟེང་ཕྱིར་བསྒྲགས་གནང་བའི་བཀའ་བློན་ཁྲི་བའི་འོས་མི་རྣམས་ནི། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་བ་སྐར་མ་ཆོས་འཕེལ་ལགས་དང་བཀའ་ཟུར་བསྟན་འཛིན་རྣམ་རྒྱལ། སྤྱི་འཐུས་ཚོགས་གཞོན་རྒྱལ་རི་སྒྲོལ་མ། མཁས་དབང་བློ་བཟང་སེང་གེ། སྐུ་སྒེར་དྲུག་ཡིག་རྔ་བ་ཚེ་རྒྱམ། དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་། ཕྱི་དྲིལ་དྲུང་ཆེ་དག་པོ་བསོད་ནམས་ནོར་བུ་སོགས་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༤ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 21

  1. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    གོང་དུ་གནས་ཚང་གིས་བསམ་འདུན་ངོ་མ་དེ་ཤོར་འདུག ཧ་ཧ་ཧ་་་་གཟིགས་དང་།

    Reply
  2. གསེར་རྟ་ནོར་བུ། says:
    ལོ་ 16 སྔོན།

    གསང་གཏོར་་་་ཟེར་བ་དེས་ཤོད་སྟངས་ན་བལྟས་ན་དགེ་འདུན་པ་ཚོ་གླེན་པ་ཡིན་པ་འདྲ། བྱས་ན་་་་ ཁྱེད་རང་ཚོས་འདེམས་པའི་་་་སྔོན་ཆད་གྱི་སྤྱི་འཐུས་ཚོགས་གཅོ་ར་བཟི་དེ་འདྲ་འདེམས་དགོས་ས་རེད། མ་གཞི་ནས། ཁོ་བཤད་སྟངས་དེ་ལ་བལྟས་ན་ཡང་མི་སུ་འདྲ་ཞིག་ཡིན་པ་ཤེས་སླ་བོ་རེད། གང་ཡིན་ནས་ལྐོག་ཟ་བྱེད་མཁན་གྱི་སྤྱི་ཚོག་གྱི་གད་སྙིགས་དེ་ཚོ་རེད།

    Reply
  3. སངས་རྒྱས་ཆོས་འཕེལ། says:
    ལོ་ 16 སྔོན།

    གཟུར་བོ་གནས་ནས་རང་བློས་གང་ཤེས་གདམས་པ་ལ་བཀའ་དྲིན་ཆེ་ཞུ།

    Reply
  4. གནས་ཚང་། says:
    ལོ་ 16 སྔོན།

    འོས་མིའི་ཁྲོད་དུ་བློ་མཐུན་ཞིག་མི་འདུག་པས། ཕལ་ཆེར་ཆེས་མཐོ་སྐུ་ངོ་ལྷན་རྒྱས་ཐུགས་དགྱེས་ས་མ་རེད་སྙམ། རྒྱ་མི་ཞིག་འཇོག་རན་མེད་དམ།

    Reply
  5. མགར་སྲས says:
    ལོ་ 16 སྔོན།

    སྐུུ་ཞབས་རྣམ་པ་ཐུགས་རྗེ་བླ་ལྷག་ཏུ་ཆེ།

    Reply
  6. ཨ་མྱེ says:
    ལོ་ 16 སྔོན།

    ུབཾློ་མཐུན་ཚོ་ཐུགས་རྗེ་ཆེ

    Reply
  7. ཨ་མྱེ says:
    ལོ་ 16 སྔོན།

    ུབཾློ་མཐུན་ཚོ་ཐུགས་རྗེ་ཆེ

    Reply
  8. གནས་ཚང་། says:
    ལོ་ 16 སྔོན།

    ཚོགས་པ་འདི་གང་ནས་རེད་དམ། ད་ལྟ་བར་དུ་ཐོས་མ་མྱོང་དོན་ཅི། གླགས་འཚོལག་མཁན་འདྲ་མིན་འགྲོ།

    Reply
  9. བདེ་བ་ཅན། says:
    ལོ་ 16 སྔོན།

    གངས་ལྗོངས་རང་བདེན་ཚོགས་ཆུང་ནས་ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་མང་པོ་ཞིག་སྤེལ་གྱི་འདུག་ ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  འོན་ཏེ་བཀའ་ཁྲིའི་འོས་གཞིའི་ཁོངས་མི་སྣ་འདེམས་སྒྲུག་བྱ་རྒྱུ་ཉུང་དྲག་འདུག་ལ། འདེམས་སྒྲུག་མིང་གཞུང་བཏོན་པའི་མི་སྣ་དེ་དག་གི་ལོ་རྒྱུས་བཏོན་རྒྱུའང་གལ་ཆེན་པོ་འདུག མི་སྣ་དེ་ཚོ་བཏོན་སྐབས་ཏན་ཏན་རྒྱབ་ལྗོངས་ལོ་རྒྱུས་ཡོད་སྲིད་པ་ཞིག་རེད། དེ་མིན་མིང་ཧ་གོ་བ་ཙམ་གྱིས་ཞིབ་ཕྲའི་ལོ་རྒྱུས་མ་མཁྱེན་ཚེ་དེ་ནི་ཡ་མཚན་པ་ཞིག་འདུག དེ་ནི་ངའི་བསམ་ཚུལ་རང་ཡིན།

    Reply
  10. ཐར་ཀླུ། says:
    ལོ་ 16 སྔོན།

    འོ་རེད་ཡ་བློ་བཟང་དཔལ་ལྡན་ལགས། ཨ་མའི་བུ། རྒོད་མའི་རྟའུ། ཡོད་ཚད་བསྡུར་ཐུབ་ན་དགེ་སྐྱོན་གང་ཡོད་ལ་ཕན་ཐོག་གི་རེད། དབང་ལྡན་མཚོ་མོ་ལགས་བཀའ་ཁྲིའི་འོས་གཞི་ཚད་ལྡན་ཞིག་ཡོད་ན་ཁྲིད་ཤོག། སྐྱོན་མེད་མི་ཞིག་ཁྲིད་ཤོག། བཙལ་བྱོལ་བོད་མའི་འདོད་པ་སྐོངས་ཐུབ་མཁན་ཞིག།
    རེམཡཡཡཡཡཡཡཡ

    Reply
  11. ཐར་ཀླུ། says:
    ལོ་ 16 སྔོན།

    བཙལ་བྱོལ་བོད་གཞུང་ནས་བཀའ་ཁྲི་ཚད་ལྡན་ཞིག་མེད་ན་ཨ་རིའི་སྲིད་འཛིན་ཟུར་བ་བྷུ་ཤུ་ཁྲིད་ཡོང་ག། དེང་སྐབས་ཁོ་རང་ལ་ལས་ཀ་མ་རེག་པའི་དཀའ་ངལ་ཞེ་དྲག་འདུག།

    Reply
  12. བློ་བཟང་དཔལ་ལྡན། says:
    ལོ་ 16 སྔོན།

    དྲ་གྲོགས་ཡོངས་ལ་དགའ་བསུ་ཞུ། ནད་པ་ དབང་ལྡན་མཚོ་མོ་སོགས་ལ་ཞུ་རྒྱུ་གངས་ལྗོངས་གིས་བཀའ་བློན་ཁྲི་བའི་འོས་མི་རྒྱད་ཀྱི་ནང་དུ་ཁྱོད་ཀྱི་བློ་མ་ཚིམ་པ་ལ་དགོངས་སེལ་ཞུ་རྒྱུ་ཡིན། ཡིན་ན་ཡང་ཁྱོད་ཀྱི་འོས་དང་བསྡར་ནས་ལྟ་བསམ་གི ཡང་གཅིག་བཤད་ན་སྐྱོན་སྣ་གཅིག་མེད་པའི་བཀའ་ཁྲི་ཞིག་མི་རྙེད་ཁར་མི་གིས་ལྟ་ཕྱོགས་ཀྱང་ཧ་ཅང་གཟབ་དགོས་བསམ།

    Reply
  13. དབང་ལྡན་མཚོ་མོ། says:
    ལོ་ 16 སྔོན།

    ཚོགས་ཐོག་ན་ཡོད

    Reply
  14. དབང་ལྡན་མཚོ་མོ། says:
    ལོ་ 16 སྔོན།

    གངས་ལྗོངས་རང་བདེན་ཚོགས་ཆུང་གི་མིང་ཐོ་ཁ་ཤས་པཏོན་ཡོད་པ་དེ་ལ་ལྟོས་ན།
    ཡང་སྤྱིར་བཙན་བྱོལ་སྤྱི་ཚོགས་འདི་ར་བཟི་སྤྱི་ཚོགས་ཞིག་གི་བཏང་ན་འདོད་ཡོད་པ་འདྲ།
    དེ་མིན་མི་དེ་དག་ནང་དུ་བཀའ་ཁྲི་འོས་པ་ཞིག་མཐོང་མ་བྱུང་།

    ཡང་གཅིག་བཤད་ན་ཁག་མེད་ཚོགས་ན་ཡོད་མཁན་གྲ྇་བ་ལོ་ཆུང་དག་དག་རེད།

    ཡང་གཅིག་བཤད་ན་འདི་འདྲས་ལོ་ན་གཞོན་པ་དག་གི་དོ་སྣང་དེ་ཙམ་ལས་གནང་མེད་ཚེས་ངོ་ནས་ཡིད་སྐྱོ་བ་རེད།

    ཚོགས་གཙོ་བློ་བཟང་དཔལ་ལྡན་ལགས་མུ་མཐུད་ནས་བཀའ་ཁྲི་ཚོལ་དགོས།

    Reply
  15. ནད་པ says:
    ལོ་ 16 སྔོན།

    མིང་ཐོ་ཁ་ཤས་ཤིག་བཏོན་པ་དེ་ཡག་པོ་རང་རེད་མི་འདུག་ག ད་དུང་མི་གཞན་དག་ཁ་ཤས་ཤིག་ཨེ་ཡོད། བསམ་གཞིགས་ཡག་པོ་ཞིག་་་་་་་ད་དུང་་་་ང་ཚོས་་དེའི་དོན་དུ་མུ་འཐུད་ནས་འཚོལ་དགོས་ཡ་་་

    Reply
  16. གསང་གཏོར། says:
    ལོ་ 16 སྔོན།

    གངས་ལྗོངས་རང་བདེན་ཚོགས་པས་བཀའ་ཁྲི་འོས་འདོན་བྱས་པ་ཁག་དངོས་གནས་ཚད་དམའ་པོ་རེད། དཔེར་ན་མི་ཚང་གཅིག་གི་སྤ྄ུན་གཉིས་འོས་འདོན་བྱས་པ་དེ་བས་འོས་འཚམས་ཤིག་མ་རེད། སྤྱིར་སེར་མོ་བས་བཙན་བྱོལ་གཞུང་གི་ཆབ་སྲིད་དང་སྲིད་དོན་མི་སྣའི་སྐོར་དེ་ཙམ་རྒྱུས་མངའ་མེད་ཅིང༌། བཀའ་བློན་ཁྲི་བ་ཕར་བཞག་ཁོ་རང་ཚོར་ཐད་ཀར་འབྲེལ་བ་ཡོད་པའི་སྤྱི་འཐུས་ཚད་ལྡན་ཞིག་འོས་འདེབས་ཐུབ་ཀྱི་མེད། དཔེར་ན་ད་ཡོད་ཀྱི་དགེ་ལུག་སྤྱི་འཐུས་གཉིས་ལ་གཟིགས་དང་སོ་སོའི་ལས་འགན་སྤྱི་འཐུས་རྒྱུན་ལས་མ་བསྡད་པར་ཕྱིར་རང་དོན་སྒྲུབ་པ་འགྲོ་ཡི་ཡོད། ད་བར་ཉིན་གྲངས་བཅོ་ལྔ་ལྷག་དགེ་ལུག་སྤྱི་འཐུས་ཀྱི་རྒྱུན་ལས་མེད་པ་ཆགས་ཡོད་རེད།

    Reply
  17. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    དུས་ལྟར་ཏུ་ཀློག་པ་ཡིན། ཡིན་ཡང་། སྡུག་སྨྲེ་རེ་འདོན་རྒྱུ་ལས་ཀློག་མཁན་ཞིག་བྱས་དེ་འབུད་སོང་བ་ཡིན། འོན་ཀྱང་། དུས་བབ་ཁྱེད་ཚང་གི་གཙོ་འགན་པའི་བསམ་ཚུལ་དེ་མཐོང་ནས་ལན་འདི་ཙམ་ཞིག་བཞག་པ་ཡིན། ཕྱོགས་གཅིག་ནས་དོན་སྣང་མེད་སོང་བ་ནི་མ་རེད་སྙམ། གནས་ཚུལ་འདིའི་རིགས་ངེད་ཅག་གི་གོ་དགོས་པ་ལས། ངེད་ཅག་གི་བསམ་ཚུལ་འབྲི་མིན་དེ་ནི་གཙོ་བོ་མ་རེད་སྙམ། གང་ཡིན་ཟེར་ནས་ངེད་ཅག་གིས་བསམ་ཚུལ་དེ་ནི་འབྱོར་དགོས་ས་དེར་འབྱོར་གྱི་ཡོད་པ་མ་རེད། བྱེས་ཀྱི་གནས་ཚུལ་ཞིག་ཡིན་ན་བསམ་ཚུལ་བྲིས་ཀྱང་གནས་ཚུལ་འབྱོར་དགོས་ས་དེར་འབྱོར་གྱི་ཡོད་སྟབས་ལོས་ཡིན་འདོད་ལགས། དེ་འདྲ་ཞིག་སྙམ་སོང་། ང་རང་གིས་དེ་ལྟར་བསམ་པ་འདི་ནས་ཞུས་པ་ཡིན།

    Reply
  18. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    བཀུར་འོས་རྩོམ་སྒྲིག་པ་ལུང་རིགས་རྒྱལ་ལགས། ཕྲན་གྱི་རྨོངས་འཆར་ལྟར་ན། གསར་འགྱུར་སྔོན་མ་གཉིས་སྤེལ་སྐབས་གྲྭ་བ་ཚོ་རིག་གནས་འཆད་འཁྲིད་དང་དཔེ་ཁྲིད། ཡང་ན་གཉིད་ཉལ་བའི་དུས་ཚོད་རེད་ལ། དེའི་རྗེས་ནས་དགོང་ཟས་མཆོད་རྗེས་ཆོས་གྲྭར་ཕེབས་པའི་དུས་སྐབས་དེ་རེད། ཡིན་ནའང་། གསར་འགྱུར་ཕྱི་མ་དེ་སྤེལ་སྐབས་གྲྭ་བ་ཕལ་ཆེ་བ་ཆོས་རྭ་གྲོལ་ཏེ་ཕྱིར་ནང་དུ་འབྱོར་ནས་དྲ་རྒྱར་ཞུགས་པའི་དུས་སྐབས་དེ་རེད་ལ། ཀློག་གྲངས་མང་བ་ཕལ་ཆེར་འདི་ཡིན་ངེས་སྙམ། དེ་བཞིན་གོང་གི་མཆན་འདེབས་མཁན་གཉིས་ཀྱིས་མཆན་འདེབས་དོན་མཆན་ལས་གསལ་སྟབས་ཞུ་དགོས་མ་མཐོང་ཞིང་། འདིའི་སྟེང་ནས་ད་ལྟ་ང་ཚོའི་དྲ་རྒྱ་ཀློག་པ་བོའི་གྲུས་སུ་གྲྭ་བ་མང་བ་མཚོན་ཡོད་སྙམ། འདི་ནི་རྨོངས་འཆར་རང་ཡིན།

    Reply
  19. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ང་ཏོག་ཙམ་ཡ་མཚན་སྐྱེས་ཡོང་གི་འདུག དེ་རིང་གསར་འགྱུར་རེ་ཟུང་གི་ནང་ནས་གཅིག་ནི་དགོན་པ་ཞིག་ནང་གི་དགེ་འདུན་པ་རྣམས་ཕྱིར་བྲོས་ནས་དགོན་པ་སྟོང་བར་ལྷག་སྟེ་ཟླ་གཅིག་ལྷག་འགོར་གྱིན་པ་དེ་རེད། གནས་ཚུལ་འདིའི་ཐད་ལ་མཆན་འདེབ་མཁན་མི་འདུག་ལ། ཀློག་མཁན་ཡང་དུས་ཚོད་དགུའི་རིང་མི་ ༦༠ ལས་མི་འདུག
    དེ་བཞིན་གསར་འགྱུར་གཞན་ཞིག་ནི་བོད་ནང་གི་སློབ་ཕྲུག་གཉིས་སློབ་གྲྭ་ནས་ཕྱིར་འབུད་བྱས་པ་དེ་རེད། གསར་འགྱུར་འདི་སྤེལ་ནས་དུས་ཚོད་ ༥ རིང་ཀློག་མཁན་མི་ ༢༩ ལས་མི་འདུག མཆན་འདེབ་མཁན་ནི་དེ་བས་མི་འདུག འདི་ནས་ང་ཚོས་སྒྱུད་ལུག་དང་ཡ་མེད་ཀྱི་གཤིས་ཀ་ཞིག་མཐོང་གི་འདུག འོན་ཀྱང་། ལོ་འཁོར་མཛད་སྒོ་ཞེས་པའི་གནས་ཚུལ་ཞིག་སྤེལ་ནས་སྐར་མ་ ༣༠ མ་འགོར་གོང་མཆན་འདེབས་མཁན་ ༢ དང་ཀློག་མཁན་མི་ ༢༡ བྱུང་བ་རེད། འདི་དག་ལ་ལྟ་སྐབས་གསར་འགྱུར་གྱི་གོ་དོན་དང་། སྤྱི་ཚོགས་ཀྱི་གོ་དོན་གཉིས་ཀར་ང་ཚོས་ལྟ་སྟངས་ཤིག་འཛིན་ཐུབ་པ་འདྲ། དོ་སྣང་ཡོད་མཁན་རིགས་ཀྱིས་འདི་ལྟའི་ཕྱོགས་ལའང་གཟིགས་ཞིབ་རེ་གནང་ན་ཕན་ཆེ་བར་འདོད།

    Reply
  20. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    གང་ཟག་དེ་དང་དེ་ལ་བཀའ་ཁྲིའི་ཁྱད་ཆོས་དེ་དང་དེ་ལྡན་ཞེས་བསལ་ཁ་གཏོད་ན་བློ་གྲོས་འཕེལ་རྒྱུར་ཕན་ཐོག་ཡོད་པ་ལས། མི་བརྒྱད་ཀྱི་མིང་སྨོས་པ་ཙམ་ལ་ཡ་མཚན་རྒྱུ་མིན་འདུག

    Reply
  21. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ང་ཚོར་དགོས་པ་ནི་ཤེས་འཇོན་གཉིས་ལྡན་ཡིན་ཁར་ལྷག་བསམ་ཟོལ་མེད་ཡིན་པ་ཞིག་དགོས་པ་ལས་ཁ་མཁས་དང་སྙན་ངག་འབྲི་ཤེས་པ་ཙམ་ཞིག་གིས་མི་ཡོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese