མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་གུར་བས་གྱེན་ལང་བྱས།

བོད་ཀྱི་དུས་བབ།
༢༠༠༩/༠༧/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་དྲོ་ཡུ་གུར་ནང་ཞི་བའི་གྱེན་ལང་ཆེན་པོ་ཞིག་བྱུང་སྟེ། མི་ ༡༤༠ ལྷག་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། མི་ ༨༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག དེ་བཞིན་གཞུང་གི་ལས་ཁུངས་དང་ཚོང་ཁང་། རླངས་འཁོར་དང་སྤྱི་དམངས་ཀྱི་སྡོད་ཤག་གང་མང་ཞིག་ལ་གཏོར་རྐྱོན་ཚབས་ཆེན་བཏང་ཡོད་འདུག

 

ཁ་སང་ཕྱི་ཚེས་ ༥ ཉིན་གཟའ་ཉི་མའི་ཕྱི་དྲོའི་པེ་ཅིན་གྱི་ཆུ་ཚོད་ ༥ ཙམ་ལ། ཡུ་གུར་ས་ཁུལ་གྱི་ཨོ་ལོ་མོའུ་ཆུ་ཟེར་བའི་གྲོང་ཁྱེར་ནང་། ཡུ་གུར་བ་ ༡༠༠ ལྷག་གིས་རྒྱ་ནག་གཞུང་ལ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གཞི་བརྒྱ་ཆེན་པོ་ཞིག་བྱས་ཡོད་པ་དང་། ཆུ་ཚོད་སྐར་མ་བཅུ་ཙམ་གྱི་རྗེས་ནས་ས་གནས་ཉེན་རྟོག་སྐོར་སྲུང་དམག་མི་ཕོན་ཆེན་སླེབས་ཏེ། ཞི་བའི་ངོ་རྒོལ་བ་དག་གི་ཁྲོད་གང་བྱུང་དུ་དུག་རླངས་གཏོར་བ་དང་མེ་མདའ་བརྒྱབས་སོགས་དྲག་ཆས་བེད་སྤྱོད་བཏང་སྟབས། ཕྱོགས་སོ་སོ་ནས་ཡུ་གུར་བ་ངོ་རྒོལ་བ་སྟོང་ཕྲག་མང་བོ་འདུས་ཏེ་གཞུང་གི་ལས་ཁུང་དང་འགྲིམ་འགྲུལ་རླངས་འཁོར། ཉེན་རྟོག་པའི་རླངས་འཁོར་སོགས་ལ་མེ་སྐྱོན་དང་གཏོར་བཅོམ་ཚབས་ཆེན་བཏང་ཡོད་པ་མ་ཟད། ཟིང་འཁྲུག་དེའི་ཁྲོད་ཉུང་མཐར་ཕྱོགས་གཉིས་ཀའི་མི་བརྒྱ་དང་བཞི་བཅུ་ ༡༤༠ ལྷག་རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་བརྒྱད་བརྒྱ་ ༨༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག ཡུ་གུར་རིང་སྐྱོང་ལྗོངས་ཀྱི་གཞུང་འབྲེལ་གསར་ཁང་གི་སྤྱི་ཁྱབ་པ་ཝོའུ་ནོན་གྱིས་བརྗོད་པ་ལྟར་ན། ཟིང་འཁྲུག་འདིའི་ཁྲོད་རླངས་འཁོར་ཉིས་བརྒྱ་དྲུག་བཅུ་ ༢༦༠ ལྷག་དང་། ཚོང་ཁང་ཉིས་བརྒྱ་ ༢༠༠ ལྷག་ལ་གཏོར་སྐྱོན་ཐེབས་ཡོད་འདུག

 

རྒྱ་ནག་གཞུང་གིས་ཐེངས་འདིའི་ངོ་རྒོལ་ཟིང་འཁྲུག་སློང་མཁན་གྱི་གཏེ་བོ་ནི། ཨ་རིར་གནས་བསྡོད་རྒྱལ་སྤྱིའི་ཡུ་གུར་བཙན་བྱོལ་བའི་དབུ་ཁྲིད་ལྕམ་རིས་བྷིས་ཡ་ཁཱ་ཌར་མཆོག་ཡིན་ཚུལ་སྐྱོན་འཛུགས་བྱེད་བཞིན་ཡོད་པ་དང་།  བྷིས་བྷིས་སུའི་གསར་འགོད་པ་ཁི་རུ་སི་ཧོགྷི་ཡིས་ཧྲང་ཧེ་ནས་བརྗོད་པ་ལྟར་ན། དྲག་ཟིང་ཆེ་བའི་ངོ་རྒོལ་འདི་ནི་ལོ་ངོ་ཉི་ཤུའི་སྔོན་ལ་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་གྱི་རྗེས་ནས་བྱུང་བ་ཐེངས་དང་པོ་ཡིན་འདུག རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཏུ་ཡུ་གུར་བ་བརྒྱ་ཕྲག་འགའ་འཛིན་བཞུང་བྱས་ཟིན་པའི་གནས་ཚུལ་བཀོད་འདུག་ཀྱང་། ད་ལྟ་ཡུ་གུར་ཁུལ་དུ་ཁ་པར་དང་དྲ་རྒྱ་ཁག་ཚང་མ་དམ་དྲག་བྱས་ཟིན་སྟབས། སྐབས་ཐོག་གི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་ཡོད་མི་འདུག དེ་རིང་སྔ་དྲོ་ཡུ་གུར་ས་ཁུལ་གྱི་མི་ཞིག་གི་ཕྱི་ཕྱོགས་སུ་བརྗོད་པ་ལྟར་ན། དམག་མའི་རླངས་འཁོར་ནང་ཡུ་གུར་བ་བསད་པའི་ཕུང་པོ་མང་པོ་དབོར་འདྲེན་བྱེད་བཞིན་འདུག་ཟེར། ༼གོང་གི་གནས་ཚུལ་དེ་གནམ་མཁའ་བསྟན་འཛིན་ལགས་ཀྱི་ཟིན་བྲིས་ལས་འདྲེན་བཀོད་བྱས༽

 

དེ་རིང་སྔ་དྲོ་གོང་གི་གནད་དོན་དེའི་སྐོར་ལ་ཀྲུང་གོའི་དྲིལ་བསྒྲགས་གསར་ལམ་སོགས་སུ་གནས་ཚུལ་བཀོད་པ་ལྟར་ན།  ཁ་སང་ཕྱི་ཚེས་ ༥ ཉིན་གྱི་དགོང་མོའི་ཆུ་ཚོད་ ༨ ནས་ ༡༡ བར་ཞིན་ཅང་བུ་ལུ་མུ་ཆུའི་གྲོང་ཁྱེར་དུ་མི་དམངས་གྱེན་ལོག་གི་དོན་རྐྱེན་བྱུང་སྟེ། སྤྱི་དམངས་དང་ཉེན་རྟོག་པ་མང་པོ་ཞིག་ལ་ཤི་རྨས་ཚབས་ཆེན་བྱུང་། རྒྱུས་ལོན་བྱུང་བ་ལྟར་ན། དེ་ནི་མི་རིགས་ཁ་བྲལ་རིང་ལུགས་པ་རིག་པུས་ཡ་ཟེར་བ་ཞིག་གིས་མགོ་འཛིན་བྱས་པའི ” འཛམ་གླིང་ཡུ་གུར་མི་རིགས་འཐུས་མི་ཚོགས་ཆེན ” ཟེར་བས། དེ་རིང་དྲ་རྒྱ་སོགས་བརྒྱུད་ལམ་གང་མང་བེད་སྤྱད་དེ། ” སྙིང་སྟོབས་བསྐྱེད་རོགས ” དང་།  ” བྱ་བ་ཆེན་པོ་བསྒྲུབ་དགོས ” ཟེར་བའི་སོགས་ཀྱི་འུ་སྒྲོག་བྱས་ཏེ། མི་དམངས་འོས་ལངས་ཀྱི་ཟིང་འཁྲུག་དོན་རྐྱེན་དེ་བྱུང་བ་རེད།

 

ཞིན་ཅང་ཏང་ཨུ་ཧྲུའུ་ཅི་དང་། དམངས་ཆེན་སྤྱི་དཔོན་གཞོན་པའི་འགན་གཅིག་ལྕོགས་སུ་བཞེས་པ་དེས་གསར་ལྷན་ཚོགས་སྟེང་བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་མི་དམངས་གྱེན་ལོགས་ཁྲོད། མི ༡༤༠ ཤི་རྐྱེན་ལམ་དུ་ཕྱིན་པ་དང་། གཞན་མི་ ༨༢༨ ཙམ་ལ་རྨས་སྐྱོན་ཕོག རླངས་འཁོར་ ༢༦༡ ཙམ་མེར་བསྒྲོན་པ་དང་། ཚོང་ཁང་ ༢༠༣ དང་། སྤྱི་དམངས་ཀྱི་སྡོད་ཤག་ ༡༤  ཙམ་ལ་གཏོར་བཅོམ་བཏང་། ཞེས་བརྗོད་འདུག

གོང་གི་གནས་ཚུལ་དེར་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ། ༼ ཡུ་གུར་གྱི་ ༧. ༥ དོན་རྐྱེན་ ༽ ཞེས་སྐྱོན་བརྗོད་དང་འཁྱོག་བརྗོད་འདྲ་མིན་བྱེད་ཀྱིན་ཡོད་འདུག་ལ། མི་ཤི་རྨས་ཀྱི་གནས་ཚུལ་ཁ་གསལ་གང་ཡང་བཀོད་མི་འདུག

 

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

ཆུ་ཚོད་ ༩ སྔོན་ལ།
Mobile App

རྒྱ་གར་གྱིས་འཛམ་གླིང་གི་མེ་འཁོར་ལྕགས་ལམ་མཐོ་ཤོས་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

༢༠༢༦/༠༤/༡༣
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༡༣
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠

མཆན། 18

  1. དབུས། says:
    ལོ་ 17 སྔོན།

    ང་ཚོས་ཡུ་གུར་བ་ལྟར་ཆིག་སྒྲིལ་བྱེད་དགོས།ང་ཚོ་ཡུ་གུར་བ་དང་ལག་གདང་སྦྲེལ་དགོས།

    Reply
  2. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    ཡུ་གུར་བ་དང་ང་ཚོའི་བར་དུ་བསྡུར་རྒྱུ་མང་པོ་ཞིག་འདུག ང་ཚོ་ལ་དབུ་ཁྲིད་རླབས་ཆེན་ཞིག་ཡོད་པ་དང་བཙན་བྱོལ་གཞུང་ཞིག་ཡོད་སྟབས་ཕྱིའི་རྒྱབ་སྐྱོར་ཀྱང་མི་དམན་པ་ཐོབ་མྱོང་མོད་རྡོག་རྩ་གཅིག་སྒྲིལ་གྱིས་དགྲ་འདུལ་གཉེན་སྐྱོང་བྱེད་སྟངས་ཐད་ནས་ཡུ་གུར་བ་ལ་བསྡུར་མི་ཐུབ་པ་འདྲ། དེའི་རྒྱུ་རྐྱེན་གང་ཡིན་ནམ། གཅིག་བྱས་ན་ངས་ནོར་བ་ཡིན་སྲིད།

    Reply
  3. རི་རྒྱལ་ལྷུན་པོ says:
    ལོ་ 17 སྔོན།

    བོད་མི་རིགས་ལ་རང་དབང་དགོས་པ་ལྟར་ཡུ་གུར་མི་དམངས་ལའང་རང་དབང་དགོས། རང་དབང་ནི་སྲོག་ལྡན་ཚང་མར་རང་བྱུང་ཁོར་ཡུག་ནང་གཤིས་སུ་གྲུབ་པའི་ཐོབ་ཐང་ཞིག་སྟབས་རྒྱ་ནག་མི་མང་དོང་ཕྱུར་བཅུ་གསུམ་ལ་ཡང་ངེས་པར་ཚད་དང་ལྡན་པའི་རང་དབང་ལོད་དགོས།

    རྒྱ་ནག་གི་དབུ་ཁྲིད་ཚོས་ངེས་ཞི་བའི་སྒོ་ནས་དཀའ་ངལ་དེའི་རིགས་སེལ་བར་ཐུགས་ཞིབ་ཟབ་མོ་གནང་དགོས་ དེ་མིན་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་འདི་རིང་པོར་མིཐོག་པར་འཐོར་བཤིག་ཏུ་འགྲོ་བར་ཉེན་ཁ་ཧ་ཅང་ཆེན་པོ་རེད། བརྩེ་བའི་ཡུ་གུར་མི་མང་ལ་སྙིང་ཐག་པ་ནས་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།།

    Reply
  4. ཟུར་མཁར་ says:
    ལོ་ 17 སྔོན།

    ཨ་ལའི་རྗེས་འཇུག་པ་རྣམས་ཆོས་ལུགས་དང་རིག་གཞུང་མི་རིགས་ཀྱི་ཆེད་དུ་རྡོག་རྩ་གཅིག་བསྒྲིལ་རེད་འདུག ང་ཚོའི་སློབ་སྦྱོང་བྱེད་དགོས་པ་འདུག
    མདང་དགོང་སྐུ་ངོ་ཧོ་ཅིན་ཐོ་སྟོབས་ཆེན་རྒྱལ་ཁབ་བརྒྱད་ཀྱི་ཚོགས་འདུ་ནས་དགོངས་ཞུ་ཀྱིས་ཛ་དྲག་ཕྱིར་ལོག་བྱས་སོང་

    Reply
  5. ཁྱུང་ཚང་། says:
    ལོ་ 17 སྔོན།

    ཐེངས་འདིའི་དོན་རྐྱེན་ཁྲོད་འདས་ཟིན་པ་རྣམས་ཨ་ལ་མཆོག་གིས་དྲུང་དུ་སྐྱེས་པར་ཤོག

    Reply
  6. གངས་ཅན། says:
    ལོ་ 17 སྔོན།

    ཁ་སང་རྒྱ་མི་རྣམས་ཤིན་ཅིང་དུ་ཡར་ལངས་བྱས་ཏེ་ཡུ་གུར་མི་རིགས་དང་འཐབ་པའི་ཆེད་དུ་ལག་ཏུ་སྦྱག་མ་དང་དབྱུག་པ་ཟིན་ཏེ་ཁྲོམ་གཞུང་དུ་རྒྱུག་པ་དང་། དེ་ལ་ཉེན་རྟོག་པ་དང་དམག་མི་ཡིས་བཀག་འགོག་བྱེད་ཀྱི་མེད་པར་ཁྲོམ་གཞུང་དུ་གང་བྱུང་དུ་རྒྱུག་ནས་འགྲོ་ཡི་འདུག་ལ། དེ་ནང་གི་རྒྱ་མི་ཞིག་གིས་དེ་རིང་ང་ཚོས་ཡིན་གཅིག་རྒྱལ་ཁ་ལེན་རྒྱུ་ཟེར། ད་དུང་མང་པོ་ཞིག་གིས་རྒྱལ་ཁབ་ཀྱི་དམག་མི་དང་ཉེན་རྟོག་པའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་པའི་འཁང་ར་བྱེད་ཀྱི་འདུག རྗེས་མ་དེར་དམག་མི་མི་རིགས་གཉིས་གདོང་ཐུག་རྒྱག་པའི་བར་དུ་ཐོན་ཏེ་བཀག་འགོག་བྱེད་ཀྱི་འདུག ད་རྒྱ་མི་ཧམ་པ་ཆེ་རུ་ཆེ་རུ་འགྲོ་གི་འདུག མིའི་ས་ཐོག་ནས་བསྡད་དེ་ད་དུང་རྒྱུག་པ་བཟུང་ནས་རྡུང་གི་ཡོང་བ་འདི་ཧམ་པ་ཆེན་པོ་མ་རེད་དམ། དེ་ནི་རྒྱ་དམར་གཞུང་གི་མི་རིགས་བར་ལ་འཕངས་པའི་དཀྲུག་ཤིང་མ་རེད་དམ། ཧུའུ་ཡི་འཆམ་མཐུན་སྤྱི་ཚོགས་དེ་གང་ན་ཡོད་དམ།

    Reply
  7. ལ་སྟོད་བློ་བཟང་ says:
    ལོ་ 17 སྔོན།

    »Þ-Gݼ-±ô-PÅ-Åï¤Å-bÛP-mÅ-Eïh-±ô¼-Mz-Bô¼-‚ïh- PÅ-¤hÝm-hÝ-zBôh-mÅ-¤-zXïh-q-‚ïh

    Reply
  8. ལ་སྟོད་བློ་བཟང་ says:
    ལོ་ 17 སྔོན།

    »Þ-Gݼ-±ô-PÅ-Åï¤Å-bÛP-mÅ-Eïh-±ô¼-Mz-Bô¼-‚ïh- PÅ-¤hÝm-hÝ-zBôh-mÅ-¤-zXïh-q-‚ïh-

    Reply
  9. འབྲོག་གཡག says:
    ལོ་ 17 སྔོན།

    here no Tibetan so wroted in to English, I think those poor peaple are right to that.

    Reply
  10. ཆུ་ཐིགས་སྔོན་མོ། says:
    ལོ་ 17 སྔོན།

    ང་ཚོས་ཀྱང་གོ་སྐབས་འདི་བཟུང་ནས་ལས་འགུལ་ཞིག་སྤེལ་ན་ཡག་པོ་ཡོད་ས་རེད། གཅིག་ལང་དུས་གཅིག་གིས་བལྟ་བ་ལས་མཉམ་ལངས་བྱས་ན་དེ་ཡག་པ་མེད་འགྲོ།

    Reply
  11. དུག་ཚེར། says:
    ལོ་ 17 སྔོན།

    ཡུུལ་གུར་བ་འདི་དག་འོས་ལོང་བྱེད་པའི་རྒྱུ་རྐྱེན་ང་ཚོ་དང་གཅིག་པ་ཡིན་རྒྱུ་རེད་སྙིང་རྗེ། ད་ཡང་རྒྱ་ནག་དམར་ཤོག་པས་རྫིན་གྱིསྒོ་མོ་ཕྱེ་བར་འགོ་གཙུག་ངེས་རེད།

    Reply
  12. བར་དོ་བ། says:
    ལོ་ 17 སྔོན།

    ཡུ་གུར་བས་འབོད་སྒྲའི་ང་ཚོ་ལ་གསོན་ཤུགས་རྒྱས་དགོས་གྲོགས་པོ་ཚོ།

    Reply
  13. བར་དོ་བ། says:
    ལོ་ 17 སྔོན།

    ཡུ་གུར་པའི་འབོད་སྒྲའི་ང་ཚོ་ལ་གསོན་ཤུགས་རྒྱས་དགོས་གྲོགས་པོ་ཚོ།

    Reply
  14. ཟ་ལེ་རྒྱལ། says:
    ལོ་ 17 སྔོན།

    བུ་ལྷ་མཆོད་རྒྱུ་ཚོ། འཛམ་གླིང་མི་དམངས་ལ་ཚེ་སྲོག་གི་བདེན་དཔང་བསྟན་དེས་ཉམ་ཆུང་ཚོའི་སྡུག་བསྔལ་འདི་ཚང་མས་རྟོགས་པར་ཤོག།

    Reply
  15. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    ཚེ་འདས་རྣམས་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བ་དང་། གསོན་པོ་རྣམས་ལ་བདེ་སྐྱིད་འཐོབ་པར་ཤོག

    Reply
  16. དགུ་ཚིགས་སྐྱ་མོ། says:
    ལོ་ 17 སྔོན།

    ཡུ་གུར་ཁུལ་པ་དང་བོད་མི་བར་གྱི་མཐུན་འབྲེལ་ནི་བཟང་རྒྱུ་ཅི་ཡང་མེད་པ་ཞིག་རེད། དེའི་རྒྱུ་སྐྱེན་ཡང་རྒྱ་གཞུག་གི་མི་རིགས་གྲངས་ཉུང་སོ་སོའི་བར་ལ་ཐབས་ཤེས་སྣ་ཚོགས་ཀྱིས་སྒོ་ནས་འགལ་བ་གཏོང་བཞིན་ཡོད་པའི་སྐྱེན་གྱི་ཡིན་པ་རེད། བོད་མི་ཚོ་དང་ཡུ་གུར་པ་ཚོའི་བར་ལ་དངོས་གནས་བཤད་ན་འགལ་བ་ཅི་ཡང་མེད་པར་མ་ཟད་ངོ་ཚོ་ཁྱིམ་ཚེས་ཡིན་པ་དང་སྐྱིད་སྡུག་གི་བརྒྱུད་ལམ་ཡང་གཅིག་པས་ན་མ་འོངས་པར་ངེས་པར་དུ་ཕན་ཚུན་བར་གྱི་འབྲེལ་ལམ་ཡང་རྒྱས་གཏོང་དགོས་སྙམ།

    Reply
  17. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    རྒྱལ་ཁབ་གཞན་གྱིས་གློག་བརྙན་ནང་དུ་བལྟ་རྒྱུ་འདུག དངོས་ནས་ཡིད་སྐྱོ་བ་ཞིག་རེད་ལ། མི་མང་གིས་ཁོང་ཁྲོ་ནི་མེ་ལྕེ་ལས་ཀྱང་འབར་བཞིན་འདུག ཁྲག་གི་ངོ་གདོང་འཁྲི་བཞིན་འདུག་པ་དང་། མིག་ཆུའི་རང་དབང་གི་འབོད་སྒྲ་སྒྲོག་བཞིན་འདུག རྒྱ་འདི་བ་ཚང་གིས་མི་མང་ཚོ་དམར་གསོད་བྱེད་རྒྱུར་ཡ་ང་ཞིག་མེད་པ་འདྲ། སྙིང་རེ་རྗེ། ཉེས་མེད་ཀྱི་མི་མང་དེ་ཚོ།

    Reply
  18. རི་བོང། says:
    ལོ་ 17 སྔོན།

    བཙན་དབང་འོག་གི་མི་དམངས་ཚོ་སྙིང་རྗེ། སྡུག་བསྲན་ཕྱི་ལ་ཤོར་ནས་སྡུག་སྲོག་རྒྱ་དམར་གྱིས་འཕྲོག་པ་རེད། ན་ནིང་བོད་པ་ད་ལོ་ཡུ་གུར་བ་ད་འདི་ཚང་ལ་ལས་འབྲས་ཞིག་སྨིན་ན་ད་ཆོག་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese