མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞིན་ཅང་གི་གྲག་སྐད། ཧྥི་ལིབ་བྷོ་རིན།

བོད་ཀྱི་དུས་བབ།
༢༠༠༩/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཧྥི་ལིབ་བྷོ་རིན། འཕྲིན་ལས་རྒྱ་མཚོས་བསྒྱུར།

རྒྱ་ནག་ལ་མཚོན་ན་ཞིན་ཅང་གི་རྙོག་དྲ་ནི་རྒྱལ་སྤྱིའི་སྟེང་དུ་བོད་ལས་ལྷག་པའི་མགོ་ནད་ཆེན་པོ་ཞིག་ཏུ་འགྱུར་སྲིད། ཕྱོགས་གཅིག་ནས་བཙན་བྱོལ་དུ་བཞུགས་པའི་ཏཱ་ལའེ་བླ་མའི་ཞུ་སྐུལ་གྱི་བཀའ་དྲིན་ལ་བརྟེན་ནས་བོད་ལ་ནུབ་ཕྱོགས་ཀྱི་དོ་སྣང་ཐོབ་ཡོད། ཡིན་ན་ཡང་ཞིན་ཅང་ལ་ཕྱི་རྒྱལ་ཁག་ཏུ་ཊར་ཀི་མི་རིགས་དང་ཁ་ཆེའི་ངོ་རྟགས་ཀྱི་འབྲེལ་བ་ཡོད་པ་ལྟ་བུ་ཞིག་བོད་ལ་མེད།

ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་ཞིག་གིས་ཡུ་གར་བའི་མངོན་འདོད་ཀྱི་ཕྱོགས་སུ་བཟུང་བའི་སེམས་ཚོར་དེ་སྣང་མེད་དུ་གཏོང་རྒྱུ་དཀའ་ལས་ཁག་པོ་ཞིག་ཏུ་འགྱུར་སྲིད།

ཊར་ཀའི་སྲིད་བློན་ Recep Tayyip Erdogan རེ་སེབ་ ཊེ་ཡིབ་ ཨེར་ཌོ་གྷན་ གྱིས། ཞིན་ཅང་ལ་བཟུང་བའི་རྒྱའི་སྲིད་བྱུས་ནི་མི་རིགས་རྩ་གཏོར་འདྲ་བོ་ཞིག་རེད། རྒྱ་ནག་གིས་གཞན་རིགས་རང་རིགས་སུ་འཐིམ་པར་བྱེད་པའི་སྲིད་བྱུས་དེ་འདོར་དགོས་ཞེས་བཤད་པ་དེ་པེ་ཅིན་གྱི་རྣ་ལམ་དུ་ཡུན་རིང་ཞིག་ལ་གྲགས་ནས་འདུག་གི་རེད། སྐུ་ཞབས་ཨེར་ཌོ་གྷན་གྱི་ཐ་སྙད་ཀྱི་འདེམས་ཀ་ཚད་ལས་བརྒལ་ཡོད་ཀྱང་། ཁོང་གིས་ནུས་ཤུགས་ཆེན་པོས་ཊར་ཀིའི་མི་རིགས་ཚང་མའི་ཆེད་དུ་ཡུ་རོབ་ནས་རྒྱ་ནག་དབུས་ལ་སྐད་ཆ་བཤད་པ་རེད།

རྒྱ་ནག་གི་ཊར་ཀིའི་ཁྱིམ་མཚེས་རྒྱལ་ཁབ་ཁ་ཛ་ཀི་སི་ཐན་གྱིས་རྒྱ་ནག་དང་ར་ཤི་ཡ་ལ་འབྲེལ་བ་དོ་མཉམ་དུ་འཛིན་ཕྱིར་དོགས་གཟབ་བྱེད་སྲིད།

ཡིན་ན་ཡང་ར་ཤི་ཡས་དུས་རབས་གཉིས་ཀྱི་རིང་གཞི་ཆགས་ཀྱི་ཐབས་ལམ་བཀོལ་ཏེ་ཁོང་ཚོ་ར་ཤི་ཡའི་བཙན་རྒྱལ་མངའ་ཁོངས་སུ་བསྡུ་བར་འབད་པ་བྱས་པར་བརྟེན། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ཁ་ཛ་ཀི་སི་ཐན་མི་མང་གི་སེམས་པ་གང་དུ་ཡོད་མེད་དྲན་གསོ་བྱེད་དགོས་མི་སྲིད།
 
སྐབས་ཐོག་དེར་རྒྱ་ནག་ཧན་མི་རིགས་ཀྱི་མངའ་དབང་མན་ཇི་དང་སོག་པོ། ཐའེ་ཝན་བཅས་ལ་རྒྱ་བསྐྱེད་པ་ནི་གཙོ་བོ་མི་འབོར་གནས་སྤོར་གྱི་ལམ་ནས་ལེགས་འགྲུབ་བྱུང་ཡོད། དེར་བརྟེན་ཞིན་ཅང་དུ་འཐབ་འཁྲུག་གི་དུས་སྐབས་ཕྱི་མ་མགོ་བཙུགས་ཟིན་པར་མ་ལྟོས་པར། པེ་ཅིན་གྱིས་ཞིན་ཅང་དུ་ཡང་དེ་ལྟར་ལེགས་འགྲུབ་འབྱུང་བར་ཡིད་ཆེས་བྱེད་པ་ནི་སྤྱིར་བཏང་བ་ཞིག་རེད།

ཡིན་ཡང་། ཧན་རྒྱ་རིགས་རྣམས་ཀྱིས་རྒྱ་ནག་གི་ས་ཆ་གཞན་པ་རྣམས་སུ་གོ་སྐབས་ཡག་པོ་ཡོད་པ་མཐོང་བར་བརྟེན་ཟིང་འཁྲུག་མ་བྱུང་བའི་སྔོན་ནས་བཟུང་ས་འདིར་ཡུལ་མི་གནས་སྤོར་གྱི་རྒྱུད་རིམ་དེ་འགག་བསྡད་ཡོད། རྒྱ་ནག་གི་མི་འབོར་གྱིས་མི་སེར་སྤེལ་བའི་སྲིད་བྱུས་ཀྱི་འོག་ནས་རྒྱ་ནག་ཧན་རིགས་རྒྱ་སྐྱེད་བྱེད་པར་རོགས་འདེགས་མི་ཐུབ།

རྒྱ་ནག་གིས་ཡུ་གར་བ་ཚོའི་སྡུག་བསྔལ་བསལ་བ་ཡིན་ན་འཕྱི་དྲགས་མེད་སྲིད་ཀྱང་། རྒྱག་ནག་དམར་ཤོག་ཚོགས་པའི་གཅིག་སྡུད་རིང་ལུགས་དང་གཞན་གྱི་རིག་གཞུང་ལ་དམའ་འབེབ་པའི་འདུ་ཤེས་ཀྱི་དབང་གིས་དེ་ལྟར་འབྱུང་ཁག་པོ་ཡིན། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཟིང་འཁྲུག་འདིའི་སྐོར་སྤེལ་སྟངས་ལ་བལྟས་ན་ད་དུང་བསླབ་བྱ་ཅི་ཡང་ལོན་མི་འདུག གལ་ཆེ་བའི་གནད་དོན་རྣམས་གླེང་མེད་པ་མ་ཟད། རྒྱ་མི་རྣམས་གྱོང་འཁུར་མཁན་དང་ཡུ་གར་བ་རྣམས་ནི་སྔོན་ཆད་ཤར་ཏུར་ཀི་སི་ཐན་དུ་གྲགས་པའི་ཡུལ་འདིར་རྒྱ་ནག་གིས་ཕྱིའི་དངོས་པོ་ཡར་རྒྱས་བཏང་བར་བཀའ་དྲིན་མི་ཤེས་མཁན་ཞིག་ཏུ་བསྟན་ཡོད།

དེའི་འཕྲོར་ཁ་ཆེའི་ཆོས་ལུགས་ཀྱི་གནད་དོན་ཡོད། དབུས་ཨེ་ཤ་ཡའི་ཁ་ཆེའི་ཆོས་ནི་སྤྱིར་བཏང་ཞི་དལ་གྱི་རིགས་ཤིག་ཡིན་ཡང་། ཆོས་ཕྱོགས་ཀྱི་བྱེད་སྒོ་བཀག་འགོག་དང་འཛམ་གླིང་ཁྱོན་ཡོངས་ཀྱི་ཁ་ཆེའི་འདུ་ཤེས་ཤུགས་ཆེ་རུ་སོང་བ་གཉིས་ཀྱིས་ཞིན་ཅང་ནང་གི་ཁ་ཆེའི་ངོ་བོ་སྲ་བརྟན་དུ་བཏང་ཡོད།

རྒྱ་ནག་གིས་ཞིན་ཅང་གི་ཁ་བྲལ་བ་ཚོར་ཨལ་ཁེ་ཌ་འཇིགས་སྐུལ་བའི་མིང་འདོགས་པར་འབད་བརྩོན་བྱས་ཡོད་ལ། མུ་མཐུད་ནས་དེ་ལྟར་བྱ་ངེས་པར་དོགས་པ་མེད། ལྷག་པར་དུ་ཨལ་ཁེ་ཌས་ཝུ་རུ་མུ་ཆིའི་དམར་གསོད་ལ་དགྲ་ཤ་ལེན་རྒྱུ་ཡིན་སྐོར་བཤད་པ་ཡིས་དེ་ལ་རམ་འདེགས་བྱས་ཡོད།

ཡིན་ཡང་། ཁ་ཆེ་མི་དམངས་མང་ཕྱོགས་ཀྱི་སེམས་པ་སྡུག་ཡོད་པར་སྣང་། ཨིན་ཌོ་ནེ་ཤི་ཡའི་ནང་དུ་ཡུ་གར་བ་རྣམས་ལ་རྒྱབ་སྐྱོར་གྱི་རྔམ་སྟོན་ཁྲོམ་སྐོར་ཡང་བྱས་འདུག

ཨེིན་ཌོ་ནེ་ཤི་ཡ་ལ་ཕ་པུ་ཝ་ཞེས་པའི་ཁ་བྲལ་བའི་དཀའ་རྙོག་ཡོད་པ་དང་ཡུན་རིང་དུ་གནས་པའི་རྒྱ་མི་རིགས་ཀྱི་ཐོབ་ཐང་གི་གནད་དོན་ཡོད་པས། ཨེིན་ཌོ་ནེ་ཤི་ཡའི་གཞུང་གིས་ཨེར་ཌོ་གྷན་གྱི་གཏམ་དེ་འདྲ་བཤད་མདོག་ཁ་བོ་མ་རེད། མ་ལེ་ཤི་ཡ་ཡང་གཅིག་མཚུངས་རེད། མ་ལེ་ཤི་ཡའི་ནང་གི་ཡུལ་དེའི་མི་རིགས་མིན་པ་རྣམས་ལ་དམའ་འབེབས་དང་རིགས་བགར་བྱེད་ཀྱིན་ཡོད་སྟབས། ངོ་རྒོལ་ཅི་བྱས་ཀྱང་བཅོས་མ་ལྟ་བུ་ཞིག་ཏུ་སྣང་ངེས་པ་མ་ཟད། དེས་མ་ལེ་ཤི་ཡར་ཡོད་པའི་རྒྱ་མི་རྣམས་ལ་རྒྱ་ནག་གཞུང་གི་རྒྱབ་སྐྱོར་འཁྱེར་ཡོང་ངེས་ཡིན།

དེ་ལྟར་ཡང་ལྷོ་ཤར་ཨེ་ཤ་ཡའི་ཡུལ་གྲུ་མང་ཆེ་བས་ཞིན་ཅང་གི་གནད་དོན་ནི་མི་རིགས་ཀྱི་གནད་དོན་ཞིག་ལས་ཆོས་ལུགས་ཀྱི་གནད་དོན་ཞིག་ཏུ་དེ་ཙམ་མཐོང་གི་མེད་པ་དང་། གནད་དོན་འདིས་རྒྱ་ནག་གིས་ལྷོ་ཕྱོགས་རྒྱ་མཚོ་དང་དེའི་ནང་གི་གླིང་ཕྲན་དག་གི་བདག་དབང་རྒྱ་ནག་ལ་ཡོད་པར་སྨྲ་རྒྱུར་ཞེད་སྣང་སློང་བཞིན་ཡོད་པ་མ་ཟད། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་མཚམས་རེར་ཁོང་ཚོ་དང་ཁྱིམ་མཚེས་རྒྱལ་ཁབ་དག་གི་བར་གྱི་སྔོན་བྱུང་གི་འབྲེལ་བའི་སྐོར་གླེང་བཞིན་ཡོད།

གོང་དུ་སྨྲས་བའི་གྲས་ཀྱི་གཅིག་གིས་ཀྱང་ཡུ་གར་བར་བརྟེན་ནས་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་འགྲོ་སྲིད་པ་ཞིག་སྟོན་གྱིན་མེད་ལ། རྒྱལ་སྤྱིའི་ལས་དོན་ཆེ་ཁག་གི་ནང་དུ་ཡུ་གར་གྱི་གནད་དོན་ནི་ཆུང་ཆུང་ཞིག་ཆགས་ཡོད། ཡིན་ཡང་ཁོང་ཚོ་ནི་སྔོན་ཆད་ཤར་ཊི་མོར་འདི་ཨིན་ཌོ་ནེ་ཤི་ཡ་ལ་གང་འདྲ་ཞིག་ཡིན་པ་ཇི་བཞིན། རྒྱ་ནག་གི་ཕྱི་འབྲེལ་གྱི་ཐད་ནས་ལྷམ་ནང་གི་རྡེའུ་ལྟ་བུ་ཞིག་ཏུ་གནས་ནས་འདུག་སྲིད།

ནེའུ་ཡོག་དུས་བབ་ལས་ཕབ་བསྒྱུར་བྱས།

འབྲེལ་ཡོད་གསར་འགྱུར།

The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

སྐར་མ ༦༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༢ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩

མཆན། 2

  1. ནད་པ says:
    ལོ་ 17 སྔོན།

    དབྱེ་ཞིབ་བྱས་པའི་རྩོམ་ཡིག་འདི་འདྲ་ཡག་པོ་འདུག ཊར་ཀའི་སྲིད་བློན་གྱིས་གསུངས་པ་ལྟར་ཤིན་ཅང་ཙམ་མ་ཟད་བོད་དུའང་རྒྱ་རིགས་ཕོན་ཆེན་ཞིག་གནས་སྤོར་བྱས་ཏེ་མིརིགས་རྩགཏོར་གཏོང་རྒྱུའི་སྲིད་བྱུས་ཤིག་བཟུང་ཡོད།

    ཕྱི་རྒྱལ་དུ་ཤིན་ཅང་ལ་ཁ་ཆེའི་ངོ་རྟགས་ཡོད་པ་འདི་བོད་ལ་མེད་ཅེས་པར་རྒྱརིགས་ཤིག་ཡིན་ཚེ་ཕྱིའི་ཤ་རྩི་དཀར་ལ་སྐྱ་ཤས་ཆེ་བ་དང་། བོད་རིགས་ནི་ཤ་མདངས་ཅུང་སེར་ལ་གཏིང་དུ་སྣུམ་མདངས་ཀྱི་ཁྱད་པར་ཡོད། དེ་མིན་ཟས་རིགས་དང་། འཚོ་བའི་ཀུན་སྤྱོད། བསམ་བློའི་འདུ་ཤེས་སོགས་ཀྱི་ཁྱད་པར་སྨྲོས་མེད་རེད།

    ཡུ་གུར་བ་ཚོ་ཨོལ་ཁོ་ཊའི་འཇིག་བསྐུལ་བ་ཡིན་པར་འབད་བརྩོན་བྱེད་པ་འདི་རྒྱལ་སྤྱིའི་གནས་བབ་དང་བསྟུན་ནས་དོན་དངོས་ཐོག་མེ་མདའི་ཁ་ནས་དྲག་གནོན་བྱེད་རྒྱུའི་སྲིད་བྱུས་ཤིག་ཞིག་རེད།
    གྲངས་ཉུང་མི་རིགས་ཚོ་མེ་མདའི་ཁར་ཇི་ཙམ་ཤོར་ན་དེ་ཙམ་འཕངས་ཉེས་ཡིན་ལ་ཇི་ཙམ་མེ་མདའི་ཁ་ནས་གཡོལ་ཐུབ་ན་དེ་ཙམ་ང་ཚོའི་མཐའ་མཇུག་གི་རྒྱལ་ཁ་ཡིན།
    མོ་རྩེ་ཏུང་གིས་དམར་ཤོག་ཚོགས་ཆེན་ཐེངས་གསུམ་པའི་སྟེང་མེ་མདའི་ཁ་ནས་སྲིད་དབང་ཐོབ་ཟེར་བའི་བལྟ་ཚུལ་ཐོག་མར་བསྟན་ནས་ཏང་གིས་མེ་མདའ་ལ་བཀོད་མདོམས་བྱེད་དགོས་པའི་བླང་བྱ་བསྟན་ཡོད་སྟབས། ང་ཚོས་ཀྱང་དྲག་གནོན་དང་མེ་མདའ་ལ་དོ་སྣང་ཡིད་གཟབ་བྱེད་དགོས་གནད་བབ་ཞིག་རེད།།

    Reply
  2. རྭ་ལོ། says:
    ལོ་ 17 སྔོན།

    ཐུགས་རྗེ་ཆེ། རྩོམ་ཡིག་འདིའི་རིགས་ངོ་མ་གལ་ཆེན་རེད། དབྱེ་ཞིབ་དང་དཔྱད་ཞིབ་བྱས་ནས་བཤད་འདུག བོད་པ་ཚོར་རང་གི་སྤྱི་ཚོགས་ནང་དུ་འདི་ལྟའི་དཔྱད་པ་བྱེད་ཤེས་མཁན་དཀོན་པོ་རེད། དེ་བས་འདིའི་རིགས་མང་ཙམ་སྤེལ་ཐུབ་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགལ་འབྲེལ་དང་གནས་བབ། ཤར་ཨེ་ཤ་ཡའི་ནང་གི་རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་ཚོའི་འབྲེལ་བ་ཤེས་རྒྱུར་ཕན་ཐོགས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese