མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་བཀའ་བློན་ཁྲི་པ་གང་འདྲ་ཞིག་དགོས་སམ། བུ་ཆུང་ཚེ་རིང་།

བོད་ཀྱི་དུས་བབ།
༢༠༠༩/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

བར་སྐབས་ཤིག་ན་བོད་ཕྱི་ལ་གནས་པའི་བོད་མིའི་སྤྱི་ཚོགས་ནང་གླེང་མོལ་གནང་བཞིན་པའི་གནད་དོན་གཅིག་ ནི་ཕྱི་ལོ་༢༠༡༡ ལོར་བཀའ་བློན་ཁྲི་པའི་འོས་བསྡུའི་སྐོར་རེད་། བཀའ་བློན་ཁྲི་པ་རྗེས་མ་དེ་སུ་ཡོང་སྲིད་དམ། སུ་འོས་སམ། ད་ལྟའི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་མཚན་གནས་དེར་ ༢༠༠༡ ལོར་ཐོག་མར་འོས་འདེམས་བྱུང་བ་ནས་ཐེངས་གཉིས་བསྟུད་མར་འོས་འདེམས་བྱུང་བ་རེད་། ད་ཆ་བོད་མིའི་དམངས་གཙོའི་འགྲོ་ལུགས་ཀྱི་བཅའ་ཁྲིམས་གཞི་མཚུངས་ཐེངས་གཉིས་བསྟུད་མར་གནང་མཁན་ཞིག་ལ་སྐྱར་དུ་འོས་འདེམས་ཞུ་ཡག་མེད་པ་ཡིན་། མ་ཟད་རིན་པོ་ཆེ་སྐུ་སྒེར་ཐོག་ནས་ཡང་ཡོངས་བསྒྲགས་ཐོག་ནས་བཀའ་བློན་ཁྲི་པ་དེ་ནི་ཁོང་ལས་གཞོན་པ་ཞིག་ལ་བསྐོ་ན་ལེགས་པ་ཡོད་པའི་དགོངས་འཆར་གསུངས་ཡོད་།
དེ་ན་བཀའ་བློན་ཁྲི་པའི་འོས་གཞིར་སུ་འདྲ་ཞིག་སླེབས་ན་ལེགས་པ་ཡོད་དམ། དེ་ཐོག་གུས་པའི་བསམ་ཚུལ་མ་ཞུས་གོང་དབུ་ཁྲིད་དེའི་ལས་འགན་ཐོག་ཡུད་ཙམ་གླེང་ན་བསམ། བཙན་བྱོལ་བོད་གཞུང་ནི་གཞུང་གཞན་སུ་ཞིག་དང་མ་འདྲ་བའི་གནས་སྟངས་འོག་ཡོད་པ་དེའི་བཀའ་བློན་ཁྲི་པའི་ལས་འགན་མདོར་བསྡུས་ན་སྡེ་ཚན་གཉིས་སུ་དབྱེ་ཐུབ། གཅིག་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཛིན་སྐྱོངས་དབུ་ཁྲིད་མཁན་དེ་ཡིན། སྡེ་ཚན་དེ་འོག་བོད་མིའི་སྤྱི་ཚོགས་བདེ་དོན་གནད་དོན་ཁག་ཚུད་ཡོད་། སློབ་གྲ་དང་། རིག་གཞུང་ལྟེ་གནས། གཞིས་ཆགས་སྒྲིགས་ཚུགས་སོགས་ཀྱི་འཛིན་སྐྱོངས་ཀྱང་དེ་འོག་ཡོད་། གཉིས་པ་དེ་ནི་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ཀྱི་ལས་འགན་ཡོད་མཁན་གང་ཟག་དེ་ཡིན། ལས་འགན་གཉིས་ཕན་ཚུན་འབྲེལ་བ་ཡོད་པ་ཡིན་རུང་ཐ་དད་ཐོག་སྟངས་འཛིན་ཐུབ་རྒྱུ་ཡང་ཡིན།

གནས་སྟངས་དེ་འདྲེའི་འོག་གུས་པའི་བསམ་པར་ད་ཆ་བཀའ་བློན་ཁྲི་པ་དེ་གཙོ་བོ་ བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ཀྱི་ལས་འགན་འཁྱེར་ཐུབ་མཁན་ཞིག་དགོས་ཀྱི་འདུག བཙན་བྱོལ་ནང་གི་འཛིན་སྐྱོངས་ཀྱི་ལས་འགན་རྐྱང་པ་དེ་ནི་མཁས་ལས་པ་ཞིག་བཀའ་ བློན་ཁྲི་པའི་འོག་བསྐོ་བཞག་གནང་ན་ཕན་ནུས་ཆེ་བ་དང་དགོས་འཁོ་དང་མཐུན་པ་ཡོང་ རྒྱུ་རེད་། དེ་ནི་ཕྲལ་ཕུག་གཉིས་ཀྱི་བོད་མིའི་དམིགས་ཡུལ་དང་འབྲེལ་བ་ཡོད་བཞིན་བཀའ་བློན་ ཁྲི་པ་དེའི་ཆ་རྐྱེན་ནི་དབྱེ་བ་གསུམ་དུ་དབྱེ་ཐུབ།
༡༽༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་སྤྱིས་ངོས་འཛིན་ཞུས་པའི་དབུ་ ཁྲིད་དང་མགྲིན་ཚབ་པ་དེ་ཡིན། ལྷག་པར་དུ་གངས་ཅན་ལྗོངས་དང་དེའི་ཡུལ་མི་དང་ཁོང་དབར་ལོ་རྒྱུས་དང་ལས་ཀྱི་ འབྲེལ་བ་ཡོད་པ་ཡིན་པས་དེ་ནི་བོད་མིའི་ངོ་བོའི་གཞི་རྩ་ཞིག་ཡིན། དེ་ན་༧གོང་ས་མཆོག་གི་ངོ་བོ་དེར་རམ་འདེགས་ཞུ་རྒྱུ་ནི་ཆ་རྐྱེན་དང་པོ་དེ་ཡིན།
༢༽ དེ་འདྲ་བའི་རམ་འདེགས་ཀྱི་འགན་བདག་གིར་གནང་བར་གང་ཟག་དེར་བོད་ནང་དུ་ཡོད་པའི་ བོད་མི་ཚོའི་དངོས་ཤུགས་རྒྱུད་གསུམ་གྱི་ངོས་འཛིན་དགོས་པ་ནི་ཆ་རྐྱེན་གཉིས་པ་ དེ་ཡིན། ཁོང་ཚོ་ནི་བཙན་བྱོལ་དུ་ཡོད་པའི་བོད་མིའི་གྲངས་འབོར་ལས་མང་བ་དང་བོད་མིའི་ངོ་ བོའི་དམངས་གཞི་དེ་ཡིན་པ་བཀའ་བློན་ཁྲི་པ་དེས་བོད་ནང་དུ་ཡོད་པའི་བོད་མིའི་ སྐུ་ཚབ་དངོས་སུ་གནང་ཐུབ་མཁན་ཞིག་དགོས་ཡོད་། དེ་བཞིན་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མིའི་འབྲེལ་བ་དེ་མི་ཉམ་གོང་འཕེལ་ དང་སྲ་བརྟན་གནང་ཐུབ་མཁན་ཞིག་དགོས་ཡོད་།
༣༽ བཀའ་བློན་ཁྲི་པ་དེས་བོད་མིའི་ཆབ་སྲིད་ཀྱི་དམིགས་བསལ་གནས་སྟངས་མཁྱེན་པའི་ ཐོག་ནས་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་གཞུང་དང་སྤྱི་ཚོགས་ནས་མཚན་གནས་དེར་ད་ ལྟ་དང་མ་འོངས་པ། དེ་བཞིན་བྱུང་ན་དངོས་དང་དེ་མིན་ཤུགས་རྒྱུད་གཉིས་ཀྱི་ཐོག་ནས་ངོས་འཛིན་ཡོང་ ཐུབ་པ་བཟོ་རྒྱུ་དེ་རེད་། ཁོང་ནས་གངས་ཅན་སྐྱིད་གཤོངས་ཀྱི་དཀྱིལ་འཁོར་གྱི་ཕྱིའི་དངོས་ཡོད་གནས་ཚུལ་ལ་ གཟིགས་ཐུབ་པ་དང་དེ་དང་བསྟུན་ནས་མཛད་བྱུས་གཏན་འབེབས་གནང་ཐུབ་པ་དགོས་ཡོད།

ཆ་རྐྱེན་དེ་དག་ནི་ཡོང་རྒྱུའི་བཀའ་བློན་ཁྲི་པའི་དགོས་ཁོ་གཙོ་བོ་ཡིན་པ་ གུས་པས་ངོས་འཛིན་ཞུས་ཀྱི་ཡོད་། དེ་འདྲ་བའི་ཆ་རྐྱེན་འདོད་བློ་ཁེངས་པ་ཡོད་མཁན་གྱི་གང་ཟག་ད་ལྟའི་འཆར་ཕེལ་ཆེར་ མེད་པ་རེད་ཞུས་ན་དངོས་ཡོད་གནས་ཚུལ་དང་མཐུན་གྱི་རེད་བསམ་གྱི་འདུག འོན་ཀྱང་ཆ་རྐྱེན་དེ་ཚོ་ཡོད་པ་བཟོ་རྒྱུའི་གོ་སྐབས་ཡོད་པ་མ་ཟད་དེ་བཞིན་བོད་ མིའི་སྤྱི་ཚོགས་ནས་ཟིན་དགོས་པ་རེད་བསམ། དཔེར་ན་ད་ལྟའི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་མཚན་གནས་དེར་མ་ ཕེབས་གོང་བོད་ནང་གི་སྤྱི་ཚོགས་ནང་ཁོང་གི་མཚན་ཐོས་མྱོང་མཁན་ག་ཚོད་ཡོད་མིན་ གུས་པས་ཞུ་མ་ཐུབ་ཀྱང་མང་པོ་ཡོད་ཀྱི་མ་རེད་བསམ། འོན་ཀྱང་ད་ཆ་གུས་པས་གནས་ཚུལ་གོ་ཡག་ལ་བོད་ས་ཁུལ་མང་པོར་ཁོང་གི་མཚན་ཐོས་པ་མ་ ཚད་ཁོང་ལ་ཆེ་མཐོང་ཞུ་མཁན་མི་ཉུང་བ་ཡོད་པ་རེད་འདུག
ང་ཚོ་བོད་མིའི་སྤྱི་ཚོགས་ནས་དོན་གནད་འདི་དང་འབྲེལ་བའི་ཐོག་ག་རེ་གནང་དགོས་ སམ། འོས་མི་སུ་འདྲ་ཞིག་འདུག་གམ་གཟིགས་རྒྱུ་གལ་ཆེན་པོ་ཡིན་རུང་༼དེ་ཐོག་སྤྱི་ཟུར་ཐུབ་བསྟན་བསམ་གྲུབ་ལགས་ནས་དྲ་རྒྱ་ཞིག་ཀྱང་དབུ་གཙུགས་གནང་ཡོད་༽དེ་ ལས་གནས་འགག་ཆེ་བ་ནི་བཀའ་བློན་ཁྲི་པའི་མཛད་འགན་ཐོག་དགོངས་པ་བཞེས་རྒྱུ་དེ་ ཡིན། ངའི་བསམ་ཚུལ་ལ་གཏམ་དཔེ་ཞིག་ཡོད་པ་བཞིན་ཇི་ལྟར་ལོང་བ་འགའ་ཞིག་ནས་གླང་པོ་ ཆེའི་ངོ་བོ་སོ་སོའི་རག་པའི་དཔྱད་ཞིབ་ཐོག་ནས་འགྲེལ་བརྗོད་གནང་བ་ལྟར་ང་ཚོས་ ཀྱང་བཀའ་བློན་ཁྲི་པའི་ངོ་བོར་དེ་ལྟར་བྱས་བཞིན་འདུག བཅའ་ཁྲིམས་ནང་བཀའ་བློན་ཁྲི་པའི་མཛད་འགན་འགྲེལ་བརྗོད་ཡོད་པ་རྣམས་གཙོ་བོ་ འཛིན་སྐྱོངས་དང་འབྲེལ་བ་ཡོད་པ་ཡིན་། འོན་ཀྱང་ད་ལྟའི་གནས་སྟངས་དང་མ་འོངས་པའི་གནས་སྟངས་ཐོག་བསམ་བློ་བཏང་སྐབས་ང་ ཚོས་བཀའ་བློན་ཁྲི་པའི་ལས་འགན་དེ་ལས་ལྷག་པ་ཡོད་པ་དེ་བསམ་ཤེས་ཐུབ་པ་དགོས་འདུག བཀའ་མོལ་དེ་འདྲའི་རྒྱུད་ང་ཚོས་བཀའ་བློན་ཁྲི་པ་གནང་འདོད་ཡོད་མཁན་ཚང་མས་གནད་ དོན་དེ་ཚོར་དགོངས་པ་ཞེས་ཐུབ་པ་བཟོ་རྒྱུ་དེ་རེད་བསམ།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༤ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༥ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༥ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༦ སྔོན་ལ།

མཆན། 15

  1. Yak Goed says:
    ལོ་ 16 སྔོན།

    པ་སངས་ལགས་སོན་ཅིག
    བཙན་བྱོལ་གཞུང་གི་དཔལ་འབྱོར་ཡོངས་ཁུངས་དོར།
    གཞིས་ཆགས་མི་རྣམས་དབུལ་བོར་གྱུར་ནས་གནས།
    དཔེ་སྟོན་སློབ་གྲ་ཙམ་ལས་གཞན་ལ་ཐེ་ཇུས་དབེན།
    ཁ་ཡོད་ལག་ཡོད་བཀའ་འཁྲི་ང་ཚོར་མཁོ།

    Reply
  2. སངས་རྒྱས་ཆོས་འཕེལ། says:
    ལོ་ 16 སྔོན།

    དག་བཅོས། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ལ།

    Reply
  3. སངས་རྒྱས་ཆོས་འཕེལ། says:
    ལོ་ 16 སྔོན།

    བོད་ལ་བཀའ་ཁྲི་འོས་པ་མང་པོ་འདུག ཡིན་ནའང་བཀའ་ཁྲི་གདམས་མཁན་ལ་མང་གཙོའི་ཤེས་ཡོན་དེ་འདངས་ཀྱི་མེད། སྔོན་མ་དང་ལྟོས་ན་བཀའ་ཁྲི་རྗེས་མ་གདམས་མཁན་ཤེས་ཡོན་གྱི་ཆུ་ཚད་མཐོ་བར་ངེས་ཀྱང་། རྔ་རྡུང་ལ་ལྟོས་པའི་འཆམ་འགྲོས་མེད་པར། ཧ་ཀྱང་སྟོང་འཆང་བྱེད་དྲག་ན་བལ་པོའི་དམར་ཤོག་གསར་བའི་སྲིད་འཛིན་བཞིན་དུ་མི་འགྱུར་བའི་ངེས་པ་མེད། བོད་ཀྱི་བུད་མེད་རང་ངོས་ནས་བཀའ་ཁྲི་འཇོན་ངེས་མང་པོ་འདུག་ ཡིན་ནའང་ང་འཚོའི་འཁོར་ཡུག་འདི་ལ་བུད་མེད་བཀའ་ཁྲིར་གདམས་ཐུབ་པའི་ཤེས་ཡོན་གྱི་ཆུ་ཚད་ལ་སླེབ་ཐུབ་ཀྱི་འདུག་གམ། བླ་མ་གྲྭ་བ་ཆབ་སྲིད་ལས་དགོངས་པ་ཞུས་ན་བོད་ཀྱིས་རང་ཚུག་ཐུབ་པའི་ས་མཚམས་ལ་སླེབས་འདུག་གམ། མ་རྩ་བཀའ་བློན་ཁྲི་བ་གཅིག་གིས་ཧ་ལས་པ་ཅི་ཡང་བྱེད་མི་ཐུབ། སྤྱི་མཐུས་རྣམས་པ་དང་། བཀའ་བློན་གཞན་རྣམས་བཀའ་བློན་ཁྲི་བ་གཅིག་པུ་ལས་ཀྱང་གནད་འགག་ཆེ་བར་འདུག གང་ལྟར་འདིའི་སྐོར་བགྲོ་གླེང་བྱེད་མཁན་རྣམས་ལ་དགའ་བས་རྗེས་སུ་ཡིད་རང་ཡོད།

    Reply
  4. pasang says:
    ལོ་ 16 སྔོན།

    བཙན་བྱོལ་གཞུང་གི་ལས་རིགས་སྒྱུར་བཅོས་བྱས།།
    གཞིས་ཆགས་སྲ་བརྟན་རྒྱ་བསྐྱེད་སྣ་མང་བསྐྲུན།།
    མཁས་དབང་བཀའ་ཁྲི་ཟམ་གདོང་བླ་མ་རྗེ།།
    བཀའ་བློན་གཞན་གྱི་འགྲན་པའི་ཟླ་དང་བྲལ།།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ད་དངོས་ནས་ཀློག་བཞིན་ཀློག་བཞིན་སེམས་པ་སྐྱོ་ནས་བསམ་ཚུལ་ཞིག་དྲན་གྱི་མི་འདུག བོད་ལ་བཀའ་ཁྲི་གང་འདྲ་ཞིག་དགོས་ཀྱི་ཡོད་མེད་དེ་ནི་བོད་མི་མང་གཉིད་ལས་སད་ན་ད་གཟོད་རྟོགས་སྲིད་པ་རེད།

    Reply
  6. བསྟན་འཛིན་ཡོན་ཏན། says:
    ལོ་ 16 སྔོན།

    འགན་ཁུར་བའི་ཐོག་ལས་དོན་འདིའི་སྟེང་དགོངས་ཚུལ་འདོན་རྒྱུ་ཤིན་ཏུ་གལ་ཆེ།དང་པོ་བཀའ་ཁྲིའི་འོས་ཆོས་ངོ་འཕྲོད་པའི་ཐོག་ནས་གཉིས་པ་བཀའ་ཁྲིའི་འོས་དམིགས་འདོན་རྒྱུ་ཡིན་ན་དཔྱད་བསྡུར་བྱེད་སྟངས་སྟབས་བདེ་རུ་སོང་བ་ཡིན།
    དེས་ན་གླེང་བརྗོད་སྤེལ་སྟངས་ཀྱི་ཆ་ནས་འོས་ཆོས་དང་འོས་དམིགས་གཉིས་རེ་རེ་བའི་ཐོག་དགོངས་ཚུལ་འདོན་པ་མ་ཡིན་པར་དེ་གཉིས་ཡ་བྲལ་དུ་མ་གྱུར་བ་ཞིག་ངེས་པར་དགོས།མདོར་ན་རྗེས་མའི་བཀའ་ཁྲི་དེར་འོས་ཆོས་ཚང་དགོས་པ་དག་གང་ཡིན་གསལ་པོ་གསལ་པོ་བཟོས་ཏེ།དེ་དག་ཚང་བ་ཞིག་དང་ཚང་བ་མང་ཤོས་འདེམས་རྒྱུ་ལས།སྐྱ་སེར་དང་རིགས་རུས།ཕོ་མོ།རྒན་གཞོན་གྱི་ཁྱད་འབྱེད་སྟངས་འདི་དམངས་གཙོའི་ཁྲིམས་དང་འགལ་བ་ཡིན།

    Reply
  7. མགྲིན་པ་ཟབ་མོ། says:
    ལོ་ 16 སྔོན།

    དེ་ལྟར་ཡིན་ཚེ། ཁོ་སྐུ་ཞོགས་རེད། ཁོ་སྐུ་དྲག་རེད། ཁོ་གཞོན་སྐྱེས་ཤིག་མ་རེད་སོགས་བཤད་ནའང་ང་ཚོའི་རྩ་དོན་ལ་གནོད་ཀྱི་ཡོད་པ་མ་རེད་དམ།

    Reply
  8. འཁྱམས་པོ། says:
    ལོ་ 16 སྔོན།

    ཡང་སྐྱར་་་་་ སྤྱིར་བཀའ་ཁྲིའི་འོས་གཞི་འདེམས་རྒྱུ་དེ་ནི་མ་འོངས་པའི་གནས་བབ་ལ་བསམ་ནས་འབྱུང་འགྱུར་བོད་ཀྱི་ཕུགས་འདུན་སྒྲུབ་ཐུབ་མཁན་ཞིག་ལ་བསམ་རྒྱུ་ལས། ང་འདི་ལ་དགའ་རབ་དང་ཁོ་ངའི་ཉེ་གནས་ཞིག་ཡིན་རབ། ཁོས་ང་ལ་ཡག་པོ་ཞིག་བྱས་སོང་། ད་དུང་ཆོལ་ཁ་དང་ཆོས་ལུགས། ཐ་ན་ཡུལ་ལུང་དང་སྡེ་ཁག་གཅིག་པ་ཡིན་རབ་གླེང་ནས་འོས་བླུགས་པ་ཡིན་ན་ནི། འོས་དེ་འཕྲོ་བླགས་དང་ཆུད་ཟོས་སུ་བཏང་པ་ལས་མ་འདས།
    ཡིད་ཆས་དང་མོས་མཐུན་ནི་མིའི་བསམ་བློ་ལས་འབུས་པ་རེད། ང་ཚོས་ཡང་མ་འོངས་པའི་བོད་དང་བོད་ཀྱི་འདུན་ལམ་དེ་ང་ཚོ་རང་ཉིད་ཀྱི་ལག་པར་ཡོད། མི་ཞིག་གིས་ཉེ་རིང་ཆགས་ལྡིང་སྤང་ནས་བོད་སྤྱི་དོན་དངོས་དེ་བསམ་ན་ད་གཟོད་མ་འོངས་བོད་མིའི་འོས་དམིགས་དང་འདུན་པ་འགྲུབ་ཡོང་པར་འདུག་

    Reply
  9. ནད་པ says:
    ལོ་ 16 སྔོན།

    ཁམས་བཟང་། ད་ལྟའི་དུས་ཚོད་འདིར་ང་ཚོས་ངེས་པར་དུ་བཀའ་ཁྲི་གསར་པ་ཞིག་འདེམས་དགོས་ལ་དེ་ཡང་སྔར་དང་མི་འདྲ་བ་ཞིག་དགོས།

    བླ་ཆེན་དང་། མཁན་པོ། དགེ་བཤེས། གྲ་པ། སྐུ་དྲག་རིགས་སོགས་མ་ཡིན་པར་དངོས་གནས་མི་སྐྱ་ཞིག་ངེས་པར་དུ་ཡོང་དགོས་པའི་དུས་བབ་ཅིག་རེད།

    དེ་འདྲ་ཞིག་བྱུང་ཐུབ་ཚེ་ད་གཟོད་ང་ཚོའི་གཞུང་འདི་དངོས་གནས་མང་གཙོའི་གཞུང་ཡག་པོ་ཞིག་ཡིན་པ་འཛམ་གླིང་ཡོངས་ལ་མངོན་ཐུབ།

    Reply
  10. བདེ་བ་ཅན། says:
    ལོ་ 16 སྔོན།

    གོང་དུ་བུ་ཆུང་ཚེ་རིང་ལགས་ནས་བཀའ་ཁྲི་གང་་འདྲ་ཞིག་དགོས་ཀྱི་ཡོད་མེད་ཐད་ལ་དགོངས་ཚུལ་གསུངས་འདུག་པ་དེ་ལྟ་བུ་མང་ཙམ་བཀོད་ཐུབ་ཚེ་དགེ་མཚན་འདུག ང་ཚོའི་རྗེས་མའི་བཀའ་ཁྲི་འདེམས་རྒྱུ་དེར་གདེངས་སྤོབས་སྤྲོད་ཐུབ།
    འོན་ཏེ་ཁྱེད་ནས་དེང་གི་བཀའ་ཁྲི་ལས་ལྷག་པའི་མི་སྣ་ཞིག་ལ་གདེངས་འཇོག་དང་ཡིད་ཆེས་གནང་གི་ཡོད་ཚོད་འདུག ངས་བལྟས་ན་དེ་ནི་ཧ་ཅང་གི་ཁག་པོ་ཞིག་རེད། ང་ཚོ་ནི་ཆོས་ལུགས་ཀྱི་ཤན་ཤུགས་ཆེ་ཡོད་པའི་མི་རིགས་ཤིག་ཡིན་སྟབས་ང་ཚོས་དད་སེམས་དང་ཆབ་སྲིད་ཀྱི་རེ་བ་བཅོོལ་ཡུལ་གཉིས་གཞི་གཅིག་གི་སྟེང་ནས་ང་ཚོས་སེམས་ཁམས་སུ་རན་ཐབས་བྱས་ཚེ་དེ་དགེ་མཚན་ཆེ་བ་མཐོང་གི་ཡོད་པ་ལས་ཆོས་ལུགས་ཀྱིས་ཆབ་སྲིད་ལ་དོ་ཕོག་བཏང་བའི་རྒྱ་ནག་དམར་གཞུང་གི་རིག་གསར་གྱི་སྒྲུང་གཏམ་བག་ཆགས་ལ་བློ་ཕྱོགས་ཚེ་ང་ཚོའི་མི་རིགས་ལ་ནམ་ཡིན་ཡང་བློ་ཁ་ཁེངས་མི་སྲིད་པས་དེ་ངེས་པར་བསམ་བློར་འཇགས་དགོས་ཀྱི་འདུག
    ངས་དེ་ལྟར་བརྗོད་སྐབས་བཀའ་ཁྲི་དེ་མི་སྐྱ་ཞིག་སླེབས་ཚེ་ད་ལྟའི་བཀའ་ཁྲི་ལས་ལྷག་པ་ཞིག་ཡོང་གི་རེད་ཅེས་པ་དེ་ཆོས་ལུགས་ཀྱི་ཤན་ཡོད་པའི་ཆ་ནས་ཞུ་གི་ཡོད་ཚེ་རྦད་དེ་ནོར་བ་རེད་ཅེས་ཞུ་གི་ཡོད།
    ཡིན་ནའི་མ་འོངས་པར་གདེངས་ཚོད་དང་འོབ་་ཚོད་བྱ་ཐབས་བྲལ་བས་བཀའ་འདྲི་ད་ལྟའི་འདི་ལས་ལྷག་པ་ཞིག་ཡོང་བར་རེ་བ་བྱེད་ཆོག་པ་ཡིན།
    ཁྱེད་རང་ནས་བཏོན་གནང་བའི་དཔལ་རྒྱལ་བ་ཀརྨ་པ་མཆོག་དང་། ཨཀྱཱ་རིན་པོ་ཆེ་རྣམ་གཉིས་ནས་བཀའ་བློན་ཁྲི་པ་གནང་རྒྱུ་ཧ་ལམ་ཡོང་གི་མ་རེད། གང་ལགས་ཞུས་ན་གཅིག་དགུང་ན་ཆུང་དྲགས་པ་དང་། གཅིག་ནི་ཆོས་ལུགས་ཀྱི་འཆད་ཁྲིད་ཐད་ཁྱད་དུ་འཕགས་པ་ཡོད་སྲིད་ཀྱང་། སྲིད་དོན་ཐད་ནུས་པ་བཏོན་ཐུབ་མཁན་ཞིག་ང་རང་གི་མཐོང་གི་མི་འདུག དེ་མིན་ང་ཕོད་འཇིགས་མེད་ལྟ་བུར་འོས་ཐོབ་རྒྱུ་འདི་ཧ་ཅང་ཁག་པོ་རེད། དཔེར་ན་ང་ཕོད་འཇིགས་མེད་ཀྱི་ཕ་ང་ཕོད་ངག་དབང་འཇིགས་མེད་དང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ནས་སྔ་རྗེས་སུ་བོད་ནང་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་རྒྱུ་དང་ཕོ་བྲང་པོ་ཏཱ་ལ་སོགས་བོད་་ཀྱི་གནའ་རབས་རིག་གཞུང་ཡར་རྒྱས་གཏོང་རྒྱུའི་ཐད་རྒྱ་མིའི་དཔོན་རིགས་རྣམས་དང་ཐེངས་མང་པོར་ཚོགས་འདུའི་ཐོག་འགན་འཁུར་བླངས་ཏེ་་བསམ་འཆར་བཏོན་ཡོད་ཀྱང་། དེའི་གྲུབ་འབྲས་དེ་ཚོ་ད་ལྟ་གླེང་སྐབས་ཧ་ལམ་ང་ཕོད་ངག་དབང་འཇིགས་མེད་རྦད་དེ་མི་ནག་པོ་ཞིག་ཡིན་པའི་གྲུབ་ཆེད་ཁོ་ན་བཏོན་གྱི་ཡོད་སྟབས་ཁོང་ལ་ཕའི་བག་ཆགས་ཀྱི་ཐོག་ནས་བཙན་བྱོལ་ནང་ཁག་ཅིག་ནས་ལྟ་སྟངས་ཧ་ཅང་ངན་པ་འདུག བྱས་ཙང་ཤེས་ཡོན་ཡོད་ཅིང། མི་རབས་ལོ་རྒྱུས་ཐོག་བོད་ས་མ་ཤོར་གོང་གི་བཀའ་བློན་ཞིག་གི་ཕྲུ་གུ་ཡིན་པ་དང་། ད་ལྟ་གནས་སྟངས་དེ་འདྲ་ཞིག་གི་འོག་ཏུ་བཙན་བྱོལ་དུ་བོད་མི་ཚོ་དང་སྐྱིད་སྡུག་མཉམ་མྱོང་གིས་ལས་ཀ་བྱ་བཞིན་ཡོད་ཀྱང་། ཞིབ་ཕྲའི་རྒྱབ་ལྗོངས་ལོ་རྒྱུས་ལ་ལྟ་མཁན་ཧ་ཅང་དཀོན་པོ་ཆགས་ཡོད།
    འབྲོང་ཆུང་དངོས་གྲུབ་ལྟ་བུ་ནི་བོད་དང་ཐད་ཀར་འབྲེལ་བ་ཡོད་པ་ཙམ་དུ་མ་ཟད། ད་བར་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབས་ ཐད་ཧ་ཅང་འབྲེལ་བ་ཆེན་པོ་ཡོད་པའི་མི་ཞིག་རེད། རྒྱ་གར་གཞུང་ནས་བོད་མི་བལ་ཡུལ་སྣེ་ལེན་དུ་སླེབས་པ་ནས་བཟུང་རང་རྐྱ་མི་འཕེར་བའི་བར་དུ་ལམ་སྟོན་བྱ་རྒྱུ་དེ་ཧ་ཅང་ཁག་པོ་རེད། ཡིན་ནའང་དེའི་ནང་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་ཡོད་པ་དེས་ནུས་་ཤུགས་ཧ་ཅང་ཆེན་པོ་བཏོན་ཐུབ་ཀྱི་ཡོད་ལ། ལྷག་པར་དུ་འབྲོང་ཆུང་དངོས་གྲུབ་ནས་མངོན་གསལ་མེད་པའི་ནུས་ཤུགས་ལྡན་པའི་མི་ཞིག་རེད། དེ་འདྲ་སོང་ཙང་ཁོང་བོད་ལ་འབྲེལ་བ་ཡོད་པ་ཙམ་མ་ཟད། བཙན་བྱོལ་སྤྱི་ཚོགས་ཧྲ་ཐག་ཐག་ཞིག་གནས་ཐབས་སུ་ཞིབ་ཕྲའི་གནས་སྟངས་ཧ་ཅང་རྒྱུས་ལོན་ཡོད་པ་ཞིག་རེད། དེར་བརྟེན་ཁོང་རྗེས་མའི་བཀའ་་ཁྲི་མཚམས་ཤོས་གྲས་སུ་ཡོད་རེད། འོན་ཏེ་དེ་ཁག་པོ་ཞེ་དྲག་རེད། ཁོང་ནི་ལས་དོན་གྲུབ་རྒྱུ་ལས་ངོ་སོ་གཏོང་རྒྱུར་་མི་དགའ་བ་དང་། སྤྲེལ་ལད་དང་བསླུ་བྲིད་མི་ཤེས་པས་གཞན་གྱི་མཐོང་ཚུལ་ནང་ཁོང་ནི་མི་ནུས་མེད་ཉམས་ཆུང་ངུར་བསྡད་མཁན་ཞིག་ཏུ་ངོས་འཛིན་བྱ་གི་ཡོད་པས་ང་ཚོའི་རྗེས་མའི་བཀའ་བློན་དེ་གཞན་པ་ཞིག་འདེམས་དགོས་ས་རེད།།

    Reply
  11. དབུས་ཕྲུག་ཚེ་རིང་། says:
    ལོ་ 16 སྔོན།

    བུ་ཆུང་ཚེ་རིང་ལགས་ཀྱིས་བསམ་ཚུལ་ཡག་པོ་གསུངས་འདུག་ཀྱང་ཁོ་རང་གི་འོས་དམིགས་གང་ཡང་མི་འདུག དཔལ་རྒྱལ་བ་ཀརྨ་པ་དགུང་ལོའི་ཚད་དང་འཛིན་སྐྱོང་གང་ཐད་ནས་མི་རན། ཨ་ཀྱ་རིན་པོ་ཆེ་ཡང་བཙན་བྱོལ་བོད་མིའི་ཁོར་ཡུག་ནང་འཛིན་སྐྱོང་གི་ཆ་ནས་མི་འཚམས། ང་ཕོད་ཀྱང་དེ་བཞིན་ཡིན། འབྲོང་ཆུང་དངོས་གྲུབ་ལགས་ཚུགས་ཀ་བརྟན་ཙམ་མ་གཏོགས་རྒྱལ་སྤྱིའི་འབྲེལ་ལམ་སོགས་ནས་མི་འཚམས།

    Reply
  12. དགྲ་འདུལ། says:
    ལོ་ 16 སྔོན།

    གལ་སྲིད་ཁེངས་བསྡད་ཡོད་ན་རྒྱལ་བ་ཀརྨ་པ་འདྲ་བོ་ག་ཚོད་འདུག ཨཀྱ་རིན་པོ་ཆེ་ནང་བཞིན་ག་ཚོད་འདུག འབྲོང་ཚུང་ལྟ་བུ་ག་ཚོད་འདུག ང་ཕོད་འཇིགས་མེད་ལྟ་བུ་ག་ཚོད་འདུག རེ་རེ་བཞིན་གྲངས་ཀ་ཞིག་རྒྱོབ་དང་།

    Reply
  13. དགྲ་འདུལ། says:
    ལོ་ 16 སྔོན།

    ཁོང་ཚོ་འདྲ་བོ་ཞེས་མ་ལབ་ཡ། མི་འདི་དག་ཀྱང་རང་གི་མི་རིགས་འདིའི་ནང་གི་གནད་ཡོད་རྐྱང་རེད། བཀའ་ཁྲི་ལ་འདེམ་མི་འདེམ་ནི་མི་རང་རང་གི་འདོད་པ་རེད། འོས་ཤོག་རེའི་ཐོབ་ཐང་ཡོད་པ་དེ་འཕྲོ་བརླག་ལ་མ་གཏོང་དང་དེས་འགྲིག་གི་རེད།

    Reply
  14. རི་བོང། says:
    ལོ་ 16 སྔོན།

    ཁོང་ཚོ་འདྲ་བོ་ད་བཙན་བྱོལ་ནང་ན་ཁེངས་བསྡད་ཡོད་པ་རེད། བོད་ནང་ནའང་ཁོང་ཚོར་བཀའ་ཁྲི་ལ་འཇོན་གི་རེད་བསམ་ནས་་རེ་བ་རྒྱག་མཁན་ཡོད་པ་མ་རེད།

    Reply
  15. གནས་ཚང་། says:
    ལོ་ 16 སྔོན།

    ད་ལྟ་བོད་ནང་དེང་གི་བཀའ་ཁྲི་ལས་ལྷག་པའི་མི་སྣ་བཞི་ལ་གདེངས་འཇོག་དང་ཡིད་ཆེས་ཡོད། དེ་དག་རེ་རེ་བཞིན་ཞུས་པ་ཡིན་ན། དཔལ་རྒྱལ་བ་ཀརྨ་པ། ཨ་ཀྱཱ་རིན་པོ་ཆེ། ང་ཕོད་འཇིགས་མེད། འབྲོང་ཆུང་དངོས་གྲུབ་བཅས་ཡིན། སྔ་མ་གཉིས་དད་པར་འབྲེལ་བ་ཡོད་ཅིང་། ཕྱི་མ་གཉིས་ནི་ཨེ་ཤ་རང་དབང་ལས་ཁུངས་དང་བོད་ལ་ཕར་ལོག་ཚུར་འབྱོར་བདེ་སྲུང་ལ་འབྲེལ་བ་ཡོད་པ་བཅས་ལ་ཐུག་འདུག དེ་བས། ཚང་མ་ལོས་ལྷོད་ལྷོད་ཀྱིས་བགྲོ་གླེང་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese