མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་ནས་བོད་མི་འཛིན་བཟུང༌།

བོད་ཀྱི་དུས་བབ།
༢༠༠༩/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་བོད་མི་ཚོས་བོད་དོན་ཐོག་དྲང་བདེན་གྱི་རྒྱབ་སྐྱོར་གནང་རོགས་ཞེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་ལས་འགུལ་སྤེལ་བར་ཉེན་རྟོག་པས་བོད་མི་ཁག་ཅིག་འཛིན་བཟུང་བྱས་ཡོད་འདུག

གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༡༤ ཉིན་བལ་ཡུལ་དུ་གནས་སྡོད་བཙན་བྱོལ་བོད་མི་ཚོས་ཀ་ཐུ་མན་གྲུ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་དྲང་བདེན་གྱི་རྒྱབ་སྐྱོར་གནང་རོགས་ཞེས་སྐོད་འབོད་བྱས་ཏེ་སྐར་མ་ ༡༥ ཙམ་ཕྱིན་རྗེས་བལ་ཡུལ་ཉེན་རྟོག་པས་བོད་མི་ཚོ་འཛིན་བཟུང་བྱས་འདུག བལ་ཡུལ་དུ་གནས་སྡོད་བཙན་བྱོལ་བོད་མི་ཚོས་ལོ་གཅིག་ལྷག་གི་རིང་བལ་ཡུལ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སོགས་ཀྱི་མདུན་དུ་རྒྱ་གཞུང་གིས་བོད་ནང་དྲག་གནོན་དང་བོད་མི་དམར་གསོད་མཚམས་འཇོག་བྱ་དགོས་པའི་ཐད་ངོ་རྒོལ་ལས་འགུལ་རིམ་པར་སྤེལ་བར་བརྟེན། བདུན་ཕྲག་སྔོན་མ་ནས་བཟུང་བལ་ཡུལ་སྲིད་གཞུང་གིས། གསལ་བསྒྲགས་གསར་པ་ཞིག་སྤེལ་ཏེ་བལ་ཡུལ་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་མི་ཆོག་པ་དང་། གལ་ཏེ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཚེ་བཙོན་འཇུག་བྱ་རྒྱུ་ཡིན་ཞེས་པའི་ཉེན་བརྡ་བཏང་ཡོད་འདུག དེ་ལྟ་ནའང། བལ་ཡུལ་བོད་མི་ཚོས་བལ་ཡུལ་གཞུང་གིས་ཉེན་བརྡ་དང་འཇིགས་སྐུལ་ཅི་ཙམ་བྱས་ཀྱང་། བོད་ནང་གི་སྤུན་ཟླ་མང་པོས་རྒྱ་གཞུང་གི་དྲག་གནོན་དང་མནར་གཅོད། དམར་གསོད་སོགས་མི་ཆོས་ལས་འདས་པའི་སྡུག་བསྔལ་མྱངས་དང་མྱོང་བཞིན་པ་མཚམས་འཇོག་ཡོང་ཆེད། ཀ་ཐུ་མན་གྲུ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་འདུ་འཛོམས་ཀྱིས། བོད་རང་བཙན་ཡིན། བོད་ནང་དམར་གསོད་མཚམས་འཇོག་བྱ་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ནང་གི་གནས་སྟངས་ཐད་གོ་མེད་ཚོར་མེད་དུ་མི་འདུག་པར་རྨོངས་གཉིད་ལས་སད་དགོས་སོགས་ཀྱི་སྐད་འབོད་བྱས་སྐབས། བལ་ཡུལ་ཉེན་རྟོག་པས་ངོ་རྒོལ་ལས་འགུལ་དེ་འཕྲལ་དུ་མཚམས་འཇོག་བྱེད་དུ་བཅུག་ནའང་། བོད་མི་ཉི་ཤུ་ལྷག་གིས་ས་གནས་དེ་དང་ཁ་མ་བྲལ་བར་མུ་མཐུད་སྐད་འབོད་བྱས་སྟབས། དེའི་ཁྲོད་ཀྱི་བོད་མི་བཅུ་ལྷག་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

ཆུ་ཚོད་ ༤ སྔོན་ལ།
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤

མཆན། 4

  1. བསེ་རུ། says:
    ལོ་ 17 སྔོན།

    ཉེས་ཅན་བཞིན་དུ་རང་དབང་མེད་པ་ཡི།།
    ཡུལ་གྱར་བོད་མིའི་ལས་དབང་སྐྱོ་བ་དང་།།
    གངས་ཅན་ལྗོངས་ཀྱི་རྩམ་གཟན་གདོང་དམར་རྣམས།
    གཞིས་བྱེས་ཁ་བྲལ་གཏོང་མཁན་སུ་ཞིག་ཡིན།།

    ཁ་བྲལ་རིང་ལུགས་པ་ཞེས་སྨོད་པར་བྱེད།།
    གསར་བརྗེར་ངོ་ལོག་པ་ཞེས་བརྡུངས་པར་བྱེད།།
    ཏཱ་ལའི་རྒྱག་ཁྱི་རེད་ཅེས་བཙོན་དུ་བཅུག།
    རྒྱ་ནག་དམར་པོ་ཁ་བྲལ་རིང་ལུགས་རེད།།

    སེམས་དང་སེམས་པའི་བར་ལ་རྨ་ཁ་བཟོས།།
    ཕ་མ་སྤུན་མཆེད་ཕན་ཚུན་ཁ་ཡང་ཕྲལ།།
    རྒྱ་བོད་མི་རིགས་བར་དུ་འགལ་ཟླ་བསླངས།།
    འཛམ་གླིང་མི་མང་མདུན་དུ་རྫུན་ཆེན་སྨྲ།།

    Reply
  2. བསྟན་པ་ཡར་འཕེལ། says:
    ལོ་ 17 སྔོན།

    ཉེས་མེད་ཉེས་ཅན་ཆགས་པའི་བོད་མི་ཚོར༎
    ཟློག་མེད་རྒྱ་ཡིས་བཏང་བའི་མནར་གཅོད་འདིས༎
    བར་མེད་མི་ལོ་ལྔ་བཅུ་ཧྲིལ་གྱིས་ཟོས༎
    མགོན་མེད་གངས་ཅན་བོད་ཀྱི་ལས་དབང་སོམས༎

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཉེས་མེད་བོད་མིས་རང་དབང་རྩོད་ས་རུ།།
    ཉེས་ཆེན་ལྟ་བུས་མནར་གཅོད་གཏོང་ལུགས་འདི།།
    རྒྱང་རིང་ཡུལ་ནས་ཡང་ཡང་ཐོས་དུས་སུ།།
    སེམས་ཀྱི་སྐྱོ་བ་རང་དབང་མེད་པར་བྱུང་།།

    Reply
  4. བསྟན་པ་ཡར་འཕེལ། says:
    ལོ་ 17 སྔོན།

    བལ་ཡུལ་གྱི་བོད་མི་འདི་ཚོ་ངོ་མ་སྙིང་སྟོབས་དང་རྒྱལ་ཞེན་ཆེ་བ་འདུག གང་ཡིན་ཞུས་ན་བལ་ཡུལ་ཉེན་རྟོག་པ་ནི་བོད་མིའི་སྟེང་ལ་རྒྱ་གཞུང་གི་ཉེན་རྟོག་པ་དང་གཅིག་མཚུངས་ཀྱིས་རྡུང་རྡིག་ཚ་ནན་གྱིས་བོད་མི་རྣམས་འཇུ་བཟུང་སྐབས་མང་ཆེ་བ་དབང་པོ་སྐྱོན་ཅན་དུ་བཟོ་བཞིན་འདུགད་ནི་བོད་པ་འདི་ཚོ་འཛམ་བུ་གླིང་དུ་སྡོད་དབང་མེད་པ་འདྲ། དཀོན་མཆོག་མཁྱེན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese