མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མའོ་ཙེ་ཏུང་འཇུ་བཟུང་གི་བཀའ་རྒྱ།

བོད་ཀྱི་དུས་བབ།
༢༠༠༩/༠༧/༠༣
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱལ་སྤྱིའི་གསར་འགྱུར་དྲ་ལམ་ཁག་ཏུ་གནས་ཚུལ་སྤེལ་དོན། ཕྱི་ཟླ་ ༦ པའི་ཚེས་ ༢༥ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ དང་སྐར་མ་ ༡༠ སྟེང་རྒྱ་ནག་གཞུང་འབྲེལ་གསར་ཤོག་ <<མི་དམངས་ཉིན་རེའི་ཚགས་པར་>> གྱི་དྲ་ཚིགས་ << མི་དམངས་དྲ་བ་ >>ཞེས་པའི་སྟེང་འཇུ་བཟུང་བཀའ་རྒྱ་བཏང་ཟིན་པའི་ཉེས་ཅན་པ་ཞིག་གི་འདྲ་པར་གྱི་ཚབ་ཏུ་རྒྱ་ནག་དམར་ཤོག་སྲིད་གཞུང་གི་སྲིད་འཛིན་ཐོག་མ་མའོ་ཙེ་ཏུང་གི་འདྲ་པར་བཀོད་དེ་སྤེལ་ཡོད་འདུག

མ་གཞི་གསར་འགྱུར་དེ་ནི། ཕྱི་ཟླ་ ༤ པའི་ནང་རྒྱ་ནག་ཉེན་རྟོག་ཚན་པ་ནས་བྱིས་པ་གཡོ་འཚོང་བྱེད་མཁན་ཡན་ཁྲོའོ་ཞང་ལ་འཛིན་བཟུང་བཀའ་རྒྱ་བཀྲམས་རྗེས། ཕྱི་ཟླ་ ༦ པའི་ཚེས་ ༢༢ ཉིན་ཡན་ཁྲོའོ་ཞང་གིས་རྒྱ་ནག་ཡུན་ནན་ཞིང་ཆེན་ཁོངས་གཏོགས་ཀོང་ནན་རྫོང་ཉེན་རྟོག་ཁང་ལ་རང་ཉེས་ངོས་ལེན་གྱིས་མགོ་འདོགས་བྱས་པའི་གནས་ཚུལ་དེ། ཕྱི་ཟླ་ ༦ པའི་ཚེས་ཉེར་ལྔ་ཉིན་རྒྱ་ནག་མི་དམངས་དྲ་བའི་སྟེང་འགོད་སྐབས་ཉེས་ཅན་པའི་འདྲ་པར་གྱི་ཚབ་དུ་མའོ་ཡི་འདྲ་པར་བཞག་སྟེ་གསར་འགྱུར་དུ་བཀོད་པ་ཞིག་ཡིན་འདུག  དྲ་རྒྱ་ཀློག་མཁན་དག་གིས་མི་དམངས་དྲ་བའི་སྟེང་གི་གནས་ཚུལ་དེ་མཐོང་མ་ཐག་དྲ་ངོས་ཕབ་བཤུས་ཀྱིས་དྲ་ལམ་ཁག་ཏུ་བརྒྱུད་འགོད་ཀྱིས་གང་སར་ཁྱབ་པར་མ་ཟད། རྒྱལ་ཁབ་ཕྱི་ནང་ཀུན་དུ་ཚ་ཚ་འུར་འུར་གྱིས་དོ་སྣང་བྱ་ཡུལ་གྱི་གླེང་གཞིར་གྱུར་ཡོད་འདུག ཆུ་ཚོད་ཕྱེད་ཀའི་རྗེས་ནས་མི་དམངས་དྲ་བས་མའོ་ཡི་པར་དེ་དྲ་ངོས་ནས་བཀོག་ཡོད་ནའང་། སྔར་ནས་ཕབ་ལེན་གྱིས་ཕྱི་ཕྱོགས་ཀྱི་དྲ་ལམ་ཁག་ཏུ་ཁྱབ་ཟིན་པའི་རྐྱེན་གྱིས་སྦས་གསང་བྱེད་ཐུབ་མེད་པ་རེད།
ཕྱི་ཚེས་ ༢༦ ཉིན་ཧོང་ཀོང་གི་གསར་འགོད་པ་ཁྲིན་ཧན་ལིང་གིས་གསར་ལམ་ཏུ་གནས་ཚུལ་སྤེལ་དོན། མི་དམངས་དྲ་བའི་མགྲིན་ཚབ་པས་ནོར་འཁྲུལ་བྱུང་བ་ངེས་ལེན་དང་ནོར་འཁྲུལ་གྱི་འབྱུང་རྐྱེན་ཞིབ་བཤེར་རྩད་གཅོད་བྱ་རྒྱུ་ཡིན་ཚུལ་ཀྱང་བརྗོད་ཡོད་པ་རེད། མིག་སྔར་གནད་དོན་གྱི་འབྱུང་རྐྱེན་ངོ་མ་དེ་གསལ་རྟོགས་ཐུབ་མེད་ནའང་། མི་དམངས་དྲ་བའི་འབྲེལ་ཡོད་འགན་ལེན་པ་ཞིག་བཀག་ཉར་བྱས་ཡོད་འདུག་ཟེར། 

གཞན་ཡང་ << ཀྲུང་གོར་བལྟ་བ >> ཞེས་པའི་རྒྱ་ཡིག་དྲ་རྒྱའི་སྟེང་ཁ་བྱང་ལ་ << མའོ་ཙེ་ཏུང་ལ་འཛིན་བཟུང་བཀའ་རྒྱ་བཀྲམས་པ།>> ཞེས་བཀོད་ནས་གནས་ཚུལ་དེ་བརྒྱུད་འགོད་བྱས་ཡོད་པར་མ་ཟད། གསར་འགྱུར་དེའི་གཤམ་དུ་ཀློག་པ་པོ་དག་གིས། “དུད་འགྲོ་དེས་ཚེ་ཐོག་ན་ཡོད་དུས་མི་མང་ལ་གནོད་འཚེ་བཟོས་པར་མ་ཟད།  ད་ལྟའང་ཁོའི་རྒྱུད་འཛིན་དམར་ཤོག་པས་ཁོ་རང་བེད་སྤྱད་དེ་མི་མང་ལ་གནོད་འཚེ་བཟོ་བཞིན་ཡོད། ཁོས་ཀྲུང་གོའི་མི་དམངས་ལ་གནོད་འཚེ་བཟོས་པའི་ནག་ཉེས་དེ་ལྟ་བུ་ཞིག ཀྲུང་གོའི་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་ལ་རྗེས་མའང་འབྱུང་མི་སྲིད་པ་ཞིག་རེད། ཡིན་ནའང། ད་ལྟ་ད་དུང་དམར་ཤོག་པའི་དབང་བསྒྱུར་འོག་ནས་ཁོའི་ནག་ཉེས་སྐོར་ནས་གླེང་བརྗོད་སྤེལ་མི་ཆོག་པ་རེད། དངོས་གནས་ཡིད་སྐྱོ་བ་རང་རེད། ” ཅེས་དང་ “དམར་ཤོག་དྲག་སྤྱོད་པའི་གཏེ་བོ་མའོ་ནི་འཛམ་གླིང་སྟེང་གི་ཆེས་ཆེ་བའི་ཉེས་ཅན་གྱི་མི་དེ་རེད། དམར་ཤོག་ཚོགས་པ་ནི་འགྲོ་བ་མིའི་རིགས་ལ་ཆེས་ཉེན་ཁ་ཆེ་བའི་ཇག་ཚོགས་དང་པོ་དེ་རེད། ཁོས་གནམ་འོག་འདིར་མི་ཤོངས་པའི་ཆེས་དྲག་སྤྱོད་དང་ཆེས་གདུག་རྩུབ་ཀྱི་ནག་ཉེས་བསགས་ཡོད། འཛམ་གླིང་དུ་འཇུ་བཟུང་བཀའ་རྒྱ་བཏང་སྟེ་རྩ་མེད་གཙང་ཕྱག་བྱེད་དགོས། གལ་སྲིད་རང་ཉིད་ཀྱི་ཚེ་སྲོག་སྲུང་འདོད་ན་དམར་ཤོག་འདྲེ་ཚོགས་འདིར་རྒྱང་བཀྱེད་གནང་རོགས།”སོགས་བསམ་ཚུལ་སྣ་ཚོགས་སྤེལ་འདུག

སྤྱིར་རྒྱ་ནག་དམར་ཤོག་གཞུང་གིས་མའོ་ཡི་འདྲ་བར་ལ་དམའ་འབེབ་བྱས་ན་དེ་ནི་ནག་ཉེས་ཆེན་པོར་བརྩི་གི་ཡོད་པ་རེད། ཕྱི་ལོ་ ༡༩༨༩ ལོའི་དམངས་གཙོའི་ངོ་རྒོལ་ལས་འགུལ་བྱུང་སྐབས། རྒྱ་ནག་ཧོ་ནན་ཞིང་ཆེན་ནས་ཡིན་པའི་ལས་བཟོ་བ་གསུམ་གྱིས་ཐེན་ཨན་མེན་སྒོ་ཆེན་སྟེང་གི་མའོ་ཡི་འདྲ་པར་ལ་ནག་བཙོག་བཟོས་པ་དེར་ལོ་ ༨ ནས་ ༡༨ བར་གྱི་བཙོན་འཇུག་ཉེས་ཁྲིམས་བཅད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

ལོ་ངོ་ ༡༢༧ རྗེས་ནས་སངས་རྒྱས་ཀྱི་རིག་དངོས་ཕྱིར་སློག་བྱས།

ཆུ་ཚོད་ ༦ སྔོན་ལ།
Flood in Bhotekoshi river washes away Nepal-China border bridge-at-Rasuwagadhi
Mobile App

བོད་མཐོ་སྒང་གི་འཁྱག་རོམ་བཞུས་རྐྱེན་བལ་ཡུལ་ནང་ཆུ་ལོག་འབྱུང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༧ སྔོན་ལ།
སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་། ༢༠༢༥།༠༧།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་གནས་སྡོད་མངའ་སྡེ་ལྔའི་ནང་ཕྱོགས་ཕེབས་གནང་བཞིན་པ།

ཆུ་ཚོད་ ༨ སྔོན་ལ།
ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཏ་ཕིར་གྷའོ་མཆོག་བཞུགས་སྒར་དྷ་རམ་ས་ལར་ཆེད་ཕེབས་ཀྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༤།༠༩།༠༦
Mobile App

འཚེ་མེད་ཞི་བདེའི་གནས་མཆོག་རྒྱ་གར་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞི་བདེའི་རླབས་ཆེན་མཛད་པར་ཆེ་བསྟོད་གཟེངས་རྟགས་དབུལ་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཨོ་གླིང་གྲོས་ཚོགས་ནང་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས།

༢༠༢༥/༠༧/༣༠
འབའ་རྫོང་དུ་འཚོགས་མུས་ཡིན་པའི་ཐུན་ཏེ་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས།
Mobile App

བོད་ནང་འདུ་འཛོམས་དམ་དྲག་བྱེད་ཀྱི་ཡོད་པ་དང་བསྟུན་དྲིལ་བསྒྲགས་ཤུགས་ཆེ་རུ་བཏང་།

༢༠༢༥/༠༧/༣༠

མཆན། 15

  1. ནད་པ says:
    ལོ་ 16 སྔོན།

    མའོ་ཙེ་ཏུང་ནི་དུས་རབས་པའི་ནང་ཞིང་པའི་བུ་ཕྲུག་དཀྱུས་མ་ཞིག་གིས་བསླབ་སྦྱོང་ལ་འབད་པ་བྱས་དེ་རིམ་པས་འཐབ་འཛིན་ཁྲོད་དུ་རང་གི་བསམ་འདུན་མ་ལུས་པ་མངོན་དུ་བསྒྱུར་ཐུབ་མཁན་གྱི་མི་ཞིག་ཡིན། སྐྱེ་བོ་དུང་ཕྱུར་མང་པོའི་བློ་ཁ་བསྒྱུར་ཐུབ་ཅིང་དེ་འདྲའི་དབང་བསྒྱུར་མཁན་ཞིག་རེད། སྐབས་དེར་མི་དམངས་ཡོངས་ཀྱིས་མའོ་ཁྲི་ལོར་བརྟན་པའི་འབོད་སྒྲ་སྒྲོག་ཅིང་མིག་ནས་མཆི་མ་ལྷུང་ལྷུང་དུ་གཏོང་བ་རེད། དེ་ལ་རྒྱུ་མཚན་ཅི་དམ།

    Reply
  2. ཨ་ལལ says:
    ལོ་ 16 སྔོན།

    བོད་ཤ་ཁྲག་རུས་གསུམ་ལགས།ཁྱེད་ལ་ལྷད་མེད་པའི་བོད་རིགས་ལ་ཤ་ཞེན་ཡོད་པ་འདི་ལ་དངོས་གནས་གཟི་བརྗིད་ཅིག་འདུགའོན་ཀྱང་མོའོ་ཙེ་ཏུང་གིས་བོད་པ་ཁ་ཐོར་བཟོས་པས་ཁོ་ལ་ཚིག་པ་ཟོས་པ་ལ་ཁག་མི་འདུགཡིན་ནའང་མོའོ་ཙེ་ཏུང་གི་ཕུགས་བསམ་མངོན་དུ་གྱུར་ཐུབ་པ་དེ་ཅིའི་ཕྱིར་བྱུང་མིན་ལ་ཁྱེད་ཀྱིས་ཐུགས་བསམ་བཏང་མེད་པ་འདྲ།དེ་ནི་བོད་ཀྱི་མོ་ཙེ་ཏུང་སྟེ་སྐུ་དྲག་དེ་ཚོ་རེད།དེ་ཚོ་ནི་མོའོ་ཙེ་ཏུང་ལས་ཀྱང་གདུག་རྩུབ་ཆེ་ལ་གཏིང་ཡང་ནག་པོ་རེད།ད་ལྟ་བཙན་བྱོལ་དུ་འང་དེ་ཚོས་འགན་ཁུར་བླངས་ནས་མི་དམངས་འགོ་ཁྲིད་ནས་ལོ་ངོ་ལྔ་བཅུའི་རིང་ལ་འཐུས་ཤོར་འདི་ཙམ་སོང་བ་དང་༧གོང་ས་མཆོག་གིས་ཀྱང་འཐུས་ཤོར་སོང་བ་ལ་ཐུགས་ཚབ་གནང་གི་ཡོད་པ་དང་།་འདི་དག་ཐམས་ཅད་གཞན་གང་ཡང་མིན་ལ་དེ་དག་གིས་ཆེད་དུ་བཟོས་པ་ཤ་རྟག་རེད།

    Reply
  3. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    གཅན་བཟོད་རྒྱམ། དེ་ནི་ཧང་སངས་དགོས་པ་ཞིག་རེད། ཕྱིར་མནའ་བསྐྱལ་ཞེས་པ་དེ་ནི་རང་གི་ཆོས་ལུགས་དང་འབྲེལ་བ་ཞིག་རེད། དེའི་ཕྱིར་ན་མི་རིགས་གང་དང་ཆོས་ལུགས་གང་ཞིག་ཡིན་ན་རང་གི་སེམས་ནས་འདོར་མི་སྲིད་པ་དེ་དཔང་དུ་བཙུགས་འོས་པ་རེད། གང་ཞིག་དཔང་དུ་བཙུགས་ན་དེ་ནི་སྲོག་ལ་ཐུགས་ཀྱང་འདོར་མི་སྲིད་ཞེས་པའི་དོན་ཡིན། ཁྱོད་ཀྱིས་ ༼མའོ་ཀྲུའུ་ཞིའོ་དགོན་པ།༽ ཞིས་མནའ་དེ་ལ་བལྟས་ཁྱོད་ཀྱི་ལྟ་བ་དེ་ནི་གསལ་བོར་རྟོགས་ཐུབ་པ་ཞིག་རེད།

    Reply
  4. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    གླེན་རྒན་ལགས་དངོས་གནས་རེད་དེ་འདྲའི་གནས་ཚུལ་དེ་བོད་མདོ་དབུས་ཁམས་གསུམ་ན་འདུག ལྷག་པར་དུ་ཁྱོད་ཀྱི་ཕ་ཡུལ་དང་ནང་མི་རྣམས་ནི་དེ་བས་ཀྱང་རྒྱ་སྒོར་ལ་དགའ་པོ་རེད།

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ལ྄ྷ་སའི་ལ྄ྷོ་ཁ་ཕྱོགས་སུ་ད་དུང་ཡང་མནའ་ས྄ྐྱལ་ན། མའོ་ཀྲུའུ་ཞི་ཟེར་གིན་ཡོད་ས྄ྐད། ངའི་གྲོགས་པོ་ཞིག་གིས་ཀྱང༌། མའོ་ཀྲུའུ་ཞིའོ་དགོན་པ། ཞེས་མནའ་བས྄ྐྱལ་བཞིན་འདུག་པ་ང་ལ་གོམས་ལོབས་སུ་སོང་འདུག

    Reply
  6. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    འདིར་དགུ་ཚིགས་ཀྱིས་གསུང་ཇི་བཞིན་བཀོད་ན ༼ཁོ་ལ་ཧ་ཅིང་མཐོང་ཆེན་བྱེད་བཞིན་ཡོད་པ་དངོས་གསལ་རེད། དེ་ནི་རྒྱ་རིགས་ཙམ་གྱི་མ་ཚད་བོད་རིགས་ལས་བྱེད་པ་སོགས་མང་པོ་ཡོད༽
    དགུ་ཚིགས་ཀྱི་ཕ་ཡུལ་ན་དེ་ལྟར་མིན་འགྲོ།

    Reply
  7. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    ཨ་རིག་གླེན་རྒན་ཁྱོད་ཀྱིས་༼དགུ་ཚིགས་ཅན་པོས་མོ་ཙེ་ཏུང་ལ་དགའ་མཁན་བོད་རིགས་ལས་བྱེད་པ་མང་པོ་ཡོད་མདོག་བཤད་འདུག་པ་ཁོང་གིས་ཚིག་གི་སྡེབ་སྦྱོར་མ་བདེ་བ་རེད།༽ཅི་ལ་ཟེར། ངས་བོད་རིགས་ལས་བྱེད་པ་སོགས་བོད་མི་མང་པོ་ཞིག་རྒྱ་དམར་ལ་དགའ་པོ་རེད་ཅེས་བཤད་པ་དེ་དངོས་གནས་ཡིན། དེར་མ་ཟད་བོད་ཀྱི་བླ་སྤྲུལ་མང་པོ་ཞིག་ཀྱང་ཁ་རྒྱ་ནག་ཕྱོགས་འཁོར་ནས་ལས་ག་སྣ་ཚོགས་བྱེད་བཞིན་པ་རེད། ངས་དངོས་ཡོད་ཀྱི་གནས་ཚུལ་བཤད་ན་ཁྱོད་ལ་ཕོག་དོན་ཅི་ཡིན། ངས་བལྟས་ན་ཁྱོད་ཀྱིས་ཀྱང་རྒྱ་སྒོར་ཁ་ཤས་ལ་བལྟས་ནས་ཕྱི་མགོ་ནང་འཚོང་བྱེད་བཞིན་ཡོད་པ་འདྲ། ཁྱོད་བོད་མི་ཞིག་གིས་དེ་འདྲ་ངོ་ཚ་འོས་པའི་ལས་ག་སྡུག་ཆགས་མི་མཛད་པར་ཞུ།

    Reply
  8. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    ས་སྒང་འདིའི་སྟེང་གི་མི་དབང་བསྡུད་ཅན་རྩིས་ན་མོའོ་ཙེ་ཏུང་ཡང་དགའ་རབས་ཅིག་ལ་སླེབས་ཀྱི་ཡོད་པ་རེད། འོན་ཀྱང་བརྩི་མཐོང་གི་ཆ་ནས་བཤད་ན་རྒྱ་ནག་དམར་ཤོག་ཚོགས་པ་གཅིག་བུ་རེད་མ་གཏོགས་འཛམ་གླིང་གི་ལོ་རྒྱུས་ནང་དུ་ཁོ་འཇར་མན་གྱི་ཧེ་ཐི་ལར་དང་གདན་གྲལ་གཅིག་རེད། དེར་བརྟེན་རྒྱའི་དམངས་གཙོ་དོན་གཉེར་བ་འགས་ཀྱང་དེང་སང་གནམ་བདེ་སྒོ་མོ་ཆེའི་མདུན་དུ་མོའོ་ཙེ་ཏུང་གི་པར་བཀལ་བ་འདི་རྒྱ་མི་རིགས་ཀྱི་ཞབས་འདྲེན་རེད་ཅེས་གསར་ལམ་ཁག་ཏུ་མཐོང་རྒྱུ་ཇེ་མང་ཡིན་པ་དེ་རེད། འཛམ་གླིང་འདི་འགྱུར་བའི་རང་བཞིན་ཅན་རེད།

    Reply
  9. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    དགུ་ཚིགས་ཅན་པོས་མོ་ཙེ་ཏུང་ལ་དགའ་མཁན་བོད་རིགས་ལས་བྱེད་པ་མང་པོ་ཡོད་མདོག་བཤད་འདུག་པ་ཁོང་གིས་ཚིག་གི་སྡེབ་སྦྱོར་མ་བདེ་བ་རེད།

    Reply
  10. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    རྒྱ་ནག་དམར་ཤོག་སྲིད་གཞུང་གི་སྲིད་འཛིན་ཐོག་མ་མའོ་ཙེ་ཏུང་ནི་རྒྱ་ནག་ལ་རིག་གནས་གསར་བརྗེ་བཟོ་མཁན་ཡིན་ལ། ཁོས་བཅོས་བརྒྱུར་གྱི་བྱ་བ་རླབས་ཆེན་འོག་མི་མང་གི་ཚེ་སྲོག་དང་ཆོས་ལུགས་ལ་བརྩེ་མེད་བཟོས་ཡོད། དེ་བོད་མི་ཙམ་མ་ཡིན་པར་རྒྱ་ནག་རང་གི་མི་སེར་དང་ཆོས་ལུགས་པ་ཚོ་ལའང་གནོད་འཚེ་ཚབ་ཆེན་བཟོས་པ་རེད། ཡང་ཕྱིར་ཁོས་སྲིག་དབང་སྒེར་འཛིན་འོག་མི་ས་ཡ་༧༠ནས་༡༠༠པར་གྱི་ཚེ་སྲོག་འཕྲོགས་ཡོད་པར་བཤད་ཡོད་པ་མང་ཆེ་བ་ནི་རྒྱ་ནག་རང་གི་མི་སེར་དང་ཆོས་ལུགས་པ་ཚོ་ཡིན་པ་རེད། དེས་ན་རྒྱ་ནག་མི་མང་གི་ཁོ་རང་དྲིན་ཆེན་ཡིན་པར་འདོད་པ་ག་ལ་སྲིད། དེའི་ཕྱིར་ད་དུང་ཡང་དངོས་གནས་བཤད་ན་རྒྱ་མི་མང་པོ་དམར་ཕྱོགས་རང་ལུགས་ལ་དགའ་པོ་མེད། ཡང་དམར་པོའི་ལྟ་བ་ལ་དགའ་མཁན་རྣམས་ཀྱིས་ནི་ནམ་རྒྱུན་ཁོ་ལ་ཧ་ཅིང་མཐོང་ཆེན་བྱེད་བཞིན་ཡོད་པ་དངོས་གསལ་རེད། དེ་ནི་རྒྱ་རིགས་ཙམ་གྱི་མ་ཚད་བོད་རིགས་ལས་བྱེད་པ་སོགས་མང་པོ་ཡོད།

    Reply
  11. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    མོའི་ཀྲུའུ་ཞིས་འཛམ་གླིང་སྟེང་གི་མི་གསོད་ལག་དམར་གྱི་གདན་གྲལ་ཏུ་འཚུད་ཡོད་ལ། འཛམ་གླིང་གི་སྲིད་དོན་པ་དག་གིས་དཔྱད་གཞི་གཙོ་བོ་ཞིག་ཀྱང་ཆགས་ཡོད་པ་རེད། ཡིན་ཡང་། རྒྱ་ནག་མི་མང་ལ་ཁོ་རང་དངོས་ནས་དྲིན་ཆེན་ཡིན་ངེས་རེད། འོན་ཀྱང་། མི་རིགས་གཞན་དག་ལ་དངོས་ནས་སྙིང་རྗེ་བྱེད་དགོས་པ་ཞིག་ཁོ་རང་གིས་བཟོས་ཡོད་པ་རེད། དམིགས་བསལ་གྱིས་དེའི་ནང་གི་ངེད་ཅག་བོད་པ་ཚང་གི་གཞིས་བྱེས་ཁ་འཐོར་འགྲོ་དགོས་པའི་གནད་དོན་གཙོ་བོ་དེ་ཡང་མི་དེས་བཟོས་པ་ཚང་མས་བརྗེད་མེད་ངེས་ཡིན།

    Reply
  12. ནད་པ says:
    ལོ་ 16 སྔོན།

    ད་ལྟའི་རྒྱ་ནག་འདི་འཛམ་གླིང་རྒྱལ་སྤྱིའི་སྟེང་དུ་རྐང་པ་བརྟན་པོ་འཚུགས་ཐུབ་པ་འདི་མའོ་ཡིས་ལེགས་སྐྱེས་གཙོ་བོ་ཞིག་དང། ཁོང་གིས་རིགས་གནས་གསར་བརྗེ་ཆེན་པོའི་ནང་ནོར་འཁྲུལ་ཡང་ཚབས་ཆེ་བཟོས་ཡོད། དེར་བརྟེན་ཁོང་ནི་འཛམ་གླིང་ནང་བཟང་ངན་གྱི་དཔྱད་གླེང་མཐའ་གཉིས་སུ་ལྷུང་བའི་རྩོད་གཞི་ཅན་ཞིག་ཡིན།།

    Reply
  13. རྭ་ལོ། says:
    ལོ་ 16 སྔོན།

    རིག་གསར་གྱི་རྗེས་ནས་ཀྱང་མི་རྣམས་ཡུན་རིང་ཞིག་ལ་སྐྲག་བསྡད་པ་རེད། ད་དུང་ཡང་དངོས་སུ་མའོ་ལ་སྐྱོན་བརྗོད་བྱེད་ཐུབ་མཁན་མེད། ངས་སྒྲུང་འདི་འདྲ་ཞོག་གོ་མྱོང་།

    མི་གཉིས་ཀྱིས་གླེང་མོལ་བྱས་ནས་བསྡད་པར་གཅིག་གིས་དྲིས་དོན།

    མའོ་ཀྲུའུ་ཞི་ཞེས་པ་དེ་དངོས་གནས་མོ་ཡིན་པ་རེད་དམ་ཅེས་དྲིས་པར། གཞན་པ་དེས། ཁྱོད་ཀྱིས་ཁ་ལ་བདག་བྱོས་མ་གཏོགས་ངས་ཡར་ཞུ་བྱེད་ཀྱི་ཡིན་ཞེས་ལན་བཏབས་པར། སྐད་ཆ་འདྲི་མཁན་དེ་ཞེད་ཐག་ཆོད་ནས། ཕྱིར་ངས་རྩེད་མོ་རྩེས་པ་ཡིན། དངོས་གནས་བཤད་ན་ཕོ་ཀྲུའུ་ཞི། ཕོ་ཀྲུའུ་ཞི་རེད་ཅེས་བཤད་པ་རེད་ཟེར།

    Reply
  14. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    དོན་རྐྱེན་འདིས་ང་ལ་ལོ་ངོ་དུ་མའི་སྔོན་གྱི་གནས་ཚུལ་ཞིག་ཕྱིར་དྲན་བྱེད་དུ་བཅུག་པ་སྟེ། ང་སློབ་ཆུང་དུ་ཡོད་དུས་རིག་གནས་གསར་བརྗེའི་དུ་བ་ཡལ་དང་ཡལ་བཞིན་ཡོད་ན་ཡང་། ད་དུང་རིག་གསར་གྱི་སྐྱག་པའི་དྲི་མ་རྫོར་བོ་དེ་ད་དུང་བོད་ས་ཀུན་ཏུ་འཐུལ་བཞིན་ཡོད། ཉིན་ཞིག་ངའི་སློབ་གྲོགས་གཅོད་པ་ཐར་ཟེར་བའི་ཞ་ཞིས་ཤིག་ཡོད་པ་དེས་སློབ་གྲྭའི་མའོ་ཡི་ལྕགས་ཀྱི་འདྲ་པར་ཆེན་པོ་ཞིག་ཡོད་པའི་མིག་འབྲས་ཀྱི་ཐད་ཀར་གྲི་བཙུགས་ནས་ཨི་ཁུང་བརྟོལ་ཅིང་། ད་དུང་དེའི་སྟེང་དུ་རྟ་བཞིན་ཞོན་ནས་གདོན་འདྲེ་འདི་ཟེར་ཞོར་ཡར་འགྲོ་མར་འགྲོ་ལན་མང་བྱས་པ་དང་། དགོང་མོ་ཞིག་ལ་ཁོ་རང་ཆུ་འཁྱིལ་ཞིག་གི་ནང་དུ་ལངས་སུ་བཅུག་སྟེ་ཆད་པ་ཡང་བཅད་སོང་། དེ་དུས་ངོ་མ་ངེད་ཅག་གིས་ཁོ་རང་ཉེས་ཅན་པ་ཚབས་ཆེན་ཞིག་ཏུ་བརྩིས་པ་རེད། ཁོས་ད་དུང་ཁོའི་ནག་ཉེས་ཟེར་བ་ཞིག་ཁས་མི་ལེན་པའི་སྟེང་དུ་ཁོའི་ཨ་ཕས་མའོ་ནི་བདུད་ཀྱི་རྒྱལ་པོ་ཞིག་རེད་ཟེར་གི་ཞེས་ཇེ་མཁྲེགས་ནས་ཇེ་མཁྲེགས་ཡིན་པས། མཐའ་མར་སློབ་གྲྭའི་དགེ་རྒན་ཚོས་ཀྱང་མའོ་ཡི་ནག་ཉེས་དང་གཅོད་པ་ཐར་གྱི་ནག་ཉེས་གང་ཞིག་ལྕི་བ་རྩད་གཅོད་བྱེད་མ་ནུས་པར་དོན་དག་དེ་འདྲ་ཞིག་བྱུང་མེད་པའི་ཁུལ་དུ་བཞག་པ་རེད།

    Reply
  15. དབུས་ཕྲུག་ཚེ་རིང་། says:
    ལོ་ 16 སྔོན།

    གང་ལྟར་དུས་ཚོད་སྔ་ཕྱི་མ་གཏོགས་ཁོང་ལ་ཁྲིམས་གཏུགས་གྱོད་གཞིའི་སྟེང་ནས་ནག་ཉེས་དེ་ཕོག་ངེས་ལ།དེས་བས་ཀྱང་ཆད་པ་ཕོག་ངེས་རེད།དེ་ལྟའི་དཔེ་མཚོན་ཡང་དེ་སྔོན་ནས་བྱུང་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese