མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདག་གིས་བཀླགས་པའི་ཝང་ལི་ཞོང་། ཐེ་བོ་ཤེས་རབ་རྒྱ་མཚོ།

བོད་ཀྱི་དུས་བབ།
༢༠༠༩/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཐེ་བོ་ཤེས་རབ་རྒྱ་མཚོ།
 
<<བོད། དུས་རབས་ཉེར་གཅིག་པའི་རྒྱ་ནག་གི་རྩིབ་རུས་གཉེན་པོ>> ནི་ངས་ཐེངས་དང་པོ་བཀླགས་པའི་ཝང་ལི་ཞུང་གི་རྩོམ་ཡིག་ཡིན་ལ།རྩོམ་ཡིག་དེའི་མགོ་ནས་མཇུག་བར་བཀླགས་ཚར་དུས་ངས་ངོ་གདོང་གཏན་ནས་མཐོང་མ་མྱོང་ཡང་རྒྱ་མི་གཞན་དག་ལས་ཁྱད་དུ་འཕགས་པའི་ཝང་ལི་ཞོང་གི་རྩོམ་ཡིག་དེའི་གནད་དོན་ལ་དཔྱད་ཞིབ་བྱེད་སྐབས་བརྗོད་ཚིག་རེ་ཟུང་ཐད་ནས་ཅུང་ཟད་ཐལ་ཆ་ཆེ་ཞིང་།ཞིབ་འཇུག་བྱེད་སྟངས་ཐད་ཕྱོགས་རེ་བའི་ཆ་འགའ་རེ་ཡང་མཐོང་བ ྱུང་།དེ་ལྟ་ནའང་།གཞི་རྩའི་ཆ་ནས་ཁོང་གིས་དྲང་ཚུགས་བཟུང་ཞིང་།དངོས་ཡོད་དང་བདེན་པ།་ལོ་རྒྱུས་དངོས་ལ་ཁ་ཕྱོགས་ཡོད་པ་དང་དྲང་བདེན་ཁས་ལེན་མཁན་ཞིག་ཡིན་པས་ངས་ཁོང་ལ་སེམས་ཁོང་ནས་གདེང་འཇོག་བྱས་ཤིང་།ངས་ཁོང་ལྟ་བུའི་རྒྱ་མིའི་རྩོམ་པ་པོ་ཞིག་ལ་སེམས་གཏིང་ནས་རེ་བ་བཟུང་བ་ཡིན།མ་ཟད་ང་ལ་ཁོང་རང་ཅིས་ཀྱང་རང་རེའི་བཙན་བྱོལ་སྤྱི་ཚོགས་ཁྲོད་དངོས་སུ་ཡོང་དགོས ་ངེས་ཀྱི་རྒྱ་མིའི་རྩོམ་པ་པོ་ཞིག་ཡིན་པའི་བསམ་ཚུལ་སྐྱེས་ཤིང་།རོགས་པ་ཚོར་ཡང་དེ་ལྟར་བཤད་པ་ཡིན།་མ་གཞི་གོང་གི་རྩོམ་ཡིག་དེ་ནི་ཁོང་གིས་རང་དབང་གི་ཉི་འོད་མེད་པའི་ཁོར་ཡུག་ཅིག་ནས་བྲིས་པ་ཡིན་སྟབས།ཐལ་ཆ་ཆེ་བའི་བརྗོད་ཚིག་དང་ཞིབ་འཇུག་བྱེད་སྟངས་ལ་ཕྱོགས་རེ་བའི་ཆ་འདྲེས་པར་བདག་གིས་བསམ་ཤེས་བྱེད་ཐུབ།

ད་ལྟ་ངའི་ཡིད་ལ་གསལ་པོ་ཞིག་མི་ངེས་ན་ཡང་།དེ་ནི་ཧ་ལམ་ལྔ་དྲུག་ཙམ་གྱི་ཡར་སྔོན་ཡིན་པ་འདྲ།སྐབས་དེར་ངས་རྡ་རམ་ས་ལ་ཀིརྟིའི་བྱེས་པ་གྲྭ་ཚང་དུ་སློབ་གཉེར་བྱེད་བཞིན་ཡོད་ལ།དེ་ནས་བཟུང་ངས་བོད་སྒྱུར་བྱས་པའི་ཝང་ལི་ཞོང་གི་རྩོམ་ཡིག་ཡོད་ཚད་བཀླགས་ཤིང་ནང་དོན་ལ་དཔྱད་ཞིབ་མཐིལ་ཕྱིན་བྱས་པ་ཡིན།ས་བྱི་ལོའི་ཞི་རྒོལ་ཆེན་མོའི་རྗེས་སུ་བྲིས་པའི་ <<རང་བཙན་གྱི་ལམ་ཡིག་>> གིས་ང་ལ་དེ་རིང་རྡ་རམ་ས་ལ་ན་ཡོད་པའི་ཝང་ལི་ཞོང་གི་བོད་རྒྱའི་བར་གྱི་གནད་དོན་ཐད་ལྟ་ཚུལ་འཛིན་སྟངས་འདི། དེ་སྔ་ <<བོད། དུས་རབས་ཉེར་གཅིག་པའི་རྒྱ་ནག་གི་རྩིབ་རུས་གཉེན་པོ>> ལས་རྦད་དེ་ནམ་མཁའ་དང་ས་གཞི་ནང་བཞིན་བར་ཁྱད་ཆེན་པོ་བྱུང་ཡོད་པའི་ངོས་འཛིན་ཐོབ་བྱུང་།ངེས་པར་དུ་བསམ་གཞིགས་བྱེད་ཤེས་པའི་མི་ཞིག་ཡིན་ཕྱིན་དོན་དངོས་འདི་ཅིས་ཀྱང་ཁས་ལེན་དགོས་པ་ཞིག་ཡིན། དེ་ལྟར་ཁས་མ་བླངས་ན་དེ་ནི་ཟླ་བའི་དཀྱིལ་འཁོར་གྱི་ནག་ཐིག་ལ་མཛུབ་མོས་བཙུགས་ནས་ཟླ་བའི་དཀྱིལ་འཁོར་ནི་ནག་པོ་རེད་ཅེས་བཤད་པ་དང་ཅིས་མི་མཚུངས།

བདུན་ཕྲག་ཁ་ཤས་ཀྱི་ཡར་སྔོན་རྡ་རམ་ས་ལ་ནས་ངའི་རོགས་པ་ཞིག་གིས་ཁ་པར་ནང་ངས་ལོ་འགའི་ཡར་སྔོན་ནས་རང་རེའི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཅིས་ཀྱང་རྒྱུས་ལོན་བྱེད་དུ་ཡོང་ན་ལེགས་པའི་རེ་སེམས་བཅངས་མྱོང་བའི་རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ཝང་ལི་ཞོང་ཁ་རྩང་དངོས་སུ་རྡ་རམ་ས་ལར་སླེབས་ཡོད་པའི་གནས་ཚུལ་བཤད་བྱུང་བས། ཉིན་འདི་ཚོའི་རིང་ངས་ལྷོ་ཕྱོགས་ནས་རྡ་རམ་ས་ལར་ཁོང་ལ་གཟབ་ནན་གྱིས་ཉན་པ་ཡིན་ལ། ཉིན་འདི་ཚོའི་རིང་ངས་ཁོང་ལ་ངོ་རྒོལ་བྱེད་མཁན་ཚོར་དེ་བས་གཟབ་ནན་གྱིས་ཉན་པ་ཡིན། ངས་དེ་ལྟར་གཟབ་ནན་གྱིས་ཉན་སྐབས་ཁོང་ལ་ངོ་རྒོལ་བྱེད་མཁན་ཚོའི་རྣམ་འགྱུར་སྟོན་སྟངས་ལ་ངང་ཐུང་དང་འཚང་འཚུབ།ཁོང་ཁྲོ་དང་ཧོལ་རྒྱུག་གི་ཆ་འདྲེས་ཤིང་། ཁོང་ཚོའི་བཤད་སྟངས་ལ་འུར་འདྲོག་དང་མུན་འཐོམ་གྱི་ཆ་འདྲེས་པས་ངས་སྔོན་ཆད་རེ་བ་བཅངས་མྱོང་ཞིང་ངའི་སེམས་ཁོང་ན་གོ་གནས་ངེས་ཅན་ཟིན་ཡོད་པའི་བཙན་བྱོལ་ནང་གི་གཞོན་སྐྱེས་རྩོམ་པ་པོ་འགས་དེ་རིང་ང་ལ་ཡིད་ཆད་དུ་བཅུག་བྱུང་། སྦས་གསང་མེད་པར་བཤད་ན་ཁོང་ཚོའི་བྱེད་སྟངས་དེ་ནི་དུས་རབས་སྔོན་མའི་ནང་དམར་པོའི་རིང་ལུགས་ལ་ཨ་གསར་གྱིས་དབྱིངས་ཞུགས་པའི་དམར་སྲུང་དམག་མི་ཚོའི་བྱེད་སྟངས་ལས་ལག་ཏུ་སྨྱུ་གུ་ཐོགས་མཁན་གྱི་དུས་རབས་གསར་པའི་ནང་གི་ན་གཞོན་གསར་པ་ཚོའི་བྱེད་སྟངས་ཤིག་དང་གཏན་ནས་མི་འཚམ།

གལ་སྲིད་བོད་རྒྱའི་བར་གྱི་གནད་དོན་འདི་༧གོང་ས་མཆོག་གི་དགོངས་གཞི་ལྟར། བོད་རྒྱ་གཉིས་གདོང་དང་གདོང་ཐུག་ནས་ཁྲག་བཞུར་མ་དགོས་པར་དབུ་མའི་ལམ་ནས་བཀྲ་ཤིས་ལོ་ལེགས་ཀྱིས་ཐག་གཅོད་བྱེད་དགོས་ན།་རྒྱ་བོད་སུ་ཡིན་ནས་གདམ་ག་གཉིས་པ་མེད་པ་ནི་ཕན་ཚུན་བཟོད་བསྲན་དང་གུ་ཡངས་ཀྱི་ཐོག་ནས་གཅིག་གིས་གཅིག་ལ་དཀའ་ངལ་ཅི་ཡོད་རྒྱུས་ལོན་བྱས་ཏེ་སྐད་ཆ་བཤད་རྒྱུ་འདི་ཡིན་ལ།འདི་ལ་ཇི་ལྟར་ཡོལ་གཟུར་བྱས་ན་བོད་རྒྱའི་བར་གྱི་གནད་དོན་ཐག་གཅོད་བྱེད་རྒྱུར་དེ་ལྟར་འགོར་འགྱང་ཐེབས་ངེས་ཡིན་པས།དེ་ནི་ཧ་ཅང་མིག་རྒྱང་ཐུང་དྲགས་པའི་བྱེད་སྟངས་ཤིག་ཡིན་པ་དང་། དེའི་མཇུག་འབྲས་ནི་བོད་རྒྱའི་བར་གྱི་ལོ་རྒྱུས་ནང་ཡང་བསྐྱར་ཁྱོད་ཤི་ང་གསོན་གྱི་ཟུངས་ཁྲག་གི་ལེའུ་གཞན་ཞིག་གི་ཁ་ཕྱེ་བ་ཙམ་ཡིན་པས་སྐབས་དེར་ཐོན་ན་ཅི་འདྲའི་སྐྱི་གཡའ་ཞིང་ཞེད་སྣང་སྐྱེ་དགོས་པ་ཞིག་ཡིན་ངེས་རེད། ཡང་གཅིག་བཤད་ན།དམངས་གཙོའི་ལམ་ལུགས་ནང་ཕྱི་གསལ་ནང་གསལ་ཡིན་པ་ལས་སྦས་སྐུང་དང་བཙན་ཤེད་འགྲོ་ས་མེད་པ་ཡིན།་གལ་སྲིད་ཁོང་རྒྱ་གཞུང་གིས་ཆེད་དུ་བཏང་བའི་བོད་མིའི་ནང་བསམ་བློའི་གསང་བ་སྔོག་མཁན་ཞིག་ཡིན་པའི་དབང་དུ་བཏང་ན་ནི་ང་ཚོས་ཆེད་དུ་ཁོང་ལ་གསང་མྱུལ་བྱེད་པའི་གོ་སྐབས་ཤིག་སྤྲོད་དགོས།་གང་ཡིན་ཞེ་ན། ད་ལྟའི་དུས་སུ་ང་ཚོ་ལ་རིང་པོ་རིང་པོ་དང་ཐུང་ཐུང་ཐུང་ཐུང་བྱས་ཏེ་འཁྱེར་ནས་འགྲོ་མཁན་གྱི་རྒྱ་ནག་གི་གསང་མྱུལ་བ་ཞིག་ཧ་ཅང་མཁོ་ནས་བསྡད་ཡོད།

འབྲེལ་ཡོད་གསར་འགྱུར།

Ven. Zega Gyatso Arrested. Photo :Tibettimes 2025/8/25
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༧ སྔོན་ལ།
རྒྱ་གར་བྱང་ཕྱོགས་ལྡེ་ར་རྡུན་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་བཀྲ་ཤིས་འཁྱིལ་དགོན་པར་རིགས་གྲྭ་རིག་པའི་རལ་གྲི་རྗེ་སྐལ་བཟང་བསྟན་པ་རབ་རྒྱས་མཆོག་དགུང་གྲངས་བརྒྱའི་སྟེང་སྐུ་གཤེགས་ཡོད་འདུག ༢༠༢༥།༨།༢༥
Mobile App

རིགས་གྲྭ་རིག་པའི་རལ་གྲི་རྗེ་སྐལ་བཟང་བསྟན་པ་རབ་རྒྱས་མཆོག་དགུང་གྲངས་བརྒྱའི་སྟེང་སྐུ་ཞི་བར་གཤེགས།

ཆུ་ཚོད་ ༧ སྔོན་ལ།
བོད་བོང་སྟག་མུ་རུའི་རྩྭ་ཐང་དུ་མི་ལོ་ ༤༠ ལྷག་རིང་རྡོ་སོལ་སྔོག་འདོན་བྱས། ༢༠༡༨ དྲ་ལམ་གྱི་པར།
Mobile App

ལོ་ལྔའི་ནང་རྒྱ་ནག་གཞུང་གིས་སྔར་ལྷག་རྡོ་སོལ་སྔོག་འདོན་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༨ སྔོན་ལ།
Mobile App

མདོ་སྨད་གཙང་དགོན་པའི་གྲྭ་ཤེར་བཟང་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་སྲོག་བློས་བཏང་།

༢༠༢༥/༠༨/༢༢
སྲིད་སྐྱོང་མཆོག་གིས་སུ་ཇཱ་བོད་ཁྱིམ་གྱི་དགེ་སློབ་རྣམས་ལ་གསུང་བཤད་གནང་། ༢༠༢༥།༠༨།༢༡ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ནང་བྱིས་པ་རྣམས་རྒྱ་སྐད་བཤད་མཁན་ཆགས་པ་དང་བཙན་བྱོལ་ནང་བོད་སྐད་ལ་དོ་སྣང་མ་བྱས་ན་འགྲིག་གི་མ་རེད།

༢༠༢༥/༠༨/༢༢
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

ཨ་འདུས་དགོན་པའི་དགེ་འདུན་པ་ཚེ་དབང་ལགས་ཀློད་གྲོལ་བཏང་འདུག

༢༠༢༥/༠༨/༢༢

མཆན། 13

  1. ཨ་མའི་གཅེས་ཕྲུག says:
    ལོ་ 16 སྔོན།

    ཐེ་བོ་ཤེ་རབ་ལགས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ཅི་འདྲིའི་དཔྱད་གཏམ་ལེགས་པོ་་་་་་ཐུགས་རྗེ་ཆེ།

    Reply
  2. རྐང་རྗེན་པ། says:
    ལོ་ 16 སྔོན།

    ཝང་ལི་ཞོང་གིས་བོད་དོན་ལ་རྒྱབ་སྐྱོར་གྱི་རྩོམ་ཡིག་མང་པོ་བྲིས་པས། བོད་མི་མང་པོ་ཞིག་གི་སེམས་ལ་ཁོ་རྒྱ་ནག་ལ་ངོ་ལོག་སྟེ་བོད་མིར་འགྱུར་ཡོད་པ་རེད་བསམས་ཏེ་བོད་ཕྱོགས་ཁོ་ནར་བཟུང་བ་ནི་འཛིན་སྟངས་ནོར་བ་ཞིག་རེད། ཁོའི་རྩོམ་ཡིག་ལ་ཞིབ་པར་བལྟས་ན་ཁོ་བོད་ཕྱོགས་ཁོ་ནར་སྔར་ཡང་ལངས་མེད་ལ་ད་ལྟའང་ལངས་མེད། ལྷག་པར་ད་རེས་ཀྱི་ཁོའི་སྐད་ཆ་ལས་ཚུལ་དེ་གསལ་པོར་མཐོང་ཐུབ། བོད་ཁོ་ནར་མ་ཕྱོགས་པར་རྒྱ་ནག་ལའང་བསམ་བློ་བཏང་བ་དེ་ནི་ཁོ་རྒྱ་མི་ཞིག་ཡིན་པའི་ཆ་ནས་འོས་བབས་ཀྱི་བྱེད་སྟངས་ཤིག་རེད། ད་དུང་རྒྱ་ནག་ཁོ་ནའི་ཕྱོགས་སུ་མ་ལངས་པར་བོད་ཀྱི་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་དང་རྒྱབ་སྐྱོར་གྱིས་རྩོམ་ཡིག་སྤེལ་བ་ནི་དྲང་བདེན་གྱི་བྱེད་སྟངས་ཤིག་རེད། འདི་ནི་༸གོང་ས་མཆོག་གིས་རྟག་ཏུ་གསུང་བཞིན་པ་ལྟར་བོད་ལ་རྒྱབ་སྐྱོར་བྱས་པ་ཙམ་མིན་པར་དྲང་བདེན་ལ་རྒྱབ་སྐྱོར་བྱས་པ་ཞིག་ཀྱང་རེད། སྤྱིར་ཝང་ལི་ཞོང་གི་རྩོམ་ཡིག་དང་སྐད་ཆ་དག་ལ་གནས་ཚུལ་ཆ་ཚང་རྟོགས་མ་རྟོགས་དང་ཆ་ཚང་བདེན་པ་ཡིན་མིན་ཅི་རིགས་ཡོད་ཀྱང། གང་བཤད་པ་དེ་ཁོ་རང་གི་ངོས་ནས་དྲང་པོར་ཤོད་ཀྱི་ཡོད་པའི་རྣམ་པ་ཞིག་ཡོངས་ཁྱབ་ཏུ་ཡོད་པ་ནི་བློ་གཟུ་བོར་གནས་པའི་སྒོ་ནས་བལྟས་ན་ཤིན་ཏུ་གསལ་པོར་མཐོང་ཐུབ།
    ཡང་གཅིག་བཤད་ན་ཝང་ལི་ཞོང་གི་བྱེད་སྟངས་ནི་རྒྱ་བོད་གཉིས་ཕན་ཡོང་ཐབས་ལ་བརྩོན་བཞིན་པ་ཞིག་ཡིན་པ་འདི་༸གོང་ས་མཆོག་གི་དགོངས་གཞི་དང་བོད་གཞུང་གི་སྲིད་ཇུས་དང་ཡོངས་སུ་མཐུན་པ་ཞིག་ཡིན་པས། ད་ལྟའི་ཆར་ང་ཚོར་འདི་རིགས་ཧ་ཅང་དགོས་ངེས་ཤིག་ཡིན། ད་རེས་༸གོང་ས་མཆོག་དང་བོད་གཞུང་གིས་ཁོ་པ་དྷ་སར་མགྲོན་འབོད་གནང་བའི་རྒྱུ་མཚན་གྱི་གཙོ་བོའང་འདི་ཉིད་ཡིན་པ་ལས། ཁོ་རྒྱ་ནག་ལ་ངོ་ལོག་སྟེ་བོད་ཕྱོགས་ཁོ་ནར་ཡོད་མཁན་ཞིག་ཡིན་པའི་ངོས་འཛིན་གྱིས་མགྲོན་འབོད་གནང་བ་ཞིག་གཏན་ནས་ཡིན་མི་སྲིད།
    དེས་ན་ཝང་ལི་ཞོང་གི་སྤྱིར་བཏང་གི་བོད་དོན་ཐད་ཀྱི་བསམ་བློ་དང་སྐད་ཆ། ད་རེས་དྷ་སར་ཡོང་ཚུལ་སོགས་གང་ལ་བལྟས་ཀྱང་ཁོ་ལ་བོད་མིས་ངོ་རྒོལ་བྱེད་རྒྱུ་ནི་མི་འོས་པ་དང་མི་དགོས་པ་ཞིག་རེད། ད་དུང་ནོར་བ་ཞིག་རེད། ལྷག་པར་ཡང་ད་ལྟ་བོད་གཞུང་གིས་རྒྱ་རིགས་ཤེས་ཡོན་ཅན་ཚོ་དང་འབྲེལ་བ་ཇེ་ཟབ་ཏུ་བཏང་སྟེ་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་དམིགས་བསལ་སྲིད་ཇུས་ཤིག་ལག་བསྟར་བྱེད་བཞིན་པ་འདི་ལ་འགལ་རྐྱེན་བཟོས་པ་ཞིག་ཏུ་འགྱུར་བཞིན་པས། འདི་འདྲའི་གནད་འགག་གི་སྐབས་སུ་རང་དབང་དང་མང་གཙོའི་ཐོབ་ཐང་ལོངས་སུ་སྤྱད་རྒྱུ་ཙམ་དང་དེའི་སྒོ་ནས་སྐད་ཆ་གང་བྱུང་བཤད་རྒྱུ་ཙམ་གཙོ་བོ་མིན་པར། རང་རང་སོ་སོས་འགན་འཁྱེར་རྒྱུ་དང་ཕན་གནོད་ལ་བལྟ་རྒྱུ་དེ་གཙོ་བོ་རེད།
    དེས་ན་ད་རེས་ཝང་ལི་ཞོང་ལ་ངོ་རྒོལ་བྱེད་མཁན་ཚོའི་རིགས་ཞེན་དང་རྒྱལ་ཞེན་ལ་སྐྱོན་མེད་ངེས་ཀྱང་། བྱེད་སྟངས་ལ་སྐྱོན་ཡོད་པ་གསལ་པོ་རེད། འདི་ནི་ཤ་ཚ་ནའང་ཚ་སྟངས་མ་ཤེས་པ་ཞིག་སྟེ། སྔར་བུ་གླེན་པ་ཞིག་གིས་རང་གི་ཕའི་མགོ་ལ་བབས་པའི་འབུ་གསོད་ཆེད་ཨ་ཕའི་མགོར་སྟ་རེ་གཞུས་པ་དང་འདྲ་པོ་ཆགས་ཉེན་འདུག་པས། ངོ་རྒོལ་བ་ཚོས་མུ་མཐུད་ཨུ་ཚུགས་མ་བརྒྱབས་ན་ལེགས། སྐད་ཆ་འདི་དྲང་མོ་ཡིན།

    Reply
  3. ཐར་ཀླུ། says:
    ལོ་ 16 སྔོན།

    ཐེ་ཤེར་ཟེར་བ་འདི་གྱང་ཁའི་འཇག་མ་རང་རེད། རླུང་བུས་རྒྱུ་ཕྱོགས་དང་བསྟུན་ནས་མགོ་ལྕོགས་ལྡེམ་པ་ལས་རང་ཚུགས་ཞིག་གཏན་ནས་ཡོད་ས་མ་རེད། འབྲོག་པ་གྲོང་ཆེར་ཅན་དུ་བསྒྱུར་དགོས་པས་འབོད་སྐུལ་བྱེད་མཁན་སུ་རེད། ཀླད་པ་སྐྱོན་ཅན་ཡིན་ན་དཔྱད་གཏམ་སྤེལ་གི་མ་འདུག།

    Reply
  4. བདེ་ཆེན་སྒྲོལ་མ། says:
    ལོ་ 16 སྔོན།

    འོག་གི་སྐད་ཆ་གནས་ལུགས་ཅན་པོ་འདི་ཚོ་སྣང་བར་འགྲོ་སོང༌། རྩོམ་པ་པོ་ཐེ་བོ་ལགས་ལ་ཐུགས་རྗེ་ཆེ་ཞུ།

    ཉིན་འདི་ཚོའི་རིང་ངས་ཁོང་ལ་ངོ་རྒོལ་བྱེད་མཁན་ཚོར་དེ་བས་གཟབ་ནན་གྱིས་ཉན་པ་ཡིན། ངས་དེ་ལྟར་གཟབ་ནན་གྱིས་ཉན་སྐབས་ཁོང་ལ་ངོ་རྒོལ་བྱེད་མཁན་ཚོའི་རྣམ་འགྱུར་སྟོན་སྟངས་ལ་ངང་ཐུང་དང་འཚང་འཚུབ།ཁོང་ཁྲོ་དང་ཧོལ་རྒྱུག་གི་ཆ་འདྲེས་ཤིང་། ཁོང་ཚོའི་བཤད་སྟངས་ལ་འུར་འདྲོག་དང་མུན་འཐོམ་གྱི་ཆ་འདྲེས་པས་ངས་སྔོན་ཆད་རེ་བ་བཅངས་མྱོང་ཞིང་ངའི་སེམས་ཁོང་ན་གོ་གནས་ངེས་ཅན་ཟིན་ཡོད་པའི་བཙན་བྱོལ་ནང་གི་གཞོན་སྐྱེས་རྩོམ་པ་པོ་འགས་དེ་རིང་ང་ལ་ཡིད་ཆད་དུ་བཅུག་བྱུང་། སྦས་གསང་མེད་པར་བཤད་ན་ཁོང་ཚོའི་བྱེད་སྟངས་དེ་ནི་དུས་རབས་སྔོན་མའི་ནང་དམར་པོའི་རིང་ལུགས་ལ་ཨ་གསར་གྱིས་དབྱིངས་ཞུགས་པའི་དམར་སྲུང་དམག་མི་ཚོའི་བྱེད་སྟངས་ལས་ལག་ཏུ་སྨྱུ་གུ་ཐོགས་མཁན་གྱི་དུས་རབས་གསར་པའི་ནང་གི་ན་གཞོན་གསར་པ་ཚོའི་བྱེད་སྟངས་ཤིག་དང་གཏན་ནས་མི་འཚམ།

    Reply
  5. ཨ་ལ་ལ says:
    ལོ་ 16 སྔོན།

    ཐོག་མར་ངས་ཐེ་བོ་ཤེས་རབས་མཆོག་ལ་མཚམས་འདྲི་དང་བཅས་དྲ་གྲོགས་ཚོ་ལའངཞུ་འདོད་པ་ནི་ཕན་ཚུན་ལ་ཚིག་མཚོན་བཏབ་ནས་སྡོད་པ་ལས་དཔྱད་གཞིའི་ནང་དུ་གང་ཞིག་མི་འགྲིག་པ་དང་མི་འོས་པ་དེ་དག་གཞི་ལ་བཟུང་ནས་གནས་འདིར་གླེང་སློང་བྱེད་དུ་ཕེབས་ཐུབ་ན་ང་དང་འདྲ་བའི་བལྟ་མཁན་དང་ཉན་མཁན་མང་པོ་ཞིག་ལ་དོན་ཕན་འབྱུང་ཐུབ་པས་ན་དགོངས་འཇགས་འཚལ།

    Reply
  6. ནད་པ says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་ཁམས་བཟང་། རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོང་གི་གཙོས་པའི་རྒྱ་རིགས་སུ་ཞིག་ང་ཚོའི་སར་ཕེབས་འབྱོར་གནང་ནའང་ང་ཚོས་ངེས་པར་དུ་ཁོང་ཚོར་དགའ་བསུ་ཞུ་དགོས།

    ༸ གོང་ས་མཆོག་གིས་བོད་ཙམ་མ་ཟད་བརྩེ་བའི་རྒྱ་རིགས་མི་དམངས་དུང་ཕྱུར་བཅུ་གསུམ་ལ་དོན་དམ་གྱི་རང་དབང་དང་། བདེ་སྐྱིད་ཅིག་འཐོབ་ཐུབ་པའི་ཐུགས་རེ་ཚད་གནང་བཞིན་ཡོད།
    གུས་པར་བཀུར་བ་འོས་པའི་སྐུ་ཞབས་ཝང་ལི་ཞོང་སོགས་རྒྱ་རིགས་བསམ་བློ་བ་ཚོས་ཕྱོགས་གཉིས་ཀའི་གནད་དོན་ལ་ཐུགས་ཁུར་ཆེན་པོ་བཞེས་བཞིན་པ་འདི་དངོས་གནས་རླབས་ཆེན་རེད།

    དེར་བརྟེན་རྒྱ་རིགས་དང་། བོད་རིགས་ཚོསཕན་ཚུན་ཕྱོགས་གཉིས་ཀས་གཅིག་གིས་གཅིག་ལ་གུས་བརྩིདང་། ཆ་འཇོག མཐུན་སྒྲིལ་ཆེན་པོ་ཞིག་བསྐྲུན་ཐུབ་ན་དེ་ནི་དངོས་འབྲེལ་བོད་རྒྱ་མི་རིགས་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་རེད།

    Reply
  7. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    སྤྱིར་གནད་དོན་མི་གླེང་བར་མི་གཞིའི་སྟེང་ལ་དམའ་འབེབ་དང་འཕྱ་སྨོད་བྱེད་རྒྱུ་དེ་བོད་པ་ཚང་གི་ལུགས་སྲོལ་འདྲ་བོ་ཞིག་ཆགས་འདུག
    ཐེ་བོ་ཤེས་རབ་ལགས།
    འོ་ན་ཝང་ལེ་ཞུང་གི་རྩོམ་དེའི་ནང་སྐད་ཆ་འདི་འདྲ་ཞིག་བཤད་ཡོད་པ་དེར་ཁྱེད་ཀྱིས་ཅི་ལྟར་འགྲེལ་བརྒྱག་རྒྱུ་ཡིན།
    ྇྇ཏཱ་ལའི་བླ་མས་བཤད་པའི་བོད་ཆེན་པོ་དེས་རྒྱ་ནག་གི་ས་ཆའི་བརྒྱ་ཆ་བཞི་ཆའི་གཅིག་བཟུང་ཡོད་པ་རེད། ཞིན་ཅང་གིས་ཀྱང་བརྒྱ་ཆ་བཞི་ཆའི་གཅིག་བཟུང་ཡོད་པ་རེད།
    དེ་མ་ཟད་བོད་ཀྱི་ས་ཆ་ནི་རྒྱ་ནག་གི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ཆགས་ཡོད་སྟབས། རྒྱ་ནག་གི་ལག་ནས་ཏཱ་ལའི་བླ་མས་བཤད་པའི་བོད་ཆེན་པོ་ཤོར་དུས་རྒྱ་ནག་ལ་ཉེན་ཁ་དང་རྒྱ་དཀར་ནག་གཉིས་ཀྱི་བར་ལ་ཡང་དམག་འཁྲུག་ཆེན་པོ་ལངས་པའི་ཉེན་བརྡ་བཏང་ཡོད་པ་དེས་བོད་ལ་ཅི་ཞིག་ཕན་འདུག

    Reply
  8. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    གོང་གི་ཐེ་བོ་ཤེས་རབ་ཟེར་བའི་རྟོག་གེ་བ་འདིས་ངས་བོད། དུས་རབས་ཉེར་གཅིག་པའི་རྩིབས་རུས་མཉན་མོ་དང་རང་བཙན་ལམ་ཡིག་བཀླགས་ནས་རྒྱ་བོང་ཞོན་ལ་དགའ་སོང་ཟེར་བ་ཙམ་ལས་གང་ཡང་ཤོད་མི་འདུག དྲང་ཐད་ནས་བཤད་ན་འདི་ནི་ཨ་གསར་དང་རྨོངས་འཐོམ་རང་རེད། ཨོ་ན་ངོ་རྒོལ་བ་དག་གིས་ཁྱོད་ཀྱིས་མཐོང་བའི་དེབ་དེ་དག་མ་མཐོང་བ་རེད་དམ། ཡང་ན་ཐུགས་རྒྱ་ཡངས་མདོག་བསྟན་པ་ལས་ཕན་ཚུན་གྱི་ཁྲག་མ་བཞུར་ན་དགའ་སོགས་ཟེར་རྗེས་འབྲང་ཁུལ་བྱས་པ་ནི་དངོས་གནས་རང་སེམས་ན་མི་རིགས་ཀྱི་ན་ཚ་གང་ཡང་མེད་པར་རི་བོང་ཟླ་དཀར་ལ་རྒྱུག་པ་ལྟ་བུ་རེད། བོད་མི་ས་ཡ་གཅིག་གི་ཁྲག་བཞུར་ཚར་བ་རེད། ད་དུང་ན་ནིང་ནས་དེ་རིང་བར། དེ་རིང་ནས་མུ་མཐུད་དུ་རང་གི་སྤུན་ཟླ་དག་གི་མགོ་ལ་ཅི་ཡོང་གི་ཡོད་མེད་སོགས་ལ་ཅིའི་ཕྱིར་བལྟ་མ་ཐུབ་པ་རེད། བོང་ཞོན་གྱི་རྒྱབ་རྩར་ལངས་ཏེ་རང་གི་ངོ་རྒོལ་བ་ལ་དམའ་འབེབས་པ་འདི་ཤེས་ཡོན་པ་ཡིན་ཟེར་མཁན་ཞིག་གི་བཤད་རྒྱུ་ཡིན་ནམ། འདིའི་སྐོར་ནས་ངོ་རྒོལ་བ་དག་ལ་དམར་སྲུང་དམག་མིའི་མིང་བཀལ་བ་སོགས་ལ་གཞིག་ན་རང་གི་ངོ་བོ་གཞན་ལ་བསྒྱུར་གྱིན་མེད་དམ་སྙམ། ངས་བལྟས་ན་ཁྱོད་བོང་ཞོན་ལ་དགའ་བ་ནང་བཞིན་ངོ་རྒོལ་བ་དག་མ་དགའ་བ་རེད། ཁྱོད་ལྟ་བུ་ཅལ་འདྲོགས་ལ་དགའ་མཁན་ཞིག་གིས་བོང་ཞོན་དང་ངོ་རྒོལ་བ་དག་གི་བར་གྱི་གནད་དོན་གང་ཡང་ཐག་གི་གཅོད་ཐུབ་པ་མ་རེད། དངོས་གནས་བཤད་ན་རང་གི་བསམ་ཚུལ་བཤད་ཆོག་པ་ལས་འདི་ལ་དམའ་འབེབས་བྱས་པ་བླུན་རྟགས་ཁོ་ནར་ངོས་འཛིན་ངེས།

    Reply
  9. འཁྱམས་པོ། says:
    ལོ་ 16 སྔོན།

    ངས་ཀྱང་ཐེངས་དང་པོ་ཝང་ལི་ཞིང་གི་རྩམ་ཆོས་<<བོད། དུས་རབ་ཉེར་གཅིག་པའི་རྒྱ་ནག་གི་རྩིབ་རུས་གཉེན་པོ>>ཞེས་པ་དེ་བཀླགས་ནས་ཁོ་བོད་ལ་ཤ་ཞེན་ཡོད་པའི་ཚོར་བ་འདྲ་ཞིག་སྐྱེས་སོང་དེ་རྗེས་ཡང་སྐྱར་ཁོ་བོའི་རྩམ་ཆོས་གཞན་དག་ཀྱང་ཀློག་འདོད་སྐྱེས་སོང་། བཀླགས་པ་ཡིན་་་་་རེད་དེ་དུས་ཁོས་ང་ལ་སྤྲད་པའི་ཚོར་བ་ནི་ཁོ་བོ་ནི་རང་རིགས་ལ་ཤ་ཞེན་ཧ་ཅང་ཆེ་པའི་རྒྱ་མི་ཀྲོང་པོ་ཞིག་ལས་བོད་དང་བོད་དོན་གླེང་ནས་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་དྲང་བདེན་ལོ་རྒྱུས་ཞིབ་འཇུག་པ་ཞིག་དུ་མཐོང་མ་སོང་། མ་ཟད་ཁོ་བཟའ་ཟླ་ལ་བརྩེ་པ་དང་གདེངས་འཇོག་བྱེད་ཤེས་གྱི་མི་སྤྱང་པོ་ཞིག་ལས་ཅི་ལའང་བསམ་ཤེས་བྱེད་ཤེས་མཁན་གྱི་བློ་རྒྱ་དང་ཁོག་རྒྱ་ཡངས་པས་དཔྱོད་ཤེས་ཞིག་དུ་དེ་བས་ཀྱང་མཐོང་མ་སོང་།
    ང་ཚོས་ན་གཞོན་ཚོས་བྱེད་སྟངས་དེ་ཡག་རྒྱུ་མེད་ནའང་ཁོ་ཡང་རྒྱ་མི་ཞིག་ཡིན་ཕྱིན་རྒྱ་ནག་གིས་ཁོ་ལ་བཀལ་པའི་ནག་ཉེས་འོག་འདི་འདྲ་ཞིག་ལ་བསམ་ཤེས་དང་བཟོད་སྲན་མི་ཐུབ་ན། ཁོ་ལ་དུས་རབས་གསར་པའི་བསམ་བློ་པ་དང་སྨྱུག་འཛིན་པ། ཆབ་སྲིད་ཞིབ་འཇུག་པ་སོགས་ཀྱི་མིང་གི་ཆོ་ལོ་དེ་ཁ་གཡང་ཙམ་ཞིག་མ་རེད་དམ། ཁོ་དྷ་སར་ཡོང་པས་སྐད་ཆ་དེས་ལྷག་པར་དུ་ང་ལ་ཡང་བློ་ཕམ་དང་ཁོ་རྒྱ་མི་བོང་ཞོན་དཀྱེས་མ་ཞིག་ལས་དུས་རབ་ཀྱི་ཤེས་ཡོན་པ་ཞིག་གི་ཚོར་པ་དེ་བླག་སོང་།

    Reply
  10. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ད་ནི་རང་ཕྱོགས་ཀྱི་སྐྱོན་ཆ་ནི་གླེང་ཚར་སོང་། དེས་ན་ཉིད་ཀྱིས་ཝང་ལི་ཞོང་ལ་ཞིབ་འཇུག་བྱས་པའི་བསྐོར་ལ་སྐད་ཆ་ཕྲན་པུ་ཞིག་རིགས་ཀྱི་སེམས་རྩ་དྲོན་མོ་དེ་ནས་བཞུར་ནས་ཤོག་དང་། ངེད་ཅག་གིས་ག་ལེར་ཀློག་འདོད་འདུག་ལགས།

    Reply
  11. མཁར་རྔ་། says:
    ལོ་ 16 སྔོན།

    དཔྱོད་ཤེས་རྩེར་སོན་པ་ཐེ་ཤེར་ལགས་སྡོམ་ཚིག་ཚ་དྲག་མ་སོང་ངམ། ཚིག་དོན་པེ་ཡག་པོ་འདུས། སང་ཉིན་སླར་ཡང་།

    Reply
  12. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    རེད་ཡ། རྒྱ་མི་ཞིག་གིས་ཁོག་རྒྱ་ཡངས་མདོག་བསྟན་པའི་ལན་དུ་ང་ཚོས་ཀྱང་ཁོག་རྒྱ་དེ་ལས་ཡངས་ཙམ་ཡོད་མདོག་མ་བསྟན་ན་ག་ལ་འགྲིག ང་ཚོ་ནི་འཛམ་གླིང་གི་དབུ་ཁྲིད་ཁོག་རྒྱ་ཡངས་ཤོས་དེའི་གཉོར་སྐྱོང་འོག་ནས་འཚར་ལོངས་བྱུང་བའི་མི་རབས་ཤིག་ཡིན་པ་མ་བརྗེད་ན་ལེགས།

    Reply
  13. ལྷ་ཆེན་བུ། says:
    ལོ་ 16 སྔོན།

    ཀླག་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese