མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚོ་འོག་ནས་ཉའི་གྲོང་ཚོ་ལ་བལྟ་བསྐོར་བྱིན་པ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༧/༡༡
Share on FacebookShare on TwitterShare on EmailShare on Whatsapp


སྤྱིར་ རང་ཉིད་བོད་ཡུལ་ནས་སྐྱེ་བའི་བོད་ཀྱི་བུ་ཞིག་ཡིན་སྟབས། མཚོ་དང་ཁ་ཐག་རིང་བོ་ཡོད་ཅེས་བཤད་ཀྱང་འགྲིག་པ་མ་ཟད། དེ་ལས་ཀྱང་མཚོ་འོག་ཏུ་སོང་དེ་ཉའི་གྲོང་ཁྱེར་ལ་བལྟ་འདོད་ཀྱི་རྨི་ལམ་ཡང་རྨིས་ མྱོང་མེད་ཚོད་ཡིན། རེད་དེ། དེ་རིང་ཞོགས་པ་སྔ་བོ་ང་དང་ངའི་དགའ་རོགས་ཀྱི་གྲོགས་མོའི་རྒད་པོ་ངེད་གཉིས་ ཁོའི་སྐྱེ་སྐར་གྱི་ལག་རྟགས་ལ་ངའི་དགའ་རོགས་ཀྱིས་ངེད་གཉིས་ལ་མཚོ་འོག་ཏུ་ལྟ་ བསྐོར་ལ་འགྲོ་བའི་ཐོ་འགོད་བདུན་ཕྲག་གཅིག་གི་སྔོན་ཏུ་བྱས་འདུག ངའི་དགའ་རོགས་ཀྱི་གྲོགས་མོའི་རྒད་པོ་ཡང་མི་ལོ་བཞི་བཅུའི་རིང་དུ་མཚོ་འགྲམ་ འདི་ནས་འཚར་ལོངས་བྱུང་ན་ཡང་། མཚོ་ཞབས་དུ་གཏན་ནས་སོང་མྱོང་མི་འདུག་ལ་མཚོ་ཞབས་དུ་འགྲོ་བའི་སློབ་ཁྲིད་དུ་ ཡང་སོང་མྱོང་མི་འདུག གང་ལྟར། དེ་རིང་ངེད་གཉིས་མཚོ་ཞབས་དུ་འཁྲིད་མཁན་གྱི་མི་གཉིས་ཀྱིས་ངེད་གཉིས་རེ་རེ་ བྱས་དེ་མཚོ་ཞབས་དུ་འགྲོ་བྱེད་ཀྱི་གོན་པ་ཆ་ཚང་རེ་གོན་རྗེས། མཚོ་ཞབས་ནས་དབུགས་ལེན་སྟངས་དང་མཚོ་ཞབས་ནས་གདོང་ཤེལ་ནང་དུ་ཆུ་འཛུལ་ན་ཕྱི་རུ་ འཕུད་སྟངས་སོགས་ངོ་སྤྲོད་བྱས་རྗེས་ང་རང་མི་གཅིག་གིས་འཁྲིད་དེ་ཆུ་ཞབས་དུ་ འགྲོ་རྒྱུའི་མགོ་བཙུགས་ནས་སྐར་མ་ཁ་ཤས་ཀྱི་རྗེས་སུ་ང་རང་ལ་འཇིགས་སྣང་ཞིག་ཤར་ ནས་ལག་བརྡ་བྱས་དེ་མཚོ་མཁའ་རུ་འགྲོ་བར་ཕྱོགས་པ་ཡིན།
འཇིགས་སྣང་དེ་ནི་ ནམ་རྒྱུན་ཆུ་རྐྱལ་བྱེད་དུས་རྣའི་ནང་ནས་དབུགས་ལེན་པ་ལས་ཁ་ནས་དབུགས་ལེན་གྱི་ ཡོད་པ་མ་རེད། དེ་རིང་མཚོ་ཞབས་ནས་ཁའི་ནང་ནས་དབུགས་ལེན་དགོས་པ་ལས་རྣའི་ནང་ནས་དབུགས་ལེན་ སྟངས་ཤིག་མེད་སྟབས་དཀའ་ངལ་དང་འཇིགས་སྣང་གཉིས་གཅིག་འཆར་ཏུ་ཤར་བ་རེད།
དེ་ ནས་སླར་ཡང་འཁྲིད་མཁན་གྱི་བཤད་པ་ལྟར་མཚོ་ཞབས་དུ་འཛུལ་བ་ཡིན། སླར་ཡང་། སེམས་འཚབ་འཚུབ་དུ་གྱུར་ནས་ཁའི་ནང་གི་དབུགས་ཡག་པོ་ཞིག་ལེན་མི་ཤེས་པར་གྱུར་ སྐབས། མཚོ་མཁའ་རུ་འབུད་རྒྱུར་ལག་བརྡ་བསྟན་པ་ཡིན། དེ་ནས་ཁོང་གིས་ང་རང་ལ་སེམས་གནད་དུ་འབབ་དགོས་པ་མ་ཟད། རང་གིས་གང་འདོད་ཀྱིས་ཨུ་ཚུགས་རྒྱག་མི་ཉན། ལྷག་པར་ཏུ་ང་རང་ཁྱེད་ཀྱི་འཁྲིས་སུ་ཡོད་སྟབས། མ་བདེ་བ་ག་རེ་བྱུང་ན་ལག་བརྡ་སྟོན་ཟེར་ནས་ངེད་གཉིས་མཚོ་ཞབས་དུ་འཛུལ་བ་ཡིན།
དེ་ ནས་ང་རང་གིས་ཁོང་གང་ལག་བརྡ་གནང་བ་དེའི་ཚུགས་ཀར་བལྟ་ཞོར་ཏུ། མཚོ་ཞབས་ཀྱི་ཉའི་གྲོང་ཁྱེར་ལ་བལྟས་པ་ཡིན། དེ་ནི་དངོས་ནས་ཧ་ལས་པའི་ཡག་པོ་ཞིག་འདུག་པ་མ་ཟད། རྒྱ་མཚོ་ནང་གི་རྡོ་ཆགས་དེ་ཚོ་བོད་པ་ཚང་གི་རྩ་ཆེན་ཏུ་འདོད་ནས་རང་གི་སྐེ་དང་ རྣ་རྒྱན་ཏུ་འདོག་བཞིན་པ་དེའི་རིགས་ཁ་ཤས་ཤིག་ཡང་མཐོང་བ་མ་ཟད། རིགས་མི་འདྲ་བའི་ཉ་མང་བོ་ཞིག་དང་ཚོན་ཁྲ་ལྡན་པ་མི་ཉུང་བ་ཞིག་ཀྱང་མཚོ་ཞབས་དུ་ འཛུལ་ནས་ལྟ་རྒྱུ་བྱུང་།
དངོས་ནས་ཧ་ལས་པའི་ཉམ་མྱོང་ཐེངས་ཤིག་རེག་སོང་། དེ་ནི་དངོས་ནས་རྒྱ་མཚོའི་འགྲམ་ཏུ་བསྡོད་མཁན་ཞིག་ཡིན་ན་དངོས་ནས་ཤེས་དགོས་པ་ ཞིག་རེད་ལ། དེ་བས་ཀྱང་སློབ་འཁྲིད་ལ་ཉན་རྒྱུ་ནི་དེ་བས་ཀྱང་གལ་ཆེན་པོ་རེད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 4

  1. samkhar says:
    ལོ་ 17 སྔོན།

    ངས་དག་བཅོས་བྱས་ཏེ་དྲ་ལམ་གྱི་མི་གཅིག་ལ་ཕན་ན་ཡང་དེ་རང་ཉིད་ཀྱི་དམིགས་ཡུལ་ཡིན། དྲ་གྲོགས་ལགས། ང་ནི་ཉམ་ཆུང་གི་བྱིས་པ་ཞིག་ཡིན་པས་ངས་བྱིས་པའི་ལས་ཀ་འདི་ལ་འཐམ་བཞིན་ཉིད་ཀྱི་རྩོམ་ཡིག་ནང་གི་དག་ནོར་རྣམས་ཟུར་འདོན་གྱིས་ནོར་བཅོས་བྱ་རྒྱུར་སྤྲོ་བ་བརྟས།
    ཉིད་ཀྱིས་ད་བར་སྤེལ་ཟིན་པའི་ཟིན་བྲིས་ཁག་ལས་ཁོ་བོས་ཁྱེད་ཀྱི་རང་གཤིས་ངོ་མ་དེ་ཕལ་ཆེར་རྟོགས་ཟིན་པས་ངས་འཛེམ་གཟོན་མེད་པར་ཡོ་བསྲང་བྱེད་ཀྱིན་ཡོད།

    འཛུབ་སྟོན་མ་རེད། མཛུབ་སྟོན་རེད་ཤ་ཁྲག་རུས་གསུམ་ལགས།

    ཁོ་བོའི་ཟིན་བྲིས་སུ་བཏགས་པའི་མཆན་བུ་དེ་བཀླགས་ཟིན་ཐུགས་རྗེ་ཆེ།

    Reply
  2. sha tak ri sim says:
    ལོ་ 17 སྔོན།

    འཇམ་མགོན་ལགས། འདི་ནི་དངོས་ཡོད་ཅིག་ལས་རྫུན་མ་མིན་ལགས། ཁ་སང་ཡང་མཚོ་འགྲམ་གཞན་ཞིག་ནས་ཆུ་ངོགས་ཀྱི་འཇིག་རྟེན་ལ་རོལ་མྱོང་བྱེད་སྐབས་ཉ་རིགས་སྟོང་ཕྲག་མང་བོ་ཞིག་མཐོང་སོང་བ་མ་ཟད། མཚོ་ངོགས་ཀྱི་མཛེས་སྡུག་ཀྱང་བརྗོད་དུ་དཀའ་བ་ཞིག་རེད་འདུག

    བསེ་རུ་ལགས། ཡུན་རིང་ཞིག་ལ་མཐོང་རྒྱུ་མ་བྱུང་མོད། དེ་རིང་སྐུ་ཉིད་ལ་ཁོམ་ལོངས་ཤིག་བྱུང་བ་དང་ལྷན་ཏུ་འདི་རུ་ཕེབས་ནས་བསམ་ཚུལ་དང་དག་བཅོས་གནང་བ་སེམས་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ། སླར་ཡང་དུས་ཚོད་ཁོམ་ལོངས་ཡོད་དུས་ཡིག་ནོར་ཤོར་བ་དག་ལ་འཛུབ་སྟོན་རེ་གནང་རྒྱུ་ཐུགས་རྗེ་གཟིགས། ཁ་ཤས་ནི་ཉིད་ཀྱིས་འདི་ལྟར་འཛུབ་སྟོན་གནང་དེ་འོང་དུས་རང་གིས་སྣང་མེད་ཤོར་བ་ལྟ་བུ་རེ་ཟུང་ཡང་བྱུང་འདུག་པའི་ནོར་འཁྲུལ་ཡང་ངོས་ཟིན་ཐོབ་སོང་། བཀའ་དྲིན་ཆེ།

    Reply
  3. samkhar says:
    ལོ་ 17 སྔོན།

    དྲ་གྲོགས་ལགས།
    འདི་ལྟར་སྐུ་ཉིད་ཀྱིས་མཚོ་འོག་ཏུ་ཡུལ་སྐོར་ལ་ཕེབས་པའི་བརྒྱུད་རིམ་འདི་ཀློག་སྐབས། སྐུ་ཉིད་ཨོ་སི་ཁྲོ་ལི་ཡའི་གྲོང་ཁྱེར་སི་ཊི་ནིའི་འགྲམ་དུ་ཡོད་པའི་མཚོ་འོག་ཡུལ་སྐོར་བྱ་སའི་ལྟེ་གནས་དེར་ཕེབས་ཡོད་པའི་སྣང་བ་ཤིག་ངའི་མིག་ལམ་དུ་ཤར་བྱུང་།
    དྲ་གྲོགས་ལགས་ཡུན་རིང་མཆན་དང་ཟིན་བྲིས་སྤེལ་མ་ཐུབ་པར་དགོངས་འགལ་མེད་པ་ཞུ།
    ཁོ་བོས་བྲེལ་འཚུབ་ངང་ཉིད་ཀྱི་རྩོམ་ཡིག་ནང་མཐོང་བའི་དག་སྡེབ་ནོར་བ་ཁག་ཅིག་ཟུར་འདོན་ཞུས་ཡོད་པས་ཐུགས་ཕན་གསོ་བའི་རེ་བ་ཡོད།

    ཡང་བསྟན་འཛིན་ཚེ་དཔག་གཉིས་པ་ཞིག་སླེབས་འདུག་མ་དགོངས་རོགས།

    མ་དག་པ། དག་པ།

    སྐྱེ་བའི། སྐྱེས་པའི།
    སོང་དེ། སོང་སྟེ།
    ལྟ་བསྐོར། ལྟ་སྐོར།
    སྔོན་ཏུ། སྔོན་དུ།
    ཞབས་དུ་ ཞབས་སུ།
    འཁྲིད་མཁན་ ཁྲིད་མཁན།
    སེམས་གནད་དུ་ སེམས་རྣལ་དུ།
    འདོག་བཞིན་ འདོགས་བཞིན།
    ཉམ་མྱོང་ ཉམས་མྱོང་།
    བསྡོད་མཁན་ སྡོད་མཁན།
    དྲ་གྲོགས་ལགས་དགོངས་ཚུལ་ཞིག་གསུངས་དང་།

    Reply
  4. jamgon says:
    ལོ་ 17 སྔོན།

    བོད། ཤ་ཁྲག་རུས་གསུམ་ལགས། འཆར་ཡན་དང་རྟོགས་བཟོ་གང་ཡིན་ཡང་དེ་ལ་དངོས་འབྲེལ་གྱི་ཆ་ཡང་ཧ་ཅང་མང་། བྲིས་བ་ལེགས། ང་ནི་ཁྱེད་ལ་འཁེན་པའི་ཀློག་པ་པོ་ཞིག་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese