མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་རྩོད་པ་ཕྱིར་གཏོང་།

བོད་ཀྱི་དུས་བབ།
༢༠༠༩/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

གཞུང་ཕྱོགས་ནས་ས་གནས་ཕྱིའི་ཁྲིམས་རྩོད་པར་གྱོད་དོན་ཐག་གཅོད་ཀྱི་བདག་དབང་སྤྲོད་ཀྱིན་མེད་པར་གཞིགས་ན་ཁོང་ཚོའི་ས་གནས་ཁྲིམས་རྩོད་པ་ཞིག་བསྐོ་བཞག་གིས་ཁྲིམས་ཆད་ལྗིད་མོའི་ཐག་གཅོད་བྱེད་སྲིད་པ་རེད། ཅེས་དོན་འགྲུབ་དབང་ཆེན་གྱི་ཁྲིམས་རྩོད་པས་བཤད་འདུག

ཕྱི་ཚེས་ ༡༦ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ལོ་སྔོན་མའི་པེ་ཅིན་ཨོ་ལིམ་པིག་རྩེད་འགྲན་གྱི་ཡར་སྔོན་དུ་རང་གི་གཅེས་བའི་སྲོག་ལ་མ་འཛེམས་པར་བོད་ཀྱི་ས་ཁུལ་གང་སར་སོང་སྟེ་བོད་ནང་གི་བོད་མི་ཚོས་༧གོང་ས་མཆོག་དང་ཕྱི་སྡོད་བོད་མིར་བཅངས་བའི་རེ་བ་དང་ཡིད་ཆེས་གློག་བརྙན་གྱི་གཟུགས་སུ་འགོད་མཁན་དང་ ༼འཇིགས་བྲལ༽ གློག་བརྙན་ཕབ་སྐྲུན་བྱེད་མཁན་དོན་འགྲུབ་དབང་ཆེན་དང་ཁོང་གི་ཕྱག་རོགས་རྣམ་གཉིས་ལོ་སྔོན་མའི་ནང་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཏེ་ལོ་ངོ་གཅིག་གི་རིང་གར་ཡོད་དང་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་ཤེས་རྟོགས་ཐུབ་མེད་ནའང་། ཉེ་ཆར་དོན་འགྲུབ་དབང་ཆེན་གྱི་ནང་མིས་ཁོང་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ཉེས་ཅན་དོ་དམ་ཁང་དུ་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག་ལ། ནང་མི་ཚོས་དྲང་པོ་དང་ཚུལ་ལྡན་གྱི་ཐག་གཅོད་ཅིག་བྱ་དགོས་པའི་རེ་འདུན་གྱིས་འགྲོ་གྲོན་ཅི་འབྱུང་ལ་མ་ལྟོས་པར་རྒྱ་རིགས་ཁྲིམས་རྩོད་པ་ལིས་ཏོན་ཡོན་པེ་ཅིན་ནས་གདན་ཞུ་གནང་སྟེ་བཙོན་པ་དང་ཐེངས་གཅིག་ཐུག་འཕྲད་ཀྱི་གོ་སྐབས་ཐོབ་ཡོད་ནའང་། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ལྷན་ཁང་དང་པེ་ཅིན་ཁྲིམས་འཛིན་ལྷན་ཁང་གཉིས་མཉམ་འབྲེལ་ཐོག་ཁྲིམས་རྩོད་པ་ལིས་ཏོན་ཡོན་ལ་གནོན་ཤུགས་སྤྲད་དེ་གྱོད་དོན་འདིའི་ཐད་ཐེ་གཏོགས་མི་བྱེད་པའི་བཀའ་རྒྱ་བཏང་ཡོད་པ་མ་ཟད། གྱོད་དོན་འདིའི་ཐད་ས་གནས་ཁྲིམས་རྩོད་པས་ཐག་གཅོད་བྱ་ཆོག་པའི་སྐོར་བཤད་དེ་ཁྲིམས་རྩོད་པ་ལིས་ཏོན་ཡོན་ཕྱིར་པེ་ཅིིན་དུ་མངགས་གཏོང་བྱས་ཡོད་པ་རེད།

གནས་ཚུལ་འདིའི་ཐད་ཁྲིམས་རྩོད་པ་ལིས་ཏོན་ཡོན་གྱིས་བརྗོད་དོན།  གྱོད་དོན་འདིའི་ཐད་དོན་འགྲུབ་དབང་ཆེན་རང་ལ་ཁྲིམས་འགལ་དང་ཉེས་མེད་ཀྱི་བཙོན་འཇུག་ཞིག་ཡིན་པར་ཡིད་ཆེས་ཡོད་སྟབས། ཁོང་གི་གྱོད་དོན་འདི་དྲང་བདེན་གྱིས་ཐག་གཅོད་ཐུབ་པ་ཞིག་རེད་ལ། རྒྱུ་མཚན་ནི་ཁོང་གིས་ཕབ་པའི་གློག་བརྙན་དེ་ལས་ང་ཚོས་ཁྲིམས་འགལ་གྱི་གནད་དོན་ཞིག་མཐོང་མི་ཐུབ་སྟབས། ཁྲིམས་ཆད་གཅོད་མི་རུང་བ་ཞིག་རེད། ཡིན་ཡང་། གཞུང་ཕྱོགས་ནས་ཕྱིའི་ཁྲིམས་རྩོད་པར་གྱོད་དོན་ཐག་གཅོད་ཀྱི་བདག་དབང་སྤྲོད་ཀྱིན་མེད་པར་གཞིགས་ཚེ་ཁོང་ལ་ས་གནས་ཁྲིམས་རྩོད་པ་ཞིག་བསྐོ་བཞག་གིས་ཁྲིམས་ཆད་ལྗིད་མོའི་ཐག་གཅོད་བྱེད་སྲིད་པ་ཞིག་རེད། ཅེས་བརྗོད་ཡོད་པ་རེད།
 
ཁྲིམས་རྩོད་པ་ལིིས་ཏོན་ཡོན་ནི་ལོ་སྔོན་མའི་བོད་མིའི་ཞི་རྒོལ་ཐད་རྒྱབ་སྐྱོར་མཚན་རྟགས་བཀོད་མཁན་རྒྱ་རིགས་ཁྲིམས་རྩོད་པ་ ༢༠ ཁྲོད་ཀྱི་གཅིག་ཡིན་པ་དང་། ཁོང་གིས་ལོ་སྔོན་མའི་བོད་མིའི་ཞི་རྒོལ་ཁྲོད་འཛིན་བཟུང་བྱས་པའི་བོད་མི་རྣམས་ལ་དྲང་བདེན་གྱི་ཁྲིམས་ལུགས་རྒྱབ་རྟེན་བྱས་ཏེ་རོགས་སྐྱོར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 4

  1. ཨ་ཆོས་འཛིན། says:
    ལོ་ 17 སྔོན།

    ངོ་མ་ཁོང་ནི་བོད་མི་རིགས་ལ་ཅི་འདྲའི་ཤ་ཞེན་ཆེ་ཡང་།རྡ་སའི་རི་ངོགས་ཀྱི་མི་གང་མང་ཞིག་ཁོང་གློད་གྲོད་ཡོང་ཆེད་མར་མེ་ཁྲོམ་སྐོར་ཙམ་་བྱེད་དུ་མི་ཡོངས་བ་ཅི་ཞིག་ཡིན་ནམ།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    རྒྱ་ནག་གི་ཁྲིམས་ཀྱི་སྔོན་ཏུ་འདྲ་མཉམ་ཟེར་བ་ཞིག་གཏན་ནས་མེད་པ་རེད། གལ་ཏེ། དེ་འདྲ་ཞིག་ཡོད་པས་དབང་དུ་བཏང་ན་དེ་ནི་རྒྱུ་ཡོད་དང་དཔོན་ཆེན་དག་གི་ཆེད་དུ་ཡིན་པ་ལས་དྲང་བདེན་ཁོ་ན་སྐྱོང་མཁན་གྱི་དབུལ་བོ་དག་གི་ཆེད་དུ་མེད་པ་རེད་ཅེས་བཤད་ཐུབ་པ་ཞིག་རེད། དམིགས་གསལ་གྱིས་བོད་རིགས་གཙོ་བའི་གྲངས་ཉུང་མི་རིགས་ཀྱི་དབུལ་བོ་དག་ལ་འདྲ་མཉམ་དེ་གཏན་ནས་ཐོབ་ཀྱི་མེད།

    Reply
  3. ནད་པ says:
    ལོ་ 17 སྔོན།

    ཁྲིམས་ཀྱི་མདུན་སར་སྐྱེ་བོ་ཚང་མ་འདྲ་མཉམ་ཞིག་ཡིན་ཀྱང་། རྒྱ་ནག་གི་གནས་བབ་འདི་འདྲ་ཞིག་གི་འོག་ལ་དྲང་བདེན་གྱི་ཐག་གཅོད་གཅིག་ག་ལ་ཡོང་ཐུབ། རྒྱགརིགས་ཁྲིམས་རྩོད་པ་ལི་ཏིནཡོན་གྱིས་གསུངས་པ་དེ་དངོས་གནས་རེད་ཁོང་ལ་ཁྲིམས་གཅོད་ནན་མོ་ཞིག་ཕོག་ངེས་རེད།

    དྲག་གནོན་དང་། མེ་མདའི་འོག་ནས་བཙན་ཤེད་བྱེད་པའི་དུས་བབ་ཞིག་ལ་ག་དུས་ཡིན་ནའང་དྲང་པོ་དང་། བདེན་པ་ཟེར་བ་དེ་ལ་ནུས་པ་མེད་ལ་དེ་བས་ཁྲིམས་ཀྱི་ཐག་གཅོད་ཡག་པོ་གཅིག་རྩ་བ་ནས་ཡོང་ཐབས་མེད།

    འོན་ཏང་དཀའ་ཚེགས་ཆེན་པོ་ཞིགགི་ལམ་འཕྲང་བརྒྱུད་དེ་མཐར་དཀའ་ངལ་ཐ་དག་ལ་གདོང་ལེན་བྱེད་ནུས་མཁན་གྱི་གངས་རིའི་དཔའ་རྒོད་གཅིག་ཏུ་འགྱུར་ཐུབ་པའི་སྨོན་འདུན་ཞུ།།

    Reply
  4. བདེ་བ་ཅན། says:
    ལོ་ 17 སྔོན།

    ཁྲིམས་རྩོད་པ་ཁོང་གི་བློ་སྟོབས་ལ་རྗེས་སུ་ཡི་རངས་ཡོད། ཡིན་ནའང་ད་བར་གྲུབ་འབྲས་ཐོན་པའི་ལས་ཀ་གང་བྱ་ཐུབ་ཡོད་དམ། རོགས་པ་བྱ་གི་ཡིན་ཅེས་ཁ་གཏམ་གྲགས་ཙམ་བྱས་ན་ཡག་པོ་མི་འདུག སྔ་ལོའི་དོན་རྐྱེན་བྱུང་སྟེ་ལོ་གཅིག་ཡོལ་ཟིན་ཏེ་ཁྲིམས་གཅོད་་མང་ཆེ་བ་ཚར་ཏེ་ང་ཚོས་ཤེས་རྟོགས་མེད་པའི་བཙོན་ཁང་མང་པོ་ཞིག་ནང་བསྒྱུར་བཀོད་བྱ་བཅུག་བཞིན་ཡོད།
    ལྷག་པར་དུ་དོན་གྲུབ་དབང་ཆེན་ལགས་ད་ལྟ་བཙོན་ཁང་ཞིག་ནང་ཡོད་པ་ཤེས་རྟོགས་བྱུང་བ་ཙམ་མ་ཟད། ཁྲིམས་གཏུགས་བྱ་བཞིན་ཡོད་ཚེ་དེ་ལས་་ལྷག་པའི་བརྙན་འཕྲིན་དེའི་ནང་སྐད་ཆ་བཤད་ཕོད་མཁན་དེ་དག་ལ་ཉེན་ཁ་འཕྲད་སྲིད་ཀྱི་རེད་དམ། དེ་ནི་ཕྲན་གྱི་བསམ་ཚུལ་ཙམ་ཡིན། ཁོང་ནས་དཔར་ལེན་བྱས་པ་ཙམ་ལས་དེ་་འདྲ་བྱ་དགོས་པའི་མི་སྣ་ཚོར་བསྐུལ་སློང་བཏང་ཡོད་ཀྱི་མ་རེད། ཁོང་ཚོ་རང་སོ་སོས་བསམ་བློ་བཏང་སྟེ་གསུངས་པ་ཤ་སྟག་ཡིན་སྟབས་ཁོང་ཚོར་ཁྲིམས་ཐོག་ནས་ཉེས་པ་ཕོག་སྲིད་་པ་རེད་དམ། ཉེས་པ་གཏོང་་རྒྱུའི་གོམས་གཤིས་དེ་འདྲ་ཞིག་རྒྱ་ནག་ལ་རྒྱུན་འཇམས་སུ་གནས་ཡོད།
    ཁྲིམས་ཡིག་ནི་འགྱིག་སྐུད་ནང་བཞིན་གང་དུ་འཐེན་ནའང་ཆོག་པ་ཞིག་ཡོད་པ་ལྟར། རྒྱ་ནག་གི་ཁྲིམས་ཡིག་དེ་བས་ཀྱང་བེད་སྤྱོད་མེད་པའི་ཤེལ་སྒོའི་ནང་གི་མོག་མོག་་ལྟ་བུ་ཡིན་པས་ང་རང་གི་སེམས་ཁྲལ་མང་ཤོས་་ཤིག་ནི་བརྙན་འཕྲིན་དེའི་ནང་སྐད་ཆ་བཤད་མཁན་དེ་དག་གི་མ་འོངས་པའི་མདུན་ལམ་ཐད་རིམ་པས་དཀའ་ང་ལ་སྤྲད་སྲིད་པ་དེར་ང་ཚོས་བློ་ཚབས་དང་གདུང་སེམས་མཉམ་སྐྱེད་ཞུ་དགོས་་ཀྱི་འདུག་བསམ་གྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese