མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་འདུན་པ་ཞིག་འཇུས།

བོད་ཀྱི་དུས་བབ།
༢༠༠༩/༠༧/༡༡
Share on FacebookShare on TwitterShare on EmailShare on Whatsapp

 

ད་ལོའི་ཟླ་ལྔ་བའི་ནང་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང༌། བླ་བྲང་དགོན་པའི་དགེ་འདུན་པ་ཙ་ཡེ་སྐལ་བཟང་རྒྱ་མཚོ་ཆབ་སྲིད་ཀྱི་དོགས་གཞིའི་འོག བསང་ཆུ་རྫོང་གི་ཉེན་རྟོག་པས་དགོན་པ་ནས་འཇུ་བཟུང་བྱས་ཡོད་འདུག

 

དེ་ཡང་ ༢༠༠༩ ལོའི་ཟླ་ ༥ ཚེས་ ༢༢ ཉིན་དགོང་མོ་བླ་བྲང་དགོན་པའི་དགེ་འདུན་པ་ཙ་ཡེ་སྐལ་བཟང་རྒྱ་མཚོ་རང་གི་སྡོད་ཤག་ནས་བསང་ཆུ་རྫོང་གི་ཉེན་རྟོག་པས་འཇུ་བཟུང་གིས་མགོ་ལ་རས་ནག་པོ་གཡོགས་ཏེ་བཙན་འཁྲིད་བྱས་ཡོད་པ་དང༌། ཁོང་འཇུ་བཟུང་མ་བྱས་པའི་ཉིན་ཤས་སྔོན་ནས་བསང་ཆུ་རྫོང་གི་ཉེན་རྟོག་པའི་ལྟ་ཞིབ་ནན་པོའི་འོག་གནས་ཤིང༌། རང་ལོ་ ༣༥ ཙམ་སོན་པའི་སྐལ་བཟང་རྒྱ་མཚོ་ནི་སྐྱེས་ཡུལ་བསང་ཆུ་རྫོང་ཙ་ཡུལ་སྡེ་པ་ནས་ཡིན་པ་དང༌། བླ་བྲང་དགོན་དུ་གྲྭ་པ་བྱས་ཏེ་ལོ་མང་འགྲོ་གི་ཡོད་ཅིང༌། བླ་བྲང་དགོན་པའི་མཚན་ཉིད་གྲྭ་ཚང་གི་མཛོད་འཛིན་གྲྭའི་སློབ་གཉེར་བ་ཡིན་པ་རེད།

 

རྒྱ་གཞུང་གིས་བོད་ནང་མུ་མཐུད་བོད་མིའི་ཐོག་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་སྤེལ་ཏེ་ ༢༠༠༨ ལོའི་ཞི་རྒོལ་ནང་འཛུལ་ཞུགས་བྱེད་མཁན་བོད་མིའི་ཐོག་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། འཇུ་བཟུང་བྱེད་པ་དང༌། ལྷག་པར་དུ་བོད་ཀྱི་དགོན་སྡེ་ཁག་ལ་དྲག་རྡུང་ལས་འགུལ་སྤེལ་བའི་གཙོ་གནད་དུ་བཟུང་སྟེ་ཆོས་བྱེད་མི་སྣ་གང་བྱུང་འཇུ་བཟུང་དང༌། གར་སོང་ཆ་མེད་དུ་གྱུར་བ། མནར་གཅོད་དབང་གིས་རྐྱེན་འདས་སུ་འགྱུར་བ་དང་དབང་པོ་སྐྱོན་ཅན་དུ་འགྱུར་བ། དྲང་བདེན་ཁྲིམས་བཤེར་མེད་པར་ཁྲིམས་ཆད་ལྗིད་པོ་གཅོད་པ། དགོན་པ་ནས་ཕྱིར་འབུད་བྱེད་པ་སོགས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་འཕོག་གིན་ཡོད་པ་རེད།

 

༢༠༠༩ ལོའི་རྒྱལ་ཡོངས་ཕྱོགས་བསྡུས་བཅོས་སྐྱོང་ལས་ཀའི་གཙོ་གནད། རྡུང་རྡེག་ཚ་ནན་གྱི་ལས་འགུལ་གཏིང་ཟབ་སྤེལ་རྒྱུ། ཞེས་པའི་ལས་དོན་གཙོ་གནད་བཀོད་སྒྲིག་ཡིག་ཆའི་དོན་ཚན་བཅོ་ལྔ་པར། བོད་ལྗོངས་དང་དེ་མིན་བོད་ཁུལ་གཞན་དག་ནང་རྡུང་གཅོག་འཕྲོག་བསྲེག་གི་ལས་འགུལ་ནང་འཛུལ་ཞུགས་བྱས་ཀྱང་ཉེས་ཆད་ཕོག་མེད་པ། ཁྲིམས་འགལ་གྱི་རྒྱལ་མཚམས་བརྒལ་ནས་ཕྱིར་ལོག་བྱས་པ། དགོན་སྡེ་ནས་ཕྱིར་འཕུད་བྱས་པའི་མི་སྣ་བཅས་ལ་དོ་དམ་ལས་དོན་ཡག་པོ་སྤེལ་ཏེ། བྱ་ཐབས་གནས་འཁེལ་ལག་བསྟར་བྱ་རྒྱུར་འགན་ལེན་ཐུབ་པ་བྱེད་དགོས་ཞེས་འཁོད་འདུག ཅེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་འདུག

 

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

ཆུ་ཚོད་ ༨ སྔོན་ལ།
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༠ སྔོན་ལ།
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

ཆུ་ཚོད་ ༡༠ སྔོན་ལ།
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 2

  1. བདེ་བ་ཅན། says:
    ལོ་ 17 སྔོན།

    ཁོང་དང་ཁོང་་འདྲ་བའི་ང་ཚོ་ཆོལ་གསུམ་བོད་མིའི་དཔའ་བོ་དཔའ་མོའི་ཁྱུ་ཚོགས་རྣམས་གང་མགྱོགས་དམར་པོའི་གཞུང་གི་བཙན་འོག་ནས་གློད་་བཀྲོལ་་ཐོབ་པ་དང། རྒྱལ་སྤྱིའི་སྤྱི་ཚོགས་དང་འདྲ་བར་ང་ཚོ་ཡང་ནམ་ཞིག་བདེན་པའི་མཐའ་གསལ་ཏེ་ཁྲིམས་གཏུགས་བྱ་རྒྱུའི་གོ་སྐབསཤིག་ཐོབ་པར་རེ་བ་དང་ཡིད་ཆེས་བྱ་བཞིན་ཡོད། ང་ཚོས་གནས་ཚུལ་དེ་ལྟར་བཀོད་སྐབས་ངེས་པར་གོང་ལྟར་ལོ་་རྒྱུས་གང་ཁ་གསལ་བ་དང་ཕ་མིང་དང་སྐྱེས་ཡུལ་བཀོད་རྒྱུ་འདི་གལ་ཆེན་པོ་འདུག དེ་མིན་མིང་འདྲ་པོ་དེ་འདྲ་མང་པོ་འདུག་པས་གློད་བཀྲོལ་བཏང་བ་དང་འཛིན་བཟུང་བྱ་སྐབས་མི་ནོར་ཉེན་འདུག དེ་ང་རང་མི་ཆུང་གི་བསམ་ཤེས་ཡིན། གནས་ཚུལ་དེ་རིགས་དཔང་པོ་འཕེར་ཚེ་དྲ་གནས་ཐོག་སྔར་བཞིན་སྤེལ་ཐུབ་ན་ང་ཚོ་དོ་སྣང་ཅན་ ཚོར་ཧ་ཅང་ཕན་ཐོགས་འདུག

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བོད་མི་ག་ཚོད་ཅིག་འདི་བ་ཚང་གིས་གསོད་བརྡུང་གཅར་གསུམ་བྱེད་རྩིས་ཡོད་ན། དཀོན་མཆོག་མཁྱེན། བོད་པ་ཚང་གི་གཙོ་བའི་ཉེས་མེད་ཀྱི་དྲང་བདེན་རྩོད་མཁན་གང་ན་སུ་ཡོད་པ་དེ་དག་འདི་བ་ཚང་གིས་འདྲ་རུ་བཟུང་འདུག་པ་འདི་ནི་ལོ་རྒྱུས་སྟེང་གི་ནག་ཉེས་དང་ནོར་འཁྲུལ་ཚབ་ཆེན་ཞིག་གི་སྔོན་འགྲོ་མ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese